མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

བོད་རྒྱའི་དཀའ་རྙོག་སེལ་ཐབས་ཀྱི་ཁྲིམས་འཆར་ཁྲིམས་སུ་ཆགས།

བོད་ཀྱི་དུས་བབ།
༢༠༢༤/༠༧/༡༣
Share on FacebookShare on TwitterShare on EmailShare on Whatsapp

དེ་རིང་ཕྱི་ཟླ་ ༠༧ ཚེས་ ༡༣ ཉིན་ཨ་རིའི་སྲིད་འཛིན་རྗོ་བྷའེ་ཌིན་མཆོག་ནས་བོད་རྒྱའི་དཀའ་རྙོག་སེལ་ཐབས་ཀྱི་ཁྲིམས་འཆར་ལ་མཚན་རྟགས་བསྐྱོན་ཏེ་ཁྲིམས་སུ་ཆགས་པར་བོད་གཞུང་མང་གཉིས་ནས་དགའ་བསུ་ཞུ་བཞིན་འདུག

US President Biden signed the Resolve Tibet Act on July 12, 2024 (Photo/Financial Times)

སྲིད་འཛིན་བྷའེ་ཌིན་མཆོག་ནས་དེ་འབྲེལ་བསྒྲགས་གཏམ་ནང་དུ། ཁོང་གིས་ཁྲིམས་ཡིག་འདི་ལ་མཚན་རྟགས་བཀོད་ཡོད་ལ། བོད་མིའི་འགྲོ་བ་མིའི་ཐོབ་ཐང་གོང་མཐོར་གཏོང་རྒྱུ་དང་། བོད་མིའི་སྐད་ཡིག་དང་རིག་གཞུང་། ཆོས་ལུགས་བཅས་ཀྱི་ཐུན་མོང་མ་ཡིན་པའི་ཤུལ་བཞག་རྒྱུན་འཛིན་བྱེད་ཐབས་ལ་རྒྱབ་སྐྱོར་བྱེད་པའི་གྲོས་ཚོགས་གོང་འོག་གཉིས་ཀྱི་ལངས་ཕྱོགས་རྒྱབ་སྐྱོར་གནང་གི་ཡོད་ལ། ཁོང་གི་འཛིན་སྐྱོང་ནས་རྒྱ་ནག་མི་དམངས་སྤྱི་མཐུན་རྒྱལ་ཁབ་ལ་སྔོན་འགྲོའི་ཆ་རྐྱེན་གང་ཡང་མེད་པའི་ཐོག་ནས་༧གོང་ས་ཏཱ་ལའི་བླ་མ་དང་ཡང་ན་ཁོང་གི་སྐུ་ཚབ་ཚོའི་དབར་ལ་བསྐྱར་དུ་གྲོས་མོལ་བྱེད་དགོས་པའི་འབོད་སྐུལ་མུ་མཐུད་གནང་རྒྱུ་ཡིན་ལ། དེ་ལྟར་བྱུང་ན་དཀའ་རྙོག་སེལ་བའི་ཐབས་ལམ་ཞིག་རྙེད་དེ་བོད་ཀྱི་སྐོར་ལ་གྲོས་མཐུན་ཞིག་འཇོག་ཐུབ་སྐོར་དང་། ཁྲིམས་ཡིག་འདིས་བོད་རང་སྐྱོང་ལྗོངས་དང་བོད་ཀྱི་ས་ཁུལ་གཞན་རྣམས་རྒྱ་ནག་གི་ཆ་ཤས་སུ་ངོས་འཛིན་བྱེད་པའི་ཨ་རིའི་དུས་ཡུན་རིང་པོའི་ལངས་ཕྱོགས་ལ་འགྱུར་བ་ཕྱིན་མེད་སྐོར་གསུངས་འདུག

ཨ་རིའི་གྲོས་ཚོགས་འོག་མའི་འཐུས་མི་དང་གྲོས་ཚོགས་ཀྱི་ཕྱི་སྲིད་ལས་དོན་ཚོགས་ཆུང་གི་ཚོགས་གཙོ་སྐུ་ཞབས་མཱ་ཡི་ཀེལ་མེག་ཁོལ་ (Michael McCaul) མཆོག་དང་། གྲོས་ཚོགས་འོག་མའི་འཐུས་མི་སྐུ་ཞབས་ཇིམ་མེག་གྷོ་ཝན་ (Jim McGovern) མཆོག གྲོས་ཚོགས་གོང་མའི་འཐུས་མི་སྐུ་ཞབས་ཇེ་ཧྥི་མག་ལེ་ (Jeff Merkley) མཆོག གྲོས་ཚོགས་གོང་མའི་འཐུས་མི་སྐུ་ཞབས་ཊོ་ཌི་ཡང་ (Todd Young) མཆོག་བཅས་ཀྱིས། དེ་རིང་ཨ་རིའི་སྲིད་འཛིན་བྷའེ་ཌིན་མཆོག་གིས་བོད་རྒྱའི་གཀའ་རྙོག་སེལ་ཐབས་ཀྱི་ཁྲིམས་འཆར་ལ་མཚན་རྟགས་དངོས་སུ་བསྐྱོན་ནས་ཁྲིམས་འཆར་དེ་ཨ་རིའི་ཁྲིམས་ཀྱི་ངོ་བོར་གྱུར་བ་ནི་དགའ་འོས་པ་ཞིག་ཡིན་པ་སོགས་ཀྱི་འཚམས་འདྲི་གནང་བ་དང་སྦྲགས། རྒྱ་ནག་གཞུང་གིས་བོད་ཀྱི་ལོ་རྒྱུས་ལ་འཁྱོག་བརྗོད་བྱེད་མཚམས་གཞག་དགོས་པ་མ་ཟད། བོད་ཀྱི་སྐད་ཡིག་དང་རིག་གཞུང་སོགས་རྨེག་མེད་དུ་གཏོང་མཚམས་གཞག་དགོས་སྐོར་དང་། ཨ་རི་གཞུང་གིས་ཆོད་སེམས་བརྟན་པོས་བོད་ཀྱི་གནད་དོན་དང་བོད་མིར་རྒྱབ་སྐྱོར་གནང་རྒྱུའི་ཆོད་སེམས་བརྟན་པོ་ཡོད་སྐོར་སོགས་གསུངས་འདུག

དེ་རིང་ཁྲིམས་དངོས་སུ་གཏན་འབེབ་བྱུང་རྗེས། ལ་དྭགས་བྱང་ཐང་སུམ་མདོ་ནས་སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་གིས། སྲིད་འཛིན་བྷའེ་ཌན་མཆོག་གིས་བོད་དོན་ཁྲིམས་འཆར་ལ་མཚན་རྟགས་བཀོད་ནས། ཁྲིམས་འཆར་དེ་ཁྲིམས་ཀྱི་ངོ་བོར་གྱུར་བ་གོ་ཐོས་བྱུང་བས་དགའ་སྤོབས་ཤིན་ཏུ་ཆེན་པོ་བྱུང་ལ། ངའི་བོད་ཀྱི་མཐའ་འཚམས་ལ་དྭགས་བྱང་ཐང་ཁུལ་གྱི་གཞུང་འབྲེལ་སྐོར་སྐྱོད་ཉིན་མཐའ་མ་དེར། སྔར་མེད་ཀྱི་རེ་བ་གསར་པ་ཞིག་སྦྱིན་བྱུང་། ངས་སྐུ་ཞབས་བྷའེ་ཌན་མཆོག་གིས་ཆེས་གནད་ཆེ་བའི་གོམ་པ་ཞིག་སྤོས་པར་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན། ཞེས་གསུངས་འདུག

ཨ་རིའི་གྲོས་ཚོགས་གོང་འོག་གཉིས་ནས་ཁྲིམས་འཆར་དེ་གཏན་འབེབ་གནང་རྗེས། ཨ་རིའི་གྲོས་ཚོགས་འོག་མའི་ཕྱི་འབྲེལ་ལས་དོན་ཚོགས་ཆུང་གི་ཚོགས་གཙོ་མའེ་ཁིལ་མག་ཁོལ་(Michael McCaul) མཆོག་དང་། གྲོས་ཚོགས་འོག་མའི་ཚོགས་གཙོ་ཟུར་པ་ལྕམ་ནན་སི་པེ་ལོ་སི་མཆོག གྲོས་ཚོགས་འཐུས་མི་རྗེམ་མེག་གྷོ་ཝིན་(Jim McGovern) མཆོག་བཅས་ཀྱི་དབུས་པའི་ཆེས་མཐོའི་སྐུ་ཚབ་ཚོགས་ཆུང་ཞིག་རྒྱ་ནག་གཞུང་གིས་རྒོལ་གཏམ་བསྒྲགས་མིན་ལ་མ་ལྟོས་པར་ཆེད་དུ་བཞུགས་སྒར་དྷ་རམ་ས་ལར་ཕེབས་ཏེ། ༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ལ་མཇལ་བཅར་ཞུས་ཏེ་གྲོས་ཚོགས་གོང་འོག་གཉིས་ནས་གཏན་འབེབ་གནང་བའི་བོད་རྒྱའི་དཀའ་རྙོག་སེལ་ཐབས་ཀྱི་ཁྲིམས་འཆར་སྤྱན་འབུལ་ཞུས་ཡོད་པ་དང་། ༧གོང་ས་མཆོག་ནས་ཁྲིམས་འཆར་ངོ་བཤུས་ལ་གཟིགས་ནས་ཧ་ཅང་གལ་ཆེན་པོ་རེད། བཀའ་དྲིན་ཆེ་ཞེས་སོགས་གསུངས་ཡོད་པ་རེད།

བོད་རྒྱའི་དཀའ་རྙོག་སེལ་ཐབས་ཀྱི་ཁྲིམས་འཆར་ (The Promoting a Resolution to the Tibet-China Dispute Act)དེ་ཨ་རིའི་གྲོས་ཚོགས་འོག་མའི་ཕྱི་འབྲེལ་ལས་དོན་ཚོགས་ཆུང་གི་ཚོགས་གཙོ་ (Michael McCaul) མཆོག་དང་། གྲོས་ཚོགས་འཐུས་མི་རྗེམ་མེག་གྷོ་ཝིན་(Jim McGovern) མཆོག གྲོས་ཚོགས་འཐུས་མི་རྗེ་ཧྥུ་མེར་ལི་ (Jeff Merkley) མཆོག གྲོས་ཚོགས་འཐུས་མི་ཊོ་ཌི་ཡོང་(Todd Young) མཆོག་སོགས་ཀྱིས་ཐུགས་འགན་བཞེས་ཏེ། ཐོག་མར་ཕྱི་ལོ་ ༢༠༢༢ ཟླ་ ༧ ཚེས་ ༡༣  ཉིན་གྲོས་ཚོགས་འོག་མའི་ནང་དུ་ཁྲིམས་འཆར་དེ་ངོ་སྤྲོད་གནང་ཡོད་པ་དང་། དེ་ནས་ཕྱི་ལོ་ ༢༠༢༣ ཟླ་ ༡ ཚེས་ ༣༠ ཉིན་གྲོས་ཚོགས་གོང་མའི་ནང་ངོ་སྤྲོད་གནང་། ཕྱི་ལོ་ ༢༠༢༤ ཟླ་བ་ ༢ ཚེས་ ༡༥ ཉིན་ཨ་རིའི་གྲོས་ཚོགས་འོག་མའི་ནང་ཚད་མཐོའི་མང་མོས་རྒྱབ་སྐྱོར་ཐོབ་ཡོད་པ་དང་། ཕྱི་ཟླ་ ༥ པའི་ཚེས་ ༢༣ བོད་ལུགས་ཀྱི་ས་ག་ཟླ་བའི་ཚེས་པ་ ༡༥ ཉིན། ཨ་རིའི་གྲོས་ཚོགས་གོང་མའི་ནང་སྤྱི་མོས་རྒྱབ་སྐྱོར་ཐོབ། ཕྱི་ཟླ་ ༦ ཚེས་ ༡༢ ཉིན་ཨ་རིའི་གྲོས་ཚོགས་འོག་མའི་ནང་ཁྲིམས་འཆར་གྱི་བསྐྱར་བཅོས་ཚིག་བརྗོད་ལ་དམངས་གཙོ་ཚོགས་པ་དང་སྤྱི་མཐུན་ཚོགས་པའི་འཐུས་མི་ ༣༩༡གིས་རྒྱབ་སྐྱོར་གནང་སྟེ་གྲོས་ཚོགས་གོང་འོག་གཉིས་ནས་གཏན་འབེབ་གནང་བ་ལྟར། ཨ་རིའི་སྲིད་འཛིན་གཞོན་པ་ཀ་མ་ལ་ཧེ་རི་སི(Kamala Harris) མཆོག་དང་། གྲོས་ཚོགས་འོག་མའི་ཚོགས་གཙོ་མེག་ཇོན་སོན་ (Mike Johnson) མཆོག་རྣམ་གཉིས་ནས་མཚན་རྟགས་བསྐྱོན་གྲུབ་སྟེ། ཟླ་འདིའི་ཕྱི་ཚེས་ ༡༡ ཉིན་ཨ་རིའི་སྲིད་འཛིན་ཕོ་བྲང་དུ་ཕུལ་བ་ལྟར་དེ་རིང་ཕྱི་ཚེས་ ༡༣ ཉིན་སྲིད་འཛིན་རྗོ་བྷའེ་ཌིན་མཆོག་བས་དངོས་སུ་མཚན་རྟགས་བསྐྱོན་ཡོད་པ་རེད།

འབྲེལ་ཡོད་གནས་ཚུལ།

བོད་རྒྱའི་བཀའ་རྙོག་སེལ་ཐབས་ཀྱི་ཁྲིམས་འཆར་བཏོན་ཡོད་འདུག

བོད་དོན་བསྐྱར་བཅོས་ཁྲིམས་འཆར་གཏན་འབེབས་གནང་བའི་འབོད་སྐུལ་ཞུས།

ཨ་རིའི་གྲོས་ཚོགས་འོག་མའི་ནང་བོད་རྒྱའི་དཀའ་རྙོག་སེལ་ཐབས་ཀྱི་ཁྲིམས་འཆར་གཏན་འབེབས་གནང་།

བོད་རྒྱའི་དཀའ་རྙོག་སེལ་ཐབས་ཀྱི་ཁྲིམས་འཆར་ལ་སྤྱི་མོས་རྒྱབ་སྐྱོར་ཐོབ།

གསར་འགོད་པ། དཔལ་ལྡན།

རྩོམ་སྒྲིག་བྱེད་མཁན། པདྨ་མཚོ།

འབྲེལ་ཡོད་གསར་འགྱུར།

Mobile App

 མགོན་པོ་སྐྱིད་ལགས་ཀྱིས་སླར་ཡང་རང་སྲོག་བློས་གཏོང་གིས་ལས་འགུལ་སྤེལ།

ཆུ་ཚོད་ ༥ སྔོན་ལ།
ལོ་ངོ་སྟོང་གི་ལོ་རྒྱུས་ལྡན་པའི་ཡེ་ཤུའི་ལྷ་ཁང་གྲགས་ཅན་ MONTSERRAT ནས་གདན་ཞུས་གནང་ལྟར་ཆོས་ཁང་དུ་ཕེབས་ཏེ་ཆོས་ལུགས་འཆམ་མཐུན་དང་འཛམ་གླིང་ཞི་བདེའི་སྐོར་ལ་བཀའ་མོལ་ལྷུག་པོ་གནང་། ༢༠༢༥།༡༡།༠༤ པར་སྤྱི་འཐུས་ཐུབ་བསྟན་དབང་ཆེན་ལགས་ཀྱི་ངོ་དེབ་ནས་བླངས།
Mobile App

ཀུན་བདེ་གླིང་རྟ་ཚག་རྗེ་སྤྲུལ་རིན་པོ་ཆེ་མཆོག་གིས་ཡུ་རོབ་རྒྱལ་ཁབ་ཁག་ཅིག་ནང་མཛད་འཕྲིན་སྐྱོང་བཞིན་པ།  

༢༠༢༥/༡༡/༠༥
༧ཀུན་གཟིགས་༸པཎ་ཆེན་རིན་པོ་ཆེའི་སྐུ་ཚབ་ཞུས་ཏེ་བཀྲ་ཤིས་ལྷུན་པོའི་མཁན་པོ་གཟིག་རྒྱབ་རིན་པོ་ཆེ་མཆོག་གིས་དམངས་གཙོའི་གཟེངས་རྟགས་བཞེས་པ། ༢༠༢༥།༡༡།༤ དྲ་ལམ་གྱི་པར།
Mobile App

འདི་ལོའི་དམངས་གཙོའི་གཟེངས་རྟགས་༧ཀུན་གཟིགས་༸པཎ་ཆེན་རིན་པོ་ཆེ་མཆོག་སོགས་ལ་ཕུལ།

༢༠༢༥/༡༡/༠༥
Aftab Pureval accepts congratulations following his reelection as Mayor of Cincinnati. Photo by Xiaojie Zavon
Mobile App

བོད་རིགས་ཀརྨ་ལགས་སླར་ཡང་ཨ་རིའི་སིན་སིན་ན་ཊི་གྲོང་ཁྱེར་སྤྱི་ཁྱབ་པར་བདམས་ཐོན་བྱུང་།

༢༠༢༥/༡༡/༠༥
Photo Credit: Global Peace Prayer Festival
Mobile App

འབྲུག་གི་འཛམ་གླིང་ཞི་བདེའི་སྨོན་ལམ་ཆེན་མོ་དངོས་སུ་དབུ་འཛུགས་གནང་།

༢༠༢༥/༡༡/༠༤
Setti Warren directed the Harvard Institute of Politics out of the Harvard Kennedy School since 2022. By Claire Yuan
Mobile App

སྲིད་སྐྱོང་མཆོག་གིས་ཧྭ་ཝར་ཌིའི་སྐུ་ཞབས་ཝ་རན་ལགས་འདས་གྲོངས་སུ་ཕྱིན་པར་ཐུགས་གསོ་གནང་།

༢༠༢༥/༡༡/༠༤

མཆན། 2

  1. ཚེ་དཔག་རིག་འཛིན། says:
    ལོ་ 1 སྔོན།

    མཛང་བཟང་གཏམ་བཟང་འདི་ལ་ནམ་ཡང་དགའ་བསུ་ཡོད། ཆབ་སྲིད་ཀྱི་ལས་དོན་བསྒྲུབས་ཚད་མཐོན་པོ་འདི་ལྟ་བུ་ཞིག་ལ་སླེབས་ཐུབ་པར་ལས་སླ་པོ་ཁྱོན་ནས་མེད། སྲིད་སྐྱོང་མཆོག་གི་དབུས་པའི་སྣེ་མོ་ལས་བྱེད་ཆེ་ཕྲ་ཆུང་གསུམ་དང་། ཕྱི་ནང་མི་དམངས་ལྷག་བསམ་རྣམ་དག་གིས་རམ་འདེགས་གནང་མཁན་ཡོངས་ལ་སྙིང་ཐག་པ་ནས་ཐུགས་རྗེ་བཀྲིན་བླ་མེད་དུ་ཆེ་ཆེ་ཆེ་ཞེས་ཞུས་ཡག་ཡིན། འདིས་རྐྱེན་པས་ད་ནས་བཟུང་སླར་ཡང་། རྩ་བའི་ཆ་ནས་རྒྱལ་སྤྱིའི་གདེང་ཆའི་སྒང་ལ་བོད་རྒྱའི་དཀའ་རྙོགས་ཀྱི་ལོ་རྒྱུས་ལ་བལྟ་སྟངས་ཁྱད་པར་ཆེན་པོ་བཟོ་ཐུབ་པའི་རེ་བ་ཡོད་པ་དང་། གཏམ་གླེང་གསར་འགྱུར་བགྲོ་གླེང་སོགས་ཀྱང་སྣ་ཚོགས་ཤིག་འབྱུང་སྲིད་པའི་རེ་བ་ཡོད་པ་དང་མཐོང་ཐུབ་རྒྱུ་ཡིན་པ་ནི་སྨོས་མེད་རེད། འོན་ཀྱང་། གཙོ་ཆེ་ཤོས་བོད་པས་དཀའ་རྙོགས་བོད་པ་རང་གིས་དངོས་སུ་ལངས་ཕྱོགས་བརྟན་པོས་སེལ་དགོས་པ་ཞིག་ཡིན་དུས། ད་ཆ་འཕྲལ་དུ་ང་ཚོས་བྱེད་ཐུབ་པ་ཞིག་ནི། གོམས་པ་དང་པོ་སྤོ་འདོད་ན། བོད་མི་ཚོས་རང་གི་ཕ་ཡུལ་བོད་དང་བོད་མིའི་རྒྱལ་རབས་ལོ་རྒྱུས་ལ་ཐོས་བསམ་བགྲོ་གླེང་དང་། དཔྱད་གླེང་གི་ལས་རིམ་ཆེ་ཕྲ་སྣ་ཆོགས་ཤིག་གཞུང་སྒེར་གཉིས་ཀས་ཕྱི་ནང་ས་གནས་ས་ཐོག་བོད་མིའི་འདུས་སྡོད་གང་སར་བོད་རྒྱའི་རྒྱལ་རབས་ལོ་རྒྱུས་ཀྱི་གོ་རྟོགས་འཕེལ་བའི་ལས་རིམ་ཚ་ཚ་འུར་འུར་ངང་སྤེལ་གནང་ཐུབ་ན་འཕྲལ་ཕུགས་གཉིས་ཀར་ཧ་ཅང་དགེ་མཚན་ཆེན་པོ་ཡོད། ད་ཤུགས་རྒྱོབས་དང་། སྒོར་གཞས་ཉུང་ཙམ་བྱས། འདི་ནས་དུས་ཚོད་ཆ་ཤས་ཤིག་ཟུར་འཇོག་བྱས་ན་ལས་རིམ་གསར་པ་འདི་གནང་མི་ཐུབ་པ་མེད། འདིས་གཞོན་སྐྱེས་ཚོའི་སེམས་ཁམས་ནང་། ངོ་མ་བོད་ཞེན་རིགས་ཞེན་རྒྱལ་ཞེན་ཞིག་གི་བག་ཆགས་བསྲ་བརྟན་བཟོ་ཐུབ་པ་ཞིག་ཡོང་རྒྱུ་གདོན་མི་ཟ་བ་རེད། ངས་རྨོངས་འཆར་རྣམ་དག་ཙམ་ཞིག་འབུལ་བ་ཡིན་ལགས།།

    Reply
  2. ཚེ་དཔག་རིག་འཛིན། says:
    ལོ་ 1 སྔོན།

    མཛང་བཟང་གཏམ་བཟང་འདི་ལ་ནམ་ཡང་དགའ་བསུ་ཡོད། ཆབ་སྲིད་ཀྱི་ལས་དོན་བསྒྲུབས་ཚད་མཐོན་པོ་འདི་ལྟ་བུ་ཞིག་ལ་སླེབས་ཐུབ་པར་ལས་སླ་པོ་ཁྱོན་ནས་མེད། སྲིད་སྐྱོང་མཆོག་གི་དབུས་པའི་སྣེ་མོ་ལས་བྱེད་ཆེ་ཕྲ་ཆུང་གསུམ་དང་། ཕྱི་ནང་མི་དམངས་ལྷག་བསམ་རྣམ་དག་གིས་རམ་འདེགས་གནང་མཁན་ཡོངས་ལ་སྙིང་ཐག་པ་ནས་ཐུགས་རྗེ་བཀྲིན་བླ་མེད་དུ་ཆེ་ཆེ་ཆེ་ཞེས་ཞུས་ཡག་ཡིན། འདིས་རྐྱེན་པས་ད་ནས་བཟུང་སླར་ཡང་། རྩ་བའི་ཆ་ནས་རྒྱལ་སྤྱིའི་གདེང་ཆའི་སྒང་ལ་བོད་རྒྱའི་དཀའ་རྙོགས་ཀྱི་ལོ་རྒྱུས་ལ་བལྟ་སྟངས་ཁྱད་པར་ཆེན་པོ་བཟོ་ཐུབ་པའི་རེ་བ་ཡོད་པ་དང་། གཏམ་གླེང་གསར་འགྱུར་བགྲོ་གླེང་སོགས་ཀྱང་སྣ་ཚོགས་ཤིག་འབྱུང་སྲིད་པའི་རེ་བ་ཡོད་པ་དང་མཐོང་ཐུབ་རྒྱུ་ཡིན་པ་ནི་སྨོས་མེད་རེད། འོན་ཀྱང་། གཙོ་ཆེ་ཤོས་བོད་པས་དཀའ་རྙོགས་བོད་པ་རང་གིས་དངོས་སུ་ལངས་ཕྱོགས་བརྟན་པོས་སེལ་དགོས་པ་ཞིག་ཡིན་དུས། ད་ཆ་འཕྲལ་དུ་ང་ཚོས་བྱེད་ཐུབ་པ་ཞིག་ནི། གོམས་པ་དང་པོ་སྤོ་འདོད་ན། བོད་མི་ཚོས་རང་གི་ཕ་ཡུལ་བོད་དང་བོད་མིའི་རྒྱལ་རབས་ལོ་རྒྱུས་ལ་ཐོས་བསམ་བགྲོ་གླེང་དང་། དཔྱད་གླེང་གི་ལས་རིམ་ཆེ་ཕྲ་སྣ་ཆོགས་ཤིག་གཞུང་སྒེར་གཉིས་ཀས་ཕྱི་ནང་ས་གནས་ས་ཐོག་བོད་མིའི་འདུས་སྡོད་གང་སར་བོད་རྒྱའི་རྒྱལ་རབས་ལོ་རྒྱུས་ཀྱི་གོ་རྟོགས་འཕེལ་བའི་ལས་རིམ་ཚ་ཚ་འུར་འུར་ངང་སྤེལ་གནང་ཐུབ་ན་འཕྲལ་ཕུགས་གཉིས་ཀར་ཧ་ཅང་དགེ་མཚན་ཆེན་པོ་ཡོད། ད་ཤུགས་རྒྱོབས་དང་། སྒོར་གཞས་ཉུང་ཙམ་བྱས། འདི་ནས་དུས་ཚོད་ཆ་ཤས་ཤིག་ཟུར་འཇོག་བྱས་ན་ལས་རིམ་གསར་པ་འདི་གནང་མི་ཐུབ་པ་མེད། འདིས་གཞོ་སྐྱེས་ཚོའི་སེམས་ཁམས་ནང་། ངོ་མ་བོད་ཞེན་རིགས་ཞེན་རྒྱལ་ཞེན་ཞིག་གི་བག་ཆགས་བསྲ་བརྟན་བཟོ་ཐུབ་པ་ཞིག་ཡོང་རྒྱུ་གདོན་མི་ཟ་བ་རེད། ངས་རྨོངས་འཆར་རྣམ་དག་ཙམ་ཞིག་འབུལ་བ་ཡིན་ལགས།།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese