མདུན་ངོས།
About Us
  • English
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

བོད་ནང་གདུང་སེམས་མཉམ་སྐྱེད་ཞུ་བའི་མར་མེ་ཁྲོམ་སྐོར་གྱི་ལས་འགུལ་ཞིག་སྤེལ།

བོད་ཀྱི་དུས་བབ།
༢༠༢༤/༠༧/༡༨
Share on FacebookShare on TwitterShare on EmailShare on Whatsapp

རྒྱ་ནག་གཞུང་གིས་རྭ་རྒྱ་ཤེས་རིག་ནོར་བུའི་སློབ་གླིང་སྒོ་བརྒྱབ་བཅུག་པ་དང་གྲྭ་ཕྲུག་རྣམས་དགོན་པར་ཞུགས་པར་དམ་དྲག་བྱས་པར་གདུང་སེམས་མཉམ་སྐྱེད་ཞུ་པའི་མར་མེ་ཁྲོམ་སྐོར་གྱི་ངོ་རྒོལ་ལས་འགུལ་ཞིག་སྤེལ་སོང་།

དྷ་སར་མར་མེ་ཁྲོམ་སྐོར་གྱི་ལས་འགུལ་སྤེལ་སྐབས། ༢༠༢༤།༧།༡༧ བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་ངོ་དེབ་ལས་བླངས།

ཉེ་ལམ་རྒྱ་ནག་གཞུང་གིས་ཤེས་རིག་ནོར་བུའི་གླིང་གི་སློབ་མ་ཚོས་བཙུགས་པའི་ཕ་སྐད་གཙང་མའི་ཚོགས་པའི་ལས་རྟགས་ཀྱི་ནོར་བུ་དང་སེངྒེ་ནི་བོད་ཀྱི་རྒྱལ་དར་གྱི་མཚོན་རྟགས་ཤིག་ཡིན་པའི་བསྙོན་འཛུགས་སོགས་བྱས་ཏེ། རྭ་རྒྱ་ཤེས་རིག་ནོར་གླིང་སྒོ་བརྒྱབ་བཅུག་ཡོད་པ་ལྟར། ཁ་སང་ཕྱི་ཚེས་༡༧ ཉིན་གྱི་དགོང་མོར་གཞུང་ཁོངས་མ་ཡིན་པའི་ཚོགས་པ་བརྒྱད་ཀྱི་གོ་སྒྲིག་འོག བཞུགས་སྒར་དྷ་སར་རྒྱ་ནག་གཞུང་གིས་ཐབས་ཇུས་སྣ་མང་གི་ཐོག་ནས། བོད་ནང་གི་སྐད་ཡིག་དང་། རིག་གཞུང་། བོད་མིའི་ཆོས་ལུགས་དད་མོས་རང་དབང་གཙོས། གྲྭ་ཕྲུག་རྣམས་དགོན་པར་ཞུགས་པར་དམ་དྲག་བྱས་པར་གདུང་སེམས་མཉམ་སྐྱེད་ཞུ་བའི་མར་མེ་ཁྲོམ་སྐོར་གྱི་ངོ་རྒོལ་ལས་འགུལ་ཞིག་སྤེལ་ཡོད་ཅིང་། ལས་འགུལ་དེའི་ཁྲོད་དྷ་སའི་ཁུལ་གྱི་སྐྱ་སེར་མང་དག་ཅིག་གིས་མཉམ་ཞུགས་གནང་འདུག

གཞུང་ཁོངས་མ་ཡིན་པའི་ཚོགས་པ་ཁག་བརྒྱད་ཀྱི་མཉམ་འབྲེལ་བསྒྲགས་གཏམ་ཁྲོད། ཕྱི་ལོ་ ༡༩༥༩ ལོ་ནས་རྒྱ་ནག་དམར་གཞུང་གིས་བོད་ས་ཡོངས་རྫོགས་ཧམ་བཟུང་བྱས་པ་ནས་བཟུང་བོད་མི་རིགས་རྩ་མེད་བཟོ་ཆེད་གདན་ས་སེ་འབྲས་དགེ་གསུམ་གཙོས་བོད་ཁུལ་གྱི་དགོན་སྡེ་ཁག་གི་དགེ་བཤེས་མཁན་པོ་དང་། གྲྭ་བཙུན་སློབ་གཉེར་བ། སྤྱི་ཚོགས་ཀྱི་སྣེ་ཁྲིད་བྱེད་མཁན་གྱི་ཤེས་ཡོན་པ། བོད་མི་རིགས་ལ་དུང་ཞེན་ཡོད་པའི་སྐྱ་སེར་ཕོ་མོ་དབྱེར་མེད་ཀྱི་མི་སེར་དཀྱུས་མ་བཅས་ལ་མ་ཉེས་ཁག་གཡོག་ནས་འཛིན་བཟུང་བཙོན་འཇུག་བྱས་ཏེ་དམྱལ་བ་མི་ཡུལ་དུ་འཕོས་པ་ལྟ་བུའི་གསོད་རྡུང་ཚད་ལས་བརྒལ་བ་བཏང་བ་མ་ཟད། བོད་ཀྱི་ཤེས་ཡོན་གྱི་བལྟི་གནས་དགོན་སྡེ་ཁག་དང་། སློབ་གྲྭ་ཁག་སྒོ་བརྒྱབ་པ་སོགས་ཀྱི་ལས་འགུལ་འདྲ་མིན་སྤེལ་ཀྱང་གཞིས་བཞུགས་བོད་མི་རྣམས་ཀྱི་སེམས་ཤུགས་དང་། ལྷག་བསམ། སྙིང་སྟོབས་བཅས་པ་སྔར་ལས་ལྷག་པའི་གསོན་ཤུགས་རྒྱས་ཏེ་བོད་ཁུལ་གང་སར་རྒྱ་ནག་གཞུང་ལ་ངོ་རྒོལ་དང་། རྒྱལ་གཅེས་དཔའ་བོ་དཔའ་མོ་གྲངས་ ༡༥༧ ཙམ་ནས་རྒྱ་གཞུང་གིས་བོད་ས་ཡོངས་རྫོགས་ལ་དྲག་གནོན་དང་། བོད་མི་རིགས་ཀྱི་འགྲོ་བ་མིའི་ཐོབ་ཐང་དང་ཆོས་དད་རང་དབང་། སྨྲ་བརྗོད་རང་དབང་སོགས་མེད་པ་རང་སྲོག་གིས་བདེན་དཔང་བྱས་ཏེ་འཛམ་གླིང་ལ་དངོས་བདེན་ར་སྤྲོད་བྱས་པར་བརྟེན། རྒྱ་ནག་གཞུང་གིས་བོད་ཀྱི་རིག་གཞུང་དང་། བསམ་བློ། འདུ་ཤེས་སོགས་མ་ཉམས་རྒྱུན་ཆགས་སུ་གནས་པ་ནི་དགོན་སྡེ་ཁག་དང་། སྒེར་བཙུགས་སློབ་གྲྭ་སོགས་ཤེས་ཡོན་གྱི་བསྟི་གནས་ཁག་ཡིན་པར་ངོས་འཛིན་གྱིས་ཕྱི་ལོ་ ༢༠༡༨ ལོ་ནས་བཟུང་། བོད་ས་ཡོངས་རྫོགས་ཀྱི་དགོན་སྡེ་ཁག་ཏུ་གྲྭ་བཙུན་གསར་ཞུགས་གཏན་འགོག་བྱས་ཏེ། བོད་ཀྱི་དགོན་སྡེ་ཁག་རྩ་སྟོང་བཟོ་ཐབས་ལ་དམིགས་ཏེ། གདན་ས་ཁག་ཏུ་ལོ་བཅོ་བརྒྱད་མན་གྱི་གྲྭ་བཙུན་རྣམས་འཛུལ་ཞུགས་མི་ཆོག་པའི་སྲིད་བྱུས་བཙན་གྱིས་ལག་བསྟར་བྱས་དང་བྱེད་མུས་ཡིན། ཞེས་གསལ་འདུག

ཡང་བསྒྲགས་གཏམ་ནང་། མདོ་སྨད་རྔ་པ་ཀིརྟིའི་དགོན་དང་། སྟག་ཚང་ལྷ་མོ་ཀིརྟིའི་དགོན། སྒོ་མང་དགོན། རྨ་ཆུ་རྫོང་མཚན་སྒྲོགས་དགོན། བསང་ཆུ་རྫོང་བླ་བྲང་དགོན་སོགས་ལ་དམ་དྲག་ཤུགས་ཆེའི་འོག་གྲྭ་བཙུན་ལོ་གཞོན་རྣམས་ཀྱི་ནང་མི་ལའང་གྲྭ་བཙུན་ཆུང་གྲས་རིགས་དགོན་པར་བཏང་མི་ཆོག་པའི་བཙན་བཀའ་ཕབ་སྟེ་དཀའ་ངལ་མང་པོ་སྤྲད་དང་སྤྲོད་མུས་དང་། གཞན་ཡང་སྒེར་བཙུགས་སློབ་གྲྭ་ཁག་ཀྱང་བཙུགས་མི་ཆོག་པའི་བཙན་བཀའ་བཏང་སྟེ། སློབ་གྲྭ་མང་པོ་སྒོ་བརྒྱབ་ཡོད་པ་མ་ཟད། ལྷག་དོན་བོད་ཀྱི་སློབ་གསོ་བ་ཆེན་མོ་རྭ་རྒྱ་འཇིགས་མེད་རྒྱལ་མཚན་མཆོག་གིས་ཕྱི་ལོ་ ༡༩༩༤ ལོར་ཁུལ་མི་མང་སྲིད་གཞུང་གི་ཆོག་མཆན་འོག་བཙུགས་པའི་རྭ་རྒྱ་ཤེས་རིག་ནོར་བུའི་སློབ་གླིང་ཡང་རྒྱ་ནག་དམར་གཞུང་གི་བཙན་འོག་ཏུ་ཕྱི་ལོ་ ༢༠༢༤ ཟླ་ ༠༧ ཚེས་ ༡༤ ཉིན་སྒོ་རྒྱག་དགོས་བྱུང་བའི་ཡིད་སྐྱོའི་གནས་ཚུལ་བྱུང་བ་སོགས་ནི། བོད་མི་རིགས་ཀྱི་སློབ་གསོ་དང་། རིག་གནས། སེམས་ཁམས། འདུ་ཤེས་སོགས་སྐྱེད་སྲིང་བྱེད་སའི་ཁོར་ཡུག་དང་བཅས་བོད་མི་རིགས་ཀྱི་ངོ་བོ་རྩ་བརླག་གཏོང་བའི་སྲིད་བྱུས་ངན་པ་ཞིག་སྒྲུབ་བཞིན་པར་མཐའ་གཅིག་ཏུ་ངོ་རྒོལ་དང་།  རྒྱལ་སྤྱིའི་དྲང་བདེན་ཉིན་མོར་ (Internationl Justice Day) རྒྱ་ནག་དམར་གཞུང་གིས་ཉེས་མེད་བཙོན་འཇུག་བྱས་པའི་རྒྱལ་གཅེས་དཔའ་བོ་དཔའ་མོ་རྣམས་ཀྱི་དྲང་བདེན་ལ་རྒྱལ་སྤྱིའི་སྤྱི་ཚོགས་ནས་རྒྱབ་སྐྱོར་དང་། རྒྱ་ནག་དམར་གཞུང་གིས་ཉེས་མེད་འཛིན་བཟུང་བཙོན་འཇུག་བྱས་པ་རྣམས་འཕྲལ་དུ་ཀློད་གྲོལ་དང་། བོད་ནང་ལག་བསྟར་བྱེད་མུས་ཀྱི་བྱ་ངན་དེ་རིགས་མྱུར་དུ་མཚམས་འཇོག་དགོས་པའི་ནན་སྐུལ་བྱ་རྒྱུ་ཡིན། ཞེས་གསལ་འདུག

མི་མང་རང་བཞིན་གྱི་ལས་འགུལ་དེ་གོ་སྒྲིག་ཞུ་མཁན་གྱི་ཚོགས་པ་བརྒྱད་ནི། བོད་ཀྱི་གཞོན་ནུ་ལྷན་ཚོགས་དང་། བོད་ཀྱི་བུད་མེད་ལྷན་ཚོགས། བོད་རྒྱལ་ཡོངས་མང་གཙོ་ཚོགས་པ། བོད་རང་བཙན་སློབ་ཕྲུག་ཚོགས་པ།   རྒྱལ་སྤྱིའི་དབུ་མའི་ལམ་མི་མང་ལས་འགུལ་ཁང་། དབུས་གཙང་ཆོལ་ཁའི་དབུས་སྤྱི་ཁྱབ་རྒྱུན་ལས་ཁང་།   མདོ་སྨད་ཆོལ་ཁའི་དབུས་སྤྱི་ཁྱབ་རྒྱུན་ལས་ཁང་། མདོ་སྟོད་ཆོལ་ཁའི་དབུས་སྤྱི་ཁྱབ་རྒྱུན་ལས་ཁང་བཅས་ཡིན་འདུག

གསར་འགོད་པ། དཔལ་ལྡན།

འབྲེལ་ཡོད་གསར་འགྱུར།

(File image) Sikyong Penpa Tsering and Representative Thinlay Chukki with Hon. Michael Brand, Member of the German Parliament and Parliamentary State Secretary to the German Government.
Mobile App

རྒྱ་ནག་གི་མི་རིགས་མཐུན་སྒྲིལ་ཡར་ཐོན་སྐུལ་འདེད་ཀྱི་ཁྲིམས་ཟེར་བར་ངོ་རྒོལ་བསྒྲགས་གཏམ་སྤེལ། 

ཆུ་ཚོད་ ༡༣ སྔོན་ལ།
China Steps Up Road Works In Arunachal Area It Controls Since 1959. Photo: Satellite Image 2026 Vantor
Mobile App

རྒྱ་ནག་གཞུང་གིས་བོད་ཧིན་མཐའ་མཚམས་སུ་གཞུང་ལམ་གསར་རྒྱག་བྱས་འདུག 

ཆུ་ཚོད་ ༡༥ སྔོན་ལ།
ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་མི་རིགས་མཐུན་སྒྲིལ་ཡར་ཐོན་སྐུལ་སྤེལ་གྱི་བཅའ་ཁྲིམས་ལག་བསྟར་བྱས་པར་ངོ་རྒོལ། ༢༠༢༦།༧།༡ པར་བོད་ཀྱི་དུས་བབ་གསར་ཁང་གིས་བསྒྲིགས།
Mobile App

གཞུང་ཁོངས་མིན་པའི་ཚོགས་སྡེ་ཁག་གིས་མི་རིགས་མཐུན་སྒྲིལ་ཡར་ཐོན་ཟེར་བའི་ཁྲིམས་ལག་བསྟར་བྱས་པར་ངོ་རྒོལ་ལས་འགུལ་སྤེལ།

༢༠༢༦/༠༧/༠༡
སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག ༢༠༢༦།༧།༡ དབུས་བོད་མིའི་སྒྲིག་འཛུགས་ཀྱི་པར།
Mobile App

རྒྱལ་ཚོགས་ཀྱིས་རྒྱ་ནག་གི་ཁྲིམས་འཆར་གསར་པར་ཞིབ་དཔྱོད་དགོས་པའི་ནན་སྐུལ།

༢༠༢༦/༠༧/༠༡
Mobile App

མིང་ཚིག་གི་གཡོ་ཁྲམ་འོག་གི་མི་རིགས་རྩ་མེད་ཀྱི་ལྐོག་གཡོ།

༢༠༢༦/༠༦/༣༠
Chinese businessman Guo Wengui, or Miles Guo, in 2018Photo Getty
Mobile App

ཀོ་ཝན་ཀོའུ་ལ་མི་ལོ་སུམ་ཅུ་ཡི་བཙོན་འཇུག་ཁྲིམས་ཐག་བཅད།

༢༠༢༦/༠༦/༣༠

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese