མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

བོད་མི་སེང་གེ་དང་འབྲེལ་ནས་གཞུང་འབྲེལ་གསར་འགོད་གསལ་བསྒྲགས་སྤེལ་སོང་།

བོད་ཀྱི་དུས་བབ།
༢༠༢༤/༠༩/༢༤
Share on FacebookShare on TwitterShare on EmailShare on Whatsapp

བོད་མིའི་སྒྲིག་འཛུགས་ནས་༧གོང་ས་མཆོག་ལ་མཚན་སྨད་ཞུ་མཁན་གྱི་ངན་སྤྱོད་རིགས་ལ་དགོས་ངེས་གདོང་ལེན་བྱ་རྒྱུ་ཡིན་པའི་གསལ་བསྒྲགས་གནང་སོང་།

བོད་མིའི་སྒྲིག་འཛུགས་ནས་༧གོང་ས་མཆོག་ལ་མཚན་སྨད་ཞུས་པའི་ངན་སྤྱོད་རིགས་སྤེལ་མཁན་ལ་གདོང་ལེན་བྱ་རྒྱུ་ཡིན་པའི་གསལ་བསྒྲགས་གནང་སོང་།

དེ་རིང་ཕྱི་དྲོའི་ཆུ་ཚོད་ ༣ པའི་སྟེང་ཕྱི་དྲིལ་ལྷག་པ་ཚེ་རིང་གི་དྲན་རྟེན་ཚོགས་ཁང་དུ། དཀའ་ཉེན་གདོང་ལེན་ཚོགས་ཆུང་གི་གོ་སྒྲིག་འོག ཕྱི་དྲིལ་དྲུང་ཆེ་ཀརྨ་ཆོས་དབྱིངས་ལགས་དང་། ནང་སྲིད་དྲུང་ཆེ་དཔལ་ལྡན་དོན་གྲུབ་ལགས། ཕྱི་དྲིལ་དྲུང་འཕར་རྣམ་རྒྱལ་ཚེ་དབང་ལགས་བཅས་ནས་ཉེ་ལམ་བོད་མི་ཞིག་གིས་༧གོང་ས་མཆོག་ལ་མཚན་སྨད་ཞུས་པར་ངོ་རྒོལ་ཡོད་པའི་གསར་འགོད་གསལ་བསྒྲགས་ཤིག་སྤེལ་སོང་།

ཕྱི་དྲིལ་དྲུང་ཆེ་ཀརྨ་ཆོས་དབྱིངས་ལགས་ཀྱིས་སྙན་སྒྲོན་ཞུས་པའི་བོད་མིའི་སྒྲིག་འཛུགས་ཀྱི་ཡོངས་ཁྱབ་གཞེན་སྐུལ་ནང་། ཉེ་ལམ་སྤྱི་ཚོགས་དྲ་ལམ་ཁག་གི་ནང༌། ཨོ་སི་ཊོ་ལི་ཡའི་ནང་གནས་སྡོད་བྱེད་མཁན་བོད་མི་སེང་གེ་ཟེར་བ་ཞིག་གིས་བོད་མིའི་སྤྱི་ཚོགས་འཁྲུག་གཞིའི་གཏམ་འཆལ་འདྲ་མིན་སྤེལ་བཞིན་པ་མ་ཟད། ལྷག་པར་དུ་གཞིས་བྱེས་བོད་མི་ཡོངས་ཀྱི་འདི་ཕྱིའི་མགོན་སྐྱབས་དང་མཚོན་རྟགས་སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གི་སྐུ་ཕྱྭ་དང་འབྲེལ་བའི་སྐད་ཆ་ཚབས་ཆེན་བཤད་འདུག་པ་དེས། ༧མགོན་པོ་མཆོག་ལ་རེ་བའི་མིག་འབུར་གཏོད་མཁན་གཞིས་བྱེས་བོད་མི་དང༌། དད་དམ་གཡོ་བ་མེད་པའི་རྗེས་འཇུག་པ་ཚོར་སེམས་འཚབ་ཆེན་པོ་བཟོས་ཡོད། སེང་གེ་ཟེར་བ་འདིའི་དྲ་མིང་ལ་གངས་སེང་དང༌། ཆོས་མིང་ལ་བློ་བཟང་རྒྱ་མཚོ་འབོད་ཀྱི་ཡོད་འདུག་པ་དང༌། ཕྱི་ལོ་ ༢༠༠༠ ལོར་རྒྱ་གར་དུ་འབྱོར་རྗེས། ཕྱི་ལོ་ ༢༠༠༧ ལོར་བོད་མིའི་སྒྲིག་འཛུགས་ཀྱི་ཨོ་གླིང་གཞིས་སྤོའི་ལས་གཞིའི་ཁོངས་ཨོ་སི་ཊོ་ལི་ཡར་འགྲོ་རྒྱུའི་གོ་སྐབས་ཐོབ་འདུག ཁོ་བོས་ལོ་ཤས་གོང་ནས་༧གོང་ས་མཆོག་དང༌། བོད་མིའི་སྒྲིག་འཛུགས་ལ་མཚན་སྨད་བྱེད་འགོ་ཚུགས་ཡོད་པ་དང༌། སྤུན་མཆེད་དང་ཉེ་འདྲིས་ཚོས་ལམ་ནོར་ལྡོག་ཤེས་ཡོང་བའི་གོ་བསྐོན་སློབ་གསོ་ཇི་བྱས་ལ་ཉན་འཇོག་མི་བྱེད་མཁན་ཞིག་རེད་འདུག ཅེས་འཁོད་འདུག

ཡང་བསྒྲགས་གཏམ་ནང་། གཏམ་སྤྱོད་དེ་རིགས་ནི་ཆབ་སྲིད་ཀྱི་ལྟ་བ་ལངས་ཕྱོགས་གང་ཞིག་ལ་འབྲེལ་བ་བཏགས་མིན་ལ་མ་ལྟོས་པར། ལམ་གོལ་དུ་ཕྱིན་པའི་མཚང་རྟགས་དམར་རྗེན་དུ་ཐོན་པ་ཞིག་ཡིན་པ་མ་ཟད། ནག་ཉེས་ཀྱི་ཁྲིམས་འགལ་ལ་ངན་སྐུལ་དང་སྡིགས་སྐུལ་བྱེད་པ་ཞིག་ཀྱང་ཡིན་པས། བོད་མིའི་སྒྲིག་འཛུགས་ནས་ངན་སྤྱོད་དེ་རིགས་སྤེལ་མཁན་གང་ན་སུ་ཡོད་ལ་གདོང་ལེན་བྱ་རྒྱུའི་ལངས་ཕྱོགས་གཞིར་བཟུང་དགོས་ངེས་ཀྱི་གདོང་ལེན་བྱ་རྒྱུ་ཡིན་ལགས་ན། རྒྱ་ཆེའི་མང་ཚོགས་ཀྱི་ངོས་ནས་མི་དེ་ལྟ་བུའི་དཀྲོག་གཏམ་དཀྲུགས་ཤིང་གིས་སྤྱི་ཚོགས་ནང་ཟིང་ལོང་བཟོ་རྒྱུའི་དམིགས་དོན་མི་འགྲུབ་པ་བཟོ་ཆེད། གཞི་མེད་གཏམ་འཆལ་དེ་རིགས་ལ་ལྟ་ཉན་མི་བྱེད་པ་མ་ཟད། སྤྱི་ཚོགས་དྲ་རྒྱའི་ཚོགས་པའམ་སྒེར་ཐོག་གང་དུའང་སྤེལ་འཇོག་མི་བྱེད་པ་དང༌། བརྒྱུད་བསྐུར་མི་བྱེད་པ་དགོས་ཤིང༌། དོ་བདག་དང་མཉམ་དུ་སྤྱི་ཚོགས་དྲ་ཚོམས་གཅིག་ཏུ་མཉམ་གནས་བྱེད་མཁན་ཚོས་ཀྱང་བསམ་ཞིབ་ནན་ཏན་དགོས་པའི་གཞེན་བསྐུལ་ཞུ་རྒྱུ་ཡིན། ཞེས་འཁོད་འདུག

གསར་འགོད་པ། བསྟན་འཛིན་ཕུར་བུ།

འབྲེལ་ཡོད་གསར་འགྱུར།

Mobile App

བུད་མེད་སྒེར་ལངས་ཐེངས་ ༦༧ པ་སྲུང་གཙི་ཞུས་སོང་།

ཆུ་ཚོད་ ༡༣ སྔོན་ལ།
རྟག་བརྟན་ལའི་བགྲོད་ལམ། བོད་ཀྱི་དུས་བབ་ཀྱི་པར། ༢༠༢༦།༣།༡༢
Uncategorized

ཆར་དུས་བསླེབ་རྒྱུར་ཟླ་གསུམ་ལྷག་ལས་མེད་པས་གཙུག་ལག་ཁང་གི་གཤམ་འོག་གཞུང་ལམ་ཞིག་གསོ་མ་ཐུབ་ན་འགྲོ་ལམ་རྦད་དེ་ཆད་ཉེན་འདུག

ཆུ་ཚོད་ ༡༤ སྔོན་ལ།
བོད་ཀྱི་ཟློས་གར་ཚོགས་པའི་ཚོགས་ཁང་དུ་རྒྱ་གར་རྒྱལ་ཡོངས་བོད་དོན་རྒྱབ་སྐྱོར་ཚོགས་པའི་ཚོགས་ཆེན་ཐེངས་བརྒྱད་པ་དབུ་འཛུགས་གནང་བཞིན་པ། ༢༠༢༦།༣།༡༢ དུས་བབ་གསར་ཁང་གི་པར།
Mobile App

སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་གིས་གལ་སྲིད་འཛམ་གླིང་ནང་ཞི་བདེ་དགོས་ན་རྒྱ་ནག་ནང་ཞི་བདེ་ཡོང་དགོས་ཞེས་གསུངས།

ཆུ་ཚོད་ ༡༤ སྔོན་ལ།
གསུམ་བཅུའི་དུས་དྲན་ཉིན་ཨོ་གླིང་གྲོས་ཚོགས་འོག་མའི་ནང་གྲོས་ཚོགས་འཐུས་མི་ཌི་ཝི་ཌི་སི་མི་ཐི་ལགས་ཀྱིས་བོད་དོན་ཐོག་གཏམ་བཤད་གནང་། པར་ཐད་གཏོང་ནས་བླངས།
Mobile App

ཨོ་གླིང་གྲོས་ཚོགས་ནང་བོད་དོན་ཐོག་གྲོས་འཆར་བཏོན།

ཆུ་ཚོད་ ༡༤ སྔོན་ལ།
རྒྱ་ནག་གིས་དྲག་གནོན་དང་། དེའི་རིགས་ལ་སྒྱུ་རྩལ་དང་གསར་འགོད་ལས་རིགས་བརྒྱུད་གདོང་ལེན་ཇི་འདྲ་བྱེད་ཀྱི་ཡོད་པའི་སྐོར་ལ་མཁས་པའི་གཏམ་བཤད་ལས་རིམ་འཚོག་བཞིན་པ། ༢༠༢༦།༣།༡༡ དུས་བབ་གསར་ཁང་གི་པར།
Mobile App

རྒྱ་ནག་གི་དྲག་གནོན་སྐོར་ལ་མཁས་པའི་གཏམ་བཤད་ཀྱི་ལས་རིམ་འཚོགས།

༢༠༢༦/༠༣/༡༡
The third plenary meeting of the fourth session of the 14th National Committee of the Chinese People's Political Consultative Conference (CPPCC) is held at the Great Hall of the People in Beijing, capital of China, March 8, 2026. (Xinhua/Cao Yiming)
Mobile App

ཕྱི་ཟླ་ ༩ པའི་བདུན་ཕྲག་བཞི་པ་དེ་མི་རིགས་མཐུན་སྒྲིལ་ཡར་སྐུལ་གྱི་བདུན་ཕྲག་ཏུ་གཏན་འབེབ་བྱ་འཆར་འདུག

༢༠༢༦/༠༣/༡༡

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese