མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

ཨ་རུ་ན་ཅལ་མངའ་སྡེའི་སྤྱི་ཁྱབ་བློན་ཆེན་པདྨ་མཁའ་འགྲོ་མཆོག་གིས་སྦག་སྦག་སྐོར་སྐྱོད་པར་ཐུག་འཕྲད་གནང་།

བོད་ཀྱི་དུས་བབ།
༢༠༢༤/༡༡/༢༨
Share on FacebookShare on TwitterShare on EmailShare on Whatsapp

བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་སྦག་སྦག་སྐོར་སྐྱོད་པ་རྣམས་ཀྱིས་ཉིན་གྲངས་བདུན་རིང་སྤྱི་ལེ་ ༣༥༠ ལྷག་ལ་སྐོར་སྐྱོད་བྱས་ཏེ་ཨི་ཊ་ན་གྷར་ནང་འབྱོར་སྐབས་མངའ་སྡེའི་སྤྱི་ཁྱབ་བློན་ཆེན་པདྨ་མཁའ་འགྲོ་མཆོག་ནས་ཐུག་འཕྲད་གནང་ཡོད་འདུག

ཨ་རུ་ན་ཅལ་མངའ་སྡེ་སྤྱི་ཁྱབ་བློན་ཆེན་མཆོག་ནས་ཨེ་ཊ་ན་གྷར་ནས་བོད་དོན་དྲིལ་བསྒྲགས་སྦག་སྦག་སྐོར་སྐྱོད་ཀྱི་ལས་འགུལ་དབུ་འབྱེད་གནང་།༢༠༢༤།༡༡།༢༧ གཞོན་ལྷན་གྱི་པར།

ཟླ་འདིའི་ཕྱི་ཚེས་ ༢༢ ཉིན་ནས་ཟླ་གཉིས་རིང་དབུས་བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་གོ་སྒྲིག་འོག འཕགས་བོད་གཉིས་ཀྱི་ས་མཚམས་མོན་རྟ་དབང་གི་འབུམ་ལ་ནས་མགོ་བཙུགས་ཏེ་རྒྱ་གར་གྱི་མངའ་སྡེ་ཉི་ཤུའི་ནང་ལམ་ཐག་སྤྱི་ལེ་ ༡༥༠༠༠ རིང་བོད་དོན་དྲིལ་བསྒྲགས་ཀྱི་སྦག་སྦག་སྐོར་སྐྱོད་གནང་བཞིན་ཡོད་པ་ལྟར། ཁ་སང་དགོང་མོར་ཨ་རུ་ན་ཅལ་མངའ་སྡེའི་མེའོ་ཆོས་འཕེལ་གླིང་ས་གནས་སུ་འབྱོར་སྟེ། དེ་རིང་ས་གནས་གཞོན་ནུའི་གོ་སྒྲིག་འོག་བོད་རིགས་མང་ཚོགས་ལ་ཐེངས་འདིའི་ལས་འགུལ་གྱི་རྒྱབ་ལྗོངས་དང་། དམིགས་ཡུལ། དེ་བཞིན་བོད་ནང་གི་ཛ་དྲག་གི་གནས་སྟངས་ཐོག་ངོ་སྤྲོད་གནང་། ད་ལྟ་ལས་འགུལ་བ་རྣམས་ཏི་ཛུ་ས་གནས་སུ་འབྱོར་འདུག

དབུས་གཞོན་ནུ་ལྷན་ཚོགས་ཀྱི་ཚོགས་གཙོ་མགོན་པོ་དོན་གྲུབ་ལགས་ཀྱིས་འདི་གའི་གསར་འགོད་པར།  ད་ལྟའི་བར་དུ་སྦག་སྦག་སྐོར་སྐྱོད་ཀྱི་ལས་འགུལ་ཧ་ཅང་ཡག་པོ་བྱུང་སོང་། ཐེངས་འདིའི་ལས་འགུལ་འཕགས་བོད་གཉིས་ཀྱི་ས་མཚམས་འབུམ་ལ་ནས་མགོ་བཙུགས་པ་རེད། དེ་ཡང་ང་ཚོས་རྒྱ་ནག་གི་དམག་མིའི་མདུན་དུ་ལངས་ཏེ་༧གོང་ས་མཆོག་སྐུ་ཚེ་ཁྲི་ལོར་བརྟན་པར་ཤོག བོད་ཀྱི་བདག་པོ་བོད་མི་ཡིན། བོད་རྒྱལ་ལོ། ཞེས་སྐད་འབོད་དང་། ཕ་ཡུལ་བོད་ཀྱི་ཕྱོགས་སུ་གང་བློ་མའི་ཞལ་འདོན་སྐྱོར་བ་སོགས་མགོ་འཛུགས་ཡག་པོ་བྱུང་སོང་། དེ་བཞིན་ལས་འགུལ་ནང་རྒྱ་གར་བྱང་ཤར་ཁུལ་གྱི་བློན་ཆེན་གཉིས་དང་། མངའ་སྡེའི་གྲོས་ཚོགས་འཐུས་མི་གཅིག འཕགས་བོད་མཛའ་འབྲེལ་ཚོགས་པའི་སྤྱི་ཁྱབ་དྲུང་ཆེ་བཅས་འཛོམས་ཏེ་བོད་དོན་འཐབ་རྩོད་ཐོག་མུ་མཐུད་རྒྱབ་སྐྱོར་དང་། བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱིས་དུས་དང་འཚམ་པའི་ལས་འགུལ་སྤེལ་བར་བསྔགས་བརྗོད་གནང་སོང་། ཞེས་འགྲེལ་བརྗོད་གནང་བྱུང་།

བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་བོད་དོན་དྲིལ་བསྒྲགས་ཀྱི་ལས་འགུལ་བ། ༢༠༢༤།༡༡།༢༧ གཞོན་ལྷན་གྱི་པར།

ཡང་ཁོང་གིས། ཁ་སང་སྦག་སྦག་སྐོར་སྐྱོད་ཀྱི་ཉིན་དྲུག་པའི་ཉིན་ཨ་རུ་ན་ཅལ་མངའ་སྡེའི་ཨེ་ཊ་ན་གྷར་ས་གནས་འབྱོར་སྐབས། སྦག་སྦག་སྐོར་སྐྱོད་པ་རྣམས་ཀྱིས་༧གོང་ས་མཆོག་ལ་དམ་ཚིག་གཡོ་བ་མེད་པ་དང་། བོད་དོན་ཐོག་རྒྱབ་སྐྱོར་བྱེད་མཁན་ཨ་རུ་ན་ཅལ་མངའ་སྡེའི་སྤྱི་ཁྱབ་བློན་ཆེན་པདྨ་མཁའ་འགྲོ་མཆོག་ལ་མཇལ་བཅར་ཞུས་ཏེ། བོད་དོན་འཐབ་རྩོད་དང་སྦག་སྦག་སྐོར་སྐྱོད་སྐོར་ལ་བཀའ་མོལ་ཞུ་རྒྱུ་བྱུང་ལ། བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་སྒྲིག་འཛུགས་ངོས་ནས་བོད་དོན་འཐབ་རྩོད་དང་བོད་མི་ཡོངས་ལ་ཁ་ཞེ་གཉིས་མེད་ཀྱིས་རྒྱབ་སྐྱོར་གནང་བར་ཐུགས་རྗེ་ཆེ་ཞུས་ཡོད་ཅིང་། མངའ་སྡེའི་སྤྱི་ཁྱབ་བློན་ཆེན་མཆོག་ནས་ཨེ་ཊ་ན་གྷར་ནས་སྦག་སྦག་སྐོར་སྐྱོད་ཀྱི་ལས་འགུལ་དབུ་འབྱེད་གནང་སོང་། དེ་བཞིན་རྟ་དབང་གི་གྲོས་ཚོགས་འཐུས་མིར་མཇལ་བཅར་ཞུས་ཏེ་ལས་འགུལ་དང་འབྲེལ་བའི་ལས་འཆར་སྙན་སེང་ཞུས་ཡོད། ཟླ་གཉིས་རིང་རྒྱ་གར་གྱི་མངའ་སྡེ་ཁག་ ༢༠ ནང་མངའ་སྡེའི་སྤྱི་ཁྱབ་བློན་ཆེན་དང་། མངའ་སྡེའི་གྲོས་ཚོགས་འཐུས་མི། དབུས་གྲོས་ཚོགས་འཐུས་མི་སོགས་སུ་མཇལ་བཅར་ཞུ་རྒྱུ་ཡིན་པ་མ་ཟད། ས་གནས་མང་ཚོགས་ལ་ཐུག་འཕྲད་བྱས་ཏེ་བོད་དོན་འཐབ་རྩོད་དང་། བོད་ནང་གི་ཛ་དྲག་གནས་སྟངས་ངོ་སྤྲོད། གཞན་གསར་འགྱུར་བརྒྱུད་ལམ་ཁག་ཏུ་བོད་དོན་དྲིལ་བསྒྲགས་བྱ་རྒྱུ་ཡིན། ཞེས་འགྲེལ་བརྗོད་གནང་བྱུང་།

ཐེངས་འདིའི་སྦག་སྦག་སྐོར་སྐྱོད་ལས་འགུལ་ཁྲོད་རྒྱ་གཞུང་གིས་ཁྲིམས་མེད་ལུགས་མེད་ཀྱི་ཐོག་ནས་བོད་ཀྱི་ཆོས་དང་རིག་གཞུང་རྩ་མེད་བཟོ་ཐབས་ཀྱི་སྲིད་ཇུས་ལག་བསྟར་བྱེད་བཞིན་ཡོད་པས།  བོད་ཕྲུག་རྣམས་རྒྱ་གཞུང་གི་གཏན་འཇགས་སློབ་གྲྭར་བཙན་གྱིས་གཏོང་བའི་གནད་དོན་སོགས་ཀྱི་ཐོག་རྒྱལ་སྤྱིའི་སྤྱི་ཚོགས་ནས་རྒྱ་གཞུང་ལ་གནོན་ཤུགས་སྤྲོད་དགོས་པའི་དགོས་འདུན་དང་། རྒྱ་གར་གཞུང་མང་གཉིས་ལ་ཐུགས་རྗེ་ཆེ་ཞུ་བ་དང་མཉམ་དུ་རྒྱ་གར་གྱི་བདེ་འཇགས་ལ་དམིགས་པའི་བོད་རང་བཙན་གྱི་བདེན་པའི་ལོ་རྒྱུས་ལ་རྒྱབ་སྐྱོར་བྱས་ཏེ་གྲོས་ཆོད་གཏན་འབེབས་གནང་བའི་འབོད་སྐུལ། དེ་བཞིན་རྒྱ་གཞུང་གིས་བོད་ནང་ཆུ་མཛོད་གསར་རྒྱག་དང་། འཛུགས་སྐྲུན་ལས་གཞི། གཏེར་ཁ་སྔོག་འདོན། ཁོར་ཡུག་གཏོར་སྐྱོན་གཏོང་བཞིན་པ་མཚམས་འཇོག་ཡོང་ཐབས་དགོས་པའི་དོན་ཚན་གསུམ་གྱི་ཐོག་ནས་འབོད་སྐུལ་ཞུ་བཞིན་ཡོད་འདུག

གསར་འགོད་པ། བྱམས་པ་ཚེ་རིང་། རྩོམ་སྒྲིག་བྱེད་མཁན། པདྨ་མཚོ།

འབྲེལ་ཡོད་གསར་འགྱུར།

Mobile App

བུད་མེད་སྒེར་ལངས་ཐེངས་ ༦༧ པ་སྲུང་གཙི་ཞུས་སོང་།

ཆུ་ཚོད་ ༦ སྔོན་ལ།
རྟག་བརྟན་ལའི་བགྲོད་ལམ། བོད་ཀྱི་དུས་བབ་ཀྱི་པར། ༢༠༢༦།༣།༡༢
Uncategorized

ཆར་དུས་བསླེབ་རྒྱུར་ཟླ་གསུམ་ལྷག་ལས་མེད་པས་གཙུག་ལག་ཁང་གི་གཤམ་འོག་གཞུང་ལམ་ཞིག་གསོ་མ་ཐུབ་ན་འགྲོ་ལམ་རྦད་དེ་ཆད་ཉེན་འདུག

ཆུ་ཚོད་ ༧ སྔོན་ལ།
བོད་ཀྱི་ཟློས་གར་ཚོགས་པའི་ཚོགས་ཁང་དུ་རྒྱ་གར་རྒྱལ་ཡོངས་བོད་དོན་རྒྱབ་སྐྱོར་ཚོགས་པའི་ཚོགས་ཆེན་ཐེངས་བརྒྱད་པ་དབུ་འཛུགས་གནང་བཞིན་པ། ༢༠༢༦།༣།༡༢ དུས་བབ་གསར་ཁང་གི་པར།
Mobile App

སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་གིས་གལ་སྲིད་འཛམ་གླིང་ནང་ཞི་བདེ་དགོས་ན་རྒྱ་ནག་ནང་ཞི་བདེ་ཡོང་དགོས་ཞེས་གསུངས།

ཆུ་ཚོད་ ༧ སྔོན་ལ།
གསུམ་བཅུའི་དུས་དྲན་ཉིན་ཨོ་གླིང་གྲོས་ཚོགས་འོག་མའི་ནང་གྲོས་ཚོགས་འཐུས་མི་ཌི་ཝི་ཌི་སི་མི་ཐི་ལགས་ཀྱིས་བོད་དོན་ཐོག་གཏམ་བཤད་གནང་། པར་ཐད་གཏོང་ནས་བླངས།
Mobile App

ཨོ་གླིང་གྲོས་ཚོགས་ནང་བོད་དོན་ཐོག་གྲོས་འཆར་བཏོན།

ཆུ་ཚོད་ ༧ སྔོན་ལ།
རྒྱ་ནག་གིས་དྲག་གནོན་དང་། དེའི་རིགས་ལ་སྒྱུ་རྩལ་དང་གསར་འགོད་ལས་རིགས་བརྒྱུད་གདོང་ལེན་ཇི་འདྲ་བྱེད་ཀྱི་ཡོད་པའི་སྐོར་ལ་མཁས་པའི་གཏམ་བཤད་ལས་རིམ་འཚོག་བཞིན་པ། ༢༠༢༦།༣།༡༡ དུས་བབ་གསར་ཁང་གི་པར།
Mobile App

རྒྱ་ནག་གི་དྲག་གནོན་སྐོར་ལ་མཁས་པའི་གཏམ་བཤད་ཀྱི་ལས་རིམ་འཚོགས།

༢༠༢༦/༠༣/༡༡
The third plenary meeting of the fourth session of the 14th National Committee of the Chinese People's Political Consultative Conference (CPPCC) is held at the Great Hall of the People in Beijing, capital of China, March 8, 2026. (Xinhua/Cao Yiming)
Mobile App

ཕྱི་ཟླ་ ༩ པའི་བདུན་ཕྲག་བཞི་པ་དེ་མི་རིགས་མཐུན་སྒྲིལ་ཡར་སྐུལ་གྱི་བདུན་ཕྲག་ཏུ་གཏན་འབེབ་བྱ་འཆར་འདུག

༢༠༢༦/༠༣/༡༡

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese