མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

བོད་རྒྱའི་དཀའ་རྙོག་སེལ་བར་རྒྱ་ནག་དང་མཉམ་དུ་སྐད་ཆ་མ་བཤད་པར་འགྲོ་ས་མེད།

བོད་ཀྱི་དུས་བབ།
༢༠༢༤/༠༩/༢༦
Share on FacebookShare on TwitterShare on EmailShare on Whatsapp

བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་མཆོག་གིས་རྒྱ་གར་བྱང་ཤར་གྱི་བོད་མིའི་གཞིས་ཁུལ་དུ་འཚམས་གཟིགས་ཐེངས་གཉིས་པ་གནང་བཞིན་འདུག

བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་མཆོག་གིས་རྒྱ་གར་བྱང་ཤར་གྱི་བོད་མིའི་གཞིས་ཁུལ་དུ་འཚམས་གཟིགས་ཐེངས་གཉིས་པ་གནང་བཞིན་འདུག བོད་མིའི་རང་དབང་གི་པར།

ཟླ་འདིའི་ཕྱི་ཚེས་ ༢༤ ནས་ཕྱི་ཟླ་ ༡༠ ཚེས་ ༥ བར་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་རྒྱ་གར་ཨུཏྟརཱ་ཁནྜ་ཁུལ་བོད་མིའི་ས་ཁུལ་ཁག་དང་། ཧི་མ་ཅལ་མངའ་སྡེའི་སིར་མོར་རྫོང་ཁོངས་བོད་མིའི་གཞིས་ཆགས་ཁག་ལ་གཞུང་འབྲེལ་འཚམས་གཟིགས་དང་།  ༸སྐྱབས་མགོན་ས་སྐྱ་༸གོང་ས་ཁྲི་ཆེན་རྡོ་རྗེ་འཆང་མཆོག་གི་༸སྐུའི་གྱ་སྟོན་བརྟན་བཞུགས་མཛད་སྒོར་ཕེབས་བཞུགས་གནང་རྒྱུ་ཡིན་པ་ལྟར། ཁ་སང་སྔ་དྲོ་སྲིད་སྐྱོང་མཆོག་ཧི་མ་ཅལ་མངའ་སྡེའི་སིར་མོར་རྫོང་ཁོངས་སྤུ་རུ་ཝ་ལ་ས་སྐྱ་གཞིས་ཆགས་ལ་འཚམས་གཟིགས་སུ་ཕེབས་སྐབས་ས་གནས་མགོ་འཛིན་བསྟན་འཛིན་རྣམ་རྒྱལ་ལགས་དང་། ས་གནས་འཐུས་ཚོགས་ཀྱི་ཚོགས་གཙོ་ན་རྫི་ཚེ་རིང་བསྟན་པ་ལགས། ས་གནས་ཀྱི་གཞུང་དང་གཞུང་ཁོངས་མ་ཡིན་པའི་ཚོགས་སྡེ་ཁག་གི་མི་སྣ། དེ་བཞིན་ས་གནས་མི་མང་བཅས་ནས་ཕེབས་བསུ་ཞུས་ཡོད་འདུག སྲིད་སྐྱོང་མཆོག་གིས་སྤུ་རུ་ཝ་ལར་རྟེན་གཞི་བྱས་པའི་མ་དགོན་བཤད་གྲྭ་དང་། དཔལ་ས་སྐྱའི་སྒྲོལ་མ་ཕོ་བྲང་།  སྤུ་རུ་ཝ་ལ་སཾ་བྷོ་ཊ་ཉིན་སློབ། ས་གནས་འཕྲོད་བསྟེན་སྨན་ཁང་། ས་གནས་མགོ་འཛིན་ལས་ཁུངས་བཅས་སུ་གཟིགས་སྐོར་གནང་འདུག

སྐབས་དེར་ས་གནས་མི་མང་ཚོགས་ཁང་དུ་སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་ནས། ༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ནས་དགུང་ལོ་ ༡༡༣ ལྷག་བཞུགས་པའི་ཐུགས་བསྐྱེད་བརྟན་པོའི་བཀའ་གནང་བཞིན་ཡོད་པ་ལྟར། ང་ཚོ་མང་ཚོགས་ཀྱི་ངོས་ནས་བླ་མའི་བཀའ་བཞིན་བསྒྲུབ་ཚེ། དངོས་གནས་རྒྱལ་བ་དགྱེས་བའི་མཆོད་སྤྲིན་ཆགས་འགྲོ་བ་རེད། བླ་མས་ཀྱང་སྐུ་ཚེ་བརྟན་ཚེ་འགྲོ་བ་རིགས་དྲུག་ལ་ཕན་ཐོགས་པར་དགོངས་ཀྱི་རེད། ༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་གི་བཀའ་དགོངས་བཞིན་ལས་དོན་མ་བསྒྲུབ་ཚེ། བླ་མ་ཡིན་ཡང་ཐུགས་ཕམ་ཡོང་སྲིད་པ་རེད། མང་ཚོགས་ཀྱི་ངོས་ནས་བསྟན་བདག་བླ་ཆེན་རྣམ་པའི་བཀའ་དགོངས་བཞིན་བསྒྲུབ་རྒྱུ་གལ་ཆེན་པོ་རེད། ཅེས་དང་། བོད་པ་བཙན་བྱོལ་དུ་འབྱོར་ནས་བོད་མི་ཡོངས་རྫོགས་བོད་མི་རིགས་ཀྱི་ངོ་བོ་གཅིག་ཏུ་སྐྲུན་མཁན་ནི་རྒྱལ་དབང་སྐུ་ཕྲེང་བཅུ་བཞི་བ་ཆགས་ཡོད། འཛམ་གླིང་གི་བཙན་བྱོལ་སྤྱི་ཚོགས་ནང་དམངས་གཙོ་ཀ་བ་གསུམ་གྱི་ཆ་རྐྱེན་ཚང་བ་བོད་པ་གཅིག་པོ་ལས་མེད་པས། དེ་ནི་༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་གི་བཀའ་དྲིན་ཉག་གཅིག་ཡིན་པ་མ་བརྗེད་རོགས། ཞེས་གསུངས་སོང་།

ཡང་སྲིད་སྐྱོང་མཆོག་ནས། བོད་རྒྱའི་དཀའ་རྙོག་དེ་དབུ་མའི་ལམ་དང་འཚེ་བ་མེད་པའི་ཐོག་ནས་སེལ་དགོས་ཚེ། རྒྱ་ནག་དང་མཉམ་དུ་སྐད་ཆ་མ་བཤད་པར་འགྲོ་ས་མེད་པ་ཞིག་རེད། བོད་མི་ཚང་མས་རྒྱ་ནག་དང་དམག་འཁྲུག་བརྒྱབ་ཀྱང་ཐོབ་རྒྱུ་གང་ཡང་མེད། རྒྱ་ནག་གཞུང་གིས་སོ་སོའི་མི་རིགས་གནམ་སྡེ་སྒོ་མོ་ཆེ་ནས་གསོད་སྐབས་ཐེ་ཚོམ་བྱུང་མེད། ད་ལྟའི་དུས་སུ་བོད་ནང་དུ་རྒྱ་གཞུང་གིས་མི་བསད་པ་ཉུང་དུ་ཕྱིན་ཡོད་ཀྱང་། རྒྱ་གཞུང་གི་སྲིད་ཇུས་ཀྱིས་བོད་མི་རིགས་ཀྱི་ངོ་བོ་རྩ་མེད་དུ་གཏོང་བཞིན་ཡོད། རྒྱ་གཞུང་དང་མཉམ་དུ་སྐད་ཆ་མ་བཤད་པར་ཐབས་ལམ་མེད་པ་ཤེས་དགོས། གནས་སྟངས་རྒྱུས་ལོན་བྱས་པའི་ཐོག་ནས་རེ་བ་འོས་འཚམ་ཞིག་རྒྱག་དགོས། རེ་བ་མཐོ་བའི་ཐོག་དཀའ་ངལ་བརྒྱབ་སྟེ་ལས་དོན་མ་འགྲུབ་ཚེ་བློ་ཞུམ་པའི་གནས་སྟངས་ཤིག་ལ་ཆགས་འགྲོ་བ་རེད། དེ་སྔོན་བྷི་བྷི་སི་གསར་ཁང་ལ་རྒྱ་གཞུང་དང་འབྲེལ་བ་བྱེད་བཞིན་ཡོད་ཀྱང་རེ་བ་གང་ཡང་མེད་པར་བཤད་ཡོད། ད་ལྟའི་རྒྱ་ནག་གི་སྲིད་འཛིན་ཞི་ཅིན་ཕིན་གྱིས་བོད་མི་རིགས་ཀྱི་སྐད་ཡིག་དང་། ཆོས་ལུགས། རིག་གཞུང་བཅས་རྩ་གཏོར་གཏོང་བའི་སྲིད་ཇུས་འཛིན་གྱི་འདུག རེ་བ་མེད་ཀྱང་རྒྱ་གཞུང་དང་འབྲེལ་བ་བྱེད་དོན་ནི་ཕུགས་རྒྱང་རིང་པོའི་ཐོག་བསམ་བློ་གཏོང་བཞིན་ཡོད། བོད་པ་བཙན་བྱོལ་དུ་འབྱོར་ནས་ལོ་ངོ་ ༦༥ ཕྱིན་ཡོད་པ་དང་། རྒྱ་གཞུང་གིས་བོད་ནང་བཙན་འཛུལ་བྱས་ཏེ་ལོ་ ༧༠ ལྷག་ཕྱིན་ཡོད་ཀྱང་། འཛམ་གླིང་སྟེང་དུ་བོད་ཀྱི་གནད་དོན་འཇའ་བཞིན་མ་ཡལ་བར་ལྷག་བསྡད་ཡོད། རྒྱ་གཞུང་དང་འབྲེལ་བ་བྱེད་བཞིན་ཡོད་ཀྱང་རེ་བ་གང་ཡང་མེད། དུས་ཚོད་ཀྱིས་རྒྱུ་རྐྱེན་ཡག་པོ་འཛོམས་ཚེ་ལམ་ཁ་དེའི་ཐོག་གོམ་པ་བརྒྱབ་ཆོག་པའི་བསམ་བློ་གཏོང་བཞིན་ཡོད། ཅེས་གསུངས་སོང་། དེ་བཞིན་སྲིད་སྐྱོང་མཆོག་གིས་མི་མང་ཁག་ཅིག་གི་དྲི་བར་ལན་འདེབས་གསལ་བཤད་གནང་འདུག

ཉིན་རྒྱབ་སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་གིས་སྤོན་ཊ་ཆོལ་གསུམ་གཞིས་ཆགས་སུ་རྟེན་གཞི་བྱས་པའི་དཔལ་ཞྭ་ལུ་དགོན་པ་དང་། སྤོན་ཊ་སཾ་བྷོ་ཊ་ཉིན་སློབ། ས་གནས་མགོ་འཛིན་ལས་ཁུངས། ས་འཐུས་ཚོགས་ཁང་། བཟོ་ཚོགས་ལས་ཁུངས་སོགས་སུ་གཟིགས་སྐོར་གནང་སྟེ། ས་གནས་ཚོགས་ཁང་དུ་ས་གནས་མི་མང་ལ་གསུང་བཤད་གནང་ཡོད། སྲིད་སྐྱོང་མཆོག་ནས། བོད་མིའི་སྒྲིག་འཛུགས་ཀྱི་དབུས་ཀྱི་ལས་ཁུངས་ཁག་གི་སྒྲོམ་གཞི་དང་ལས་དོན་བྱེད་ཕྱོགས་ལ་ལེགས་བཅོས་དང་། དུས་རབས་ཀྱི་འགྱུར་བ་དང་བསྟུན་ནས་ཡིག་ཆ་ཁག་གྲངས་འཛིན་འཕྲུལ་རིག་ཏུ་བཤེར་འབེབས་གནང་གི་ཡོད་པ་མ་ཟད། ཆོས་རིག་ལས་ཁུངས་ཀྱི་ལས་འཆར་འོག་བོད་བརྒྱུད་ནང་བསྟན་གྱི་གཞུང་ལུགས་དཔེ་ཆ་ཇི་ཡོད་བཤེར་འབེབས་ཀྱིས་གྲངས་འཛིན་དཔེ་མཛོད་ཀྱི་ངོ་བོར་སྐྲུན་བཞིན་ཡོད་པ་གསལ་བཤད་གནང་བའི་ཐོག ས་གནས་ཀྱི་ལས་ཁུངས་སོ་སོས་ཀྱང་ས་ཆ་དང་ཁྲིམས་མཐུན་དེབ་སྐྱེལ་ཡིག་ཆ་ཁག་གཅེས་ཉར་དགོས་གལ་དང་། ཡུལ་ཁྲིམས་བརྩི་སྲུང་དང་ཡུལ་མི་མཉམ་འཆམ་མཐུན་དགོས་རྒྱུ་གལ་ཆེན་པོ་ཡིན། ཞེས་གསུངས་འདུག

དེ་བཞིན་ཨོ་གླིང་གི་བོད་མི་ཞིག་གིས་༧གོང་ས་མཆོག་ལ་མཚན་སྨད་ཞུས་བའི་སྐོར་ལ་སྲིད་སྐྱོང་མཆོག་ནས། ༧གོང་ས་མཆོག་ལ་གཞི་མེད་མཚན་སྨད་བྱེད་མཁན་སུ་ཡིན་རུང་བོད་མིའི་སྒྲིག་འཛུགས་ནས་གདོང་ལེན་བྱ་རྒྱུ་ཡིན། ཨོ་གླིང་གི་བོད་མི་ཞིག་གིས་༧མགོན་པོ་མཆོག་ལ་མཚན་སྨད་ཚབས་ཆེ་ཞུས་པར་བོད་མིའི་སྒྲིག་འཛུགས་ནས་ཡུལ་ཁྲིམས་དང་བསྟུན་ནས་གདོང་ལེན་བྱ་རྒྱུ་ཡིན་པ་མ་ཟད། བོད་མིའི་སྒྲིག་འཛུགས་ཀྱི་དཀའ་ཉེན་གདོང་ལེན་ཚོགས་ཆུང་བསྐོ་འཛུགས་ཀྱིས་གནད་དོན་དེའི་སྐོར་དཔྱད་ཞིབ་བྱ་རྒྱུ་ཡིན་ལ། བོད་མི་རྣམས་ཀྱིས་གཏམ་འཆལ་རིགས་ལ་ཉན་འཇོག་དང་བརྒྱུད་བསྐུར་མི་བྱེད་པའི་ལམ་སྟོན་གནང་འདུག

གསར་འགོད་པ། བྱམས་པ་ཚེ་རིང་།

འབྲེལ་ཡོད་གསར་འགྱུར།

Mobile App

བུད་མེད་སྒེར་ལངས་ཐེངས་ ༦༧ པ་སྲུང་གཙི་ཞུས་སོང་།

ཆུ་ཚོད་ ༡༣ སྔོན་ལ།
རྟག་བརྟན་ལའི་བགྲོད་ལམ། བོད་ཀྱི་དུས་བབ་ཀྱི་པར། ༢༠༢༦།༣།༡༢
Uncategorized

ཆར་དུས་བསླེབ་རྒྱུར་ཟླ་གསུམ་ལྷག་ལས་མེད་པས་གཙུག་ལག་ཁང་གི་གཤམ་འོག་གཞུང་ལམ་ཞིག་གསོ་མ་ཐུབ་ན་འགྲོ་ལམ་རྦད་དེ་ཆད་ཉེན་འདུག

ཆུ་ཚོད་ ༡༤ སྔོན་ལ།
བོད་ཀྱི་ཟློས་གར་ཚོགས་པའི་ཚོགས་ཁང་དུ་རྒྱ་གར་རྒྱལ་ཡོངས་བོད་དོན་རྒྱབ་སྐྱོར་ཚོགས་པའི་ཚོགས་ཆེན་ཐེངས་བརྒྱད་པ་དབུ་འཛུགས་གནང་བཞིན་པ། ༢༠༢༦།༣།༡༢ དུས་བབ་གསར་ཁང་གི་པར།
Mobile App

སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་གིས་གལ་སྲིད་འཛམ་གླིང་ནང་ཞི་བདེ་དགོས་ན་རྒྱ་ནག་ནང་ཞི་བདེ་ཡོང་དགོས་ཞེས་གསུངས།

ཆུ་ཚོད་ ༡༤ སྔོན་ལ།
གསུམ་བཅུའི་དུས་དྲན་ཉིན་ཨོ་གླིང་གྲོས་ཚོགས་འོག་མའི་ནང་གྲོས་ཚོགས་འཐུས་མི་ཌི་ཝི་ཌི་སི་མི་ཐི་ལགས་ཀྱིས་བོད་དོན་ཐོག་གཏམ་བཤད་གནང་། པར་ཐད་གཏོང་ནས་བླངས།
Mobile App

ཨོ་གླིང་གྲོས་ཚོགས་ནང་བོད་དོན་ཐོག་གྲོས་འཆར་བཏོན།

ཆུ་ཚོད་ ༡༤ སྔོན་ལ།
རྒྱ་ནག་གིས་དྲག་གནོན་དང་། དེའི་རིགས་ལ་སྒྱུ་རྩལ་དང་གསར་འགོད་ལས་རིགས་བརྒྱུད་གདོང་ལེན་ཇི་འདྲ་བྱེད་ཀྱི་ཡོད་པའི་སྐོར་ལ་མཁས་པའི་གཏམ་བཤད་ལས་རིམ་འཚོག་བཞིན་པ། ༢༠༢༦།༣།༡༡ དུས་བབ་གསར་ཁང་གི་པར།
Mobile App

རྒྱ་ནག་གི་དྲག་གནོན་སྐོར་ལ་མཁས་པའི་གཏམ་བཤད་ཀྱི་ལས་རིམ་འཚོགས།

༢༠༢༦/༠༣/༡༡
The third plenary meeting of the fourth session of the 14th National Committee of the Chinese People's Political Consultative Conference (CPPCC) is held at the Great Hall of the People in Beijing, capital of China, March 8, 2026. (Xinhua/Cao Yiming)
Mobile App

ཕྱི་ཟླ་ ༩ པའི་བདུན་ཕྲག་བཞི་པ་དེ་མི་རིགས་མཐུན་སྒྲིལ་ཡར་སྐུལ་གྱི་བདུན་ཕྲག་ཏུ་གཏན་འབེབ་བྱ་འཆར་འདུག

༢༠༢༦/༠༣/༡༡

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese