མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

དབུ་མའི་ལམ་གྱི་དུས་དྲན་ཉིན་མོ་སྲུང་གཙི་ཞུས།

བོད་ཀྱི་དུས་བབ།
༢༠༢༤/༠༩/༡༨
Share on FacebookShare on TwitterShare on EmailShare on Whatsapp

དབུ་མའི་ལམ་གྱི་ཉིན་མོའི་དུས་དྲན་སྲུང་གཙི་དང་བསྟུན་རྒྱལ་སྤྱིའི་དབུ་མའི་ལམ་ལས་འགུལ་ཁང་གིས་རྒྱ་གར་རྒྱལ་ཡོངས་འཛིན་རིམ་བཅུ་གཉིས་ཀྱི་ཡིག་རྒྱུགས་ཁྲོད་བོད་ཡིག་གི་ཡིག་རྒྱུགས་གྲུབ་འབྲས་རྩེ་སོན་སློབ་མ་གྲངས་ ༡༤ ལ་ཆེ་བསྟོད་གཟེངས་རྟགས་ཕུལ་སོང་།

དབུ་མའི་ལམ་གྱི་དུས་དྲན་ཉིན་མོ་སྲུང་གཙི་ཞུས། བོད་ཀྱི་དུས་བབ་གསར་ཁང་གི་པར། ༢༠༢༤།༩།༡༨

དེ་རིང་ཕྱི་ཚེས་ ༡༨ ཉིན་གྱི་ཕྱི་དྲོའི་ཆུ་ཚོད་ ༢།༣༠ ཐོག་དྷ་ས་ས་གནས་མགོ་འཛིན་ཚོགས་ཁང་དུ། རྒྱལ་སྤྱིའི་དབུ་མའི་ལམ་མི་མང་ལས་འགུལ་ཁང་གི་གོ་སྒྲིག་འོག དབུ་མའི་ལམ་གྱི་ཉིན་མོའི་དུས་དྲན་སྲུང་གཙིའི་མཛད་སྒོ་ཞིག་འཚོགས་སོང་། ཚོགས་འདུའི་ཐོག་སྐུ་མགྲོན་གཙོ་བོ་བཀའ་ཟུར་འབྲོང་ཆུང་དངོས་གྲུབ་ལགས་དང་། སྤྱི་ཟུར་པད་སྒྲོན་ལགས། སྤྱི་ཟུར་སྒྲོལ་མ་མཚོ་མོ་ལགས། དྷ་ས་ས་གནས་མགོ་འཛིན་དཀོན་མཆོག་མིག་དམར་ལགས། རྒྱལ་སྤྱིའི་དབུ་མའི་ལམ་ལས་འགུལ་ཁང་གི་འགན་འཛིན་དང་འབྲེལ་ཡོད་ལས་བྱེད། གཞུང་ཁོངས་མིན་པའི་ཚོགས་སྡེ་ཁག་གི་མི་སྣ། དྷ་སའི་སེར་སྐྱ་མི་མང་བཅས་མཉམ་ཞུགས་གནང་སོང་།

སྐབས་དེར་རྒྱ་གར་རྒྱལ་ཡོངས་འཛིན་རིམ་བཅུ་གཉིས་ཀྱི་ཡིག་རྒྱུགས་ཁྲོད་བོད་ཡིག་གི་ཡིག་རྒྱུགས་གྲུབ་འབྲས་རྩེ་ཕུད་ལོན་པའི་སློབ་མ་གྲངས་ ༡༤ ལ་ཆེ་བསྟོད་གཟེངས་རྟགས་དང་ཧིན་སྒོར་ ༧༡༤༣ རེའི་གསོལ་རས་བྱ་དགའ་ཕུལ་སོང་། བོད་ཡིག་ཡིག་རྒྱུགས་རྩེ་སོན་གྱི་ཆེ་བསྟོད་གཟེངས་རྟགས་ཀྱི་གལ་གནད་སྐོར་ལ་རྒྱལ་སྤྱིའི་དབུ་མའི་ལམ་ལས་འགུལ་ཁང་གི་འགན་འཛིན་དགེ་བཤེས་བློ་བཟང་ཆོས་འཕེལ་ལགས་ཀྱིས་འདི་གའི་གསར་འགོད་པར། བོད་མི་རིགས་ཀྱི་རིག་གཞུང་གནས་ཐུབ་མིན་ཛ་དྲག་གི་གནས་སྟངས་ཤིག་ཆགས་ཡོད་པའི་སྐབས། དབུ་མའི་ལམ་གྱི་ཐབས་ཤེས་ལ་བརྟེན་ནས་བོད་མི་རིགས་ཀྱི་རིག་གཞུང་དང་བཅས་པར་རྒྱལ་ཁ་ཐོབ་པ་དང་། བོད་གཞིས་བྱེས་གཉིས་མཉམ་འཛོམས་བྱུང་བའི་བསམ་བློ་ཡོད། དབུ་མའི་ལམ་གྱི་རྩ་དོན་གཅིག་ནི་སྐད་ཡིག་དང་། རིག་གཞུང་། ནང་བསྟན་དང་བཅས་པའི་བོད་མི་རིགས་ཀྱི་བླ་སྲོག་སྲུང་སྐྱོབ་བྱ་རྒྱུ་དེ་ཡིན་པས། མ་འོངས་བའི་སོན་རྩ་རྣམས་སེམས་ཤུགས་རྒྱས་པའི་ཆེད་དུ་གལ་ཆེན་ཞིག་ཏུ་བརྩིས་ཡོད་པས། ད་ལོ་ནས་བཟུང་རྒྱལ་སྤྱིའི་དབུ་མའི་ལམ་ལས་འགུལ་ཁང་གིས་ལས་འགུལ་འདི་མགོ་ཚུགས་ཡོད། ཅེས་འགྲེལ་བརྗོད་གནང་སོང་།

བོད་ཡིག་རྒྱུགས་འབྲས་རྩེ་སོན་གྱི་གཟེངས་རྟགས་ཀྱི་མ་འོངས་བའི་ལས་འགུལ་སྐོར་ལ་ཁོང་གིས། ད་ལོ་ནས་མགོ་ཚུགས་ཏེ་རྒྱ་གར་རྒྱལ་ཡོངས་ཀྱི་འཛིན་རིམ་བཅུ་གཉིས་པའི་ཡིག་རྒྱུགས་ཁྲོད་བོད་ཡིག་གི་རྒྱུགས་འབྲས་རྩེ་སོན་བྱུང་བའི་སློབ་མ་བཅུ་རེར་ལོ་ལྟར་ཧིན་སྒོར་ཁྲི་གཅིག་དང་ཆེ་བསྟོད་གཟེངས་རྟགས་འབུལ་རྒྱུའི་འཆར་གཞི་ཡོད། ད་ལོ་མཚོན་ན་ལས་འགུལ་འདི་ཐེངས་དང་པོ་ཡིན་པ་མ་ཟད། འདི་ལོ་རྒྱ་གར་རྒྱལ་ཡོངས་འཛིན་རིམ་བཅུ་གཉིས་པའི་ཡིག་རྒྱུགས་ནང་བོད་ཡིག་གི་ཡིག་རྒྱུགས་བརྒྱ་ཆ ༩༩ སོན་པའི་སློབ་མ་གཅིག་དང་། བརྒྱ་ཆ་ ༩༨ སོན་པའི་སློབ་མ་གྲངས་གཉིས། བརྒྱ་ཆ་ ༩༧ སོན་པའི་སློབ་མ་གྲངས་ ༡༡ བྱུང་ཡོད་པས། ཧིན་སྒོར་འབུམ་གཅིག་དེ་སློབ་མ་གྲངས་ ༡༤ ལ་བགོ་བཤའ་བརྒྱབ་སྟེ་བྱ་དགའ་ཕུལ་ཡོད། ཅེས་འགྲེལ་བརྗོད་གནང་བྱུང་།

བཀའ་ཟུར་འབྲོང་ཆུང་དངོས་གྲུབ་ལགས་ཀྱིས། སྤྱི་ཚོགས་ནང་དབུ་མའི་ལམ་གྱིས་གྲུབ་འབྲས་ཐོན་མེད་པ་དང་འགྲིག་གི་མེད་པ་སོགས་ཀྱི་བསམ་ཚུལ་བརྗོད་ཡོད། དེ་ནི་སོ་སོའི་བསམ་ཚུལ་གྱི་དོན་དག་ཞིག་རེད་མ་གཏོགས། བསམ་བློ་ཞིབ་ཚགས་བཏང་ནས་ཕྱིར་བལྟས་བྱས་ཚེ། ད་ལྟ་བར་དབུ་མའི་ལམ་ལ་གྲུབ་འབྲས་མ་བྱུང་བ་གཏན་ནས་མ་རེད། གྲུབ་འབྲས་ཡག་ཐག་ཆོད་བྱུང་ཡོད། ད་ལྟའི་བོད་ནང་རྒྱ་གཞུང་གི་མགོ་ཁྲིད་ཚོས་སྲིད་ཇུས་དང་བྱེད་བབ་ལ་བལྟས་པ་ཡིན་ན། དབུ་མའི་ལམ་གྱི་གལ་གནད་ཇི་ཙམ་ཡིན་མིན་གསལ་གསལ་ཐང་ཐང་གིས་ངེས་པ་ངོ་འཕྲོད་ཀྱི་འདུག་ལ། བོད་མི་རིགས་ཞེས་ལ་རྒྱ་དང་སྤོབས་པ་ཡོང་དགོས་པ་གལ་ཆེན་རེད། འཛམ་གླིང་སྟེང་བོད་མི་རིགས་ཞེས་མཛུབ་མོ་བཙུགས་ས་ཞིག་དགོས་ཚེ། གོམས་གཤིས་དང་། ལེགས་བྱང་། ཐུན་མོང་མ་ཡིན་པའི་ཆོས་དང་རིག་གཞུང་། ལྷག་པར་དུ་སྐད་དང་ཡི་གེ་ཉར་ཚགས་དང་། སློབ་སྦྱོང་བྱ་དགོས་པ་གལ་ཆེན་པོ་རེད། ཅེས་བརྗོད་སོང་།

དབུ་མའི་ལམ་ཉིན་མོའི་བསྒྲགས་གཏམ་ནང་། དབུ་མའི་ལམ་ནི་ྋགོང་ས་རྒྱལ་བ་རིན་པོ་ཆེ་མཆོག་གིས་བོད་རྒྱའི་དཀའ་རྙོག་ཞི་བའི་ལམ་ནས་སེལ་ཐུབ་པ་དང་། བོད་རྒྱ་མི་རིགས་གཉིས་འདྲ་མཉམ་དང་གཅིག་ཕན་གཅིག་གྲོགས་ཀྱིས་བརྟན་ལྷིང་མཉམ་གནས་ཡོང་ཆེད་འདོན་གནང་མཛད་པའི་ཐབས་ལམ་ཞིག་དང་། བཙན་བྱོལ་བོད་གཞུང་མང་གཉིས་མང་གཙོའི་ལམ་སྲོལ་གྱི་ཐོག་ནས་གོ་བསྡུར་རིམ་པར་བྱས་ཏེ་གཏན་འབེབས་བྱས་པའི་བྱུས་ཤིག་ཡིན། དེ་ནི་བོད་མི་ཚོས་རྒྱ་ནག་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱིས་དབང་སྒྱུར་བའི་བོད་ཀྱི་ད་ལྟའི་གནས་བབ་ཁས་ལེན་མི་བྱེད་པ་དང་། ཡང་བོད་ཀྱི་ལོ་རྒྱུས་དངོས་དོན་རང་བཙན་ཡིན་པ་ཡང་རྩོད་གླེང་མི་བྱེད་པར་དེ་གཉིས་ཀྱི་དབུས་ཏེ། རྒྱ་ནག་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་སྒྲོམ་གཞིའི་ནང་ཆོལ་གསུམ་བོད་རིགས་ཡོངས་རྫོགས་ལ་མིང་དོན་མཚུངས་པའི་རང་སྲིད་རང་སྐྱོང་ཞིག་ཡོང་ཐབས་བྱ་རྒྱུའི་སྲིད་བྱུས་དང་ཐབས་ལམ་ལ་དབུ་མའི་ལམ་ཞེས་བརྗོད། དེ་ལྟ་བུའི་དབུ་མའི་ལམ་གྱི་བྱུང་རིམ་ནི། ྋགོང་ས་རྒྱལ་བ་རིན་པོ་ཆེ་མཆོག་གིས་སྔ་མོ་ནས་དགོངས་པར་འཁོར་ཡོད་ཀྱང་། དེ་འཕྲལ་བརྒྱ་ཁ་གཅིག་གཅོད་ཀྱིས་ཐག་གཅོད་མ་གནང་བར་ལོ་རབས་དྲུག་ཅུའི་སྨད་ཙམ་ནས་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་ཚོགས་གཙོ་ཚོགས་གཞོན་དང་། བཀའ་ཤག འབྲེལ་ཆགས་མཁྱེན་རྒྱ་ཡངས་པའི་ཤེས་མྱོང་ཅན་མང་པོར་བཀའ་བསྡུར་དང་། དགོངས་འཆར་བསྡུ་བཞེས་རིམ་པར་གནང་ཡོད་པ་ལྟར། ཕྱི་ལོ་ ༡༩༧༩ ལོར། སྐབས་དེའི་བོད་མི་མང་སྤྱི་འཐུས་ལྷན་ཚོགས་དང་། བཀའ་ཤག མཁྱེན་རྒྱ་ཡངས་པའི་མི་སྣ་བཅས་པར་བཀའ་བསྡུར་གནང་འོས་གནང་སྟེ། བབ་ལྷིང་བརྟན་གསུམ་གྱི་དགོངས་པ་གཏིང་ཟབ་བཞེས་ནས་ཐག་གཅོད་གནང་བ་ཞིག་ལས་གློ་བུར་དུ་བྱུང་བ་ཞིག་དང་། ཡང་ན་ྋགོང་ས་རྒྱལ་བ་རིན་པོ་ཆེ་མཆོག་སྐུ་རྐྱང་གིས་ཐུགས་ཐག་བཅད་དེ་གཞུང་དང་། མི་མང་ལ་བཙན་འགེལ་གནང་བ་ཞིག་མིན་པར་ཞིབ་ཕྲའི་བྱུང་རབས་ངེས་ཅན་ཡོད་པ་ཞིག་ཡིན། ཞེས་གསལ་འདུག

ཡང་བསྒྲགས་གཏམ་ནང་།  བོད་དོན་དཀའ་རྙོག་སེལ་ཐབས་སུ་དབུ་མའི་ལམ་འདི་དངོས་ཡོད་གནས་ཚུལ་དང་མཐུན་ཞིང་། ད་ལྟའི་དུས་རབས་འདིར་གཅིག་ལ་གཅིག་བརྟེན་མ་བྱས་པར་ཁེར་རྐྱང་སྡོད་ཐབས་མེད་པའི་གནས་སྟངས་དང་། སྐད་ཡིག་གཅིག་དང་གོམས་སྲོལ་གཅིག མདོར་ན་བོད་རིགས་ཡོངས་རྫོགས་རང་སྐྱོང་གཅིག་གི་འོག་ཏུ་ཚུད་ནས་མི་རིགས་ཀྱི་ལས་དོན་འཛིན་སྐྱོང་སྤེལ་གསུམ་ཚགས་ཚུད་དང་རྒྱུན་འཁྱོངས་ཡོང་རྒྱུར་ཕན་པ། དཔལ་འབྱོར་དང་། དངོས་པོའི་ཡར་རྒྱས། དེང་རབས་ཀྱི་དཔལ་ཡོན་ཡར་རྒྱས་ཡོང་རྒྱུར་ཕྱི་དངོས་པོའི་ཕན་ཡོན་ཡོད་པ་དང༌། བོད་དོན་བདེན་མཐའ་གསལ་ཐབས་ཀྱི་གཞི་རྒྱ་ཆེ་བའི་ལས་དོན་ཁག་ལ་རྒྱལ་སྤྱིའི་ནང་རྒྱབ་སྐྱོར་ཐོབ་དང་ཐོབ་བཞིན་པ་རྒྱུན་གནས་ཡོང་བར་ཕན་པ་ཡོད་པ། ལྷག་པར་བོད་ནང་ལེགས་བྱང་དང་། ཁོར་ཡུག མི་རིགས་ཀྱི་ངོ་བོ་དང་བཅས་པ་རྩ་གཏོར་འགྲོ་གཞིའི་ཛ་དྲག་གི་དཀའ་ངལ་ལས་སྐྱོབ་ཐུབ་པའི་ཕན་པ་ཡོད་པ་སོགས་མདོ་དོན་དབུ་མའི་ལམ་གྱི་སྲིད་བྱུས་ལ་མོས་མཐུན་རྒྱབ་སྐྱོར་གནང་མཁན་ཚོས་རྒྱུ་མཚན་གྱི་ལམ་ནས་སྲིད་བྱུས་འདི་ལ་རྒྱབ་སྐྱོར་དང་། མོས་མཐུན། གོ་རྟོགས་རྙེད་པ་བཅས་གནང་ནས་དུས་རྒྱུན་ནས་མི་རིགས་གཞན་དང་། རང་རེའི་མི་མང་རྣམས་ལ་གོ་རྟོགས་སྤེལ་ཐབས་གནང་ནས་གང་མགྱོགས་གཞིས་བྱེས་མཉམ་འཛོམས་ཀྱི་སྐྱིད་པའི་ཉི་མ་ཤར་བར་བརྩོན་པ་མི་དོར་བའི་སྒོ་ནས་ནུས་པ་འདོན་སྤེལ་གནང་དགོས། ཞེས་གསལ་འདུག

གསར་འགོད་པ། བྱམས་པ་ཚེ་རིང་། རྩོམ་སྒྲིག་པ། སྐལ་བཟང་སྦྱིན་པ།

འབྲེལ་ཡོད་གསར་འགྱུར།

Mobile App

བུད་མེད་སྒེར་ལངས་ཐེངས་ ༦༧ པ་སྲུང་གཙི་ཞུས་སོང་།

ཆུ་ཚོད་ ༡༥ སྔོན་ལ།
རྟག་བརྟན་ལའི་བགྲོད་ལམ། བོད་ཀྱི་དུས་བབ་ཀྱི་པར། ༢༠༢༦།༣།༡༢
Uncategorized

ཆར་དུས་བསླེབ་རྒྱུར་ཟླ་གསུམ་ལྷག་ལས་མེད་པས་གཙུག་ལག་ཁང་གི་གཤམ་འོག་གཞུང་ལམ་ཞིག་གསོ་མ་ཐུབ་ན་འགྲོ་ལམ་རྦད་དེ་ཆད་ཉེན་འདུག

ཆུ་ཚོད་ ༡༦ སྔོན་ལ།
བོད་ཀྱི་ཟློས་གར་ཚོགས་པའི་ཚོགས་ཁང་དུ་རྒྱ་གར་རྒྱལ་ཡོངས་བོད་དོན་རྒྱབ་སྐྱོར་ཚོགས་པའི་ཚོགས་ཆེན་ཐེངས་བརྒྱད་པ་དབུ་འཛུགས་གནང་བཞིན་པ། ༢༠༢༦།༣།༡༢ དུས་བབ་གསར་ཁང་གི་པར།
Mobile App

སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་གིས་གལ་སྲིད་འཛམ་གླིང་ནང་ཞི་བདེ་དགོས་ན་རྒྱ་ནག་ནང་ཞི་བདེ་ཡོང་དགོས་ཞེས་གསུངས།

ཆུ་ཚོད་ ༡༦ སྔོན་ལ།
གསུམ་བཅུའི་དུས་དྲན་ཉིན་ཨོ་གླིང་གྲོས་ཚོགས་འོག་མའི་ནང་གྲོས་ཚོགས་འཐུས་མི་ཌི་ཝི་ཌི་སི་མི་ཐི་ལགས་ཀྱིས་བོད་དོན་ཐོག་གཏམ་བཤད་གནང་། པར་ཐད་གཏོང་ནས་བླངས།
Mobile App

ཨོ་གླིང་གྲོས་ཚོགས་ནང་བོད་དོན་ཐོག་གྲོས་འཆར་བཏོན།

ཆུ་ཚོད་ ༡༦ སྔོན་ལ།
རྒྱ་ནག་གིས་དྲག་གནོན་དང་། དེའི་རིགས་ལ་སྒྱུ་རྩལ་དང་གསར་འགོད་ལས་རིགས་བརྒྱུད་གདོང་ལེན་ཇི་འདྲ་བྱེད་ཀྱི་ཡོད་པའི་སྐོར་ལ་མཁས་པའི་གཏམ་བཤད་ལས་རིམ་འཚོག་བཞིན་པ། ༢༠༢༦།༣།༡༡ དུས་བབ་གསར་ཁང་གི་པར།
Mobile App

རྒྱ་ནག་གི་དྲག་གནོན་སྐོར་ལ་མཁས་པའི་གཏམ་བཤད་ཀྱི་ལས་རིམ་འཚོགས།

༢༠༢༦/༠༣/༡༡
The third plenary meeting of the fourth session of the 14th National Committee of the Chinese People's Political Consultative Conference (CPPCC) is held at the Great Hall of the People in Beijing, capital of China, March 8, 2026. (Xinhua/Cao Yiming)
Mobile App

ཕྱི་ཟླ་ ༩ པའི་བདུན་ཕྲག་བཞི་པ་དེ་མི་རིགས་མཐུན་སྒྲིལ་ཡར་སྐུལ་གྱི་བདུན་ཕྲག་ཏུ་གཏན་འབེབ་བྱ་འཆར་འདུག

༢༠༢༦/༠༣/༡༡

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese