མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

བོད་ཀྱི་བུད་མེད་ལྷན་ཚོགས་བཙན་བྱོལ་དུ་སླར་གསོ་ཞུས་ཏེ་ལོ་ངོ་ ༤༠ འཁོར་བའི་དུས་ཆེན་སྲུང་གཙི་ཞུས།

བོད་ཀྱི་དུས་བབ།
༢༠༢༤/༠༩/༡༡
Share on FacebookShare on TwitterShare on EmailShare on Whatsapp

སྲིད་སྐྱོང་མཆོག་ནས་བོད་ཀྱི་བུད་མེད་ལྷན་ཚོགས་ཀྱིས་སྒྲིག་འཛུགས་བཙུགས་ཏེ་ཆབ་སྲིད་ཀྱི་ལས་འགན་མང་པོ་འཁུར་ཡོད་པ་མ་ཟད། མ་འོངས་པར་ཐབས་ཇུས་དང་ལྡན་པའི་ཐོག་ནས་ལས་ཀ་བྱ་རྒྱུ་གལ་ཆེན་པོ་རེད་ཅེས་གསུངས་སོང་།

བོད་ཀྱི་བུད་མེད་ལྷན་ཚོགས་བཙན་བྱོལ་དུ་སླར་གསོ་ཞུས་ཏེ་ལོ་ངོ་ ༤༠ འཁོར་བའི་དུས་ཆེན་སྲུང་གཙི་ཞུས། བོད་ཀྱི་དུས་བབ་གསར་ཁང་གི་པར། ༡༠།༠༩།༢༠༢༤

ཁ་སང་ཕྱི་ཚེས་ ༡༠ ཉིན་དགོང་མོ་དྷ་ས་བོད་ཀྱི་ཟློས་གར་ཚོགས་ཁང་དུ། བོད་ཀྱི་བུད་མེད་ལྷན་ཚོགས་བཙན་བྱོལ་དུ་སླར་གསོ་ཞུས་ཏེ་ལོ་ངོ་ ༤༠ འཁོར་བའི་དུས་ཆེན་སྲུང་གཙི་གནང་ཡོད་ཅིང་། མཛད་སྒོའི་ཐོག་སྐུ་མགྲོན་གཙོ་བོ་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་དང་། དམིགས་བསལ་སྐུ་མགྲོན་བཀའ་ཟུར་རིན་ཆེན་མཁའ་འགྲོ་མཆོག བོད་མི་མང་སྤྱི་འཐུས་ཁག་ཅིག གཞུང་ཁོངས་དང་གཞུང་ཁོངས་མིན་པའི་ཚོགས་སྡེ་ཁག་གི་མི་སྣ་དང་སེར་སྐྱ་མི་མང་བཅས་མཉམ་ཞུགས་གནང་འདུག

སྐབས་དེར་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་ནས། སྒྲིག་འཛུགས་གང་འདྲ་ཞིག་ཡིན་ཡང་ཐོག་མར་མགོ་འཛུགས་དུས་དཀའ་ངལ་ཆེ་ཤོས་རེད། ཐོག་མར་མགོ་འཛུགས་མཁན་གྱི་རྒན་རབས་པ་དང་། བར་དུ་མཇུག་སྐྱོང་ལས་ཀ་བྱེད་མཁན། མ་འོངས་པའང་བུད་མེད་ཀྱི་མགོ་ཁྲིད་གསོ་སྐྱོང་བྱེད་པར་བུད་མེད་ལྷན་ཚོགས་ལ་འགན་ཡོད། བོད་མིའི་སྒྲིག་འཛུགས་ཀྱིས་ལས་དོན་གང་བྱས་ཀྱང་བུ་དང་བུ་མོ་ཁྱད་མེད་ཐོག་འགྲོ་དགོས་པ་རེད། མ་འོངས་པར་བུད་མེད་ཀྱི་མགོ་ཁྲིད་མང་ཙམ་དགོས་ཚེ། བོད་ཀྱི་བུད་མེད་ལྷན་ཚོགས་ཀྱིས་སྣེ་ཁྲིད་དགོས། ངས་ཀྱང་གཞིས་ཆགས་ཚང་མར་བསྐོར་བ་རྒྱག་སྐབས། གྲོང་སྡེ་སོ་སོར་བཅར་ཏེ་ཆེད་དུ་རྒན་རབས་པ་རྣམས་མཇལ་ནས་ཐུགས་རྗེ་ཆེ་ཞུ་བཞིན་ཡོད། ཅེས་གསུངས་སོང་།

སྲིད་སྐྱོང་མཆོག་གིས། བོད་བཙན་པོའི་རྒྱལ་རབས་སྐབས་ཀྱི་མངའ་དབང་དང་། དེ་ནས་༧དཔལ་ས་སྐྱ་བའི་སྲིད་དབང་། ༧རྒྱལ་དབང་སྐུ་ཕྲེང་ལྔ་བའི་རྗེས་སུ་བོད་ཆོལ་ཁ་གསུམ་གཅིག་ཏུ་སྒྲིལ་བའི་བོད་མི་རིགས་ཀྱི་ངོ་བོ་སྐྲུན་མཁན་༧རྒྱལ་དབང་སྐུ་ཕྲེང་བཅུ་བཞི་བ་མཆོག་རེད། ང་ཚོས་ངེས་པར་དུ་ལོ་རྒྱུས་ཀྱི་རྒྱབ་ལྗོངས་ལ་སྦྱོང་དགོས། ང་ཚོའི་སྤྱི་ཚོགས་ནང་མཐུན་མ་མཐུན་གྱི་གནས་ཚུལ་མང་པོ་ཞིག་ལོ་རྒྱུས་གནས་བབ་མ་ཤེས་པའི་རྐྱེན་གྱིས་ཡོང་བཞིན་འདུག  ཁམས་དང་ཨ་མདོའི་གནས་སྟངས་གང་འདྲ་ཆགས་ཡོད་པ་དང་། དགའ་ལྡན་ཕོ་བྲང་གཞུང་གི་འོག་ག་འདྲ་ཡོད་མིན་སོགས་ཤེས་དགོས་པ་རེད། བོད་ཀྱི་ལོ་རྒྱུས་ནང་ཅུང་ཙམ་མ་འགྲིག་པ་བྱུང་ཚེ་སྦས་གསང་བྱས་ཏེ། ཕྱིའི་འཛམ་གླིང་གིས་ཤེས་ཀྱི་མ་རེད་བསམས་ན་ང་ཚོ་གླེན་པ་རེད། མི་ཚང་མས་ཞིབ་འཇུག་བྱེད་བཞིན་ཡོད། ང་ཚོས་ཀྱང་དངོས་ཡོད་གནས་ཚུལ་ཁས་བླངས་ཏེ་བཟང་ཕྱོགས་ཀྱི་རྣམ་པ་ཤུགས་ཆེ་རུ་གཏོང་རྒྱུ་གལ་ཆེན་པོ་རེད། བོད་པ་བཙན་བྱོལ་དུ་འབྱོར་རྗེས་ཆོས་དང་། རིག་གཞུང་། སྐད་ཡིག་སོགས་ཀྱི་སྒྲིག་འཛུགས་གང་འདྲ་ཞིག་ཡོད་ཀྱང་། ༧རྒྱལ་དབང་སྐུ་ཕྲེང་བཅུ་བཞི་བ་མཆོག་གི་ཐུགས་རྗེ་བཀའ་དྲིན་མེད་ཐབས་མེད་པ་ཞིག་རེད། ད་ལྟའི་སྤྱི་ཚོགས་ནང་དུ་༧གོང་ས་རྒྱལ་བ་རིན་པོ་མཆོག་ལས་ལྷག་པའི་ཆབ་སྲིད་ཤེས་མདོག་བསམ་གྱི་ཡོད་ཚེ། སྐུ་མཁྱེན་དགོངས་དག་ཞུ་རྒྱུ་ཡིན། ༧གོང་ས་མཆོག་ནས་འཛམ་གླིང་གི་བྱུང་རབས་ལ་དགུང་ལོ་ ༩༠ རིང་གཟིགས་ཏེ་དངོས་སུ་མཉམ་ཞུགས་གནང་ཡོད། བོད་ནང་གི་གནས་ཚུལ་སྙན་སེང་ཞུ་དགོས་པ་ཚང་མ་༧གོང་ས་མཆོག་ལ་ཞུས་ཡོད། རྒྱལ་ཁབ་སོ་སོའི་སྲིད་ཇུས་འཛིན་ཕྱོགས་ཐད་ཆེས་མཐོ་མི་སྣར་སྙན་སེང་ཞུ་བཞིན་ཡོད། དེ་ཚོ་ཚང་མ་གཞི་བཅོལ་བའི་ཐོག་ནས་དབུ་མའི་ལམ་གྱི་སྲིད་ཇུས་འགྲོ་དགོས་པ་རྒྱ་ཆེ་བའི་དགོངས་པ་ཞིག་རེད། ཅེས་གསུངས་སོང་།

ཡང་སྲིད་སྐྱོང་མཆོག་ནས། ཉེ་ལམ་ཧྥ་རན་སིའི་འགྲེམས་སྟོན་ཁང་གཉིས་ནང་གནས་ཚུལ་ཞིག་བྱུང་བ་རེད། ཧྥ་རན་སི་དང་རྒྱ་ནག་གཉིས་བར་གཞུང་འབྲེལ་གྱི་འབྲེལ་ལམ་བཙུགས་ཏེ་ལོ་ངོ་ ༦༠ འཁོར་བའི་དུས་དྲན་སྲུང་གཙི་བྱས་ཡོད། ཕན་ཚུན་འབྲེལ་བ་བྱེད་བཞིན་པའི་སྐབས་སུ་བོད་ཀྱི་མིང་ཞིས་ཙང་ལ་བསྒྱུར་བ་རེད། ཧྥ་རན་སི་ལྟ་བུའི་རྒྱལ་ཁབ་སྟོབས་ཆེན་ལའང་རྒྱ་གཞུང་གིས་ཤུགས་རྐྱེན་སྤྲད་དེ་བོད་ཀྱི་མིང་འགྱུར་བ་བཏང་ཡོད། དེ་ནི་མིང་གི་འགྱུར་བ་ཙམ་བཏང་བ་མིན་པར་རྒྱ་གཞུང་གིས་འགྲེལ་བཤད་གང་འདྲ་རྒྱག་བཞིན་པ་ཤེས་དགོས། ཞིས་ཙང་ཟེར་དུས་རང་སྐྱོང་ལྗོངས་ཀྱི་ས་ཁུལ་གཅིག་པོར་གོ་ཡི་ཡོད།  ༧གོང་ས་མཆོག་གིས་བོད་ཅེས་པ་ཆོལ་ཁ་གསུམ་ལ་གོ་ཡི་ཡོད་ལ། རྒྱ་ནག་འཐབ་ཕྱོགས་གཅིག་ཁང་གིས་ཀྱང་དེ་ལྟར་འགྲེལ་བཤད་བརྒྱབ་ཡོད། བོད་ཀྱི་བུད་མེད་ལྷན་ཚོགས་ཀྱིས་སྒྲིག་འཛུགས་ཤིག་བཙུགས་ཏེ་ཆབ་སྲིད་ལས་འགན་མང་པོ་འཁུར་ཡོད་པ་མ་ཟད། གཞིས་ཆགས་དང་སྤྱི་ཚོགས་ཀྱི་བདེ་སྡུག་ལ་བལྟས་ཡོད། བོད་ཀྱི་ཆབ་སྲིད་ཀྱི་ལས་དོན་བྱེད་པའི་སྐབས་ཐབས་ཇུས་དང་ལྡན་པའི་ཐོག་ནས་ལས་ཀ་བྱ་རྒྱུ་གལ་ཆེན་པོ་རེད། ཅེས་གསུངས་སོང་།

དམིགས་བསལ་སྐུ་མགྲོན་བཀའ་ཟུར་རིན་ཆེན་མཁའ་འགྲོ་ལགས་ཀྱིས། བོད་ཀྱི་བུད་མེད་ལྷན་ཚོགས་ཀྱི་སྒྲིག་འཛུགས་ཀྱི་བྱུང་རབས་དང་། བོད་ཀྱི་ཆབ་སྲིད་དང་སྤྱི་ཚོགས་ཀྱི་བདེ་སྡུག་སླད་འབད་བརྩོན་བྱས་པའི་བརྒྱུད་རིམ། མ་འོངས་བའི་ལས་དོན་བྱེད་ཕྱོགས་སོགས་ཀྱི་གལ་གནད་སྐོར་ལ་གསུང་བཤད་གནང་སོང་། དེ་བཞིན་བཀའ་ཟུར་རིན་ཆེན་མཁའ་འགྲོ་མཆོག་ལ་བོད་ཀྱི་བུད་མེད་ལྷན་ཚོགས་དབུ་བརྙེས་ནས་ལོ་ངོ་ ༤༠ འཁོར་བའི་བཀའ་དྲིན་རྗེས་དྲན་གྱི་ཕྱག་རྟགས་དང་། སྒྲིག་འཛུགས་འདིའི་ནང་དུ་ཕྱག་ལས་གནང་མྱོང་བའི་དབུས་རྒྱུན་ཟུར་བ་རྣམས་ལ་དྲན་རྟེན་གྱི་ཕྱག་རྟགས་རེ་ཕུལ་སོང་།

བོད་ཀྱི་བུད་མེད་ལྷན་ཚོགས་བཙན་བྱོལ་དུ་སླར་གསོ་ཞུས་ཏེ་ལོ་ངོ་ ༤༠ འཁོར་བའི་བསྒྲགས་གཏམ་ནང་། བོད་ཀྱི་བུད་མེད་ལྷན་ཚོགས་ཀྱི་འདས་པའི་ལོ་ངོ་ ༤༠ རིང་ལ་གཙོ་བོ་མགོན་པོ་གང་ཉིད་མཆོག་གི་དབུས་བཙན་བྱོལ་སྒྲིག་འཛུགས་གོང་བཀུར་ཐོག་བོད་ཀྱི་བུད་མེད་ལྷན་ཚོགས་ཀྱི་སྒྲིག་གཞི་རྩ་འཛིན་འོག་འཛམ་གླིང་འཕོ་འགྱུར་དང་བསྟུན། ཆབ་སྲིད་དང་ཤེས་ཡོན། སྤྱི་ཚོགས་ཀྱི་ཕན་བདེ་སྐྲུན་པ་ལ་སོགས་ཀྱིས་བོད་མིའི་སྣེ་ཁྲིད་པ་དང་། ཡར་ཐོན་ཅན་གྱི་བུད་མེད་གཞན་དང་མཚུངས་པར་མུ་མཐུད་མདུན་བསྐྱོད་ཀྱི་ལམ་དུ་འབད་བརྩོན་ཞུ་མུས་ཡིན། བོད་ཀྱི་རྩ་དོན་ཆེད་ཆབ་སྲིད་ཐོག་གཞིས་བཞུགས་སྤུན་ཟླ་རྣམས་ཀྱི་མགྲིན་ཚབ་མཚོན་ཆེད་ལས་འགུལ་ཆེ་ཕྲ་ཆུང་གསུམ་སྣ་མང་ཞིག་སྤེལ་དང་སྤེལ་མུས་ཡིན། ལྷག་པར་དུ་བཙན་བྱོལ་དུ་སྤྱི་ཚོགས་ཁྲོད་ཞབས་ཞུ་ཐད་རྒྱ་ཆེ་ཤོས་འགྲུབ་མཁན་གྱི་ལྷན་ཚོགས་ཤིག་ཡིན། བོད་ཀྱི་བུད་མེད་ལྷན་ཚོགས་ནི་གཞུང་ཁོངས་མ་ཡིན་པའི་ཚོགས་པ་ཆེ་ཤོས་དང་རྙིང་ཤོས་ཤིག་དང་གླིང་ཕྲན་བཞིའི་ནང་ཁྱོན་སྡོམ་ཡན་ལག་ལྔ་བཅུ་ང་བརྒྱད་དང་ཚོགས་མི་གྲངས་ཉིས་ཁྲི་བརྒལ་བ་ཡོད། བོད་ཀྱི་བུད་མེད་ལྷན་ཚོགས་ཀྱི་ལངས་ཕྱོགས་ནི་དབུ་མའི་ལམ་ལ་ཤར་བསྐྱོད་ཞུ་མཁན་ཞིག་ཡིན་པ་དང་། བོད་ཀྱི་བུད་མེད་ཀྱི་ཚོགས་པ་གཅིག་པུ་དེ་ཆགས་ཀྱི་ཡོད་ལ་ཆོལ་ཁ་ཆོས་ལུགས་རིམ་མེད་ཀྱི་བུད་མེད་སྒྲིག་འཛུགས་ཞིག་ཡིན། དོལ་རྒྱལ་བརྟེན་སྲོལ་བྱེད་མཁན་དང་སྤྱིར་༸གོང་ས་མཆོག་ལ་གཞི་མེད་སྐྱོན་བརྗོད་བྱེད་མཁན་རིགས་ལ་མཐའ་གཅིག་ཏུ་འགག་པ་ཡོད། ཅེས་གསལ་འདུག

ཡང་བསྒྲགས་གཏམ་ནང་། དམིགས་བསལ་གྱི་བོད་མིའི་ལྟ་བའི་མིག་དང་ཁོག་པའི་སྙིང་ལྟ་བུ་ྋགོང་ས་མཆོག་གི་སྐུ་ཕྱྭ་དང་ཡང་སྒོས་བོད་བསྟན་སྲིད་མི་རིགས་ཀྱི་ཆེད་དུ་ལོ་ལྟར་དགྲ་ལྷའི་གཙོ་བོར་གནས་ཆུང་ཆོས་རྒྱལ་ཆེན་པོར་སྐུ་གསོལ་ཞུས་ནས་དབུས་དང་ས་གནས་ཡན་ལག་ཡོངས་ནས་ཞབས་རིམས་འབད་སྒྲུབ་ཞུ་མུས་ཡིན། མ་འོངས་པའང་སྤྱི་ནོར་ྋགོང་ས་ཆེན་པོ་མཆོག་གི་སྙུང་གཞི་སྙིང་བཅང་དང་བོད་མིའི་སྒྲིག་འཛུགས་གོང་བཀུར་ཐོག་རྒྱལ་སྤྱིའི་བུད་མེད་རྣམས་དང་དཔུང་པ་འདྲ་མཉམ་འགྲོ་ཐུབ་པ་དང་། བོད་ཀྱི་བདེན་མཐའ་མ་གསལ་བར་བོད་དང་བོད་མིའི་བདེན་དོན་འཐབ་རྩོད་ཀྱི་ལས་འགུལ་མུ་མཐུད་སྤེལ་རྒྱུ་མ་ཟད། བཙན་བྱོལ་ནང་གི་སྤྱི་ཚོགས་ལ་སྨིན་པའི་ཞབས་ཞུ་གང་ཐུབ་འགྲུབ་རྒྱུའི་དབུས་ས་གཉིས་ཀྱི་ཆོད་སེམས་བརྟན་པོ་ཡིན། ཞེས་གསལ་འདུག

གསར་འགོད་པ། བྱམས་པ་ཚེ་རིང་། རྩོམ་སྒྲིག་པ། སྐལ་བཟང་སྦྱིན་པ།

འབྲེལ་ཡོད་གསར་འགྱུར།

Mobile App

དྷ་ས་ནས་རྒྱ་མི་ཞིག་གསང་ཉུལ་བའི་དོགས་གཞིའི་འོག་འཛིན་བཟུང་བྱས་འདུག

ཆུ་ཚོད་ ༤ སྔོན་ལ།
Meditation: Reflections of His Holiness the Dalai Lama, featuring Amjad Ali Khan, Amaan Ali Bangash, Ayaan Ali Bangash, and Kabir Sehgal, has earned a Grammy nomination for Best Audio Book, Narration & Storytelling Recording
༧གོང་ས་མཆོག གསུང་འཕྲིན།

༸གོང་ས་མཆོག་ལ་གྷི་རེ་མི་ཡི་གཟེངས་རྟགས་ཐོབ།

༢༠༢༦/༠༢/༠༢
Mobile App

བཙན་བྱོལ་བོད་མིའི་སྲིད་སྤྱི་གཉིས་ཀྱི་སྔོན་འགྲོའི་འོས་བླུག་བཞིན་པ།

༢༠༢༦/༠༢/༠༡
Mobile App

བོད་ནི་གནའ་སྔ་མོ་ནས་རྒྱ་ནག་གི་ཆ་ཤིས་མིན་ཞེས་པའི་དཔེ་དེབ་ཅིག་དབུ་འབྱེད་བྱས་འདུག

༢༠༢༦/༠༡/༣༠
གསར་འགྱུར།

འབའ་ཁྲི་བློ་བཟང་ལུང་རིགས་ལགས་འཛིན་བཟུང་བྱས་འདུག

༢༠༢༦/༠༡/༣༠
གནས་མཆོག་རྡོ་རྗེ་གདན་དུ་ཡོད་པའི་ཞེ་ཆེན་དགོན་དུ་ནང་པའི་གསར་གཏོད་ཀྱི་ཚོགས་ཆེན་ཐེངས་དང་པོ་འཚོག་བཞིན་པ། ༢༠༢༥།༡།༢༩ དུས་བབ་གསར་ཁང་གིས་པར་སྒྲིག་སྦྱོར་བྱས།
Mobile App

ནང་པའི་གསར་གཏོད་ཀྱི་ཚོགས་ཆེན་ཐེངས་དང་པོ་འཚོག་བཞིན་འདུག 

༢༠༢༦/༠༡/༢༩

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese