མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

༧ཏཱའི་སི་ཏུ་རིན་པོ་ཆེ་མཆོག་གིས་མོན་རྟ་དབང་མི་མང་ལ་ཚེ་དབང་གི་བཀའ་ཆོས་བསྩལ།

བོད་ཀྱི་དུས་བབ།
༢༠༢༤/༠༩/༢༣
Share on FacebookShare on TwitterShare on EmailShare on Whatsapp

༧ཏཱའི་སི་ཏུ་རིན་པོ་ཆེ་མཆོག་གིས་བདུན་ཕྲག་གཉིས་རིང་ཨ་རུ་ན་ཅལ་མངའ་སྡེའི་མོན་རྟ་དབང་ཁུལ་དུ་ཆོས་ཕྱོགས་ཀྱི་མཛད་འཕྲིན་སྐྱོང་མུས་ཡིན་འདུག

༧ཏཱའི་སི་ཏུ་རིན་པོ་ཆེ་མཆོག་གི་མོན་རྟ་དབང་ཁུལ་གྱི་མཛད་འཕྲིན་ཐེངས་དང་པོ།

ཟླ་འདིའི་ཕྱི་ཚེས་ ༢༠ ནས་ཕྱི་ཟླ་ ༡༠ ཚེས་ ༣ བར་བདུན་ཕྲག་གཉིས་རིང་༧བྱམས་མགོན་ཀྭན་ཏིང་ཏཱི་ཏཱའི་སི་ཏུ་རིན་པོ་ཆེ་མཆོག་རྒྱ་གར་ཨ་རུ་ན་ཅལ་མངའ་སྡེར་ཆིབས་བསྒྱུར་ཐོག་མར་བསྐྱངས་ཏེ་ཆོས་ཕྱོགས་ཀྱི་མཛད་འཕྲིན་སྐྱོང་བཞིན་ཡོད་པ་ལྟར། དེ་རིང་ཕྱི་ཚེས་ ༢༣ ཉིན་མོན་རྟ་དབང་ཡིད་དགའ་ཆོས་འཛིན་དགོན་པ་རུ། ༧ཏཱའི་སི་ཏུ་རིན་པོ་ཆེ་མཆོག་ནས་མོན་རྟ་དབང་ཁུལ་གྱི་དད་ལྡན་མི་མང་ལ་ཚེ་དབང་དང་བཀའ་ཆོས་བསྩལ་འདུག

སི་ཏུ་རིན་པོ་ཆེ་མཆོག་ནས། མོན་རྟ་དབང་ནི་༧གོང་ས་རྒྱལ་བ་རིན་པོ་ཆེ་སྐུ་ཕྲེང་བཅུ་བཞི་བ་མཆོག་བོད་ནས་རྒྱ་གར་ནང་ཕེབས་སའི་ས་ཚིགས་ཤིག་དང་། རྒྱལ་དབང་སྐུ་ཕྲེང་དྲུག་པ་ཚངས་དབྱངས་རྒྱ་མཚོ་མཆོག་འཁྲུངས་སའི་ཡུལ། དེ་བཞིན་གཏེར་སྟོན་པདྨ་གླིང་པ་དང་། རྒྱལ་བོ་ཀཱ་ལཱ་དབང་བོ། མཁའ་འགྲོ་འགྲོ་བ་བཟང་མོ་སོགས་བྱོན་སའི་ཡུལ་ཆགས་ཡོད་པས། ཐོག་མཐའ་བར་གསུམ་དུ་དགེ་བའི་ཡུལ་རྩ་ཆེན་པོ་རེད། ཁྱེད་ཚོས་ང་ལ་ཆོས་བཤད་དགོས་ལབ་ཀྱི་ཡོད། ཡིན་ནའང་། ༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ནས་ཁྱེད་ཚོར་བཀའ་ཆོས་མང་པོ་གསུངས་ཚར་ཡོད། ༧མགོན་པོ་མཆོག་ལས་ང་ལ་གང་ཡང་བཤད་རྒྱུ་མེད། ངས་ཁྱེད་ཚོར་དྲན་གསོ་ཚུལ་དུ་བཤད་རྒྱུ་ཡིན། ཞེས་གསུངས་སོང་།

ཡང་རིན་པོ་ཆེ་མཆོག་ནས། ང་ཚོའི་མི་ཚེ་ནང་གི་དཀའ་ངལ་ཚང་མ་ཆུང་ཆུང་རེད། དཀའ་ངལ་ཆུང་ཆུང་སེལ་མ་ཐུབ་པར་ཆེན་པོ་ཆགས་པ་རེད། མི་གསོན་པོ་བསྡད་ཚེ་དཀའ་ངལ་ཆུང་བ་སླ་བོའི་ཐོག་ནས་སེལ་ཐུབ་པ་ཞིག་རེད། དཔེར་ན་མིག་གིས་ས་ཆ་རྒྱ་ཆེན་པོ་མཐོང་ཐུབ་ཡོད་ཀྱང་། མཛུབ་མོས་བཀབས་ཚེ་ཅི་ཡང་མཐོང་གི་མེད། མཛུབ་མོས་མ་བཀབས་ཚེ་མིག་གིས་ཆ་ཚང་མཐོང་ཐུབ་ཀྱི་ཡོད། ཅེས་དང་། འཕགས་པ་སྤྱན་རས་གཟིགས་ནི་དུས་གསུམ་གྱི་སངས་རྒྱས་ཐམས་ཅད་ཀྱི་ཡབ་རེད། སངས་རྒྱས་བའི་རྩ་བ་དེ་སྟོང་པ་དང་སྙིང་རྗེ་ཟུང་དུ་འཇུག་པའི་བྱང་ཆུབ་ཀྱི་སེམས་རེད། ༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་སྤྱན་རས་གཟིགས་ཀྱི་སྤྲུལ་བ་རེད། ༧གོང་ས་མཆོག་ནས་རྟག་ཏུ་སེམས་པ་བཟང་པོ་བྱོས་གསུང་གིན་ཡོད། དོན་དུ་བྱང་ཆུབ་སེམས་བསྐྱེད་སྲུང་དགོས་པ་དྲན་གསོ་བྱེད་ཀྱི་ཡོད། ཅེས་གསུངས་སོང་།

ཁ་སང་ཕྱི་ཚེས་ ༢༢ ཉིན་མོན་རྟ་དབང་ཀཱ་ལཱ་དབང་པོ་ཚོགས་ཁང་དུ། རྟ་དབང་རྫོང་སྲིད་གཞུང་དང་། མོན་པ་མི་མང་ཚོགས་པ། མོན་པ་སློབ་ཕྲུག་མཐུན་ཚོགས་བཅས་ཀྱི་གོ་སྒྲིག་འོག ༧ཏཱའི་སི་ཏུ་རིན་པོ་ཆེ་མཆོག་ནས་བཟང་སྤྱོད་ཀྱིས་དཀའ་ངལ་གདོང་ལེན་བྱེད་ཕྱོགས་སྐོར་ནས་བླང་དོར་བཀའ་སློབ་བསྩལ་ཡོད་ཅིང་། སྐབས་དེར་ཨ་རུ་ན་ཅལ་མངའ་སྡེའི་སྤྱི་ཁྱབ་བློན་ཆེན་པདྨ་མཁའ་འགྲོ་མཆོག་དང་། མངའ་སྡེའི་གནད་ཡོད་མི་སྣ། གཞུང་ཞབས་པ། གཞོན་སྐྱེས་སློབ་ཕྲུག དད་ལྡན་སེར་སྐྱ་མི་མང་བཅས་འཛོམས་ཡོད་འདུག

༧ཏཱའི་སི་ཏུ་རིན་པོ་ཆེ་མཆོག་ནས། ང་རང་ཨ་རུ་ན་ཅལ་མངའ་སྡེའི་ནང་ཡོང་བ་ཐེངས་དང་པོ་ཡིན། བོད་དུ་སྐྱེས་ཏེ་ལོ་ལྔའི་ཐོག་འབྲུག་ཡུལ་དུ་ཡོང་བ་ཡིན། འབྲུག་རྒྱལ་བོའི་ཁྱིམ་རྒྱུད་དང་མི་མང་བཅས་སུ་ཐུག་པའི་གོ་སྐབས་བྱུང་ལ། སྐབས་དེར་བརྙན་ཞིག་ལས་༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་མོན་རྟ་དབང་དུ་ཆིབས་བསྒྱུར་བསྐྱངས་བ་གོ་ཞིང་། མོན་རྟ་དབང་གི་དད་ལྡན་མི་མང་དང་གནས་ཆེན་སོགས་ཀྱི་སྐོར་ནས་གོ་མྱོང་། དེའི་རྗེས་ང་རང་རྒྱ་གར་ནང་འཚར་ལོངས་བྱུང་བ་རེད། ད་ལྟ་ང་རང་ལོ་ ༧༡ ཡིན། དེ་ནི་ལོ་ངོ་མང་པོའི་སྔོན་ལ་རེད། ཅེས་གསུངས་སོང་། དེ་བཞིན་ཁོང་གིས། ཆོས་ལུགས་ལ་མ་བརྟེན་པའི་བཟང་སྤྱོད་དང་། སློབ་གཉེར་བའི་མི་ཚེ་ཁྲོད་ཆོས་ལུགས་ཀྱི་གལ་གནད། བཟང་སྤྱོད་ཀྱིས་དཀའ་ངལ་ལ་གདོང་ལེན་བྱེད་ཕྱོགས་ཐོག་བཀའ་སློབ་བསྩལ་སོང་།

མཛད་རིམ་ལྟར་ན། ཟླ་འདིའི་ཕྱི་ཚེས་ ༢༤ ཉིན་ཏཱའི་སི་ཏུ་རིན་པོ་ཆེ་མཆོག་རྟ་དབང་ནས་བྱང་མོན་དཔལ་སྤུངས་དགོན་པར་ཕེབས་རྒྱུ་དང་། ཕྱི་ཚེས་ ༢༥ ཉིན་མོན་སྐྱིད་ལྷ་དགོན་ཀརྨ་པ་གསུམ་པ་རང་བྱུང་རྡོ་རྗེའི་ལྷ་ཁང་དུ་གནས་གཟིགས། ཕྱི་ཚེས་ ༢༦ ཉིན་མོན་དཔལ་སྤུངས་བྱང་ཆུབ་ཆོས་འཁོར་གླིང་དགོན་པ་གསར་བཞེངས་ཕྱི་ནང་རྟེན་བཅས་ལ་བཀྲ་ཤིས་པའི་རབ་གནས་དང་ཐུགས་སྨོན་གནང་རྒྱུ། ཕྱི་ཚེས་ ༢༧ ཉིན་མོན་དཔལ་སྤུངས་དགོན་པ་དང་དད་ལྡན་མི་མང་ནས་བརྟན་བཞུགས་འབུལ་རྒྱུ། ཕྱི་ཚེས་ ༢༨ ཉིན་མོན་དཔལ་སྤུངས་དགོན་པ་ནས་འབུམ་སྡེ་ལར་ཕེབས་རྒྱུ། ཕྱི་ཚེས་ ༢༩ ཉིན་འབུམ་སྡེ་ལ་དད་ལྡན་མི་མང་ཡོངས་ལ་ཚེ་དབང་དང་གསུང་ཆོས་བཀའ་དྲིན་བསྐྱང་རྒྱུ། ཕྱི་ཚེས་ ༣༠ ཉིན་འབུམ་སྡེ་ལར་དགོན་རྩེ་དགའ་ལྡན་རབ་རྒྱས་གླིང་དུ་གནས་གཟིགས། དེ་བཞིན་ཕྱི་ཟླ་ ༡༠ ཚེས་ ༡ ཉིན་བསྟན་འཛིན་སྒང་དད་ལྡན་མི་མང་ལ་ཚེ་དབང་གནང་རྒྱུ། ཕྱི་ཚེས་ ༢ བསྟན་འཛིན་སྒང་དཔལ་ལྡན་རྒྱུད་སྟོད་གྲྭ་ཚང་ནས་གྷོ་ཧ་ཊིར་ཕེབས་གནང་རྒྱུ། ཕྱི་ཚེས་ ༣ ཉིན་གྷོ་ཝ་ཧ་ཊི་ནས་མཁའ་ལམ་བརྒྱུད་རྒྱལ་ས་ལྡི་ལིར་ཕེབས་རྒྱུ་ཡིན་འདུག

གསར་འགོད་པ། བྱམས་པ་ཚེ་རིང་།

འབྲེལ་ཡོད་གསར་འགྱུར།

Mobile App

བུད་མེད་སྒེར་ལངས་ཐེངས་ ༦༧ པ་སྲུང་གཙི་ཞུས་སོང་།

ཆུ་ཚོད་ ༡༣ སྔོན་ལ།
རྟག་བརྟན་ལའི་བགྲོད་ལམ། བོད་ཀྱི་དུས་བབ་ཀྱི་པར། ༢༠༢༦།༣།༡༢
Uncategorized

ཆར་དུས་བསླེབ་རྒྱུར་ཟླ་གསུམ་ལྷག་ལས་མེད་པས་གཙུག་ལག་ཁང་གི་གཤམ་འོག་གཞུང་ལམ་ཞིག་གསོ་མ་ཐུབ་ན་འགྲོ་ལམ་རྦད་དེ་ཆད་ཉེན་འདུག

ཆུ་ཚོད་ ༡༤ སྔོན་ལ།
བོད་ཀྱི་ཟློས་གར་ཚོགས་པའི་ཚོགས་ཁང་དུ་རྒྱ་གར་རྒྱལ་ཡོངས་བོད་དོན་རྒྱབ་སྐྱོར་ཚོགས་པའི་ཚོགས་ཆེན་ཐེངས་བརྒྱད་པ་དབུ་འཛུགས་གནང་བཞིན་པ། ༢༠༢༦།༣།༡༢ དུས་བབ་གསར་ཁང་གི་པར།
Mobile App

སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་གིས་གལ་སྲིད་འཛམ་གླིང་ནང་ཞི་བདེ་དགོས་ན་རྒྱ་ནག་ནང་ཞི་བདེ་ཡོང་དགོས་ཞེས་གསུངས།

ཆུ་ཚོད་ ༡༤ སྔོན་ལ།
གསུམ་བཅུའི་དུས་དྲན་ཉིན་ཨོ་གླིང་གྲོས་ཚོགས་འོག་མའི་ནང་གྲོས་ཚོགས་འཐུས་མི་ཌི་ཝི་ཌི་སི་མི་ཐི་ལགས་ཀྱིས་བོད་དོན་ཐོག་གཏམ་བཤད་གནང་། པར་ཐད་གཏོང་ནས་བླངས།
Mobile App

ཨོ་གླིང་གྲོས་ཚོགས་ནང་བོད་དོན་ཐོག་གྲོས་འཆར་བཏོན།

ཆུ་ཚོད་ ༡༤ སྔོན་ལ།
རྒྱ་ནག་གིས་དྲག་གནོན་དང་། དེའི་རིགས་ལ་སྒྱུ་རྩལ་དང་གསར་འགོད་ལས་རིགས་བརྒྱུད་གདོང་ལེན་ཇི་འདྲ་བྱེད་ཀྱི་ཡོད་པའི་སྐོར་ལ་མཁས་པའི་གཏམ་བཤད་ལས་རིམ་འཚོག་བཞིན་པ། ༢༠༢༦།༣།༡༡ དུས་བབ་གསར་ཁང་གི་པར།
Mobile App

རྒྱ་ནག་གི་དྲག་གནོན་སྐོར་ལ་མཁས་པའི་གཏམ་བཤད་ཀྱི་ལས་རིམ་འཚོགས།

༢༠༢༦/༠༣/༡༡
The third plenary meeting of the fourth session of the 14th National Committee of the Chinese People's Political Consultative Conference (CPPCC) is held at the Great Hall of the People in Beijing, capital of China, March 8, 2026. (Xinhua/Cao Yiming)
Mobile App

ཕྱི་ཟླ་ ༩ པའི་བདུན་ཕྲག་བཞི་པ་དེ་མི་རིགས་མཐུན་སྒྲིལ་ཡར་སྐུལ་གྱི་བདུན་ཕྲག་ཏུ་གཏན་འབེབ་བྱ་འཆར་འདུག

༢༠༢༦/༠༣/༡༡

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese