མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་གྲོས་ཚོགས་ཚོགས་དུས་བརྒྱད་པ་དེ་དབུ་འཛུགས་གནང་སོང་།

བོད་ཀྱི་དུས་བབ།
༢༠༢༤/༠༩/༡༡
Share on FacebookShare on TwitterShare on EmailShare on Whatsapp

གཞི་རིམ་མི་མང་རེ་འབོད་ཚོགས་པས་གྲོས་ཚོགས་ཚོགས་དུས་བརྒྱད་པའི་སྟེང་བཅའ་ཁྲིམས་བསྐྱར་བཅོས་དགོས་པ་དང་རྒྱལ་སྤྱིའི་ཇོ་ནང་འགྲོ་ཕན་ལྷན་ཚོགས་ཀྱིས་དཔལ་རྒྱལ་བ་ཇོ་ནང་པའི་ཆོས་བརྒྱུད་ལ་འདྲ་མཉམ་གྱི་ཐོབ་ཐང་དགོས་པའི་རེ་སྐུལ་སྙན་ཞུ་ཕུལ་སོང་།

བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་གྲོས་ཚོགས་ཚོགས་དུས་བརྒྱད་པ་དེ་དབུ་འཛུགས་གནང་སོང་། བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་པར། ༡༡།༠༩།༢༠༢༤

དེ་རིང་ཕྱི་ཚེས་ ༡༡ ནས་ ༡༩ བར་ཉིན་གྲངས་བརྒྱད་རིང་དབུས་བོད་མིའི་སྒྲིག་འཛུགས་ལས་ཁུངས་མ་ལག་དང་བཅས་པའི་རྩིས་ལོ་ ༢༠༢༣ དང་ ༢༠༢༤ ཡི་ལས་བསྡོམས་སྙན་སྒྲོན་གྱི་གྲོས་ཚོགས་ཚོགས་དུས་བརྒྱད་པ་དེ་དངོས་སུ་འཚོགས་མགོ་བཙུགས་ཡོད་པ་མ་ཟད། གཞི་རིམ་མི་མང་རེ་འབོད་ཚོགས་པས་བཅའ་ཁྲིམས་བསྐྱར་བཅོས་བྱ་དགོས་པའི་ཞུ་འབོད་ཀྱི་ལས་འགུལ་སྤེལ་མགོ་བཙུགས་ཡོད་པའི་ཁར། རྒྱལ་སྤྱིའི་ཇོ་ནང་འགྲོ་ཕན་ལྷན་ཚོགས་ཀྱིས་བཙན་བྱོལ་བོད་མིའི་བཅའ་ཁྲིམས་ཀྱི་དགོངས་དོན་བཞིན། དཔལ་རྒྱལ་བ་ཇོ་ནང་པའི་ཆོས་བརྒྱུད་ལ་ཐོབ་ཐང་འདྲ་མཉམ་དགོས་པའི་རེ་སྐུལ་སྙན་ཞུ་ཞིག་ཀྱང་ཕུལ་སོང་། དེ་རིང་ལས་ཉིན་དང་པོའི་ཉིན་སྤྱི་འཐུས་བརྒྱད་ཀྱིས་དགོངས་པ་ཞུས་ཡོད་པའི་ཁྲོད། སྤྱི་འཐུས་གཅིག་གིས་ཚོགས་དུས་བརྒྱད་པ་ཆ་ཚང་ལ་དགོངས་པ་ཞུས་འདུག

བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་ཚོགས་གཙོ་མཁན་པོ་བསོད་ནམས་བསྟན་འཕེལ་མཆོག་གིས་གྲོས་ཚོགས་དབུ་འབྱེད་ཀྱི་གསུང་བཤད་གནང་སྐབས། དེ་རིང་ང་ཚོའི་གྲོས་ཚོགས་དེ་ཕྱི་ཟླ་ ༩ པའི་གྲོས་ཚོགས་ཆགས་ཀྱི་ཡོད། ང་ཚོ་ལོ་གཅིག་ལ་གྲོས་ཚོགས་ཐེངས་གཉིས་འཚོག་གི་ཡོད་པ་དང་། ཕྱི་ཟླ་ ༣ པའི་གྲོས་ཚོགས་དེ་དངུལ་རྩིས་དང་། ཕྱི་ཟླ་ ༩ པ་དེ་ལས་སྡོམ་གྱི་གྲོས་ཚོགས་ཆགས་ཡོད། འཛིན་སྐྱོང་གིས་ཕྱི་ལོ་ ༢༠༢༣་་༢༤ ཡི་མཇུག་སྡོམ་ཐོག་ལ་ལས་ཉིན་མང་བ་གཏོང་དགོས་པས། ལས་རིམ་གྱི་སྐོར་དེ་འོག་ལ་ཞིབ་ཕྲ་ཞུ་རྒྱུ་ཡིན། ཞེས་དང་། བར་སྐབས་༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ཞབས་པུས་སྨན་བཅོས་ཆེད་དུ་ཨ་རིར་ཆིབས་བསྒྱུར་གནང་ནས་ཞབས་པུས་སྨན་བཅོས་ལེགས་གྲུབ་བྱུང་སྟེ། ཨ་རིར་ཟླ་བ་ ༢ ཙམ་རིང་སྐུ་ངལ་གསོས་པ་དང་། ལུས་རྩལ་གནང་ནས་ཨ་རི་ནས་སུད་སི་བརྒྱུད་བཞུགས་སྒར་དྷ་རམ་ས་ལར་བདེ་བླག་གི་ཐོག་ནས་ཆིབས་བསྒྱུར་གནང་ཐུབ་ཡོད། ཅེས་དང་། ང་ཚོས་མུ་མཐུད་ནས་ཁོང་ཉིད་དགུང་ལོ་བརྒྱ་དང་བཅུ་གྲངས་ལྷག་བཞུགས་ཐུབ་རྒྱུའི་གསོལ་འདེབས་ཞུ་རྒྱུ་དང་། དེ་བཞིན་བོད་མི་སྤྱི་དོན་གྱི་བསོད་ནམས་གོང་མཐོར་གཏོང་ཐུབ་དགོས་རྒྱུ་ནི་གལ་ཆེན་རེད་འདུག དེ་བས་ཀྱང་༧གོང་ས་མཆོག་གི་ཐུགས་བསྐྱེད་དམ་བཅའ་བཞིའི་མཚོན་པའི་མགོན་པོ་གང་ཉིད་ཀྱི་མཛད་འཕྲིན་ཁག་བོད་མི་རིགས་དང་འཛམ་གླིང་སྤྱི་ཡོངས་ལ་འབྲེལ་བ་ཆགས་ཡོད་དུས། ང་ཚོས་དུས་དང་རྣམ་པ་ཀུན་ཏུ་ཁོང་ཉིད་ཀྱི་དགོངས་གཞི་འགྲུབ་རྒྱུར་འབད་བརྩོན་དང་ཐབས་ལམ་གང་ཡོད་པ་རྣམས་ལ་ཞུམ་པ་མེད་པའི་ཐོག་ནས་འགན་ཁུར་དགོས་པ་ནི་གལ་ཆེན་པོ་རེད། དེ་རིང་སྐལ་བ་བཟང་པོ་ཞེ་དྲགས་རེད། ཅེས་གསུངས་སོང་།

ཡང་སྤྱི་འཐུས་ཚོགས་གཙོ་མཆོག་གིས།  བཙན་བྱོལ་གྱི་གནས་བབ་ཐོག་ནས་ལོ་ ༦༥ ཙམ་འགྲོ་ཡི་ཡོད་ཅིང་། སྤྱི་ཡོངས་ཀྱི་རྒྱལ་སྤྱིའི་གཞུང་ཁག་དང་། ལྷག་པར་དུ་རྒྱ་གར་གཞུང་གི་མཐུན་འགྱུར། དེ་བཞིན་མི་མང་གི་རྒྱབ་སྐྱོར་ལ་བརྟེན་ནས་ང་ཚོའི་སྒྲིག་འཛུགས་འདི་ཡུན་གནས་ཐུབ་ཡོད། བར་སྐབས་ཨ་རིའི་གྲོས་ཚོགས་ཀྱི་སྐུ་ཚབ་ཚོགས་ཆུང་ཞིག་བཞུགས་སྒར་དྷ་སར་ཕེབས་པ་དང་། ཨ་རིའི་གྲོས་ཚོགས་ཀྱི་ཚད་མཐོའི་མང་མོས་ཀྱི་ཐོག་ནས་བོད་དོན་དཀའ་རྙོག་གསལ་རྒྱུའི་ཁྲིམས་ཡིག་གཏན་འབེབས་གནང་བ། དེ་བཞིན་ཁེ་ན་ཌའི་གྲོས་ཚོགས་ནས་གྲོས་ཆོད་བཞག་པ། ཉེ་ཆར་རྒྱ་གར་གྲོས་ཚོགས་བོད་དོན་རྒྱབ་སྐྱོར་ཚོགས་པ་དེ་བདེ་བླག་ངང་སླར་གསོ་ཐུབ་པ། ཉིན་ཤས་གོང་ཨོ་གླིང་གི་གྲོས་ཚོགས་ནང་བོད་དོན་ཐོག་ལ་བགྲོ་གླེང་ཤུགས་ཆེན་གནང་ཡོད། ཅེས་དང་།  ད་ལན་ཁྲིམས་འཛིན་ལས་དོན་དང་འབྲེལ་ནས་བོད་མིའི་སྒྲིག་འཛུགས་ཀྱི་མཛད་གཙོ་རྣམ་པ་འཕོ་འགྱུར་དང་འབྲེལ་བའི་སྒྲིག་གཞི་བསྐྱར་བཅོས་ཁྲིམས་འཆར་ཐོག་ལ་གྲོས་ཚོགས་ཀྱི་ཆེས་མཐོའི་ཚོགས་ཆུང་གི་སྙན་ཐོ་དང་། སྒྲིག་གཞི་བསྐྱར་བཅོས་འཆར་ཟིན་ཡོང་རྒྱུ་དང་། སྤྱི་འཐུས་རྒྱུན་ལས་ཀྱིས་ཆེད་འཛུགས་གནང་བའི་བོད་ཀྱི་གསོ་བ་རིག་པའི་གནས་བབ་དང་འབྲེལ་བའི་གསོ་རིག་གི་ཁྲིམས་ཡིག་ཤར་སྐྱོད་དང་འབྲེལ་བའི་ཁྲིམས་འཆར་དང་སྙན་ཐོ་ཡོང་རྒྱུ། ཁྲིམས་སྒྲིག་བསྐྱར་བཅོས་ཁག་ཅིག་ཐད་ལ་གླེང་སློང་གནང་རྒྱུ་ཡིན་སྐོར་སོགས་གསུངས་སོང་།

དེ་རིང་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་གྲོས་ཚོགས་ཚོགས་དུས་བརྒྱད་པའི་ལས་ཉིན་དང་པོའི་ཉིན། དབུས་བོད་མིའི་སྒྲིག་འཛུགས་ཆོས་རིག་ལས་ཁུངས་མ་ལག་དང་བཅས་པའི་རྩིས་ལོའི་ལས་བསྡོམས་སྙན་སྒྲོན་དང་། བོད་མི་མང་སྤྱི་འཐུས་རྒྱུན་ལས་ཀྱིས་ཆོས་རིག་ལས་ཁུངས་ཀྱི་ལས་སྡོམ་དང་འབྲེལ་ནས་གཟིགས་ཞིབ་བྱས་པའི་དྲི་བ་དག་ལ་ལན་འདེབས་གསལ་བཤད་གནང་སོང་། དེ་བཞིན་ཆོས་རིག་ལས་ཁུངས་ཀྱི་ལས་སྡོམ་ཐོག་སྤྱི་འཐུས་ཉི་ཤུ་ལྷག་གིས་ཆ་ཤས་བླངས་ནས་བགྲོ་གླེང་ལྷུག་པོ་གནང་བའི་ཁྲོད། ༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་གི་སྐུའི་འཕྲོད་སྦྱོར་གྱི་གནད་དོན་དང་། སླད་མར་མཛད་འཆར་རིགས་ཉུང་དུ་བཏང་ནས་སྐུ་ངལ་གསོ་བཅུག་དགོས་པའི་སྐོར། སྐུའི་ཡང་སྲིད་ཀྱི་གནད་དོན་དེ་ནི་༧མགོན་པོ་གང་ཉིད་གཅིག་པུའི་བདག་དབང་ཡིན་པའི་སྐོར། དེ་བཞིན་ཉེ་ལམ་༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་དང་༧རྒྱལ་དབང་ཀརྨ་པ་མཆོག་རྣམ་གཉིས་མཇལ་འཕྲད་སྐབས། ༧རྒྱལ་དབང་ཀརྨ་པ་མཆོག་གིས་བོད་མི་རྣམས་མཐུན་སྒྲིལ་བྱ་དགོས་པའི་ཐད་ལ་གསུང་འཕྲིན་སྩལ་བ་བཞིན་ལག་བསྟར་བྱ་དགོས་པའི་སྐོར་ལ་གླེང་སློང་བྱས་སོང་། དེ་བཞིན་༧རྒྱལ་དབང་ཀརྨ་པ་མཆོག་རྒྱ་གར་དུ་ཕེབས་རྒྱུའི་ཐད་ཆོས་རིག་ལས་ཁུངས་ཀྱིས་འགན་དབང་བཞེས་དགོས་པའི་ཐོག་གླེང་སློང་ཤུགས་ཆེན་གནང་བ་དང་འབྲེལ། ཆོས་རིག་བཀའ་བློན་དང་སྲིད་སྐྱོང་གཅིག་ལྕོགས་སྤེན་པ་ཚེ་རིང་མཆོག་གིས། ༧རྒྱལ་དབང་ཀརྨ་པ་མཆོག་གི་སྐོར་དང་འབྲེལ་ནས་རྒྱ་གར་གཞུང་དང་དཀའ་ངལ་འཕྲད་ཀྱི་ཡོད་པར་བརྟེན། རྒྱ་གར་གཞུང་དང་༧ཀརྨ་པ་མཆོག་གཉིས་ཀྱི་དབར་ལ་དཔང་པོའི་ཚུལ་དུ་བསྡད་དེ་ཕན་ཚུན་གླེང་སློང་གང་བྱུང་བ་རྣམས་རྒྱུས་ལོན་བྱས་ན། མ་འོངས་པར་ཕུགས་བརྟན་པོ་ཡོང་གི་རེད་བསམ་པའི་བསམ་ཚུལ་བཏོན་པ་རེད། ད་ལྟ་ང་ཚོ་ལ་འགྲིག་གི་འདུག་ཟེར་བའི་ལན་གཅིག་ཕྱོགས་གཉིས་ཀ་ནས་བྱུང་མ་སོང་། གནད་དོན་དེའི་ཐད་རྩོད་གླེང་མང་པོ་ཞིག་འདུག འོན་ཀྱང་གྲོས་ཚོགས་སུ་ཞུ་སྟབས་བདེ་པོ་མི་འདུག ཅེས་གསུངས་སོང་།

རྒྱལ་སྤྱིའི་ཇོ་ནང་འགྲོ་ཕན་ལྷན་ཚོགས་ཀྱིས་སྤྱི་འཐུས་རྣམས་ལ་ཕུལ་བའི་རེ་སྐུལ་སྙན་ཞུའི་ཁྲོད། བཙན་བྱོལ་བོད་མིའི་བཅའ་ཁྲིམས་སུ་ཆོས་བརྒྱུད་བར་ལ་དབྱེ་འབྱེད་ཁ་གསལ་བྱས་ཡོད་པས། བཙན་བྱོལ་ཁྲོད་ཀྱི་ཇོ་ནང་པ་རྣམས་ལ་ཐོབ་ཐང་འདྲ་མཉམ་མེད་པའི་གནད་དོན་རབ་དང་རིམ་པ་བྱུང་སྟབས། ཕྱི་ལོ་ ༡༩༩༧ ལོ་ནས་བཟུང་ཐོག་མར་ཇོ་ནང་བསྟན་པ་ཡོངས་རྫོགས་ཀྱི་མངའ་བདག་༧སྐྱབས་མགོན་ཁལ་ཁ་རྗེ་བཙུན་དམ་པ་སྐུ་ཕྲེང་དགུ་བ་ཆེན་པོ་མཆོག་གིས་ཐོབ་ཐང་འདྲ་མཉམ་ཡོང་སླད། རང་གཞུང་བཀའ་ཤག་དང༌། གྲོས་ཚོགས་ལ་སྙན་ཞུ་ཐེངས་ལྔ། དེ་བཞིན་སིམ་ལ་ཇོ་ནང་མ་དགོན་སོགས་འཛམ་གླིང་གང་སར་ཡོད་པའིི་ཇོ་ནང་པའི་ཚོགས་སྒེར་གཉིས་ནས་དེ་ལུགས་ཀྱིས་སྙན་ཞུ་དང་རེ་འབོད་གྲངས་ལས་འདས་པ་ཕུལ་ཟིན་པ་མ་ཟད། ཕྱི་ལོ་ ༢༠༡༥ ལོར་གྲོས་ཚོགས་འཚོགས་སྐབས།  བཙན་བྱོལ་ཁྲོད་ཀྱི་ཇོ་ནང་པ་རྣམས་ལ་ཁྲིམས་ཐོག་ནས་ཐོབ་ཐང་འདྲ་མཉམ་གནང་སྐྱོང་ཡོང་བའི་ཞུ་གསོལ་ལས་འགུལ་དང་། ཐ་ན་ཞི་བའི་ཟས་བཅད་སོགས་ཀྱང་སྤེལ་ཡོད། དེ་ལྟ་ན་ཡང་གྲོས་ཚོགས་ཀྱི་ངོས་ནས་བཅའ་ཁྲིམས་ལ་འགྱུར་བ་གཏོང་རྒྱུ་ལྟ་ཅི། ཡ་ལན་ཙམ་ཡང་མེད་ཁར་མཐོང་ཆུང་དང་ཁྱད་གསོད་བྱས་པ་ཉུང་ཉུང་མིན་མོད། འདས་ལོའི་ནང་གྲོས་ཚོགས་ནས་ཁྲིམས་སྒྲིག་ཚོགས་ཆུང་ཟེར་བ་བཙུགས་ཏེ། བཙན་བྱོལ་བོད་མིའི་བཅའ་ཁྲིམས་ལ་བསྒྱུར་བཅོས་གཏོང་དགོས་རིགས་བཙན་བྱོལ་བོད་མི་ཡོངས་ཀྱི་བསམ་ཚུལ་ཞུ་འབུལ་ཆོག་པའི་གོ་སྐབས་སྤྲད་པས། ཕྱི་སྡོད་ཇོ་ནང་པ་རྣམས་ཀྱིས་ཀྱང་། དེ་ལུགས་གོ་སྐབས་དམ་འཛིན་བྱས་ཏེ་འཛམ་གླིང་ཁྱོན་ཡོངས་ནས་ཚོགས་སྡེ་ ༥༠ ལྷག་དང་། མི་སྒེར་བ་ ༢༠༠ ལྷག་གིས། བཙན་བྱོལ་བོད་མིའི་བཅའ་ཁྲིམས་ཀྱི་དོན་ཚན་ ༣༧ པར་འགྱུར་བ་བཏང་ནས། བཙན་བྱོལ་བོད་མི་ཡོད་དོ་ཅོག་ཁྲིམས་ཀྱི་མདུན་སར་ཐོབ་ཐང་འདྲ་མཉམ་ཡོང་བའི་གསོལ་འདེབས་ཞུས་ཀྱང་། དེ་མཐུན་གྱི་ཡ་ལན་གང་ཡང་མ་བྱུང༌། ཞེས་གསལ་འདུག

ཡང་རེ་སྐུལ་སྙན་ཞུའི་ཁྲོད། ད་ལན་སྐབས་  ༡༧ པའི་གྲོས་ཚོགས་ཚོགས་དུས་བརྒྱད་པའི་ཐོག གོང་གསལ་བཅའ་ཁྲིམས་ཀྱི་དོན་ཚན་ཁག་ལ་ངེས་པར་དུ་འགྱུར་བ་བཏང་ནས། བཙན་བྱོལ་ཁྲོད་ཀྱི་བོད་མི་དང་ཆོས་ལུགས་ཡོངས་རྫོགས་ཁྲིམས་ཀྱི་མདུན་སར་འདྲ་མཉམ་བྱས་ཏེ། ཀུན་ཁྱབ་ཀྱིས་བདག་སྐྱོང་གནང་རྒྱུ་དང་། བཙན་བྱོལ་བོད་མིའི་བཅའ་ཁྲིམས་འདི་ཡང་། ཡང་དག་པའི་དམངས་གཙོའི་སྒྲིག་འཛུགས་ཤིག་གི་ཁྲིམས་ཡིག་ཚད་ལྡན་ཞིག་ཏུ་བསྒྱུར་གནང་ཡོང་བའི་གསོལ་བ་ཤུགས་དྲག་ཏུ་འདེབས་པ་ལགས། གལ་ཏེ་ད་ལན་ཡང་སྔར་བཞིན་ང་ཚོའི་རེ་བ་ཆུད་ཟོས་སུ་བཏང་བ་ཡིན་ན། ང་ཚོས་ངོས་ནས་ཀྱང་ནང་གི་གནད་དོན་ནང་ནས་མི་སེལ་བ་ཤེས་པར་བྱས་ཏེ། ཁྲིམས་གཏུགས་དང་། སྙན་ཞུ། རེ་སྐུལ། གསར་འགོད་གསལ་བསྒྲགས་སོགས་ཀྱི་ཁ་ཕྱོགས་ལ་འགྱུར་བ་མི་གཏོང་ཐབས་མེད་ཡིན་པས། དེ་དུས་གནད་དོན་ཅི་ཞིག་བྱུང་ན། དེའི་འགན་ཡོངས་རྫོགས་བཙན་བྱོལ་བོད་མིའི་གྲོས་ཚོགས་རང་ནས་ཁུར་དགོས་པའི་གསལ་འདེབས་བཅས། ཞེས་གསལ་འདུག

གསར་འགོད་པ། བསྟན་འཛིན་ཕུར་བུ། དཔལ་ལྡན། རྩོམ་སྒྲིག་པ། སྐལ་བཟང་སྦྱིན་པ།

འབྲེལ་ཡོད་གསར་འགྱུར།

Mobile App

 མགོན་པོ་སྐྱིད་ལགས་ཀྱིས་སླར་ཡང་རང་སྲོག་བློས་གཏོང་གིས་ལས་འགུལ་སྤེལ།

ཆུ་ཚོད་ ༢ སྔོན་ལ།
ལོ་ངོ་སྟོང་གི་ལོ་རྒྱུས་ལྡན་པའི་ཡེ་ཤུའི་ལྷ་ཁང་གྲགས་ཅན་ MONTSERRAT ནས་གདན་ཞུས་གནང་ལྟར་ཆོས་ཁང་དུ་ཕེབས་ཏེ་ཆོས་ལུགས་འཆམ་མཐུན་དང་འཛམ་གླིང་ཞི་བདེའི་སྐོར་ལ་བཀའ་མོལ་ལྷུག་པོ་གནང་། ༢༠༢༥།༡༡།༠༤ པར་སྤྱི་འཐུས་ཐུབ་བསྟན་དབང་ཆེན་ལགས་ཀྱི་ངོ་དེབ་ནས་བླངས།
Mobile App

ཀུན་བདེ་གླིང་རྟ་ཚག་རྗེ་སྤྲུལ་རིན་པོ་ཆེ་མཆོག་གིས་ཡུ་རོབ་རྒྱལ་ཁབ་ཁག་ཅིག་ནང་མཛད་འཕྲིན་སྐྱོང་བཞིན་པ།  

ཆུ་ཚོད་ ༢༣ སྔོན་ལ།
༧ཀུན་གཟིགས་༸པཎ་ཆེན་རིན་པོ་ཆེའི་སྐུ་ཚབ་ཞུས་ཏེ་བཀྲ་ཤིས་ལྷུན་པོའི་མཁན་པོ་གཟིག་རྒྱབ་རིན་པོ་ཆེ་མཆོག་གིས་དམངས་གཙོའི་གཟེངས་རྟགས་བཞེས་པ། ༢༠༢༥།༡༡།༤ དྲ་ལམ་གྱི་པར།
Mobile App

འདི་ལོའི་དམངས་གཙོའི་གཟེངས་རྟགས་༧ཀུན་གཟིགས་༸པཎ་ཆེན་རིན་པོ་ཆེ་མཆོག་སོགས་ལ་ཕུལ།

༢༠༢༥/༡༡/༠༥
Aftab Pureval accepts congratulations following his reelection as Mayor of Cincinnati. Photo by Xiaojie Zavon
Mobile App

བོད་རིགས་ཀརྨ་ལགས་སླར་ཡང་ཨ་རིའི་སིན་སིན་ན་ཊི་གྲོང་ཁྱེར་སྤྱི་ཁྱབ་པར་བདམས་ཐོན་བྱུང་།

༢༠༢༥/༡༡/༠༥
Photo Credit: Global Peace Prayer Festival
Mobile App

འབྲུག་གི་འཛམ་གླིང་ཞི་བདེའི་སྨོན་ལམ་ཆེན་མོ་དངོས་སུ་དབུ་འཛུགས་གནང་།

༢༠༢༥/༡༡/༠༤
Setti Warren directed the Harvard Institute of Politics out of the Harvard Kennedy School since 2022. By Claire Yuan
Mobile App

སྲིད་སྐྱོང་མཆོག་གིས་ཧྭ་ཝར་ཌིའི་སྐུ་ཞབས་ཝ་རན་ལགས་འདས་གྲོངས་སུ་ཕྱིན་པར་ཐུགས་གསོ་གནང་།

༢༠༢༥/༡༡/༠༤

མཆན། 1

  1. Losal Norbu says:
    ལོ་ 1 སྔོན།

    བོད་མི་གཅིག་གི་གཅིག་ལ་རོགས་རམ་དང་ལྷག་བསམ་དགོས་པའོ་དུས་ནམ་ཡང་།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese