མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

མཱ་ལེ་ཤི་ཡར་ཆུ་ལོག་གིས་གནོད་འཚེ་ཐེབས་ཀྱི་འདུག

བོད་ཀྱི་དུས་བབ།
༢༠༢༤/༡༡/༢༩
Share on FacebookShare on TwitterShare on EmailShare on Whatsapp

ལྷོ་ཨེ་ཤ་ཡའི་རྒྱལ་ཁབ་མཱ་ལེ་ཤི་ཡའི་ཤར་ནུབ་ཁུལ་དུ་ཆུ་ལོག་གི་གནོད་འཚེ་ཐེབས་ཏེ་ད་བར་མི་གྲངས་ཁྲི་བརྒྱད་ལྷག་གི་འཚོ་གནས་ལ་གནོད་སྐྱོན་དང་ཉུང་མཐར་མི་གྲངས་གསུམ་རྐྱེན་འདས་སུ་གྱུར་ཡོད་འདུག

 Malaysia’s meteorological department issued a red alert warning on Nov 27, saying it expected continuous heavy rain in Kelantan, Pahang and Terengganu states. PHOTO: BERNAMA/THE STRAITS TIMES

ལོ་ལྟར་ཕྱི་ཟླ་ ༡༠ ནས་ ༣ པ་བར་ལྷོ་ཤར་ཨེ་ཤ་ཡའི་རྒྱལ་ཁབ་མཱ་ལེ་ཤི་ཡ་ (Malaysia) ནང་ཆར་ཞོད་དང་ཆུ་ལོག་གི་གནོད་སྐྱོན་ཡང་ཡང་འབྱུང་གི་ཡོད་པ་ལྟར། འདས་པའི་ཉིན་ཤས་རིང་ལྷོ་ཤར་ཨེ་ཤ་ཡའི་མཚོ་གླིང་རྒྱལ་ཁབ་དེའི་ཀི་ལན་ཊན་(Kelantan) མངའ་སྡེ་དང་། ཌི་རང་གྷ་ནུ་(Terengganu) ཀི་དྷ་(Kedah) པིར་ལི་སི་(Perlis) ཇོ་ཧོར་(Johor) པི་རག་ (Perak) མངའ་སྡེ་ཚུད་པའི་ས་ཁུལ་མང་པོ་ཞིག་ཏུ་ཆུ་ལོག་གི་གནོད་འཚེ་ཐེབས་ཏེ། ད་བར་དུད་ཚང་ ༩༢༢༣ ལྷག་དང་ཉུང་མཐར་མི་གྲངས་ཁྲི་བརྒྱད་ལྷག་གི་འཚོ་གནས་ལ་དོ་ཕོག་འགྲོ་མུས་ཡིན་འདུག

དེའི་ཐད་ཁ་སང་ཕྱི་ཚེས་༢༨ ཉིན་མཱ་ལེ་ཤི་ཡའི་སྲིད་བློན་ཨན་ཝར་(Anwar Ibrahim) ལགས་ཀྱིས། ང་ཚོས་རྒྱལ་ཁབ་ཀྱི་རང་བྱུང་གོད་ཆག་དོ་དམ་ལྷན་ཚོགས་(National Disaster Management Committee) ལ་ཚད་མཐོའི་འབྲེལ་ལམ་བཟུང་ནས་ཐད་ཀར་གཞུང་ཁོངས་མིན་པའི་ཚོགས་སྡེ་ཁག་ལ་མཉམ་འབྲེལ་བྱས་ཏེ། ཆར་དུས་རིང་ཆུ་ལོག་གནོད་འཚེ་འགོག་སྲུང་དང་ཡུལ་མི་རྣམས་ལ་རོགས་འདེགས་བྱ་རྒྱུའི་ཚད་མཐོའི་རེ་སྐུལ་ཞུས་ཡོད། ཅེས་བརྗོད་འདུག

དེ་བཞིན་ཡུལ་དེའི་སྲིད་བློན་གཞོན་པ་དང་རྒྱལ་ཁབ་ཀྱི་རང་བྱུང་ཁོར་ཡུག་གི་གོད་ཆག་དོ་དམ་ཚན་པའི་ཚོགས་གཙོ་(National Disaster Management Committee chairman) སྐུ་ཞབས་ཨེ་མཱ་ཌི་ཛ་ཧིད་(Ahmad Zahid Hamidi) ལགས་ཀྱིས། ད་ལྟའི་གནས་བབ་ལ་གཞིགས་པའི་ཚོགས་སྡེ་ཁག་ཚང་མས་མཉམ་རུབ་ཐོག་ཆུ་ལོག་གིས་གནོད་འཚེ་ཐེབས་པའི་ཡུལ་མི་ཚོའི་བདེ་འཇགས་སྲུང་སྐྱོབ་ཐད་ལ་རོགས་རམ་བྱེད་དགོས། ད་ལན་གྱི་ཆུ་ལོག་དེ་ནི་ཕྱི་ལོ་ ༢༠༡༤ ལོའི་ཆུ་ལོག་ལས་ཉེན་ཚབས་ཆེ་བ་ཡོང་ཉེན་འདུག་ཅེས་ཚང་མས་དོགས་གཟོན་ནན་པོ་དགོས་སྐུལ་བརྗོད་འདུག་པ་མ་ཟད། ཟླ་འདིའི་ཕྱི་ཚེས་ ༢༧ ཉིན་ཡུལ་དེའི་གནམ་གཤིས་བརྟག་དཔྱད་ཚན་པས། འདི་ལོའི་ཕྱི་ཟླ་ ༡༢ ཚེས་ ༡ བར་རྒྱལ་ཁབ་དེའི་ནུབ་རྒྱུད་ཁུལ་དུ་ཆར་པ་ཤུགས་ཆེན་བབ་ཉེན་ཡོད་པའི་ཉེན་བརྡ་བཏང་འདུག

ལོ་ལྟར་ཆར་དུས་སྐབས་མཱ་ལེ་ཤི་ཡ་རྒྱལ་ཁབ་ཏུ་ཆུ་ལོག་གི་གནོད་འཚེ་ཡང་ཡང་ཐེབས་ཀྱི་ཡོད་ཅིང་།  ཕྱི་ལོ་ ༢༠༡༤ ལོར་ཡུལ་དེར་ཆུ་ལོག་ཆེ་ཤོས་བྱུང་སྟེ་ཉུང་མཐར་མི་གྲངས་འབུམ་ལྔ་ལྷག་གི་འཚོ་གནས་ལ་གནོད་སྐྱོན་ཐེབས་ཡོད་པ་དང་། མི་གྲངས་ ༢༡ གི་ཚེ་སྲོག་ཤོར་ཡོད་འདུག

གསར་འགོད་པ། དཔལ་ལྡན། རྩོམ་སྒྲིག་བྱེད་མཁན། པདྨ་མཚོ།

འབྲེལ་ཡོད་གསར་འགྱུར།

Mobile App

བོད་དང་བོད་མིའི་མགྲིན་ཚབ་ཀྱི་བོད་སྒྱུར་ཕྱག་དེབ་འབྱེད་གནང་སོང་། 

སྐར་མ ༤༢ སྔོན་ལ།
༸རྒྱལ་དབང་སྐུ་ཕྲེང་རྒྱུན་མཐུད་ཕེབས་ངེས་ཡིན་པའི་ཡོངས་ཁྱབ་གསལ་བསྒྲགས་མཛད། དཔལ་ལྡན་དགའ་ལྡན་ཕོ་བྲང་གི་སྐུ་པར། ༢༠༢༥།༧།༢
༸གོང་ས་མཆོག གསར་འགྱུར།

༸རྒྱལ་དབང་སྐུ་ཕྲེང་རྒྱུན་མཐུད་ཕེབས་ངེས་ཡིན་པའི་ཡོངས་ཁྱབ་གསལ་བསྒྲགས་མཛད་སོང་།

ཆུ་ཚོད་ ༡ སྔོན་ལ།
འཕྲུལ་རིག་སྐད་བརྡའི་འཇུག་སྒོ། ཕེ་ཊོན་ (Python) ཞེས་པའི་དཔེ་དེབ། ༢༠༢༥།༦།༣༠
Mobile App

འཕྲུལ་རིག་སྐད་བརྡའི་འཇུག་སྒོ་ཞེས་པའི་དཔེ་དེབ་ཅིག་དབུ་འབྱེད་གནང་།

༢༠༢༥/༠༧/༠༡
ལོ་རྗེས་མར་སྦེལ་ཀོབ་བདེ་སྐྱིད་སླར་གསོ་གཞིས་ཆགས་སུ་ཨ་ཕའི་རྐང་སྤོལ་རྩེད་འགྲན་འཚོག་རྒྱུ་ཡིན་འདུག ༢༠༢༥།༦། ༣༠ ཨ་ཕ་རྐང་སྤོལ་ཚོགས་པའི་པར།
Mobile App

རྡོ་རྗེ་གླིང་གཡག་རུ་ཁག་ལ་འདི་ལོའི་ཨ་ཕ་གསེར་གྱི་བུམ་པའི་རྟགས་མ་ཐོབ་སོང་།

༢༠༢༥/༠༧/༠༡
༸གོང་ས་མཆོག གསར་འགྱུར།

བོད་ལྗོངས་མདོ་སྨད་ཆོལ་ཁས་༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ལ་བརྟན་བཞུགས་བསྟར་འབུལ་ཞུས།

༢༠༢༥/༠༦/༣༠
 འབུམ་རམས་པ་ལྷ་མོ་འཚོའི་དཔེ་དེབ་དབུ་འབྱེད་གནང་། བོད་ཀྱི་དུས་བབ་གསར་ཁང་གི་པར། ༢༠༢༥།༦།༢༧
Mobile App

འབུམ་རམས་པ་ལྷ་མོ་འཚོའི་དཔེ་དེབ་དབུ་འབྱེད་གནང་། 

༢༠༢༥/༠༦/༢༧

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese