མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

བོད་གཞུང་མང་གཉིས་ནས་རྒྱ་གར་གྱི་མར་མེའི་དུས་ཆེན་ལ་འཚམས་འདྲི་གནང་།

བོད་ཀྱི་དུས་བབ།
༢༠༢༤/༡༠/༣༡
Share on FacebookShare on TwitterShare on EmailShare on Whatsapp

རྒྱ་གར་ཧིན་རྡུའི་ཆོས་ལུགས་ཀྱི་མར་མེའི་དུས་ཆེན་ལ་བོད་མིའི་སྒྲིག་འཛུགས་དང་བོད་མི་མང་སྤྱི་འཐུས་ཚོགས་གཙོ། དེ་བཞིན་དྷ་ས་ས་གནས་མགོ་འཛིན་དང་བོད་མི་མང་པོས་འཚམས་འདྲི་གནང་འདུག

མར་མེ་དུས་ཆེན་ལ་འཚམས་འདྲི་ཞུ། བོད་ཀྱི་དུས་བབ་གསར་ཁང་གིས་སྒྲིག་སྦྱོར་བྱས། ༣༡།༡༠།༢༠༢༤

དེ་རིང་ཕྱི་ཚེས་ ༣༡ ནས་རྒྱ་གར་གྱི་མར་མེའི་དུས་ཆེན་ (Diwali) ཡིན་པ་དང་བསྟུན། བོད་མིའི་སྒྲིག་འཛུགས་ཀྱི་ངོས་ནས་མར་མེའི་དུས་ཆེན་ལ་འཚམས་འདྲི་དང་། ཁ་སང་ཕྱི་ཚེས ༣༠ ཉིན་བོད་མི་མང་སྤྱི་འཐུས་ཚོགས་གཙོ་མཁན་པོ་བསོད་ནམས་བསྟན་འཕེལ་མཆོག་གིས་སྒེར་གྱི་སྤྱི་ཚོགས་དྲ་རྒྱ་ཨེག་སི་ (X) སྟེང་། ཧིན་རྡུའི་ཆོས་ལུགས་ཀྱི་མར་མེའི་དུས་ཆེན་ (Diwali) གྱི་ཉིན་མོར་རྒྱ་གར་གྱི་སྤུན་མཆེད་ཡོངས་ལ་འཚམས་འདྲི་བཀྲ་ཤིས་བདེ་ལེགས་ཞུ་བ་དང་། དུས་ཆེན་འདི་ལ་ཁྱེད་ཚོའི་མི་ཚེ་ལ་འོད་སྣང་དང་། བདེ་སྐྱིད་བྱུང་བའི་སྨོན་འདུན་ཡོད། བཀྲ་ཤིས་པའི་ལོ་གསར་ལ་དགའ་བསུ་ཞུ། ཞེས་གསུངས་འདུག

དེ་བཞིན། དེ་རིང་དྷ་ས་ས་གནས་མགོ་འཛིན་དཀོན་མཆོག་མིག་དམར་ལགས་ཀྱིས་ངོ་དེབ་སྟེང་། ང་ཚོས་མར་མེ་སྤར་ནས་དགའ་སྟོན་སྲུང་གཙི་བྱེད་སྐབས། ཁྱིམ་མི་རྣམས་ཀྱི་འབྲེལ་ལམ་ཇེ་བརྟན་དུ་གྱུར་ནས་མི་ཚེ་དོན་དང་ལྡན་པ་བྱུང་། ངས་དྷ་རམ་ས་ལར་བཞུགས་པའི་བོད་མི་ཡོངས་ཀྱི་ཚབ་ཞུས་ཏེ། རྒྱ་གར་གྱི་སྤུན་ཟླ་ཕོ་མོ་ཡོངས་ལ་མར་མེའི་དུས་ཆེན་གྱི་ཉིན་མོར་འཚམས་འདྲི་ཞུ། ཞེས་བཀོད་འདུག་ལ། གཞན་ཡང་འཛམ་གླིང་ཡུལ་གྲུ་གང་སར་བཞུགས་པའི་བོད་མི་མང་པོས་སྒེར་གྱི་སྤྱི་ཚོགས་བརྒྱུད་ལམ་ཁག་ཏུ་རྒྱ་གར་འཕགས་ཡུལ་གྱི་སྤུན་ཟླ་ཡོངས་ལ་མར་མེ་དུས་ཆེན་ན་འཚམས་འདྲིའི་ཤིག་ཚིག་མང་པོ་སྤེལ་དང་སྤེལ་མུས་རེད་འདུག

ལོ་ལྟར་རྒྱ་གར་ནང་མར་མེའི་དུས་ཆེན་སྲུང་གཙི་ཞུ་སྲོལ་ཡོད་པ་ལྟར། ཟླ་འདིའི་ཕྱི་ཚེས་ ༣༡ ཉིན་ནས་རྒྱ་གར་རྒྱལ་ཡོངས་སུ་མར་མེའི་དུས་ཆེན་ཡིན་པ་དང་། སྐབས་དེར་རྒྱ་གར་གྱི་ས་ཕྱོགས་གང་སར་མཆོད་མེ་དང་གློག་ཁྲ་སྤར་བ། དེ་བཞིན་རྒྱུན་རིང་ནས་གོམས་སྲོལ་དུ་གྱུར་བའི་ཤོག་སྦག་ཕོན་ཆེན་བཀད་དེ་སྲུང་གཙི་ཞུ་ཡི་ཡོད་པ་མ་ཟད། དུས་ཆེན་དེས་མུན་པ་ལས་འོད་སྣང་དང་། ངན་པ་ལས་བཟང་པོ། མ་རིག་པ་ལས་རིག་པ་བཅས་རྣམ་པར་རྒྱལ་བ་མཚོན་གྱི་ཡོད།

མར་མེའི་དུས་ཆེན་ནི་རྒྱ་གར་གྱི་ཧིན་རྡུའི་ཆོས་ལུགས་དང་། གཅེར་བུ་བའི་ཆོས་ལུགས་དང་། སིག་ཆོས་ལུགས་ཀྱི་རྗེས་འབྲང་བ་སོགས་ཀྱིས་སྲུང་གཙི་ཞུ་ཡི་ཡོད་ཀྱང་། ཆོས་ལུགས་དེ་དག་ལ་མར་མེའི་དུས་ཆེན་གྱི་བྱུང་རིམ་མི་འདྲ་བ་ཡོད། དེ་ཡང་། རྒྱ་གར་ལྷོ་ཕྱོགས་ཁུལ་དུ་མར་མེའི་དུས་ཆེན་དེ་ཧིན་རྡུའི་ལྷ་ཀི་རི་ཤི་ནཱ་ (Lord Krishna) ཡིས་འདྲེ་ན་ར་ཀ་བསད་དེ་རྒྱལ་ཁ་ཐོབ་པའི་དུས་ཚིགས་ལ་ངོས་འཛིན་གྱིས་དུས་ཆེན་སྲུང་གཙི་ཞུ་ཡི་ཡོད་པ་དང་། འདྲེ་ན་ར་ཀས་བུད་མེད་ལ་སྡུག་སྦྱོང་མནར་གཅོད་བཙོན་འཇུག་གཏོང་གི་ཡོད་པས་ཡིན། རྒྱ་གར་བྱང་ཕྱོགས་ཁུལ་དུ་ཧིན་རྡུའི་ཆོས་ལུགས་པ་རྣམས་ཀྱིས། ཨ་ཡོ་དྷ་ཡའི་རྒྱལ་སྲས་ར་མ་དང་། ཁོང་གི་བཟའ་མོ་སི་ཏ། ཁོང་གི་གཅེན་པོ་ལ་སི་མན་ལོ་ངོ་ ༡༤ རིང་བཙན་བྱོལ་དུ་བསྡད་དེ་ཕྱིར་ཨ་ཡོ་ཌ་ཡར་ལོག་པའི་དུས་ལ་ངོས་འཛིན་གྱིས་མར་མེའི་དུས་ཆེན་སྲུང་གཙི་ཞུ་ཡི་ཡོད།

དེ་བཞིན་སིག་ཆོས་ལུགས་པ་རྣམས་ཀྱིས་གྷུ་ཧཱ་ལི་འོར་བཙོན་ཁང་ (Gwalior Prison) ནས་སིག་གི་ཆོས་དཔོན་དྲུག་པ་གྷུ་རུ་ཧར་གྷོ་བྷིན་ཌི་ (Guru Hargobind) དང་། ཧིན་རྡུའི་རྒྱལ་པོ་ ༥༢ ཀློད་གྲོལ་བཏང་བའི་དུས་དྲན་དུ་སྲུང་གཙི་ཞུ་ཡི་ཡོད་པ་མ་ཟད། མར་མེའི་དུས་ཆེན་དེ་རང་དབང་འཐབ་རྩོད་ཀྱི་ལོ་རྒྱུས་ཤིག་ལ་ངོས་འཛིན་གྱི་འདུག གཞན་ཡང་། གཅེར་བུ་བའི་ཆོས་ལུགས་ཉམས་ལེན་བྱེད་མཁན་གྱིས་མར་མེ་དུས་ཆེན་དེ་སྒོམ་སྒྲུབ་བྱེད་པའི་དུས་ཤིག་ཡིན་པ་མ་ཟད། སྐབས་དེར་ཁོང་ཚོས་སྨྱུང་གནས་དང་། ཁ་འདོན། གཅེར་བུ་བའི་གསུང་རབ་ཐོག་སློབ་སྦྱོང་བྱེད་ཀྱི་ཡོད་འདུག་ལ། མར་མེ་སྤར་བ་དང་མ་ཧ་ཝི་རའི་འཁོར་བ་ལས་ཐར་བར་འདོད་པའི་གསུང་རབ་དྲན་པར་བྱེད་ཀྱི་ཡོད་ཅིང་། མར་མེ་དུས་ཆེན་ནི་མ་ཧ་ཝི་རའི་རྣམ་ཤེས་ལ་རང་དབང་ཐོབ་པའི་དུས་དྲན་ལའང་སྲུང་གཙི་ཞུ་བཞིན་འདུག

གསར་འགོད་པ། བསྟན་འཛིན་ཕུར་བུ།

འབྲེལ་ཡོད་གསར་འགྱུར།

Mobile App

བུད་མེད་སྒེར་ལངས་ཐེངས་ ༦༧ པ་སྲུང་གཙི་ཞུས་སོང་།

ཆུ་ཚོད་ ༡༡ སྔོན་ལ།
རྟག་བརྟན་ལའི་བགྲོད་ལམ། བོད་ཀྱི་དུས་བབ་ཀྱི་པར། ༢༠༢༦།༣།༡༢
Uncategorized

ཆར་དུས་བསླེབ་རྒྱུར་ཟླ་གསུམ་ལྷག་ལས་མེད་པས་གཙུག་ལག་ཁང་གི་གཤམ་འོག་གཞུང་ལམ་ཞིག་གསོ་མ་ཐུབ་ན་འགྲོ་ལམ་རྦད་དེ་ཆད་ཉེན་འདུག

ཆུ་ཚོད་ ༡༢ སྔོན་ལ།
བོད་ཀྱི་ཟློས་གར་ཚོགས་པའི་ཚོགས་ཁང་དུ་རྒྱ་གར་རྒྱལ་ཡོངས་བོད་དོན་རྒྱབ་སྐྱོར་ཚོགས་པའི་ཚོགས་ཆེན་ཐེངས་བརྒྱད་པ་དབུ་འཛུགས་གནང་བཞིན་པ། ༢༠༢༦།༣།༡༢ དུས་བབ་གསར་ཁང་གི་པར།
Mobile App

སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་གིས་གལ་སྲིད་འཛམ་གླིང་ནང་ཞི་བདེ་དགོས་ན་རྒྱ་ནག་ནང་ཞི་བདེ་ཡོང་དགོས་ཞེས་གསུངས།

ཆུ་ཚོད་ ༡༢ སྔོན་ལ།
གསུམ་བཅུའི་དུས་དྲན་ཉིན་ཨོ་གླིང་གྲོས་ཚོགས་འོག་མའི་ནང་གྲོས་ཚོགས་འཐུས་མི་ཌི་ཝི་ཌི་སི་མི་ཐི་ལགས་ཀྱིས་བོད་དོན་ཐོག་གཏམ་བཤད་གནང་། པར་ཐད་གཏོང་ནས་བླངས།
Mobile App

ཨོ་གླིང་གྲོས་ཚོགས་ནང་བོད་དོན་ཐོག་གྲོས་འཆར་བཏོན།

ཆུ་ཚོད་ ༡༢ སྔོན་ལ།
རྒྱ་ནག་གིས་དྲག་གནོན་དང་། དེའི་རིགས་ལ་སྒྱུ་རྩལ་དང་གསར་འགོད་ལས་རིགས་བརྒྱུད་གདོང་ལེན་ཇི་འདྲ་བྱེད་ཀྱི་ཡོད་པའི་སྐོར་ལ་མཁས་པའི་གཏམ་བཤད་ལས་རིམ་འཚོག་བཞིན་པ། ༢༠༢༦།༣།༡༡ དུས་བབ་གསར་ཁང་གི་པར།
Mobile App

རྒྱ་ནག་གི་དྲག་གནོན་སྐོར་ལ་མཁས་པའི་གཏམ་བཤད་ཀྱི་ལས་རིམ་འཚོགས།

༢༠༢༦/༠༣/༡༡
The third plenary meeting of the fourth session of the 14th National Committee of the Chinese People's Political Consultative Conference (CPPCC) is held at the Great Hall of the People in Beijing, capital of China, March 8, 2026. (Xinhua/Cao Yiming)
Mobile App

ཕྱི་ཟླ་ ༩ པའི་བདུན་ཕྲག་བཞི་པ་དེ་མི་རིགས་མཐུན་སྒྲིལ་ཡར་སྐུལ་གྱི་བདུན་ཕྲག་ཏུ་གཏན་འབེབ་བྱ་འཆར་འདུག

༢༠༢༦/༠༣/༡༡

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese