མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

རྒྱ་ནག་གིས་ལོ་ ༡༨ ལོན་པའི་སྐྱེས་པ་ཚང་མ་དམག་མིར་ཞུགས་དགོས་ཟེར།

བོད་ཀྱི་དུས་བབ།
༢༠༢༤/༡༢/༡༦
Share on FacebookShare on TwitterShare on EmailShare on Whatsapp

སང་ལོ་ནས་རྒྱ་ནག་ནང་ལོ་ ༡༨ སོན་པའི་སྐྱེས་པ་རྣམས་དམག་མིར་མ་ཞུགས་ཚེ་མཐོ་སློབ་ཀྱི་སློབ་སྦྱོང་དང་ལས་ཀ་འཚོལ་བར་དཀའ་ངལ་ཡོད་ལུགས་བསྒྲགས་འདུག

དྲ་ལམ་གྱི་པར།

ཉེ་ལམ་རྒྱ་ནག་གི་གསར་འགྱུར་བརྒྱུད་ལམ་ཁག་ཏུ་གནས་ཚུལ་ཐོན་པ་ལྟར་ན། རྒྱ་ནག་གཞུང་གིས་བརྩེ་བའི་དྲན་སྐུལ་ཟེར་བའི་གསལ་བསྒྲགས་ཤིག་སྤེལ་ནས། ཕྱི་ལོ་ ༢༠༢༥ ཟླ་ ༡ ཚེས་ ༡ ཉིན་ནས་བཟུང་རྒྱ་ནག་གིས་དམག་མི་བསྡུ་བའི་མགོ་འཛུགས་རྒྱུ་ཡིན་པ་དང་།  དེའི་ཁོངས་སུ་ལོ་ ༡༨ སོན་པའི་སྐྱེས་པ་རྣམས་ཀྱིས་དམག་ཞུགས་ཐོ་འགོད་ངེས་པར་བྱ་དགོས་པ་དང་། གལ་སྲིད་དམག་ཞུགས་ཐོ་འགོད་མ་བྱས་ཚེ། མཐོ་སློབ་དུ་སློབ་སྦྱོང་བའི་གོ་སྐབས་དང་ལས་ཀ་འཚོལ་རྒྱུ་ཐད་དཀའ་ངལ་འཕྲད་པ་སོགས་ཀྱི་མཇུག་འབྲས་ངན་པ་སློང་སྲིད་སྐོར་བརྗོད་འདུག

བརྩེ་བའི་དྲན་སྐུལ་ཟེར་བའི་གསལ་བསྒྲགས་ལྟར་ན། རྒྱ་ནག་གཞུང་གིས་ཕྱི་ལོ་ ༢༠༢༥ ཟླ་ ༡ ཚེས་ ༡ ཉིན་ནས་བཟུང་དམག་ཞབས་བཅའ་ཁྲིམས་ཟེར་བའི་སྒྲིག་གཞི་ཟེར་བའི་འོག་ནས། ལོ་ ༡༨ སོན་པའི་རྒྱ་ནག་གི་སྐྱེས་པ་ཚང་མས་དམག་ཞབས་ཐོ་འགོད་ངེས་པར་དུ་བྱ་དགོས་པའི་ལམ་ལུགས་ཤིག་ལག་བསྟར་བྱ་རྒྱུ་ཡིན་ཞིང་། དེ་ནི་དམག་ཞབས་བཅའ་ཁྲིམས་ཟེར་བའི་ནང་ལོ་བཅོ་བརྒྱད་ལོན་པའི་སྐྱེས་པ་ཚོས་དམག་ཞབས་ཐོ་འགོད་ཀྱི་འོས་འགན་ལག་བསྟར་བྱེད་དགོས་པའི་གཏན་འབེབས་བྱས་ཡོད་པ་ཞིག་ཡིན་འདུག་ལ། ཐོ་འགོད་བྱེད་པར་རྒྱ་ནག་གི་རྒྱལ་ཡོངས་དམག་བསྡུའི་དྲ་བ་ཟེར་བ་ནས་ཐོ་འགོད་བྱེད་དགོས་ཡོད་པ་སོགས་བརྗོད་འདུག

དམག་མིའི་ཁོངས་སུ་ཐོ་འགོད་བྱས་པའི་གཞོན་སྐྱེས་ཚོ་ངེས་པར་དུ་དམག་དཔུང་ནང་དངོས་སུ་ཞུགས་མི་དགོས་པར། ཁྲིམས་ལྟར་ལོ་ཚད་ལོན་པའི་སྤྱི་དམངས་ལ་ཐོ་འགོད་དོ་དམ་བྱེད་པའི་ལས་དོན་སྤེལ་ནས། རྒྱ་གཞུང་གིས་དམག་ཤུགས་རྒྱ་བསྐྱེད་པའི་ཁོངས་སུ་བཞག་སྟེ་ཛ་དྲག་གི་གནས་ཚུལ་བྱུང་བའི་སྐབས་སུ་བེད་སྤྱོད་བྱ་རྒྱུ་ཡིན་ལུགས་བསྒྲགས་འདུག་པ་མ་ཟད། ཁྲིམས་ལྟར་དམག་ཞབས་ནང་ཞུགས་པ་དང་དམག་ཞབས་ཐོ་འགོད་བྱ་རྒྱུ་ནི་ལོ་ཚད་ལོན་པའི་སྤྱི་དམངས་ཚང་མས་སྒྲུབ་དགོས་པའི་གཟི་བརྗིད་ལྡན་པའི་འོས་འགན་དང་བླ་ན་མེད་པའི་འགན་འཁྲི་ཡིན་སྐོར་སོགས་བརྗོད་འདུག

འདས་པའི་ལོ་ཤས་གོང་ནས་རྒྱ་ནག་གཞུང་གིས་བོད་ཕྲུག་རྣམས་གུང་སེང་སོགས་ཀྱི་སྐབས། སྐད་ཡིག་ཟབ་སྦྱོང་དང་ཆོས་ཕྱོགས་ཀྱི་བྱེད་སྒོར་ཞུགས་པར་དམ་དྲག་ཤུགས་ཆེན་བྱེད་ཀྱི་ཡོད་ལ། ཕྱི་ལོ་ ༢༠༢༠ ཡི་ལོ་མཇུག་ཙམ་ནས་རྒྱ་ནག་གཞུང་གིས་རྒྱ་དཀར་ནག་གི་མཐའ་མཚམས་ས་ཐིག་ (LAC) ཕྱོགས་སུ་ཁེལ་བའི་བོད་ཀྱི་གྲོང་ཚོ་ཁག་གི་བྱིས་པ་དང་རྒས་འཁོགས་ཕུད་པའི་ཕོ་མོ་དབྱེར་མེད་ཀྱིས་གྲོང་མི་ཡོངས་ལ་དམག་སྦྱོང་སྤྲད་དེ། མཐའ་མཚམས་སྲུང་སྐྱོབ་སླད་དམག་འཁྲུག་རྒྱག་དགོས་ཟེར་བའི་དམག་དོན་ལས་འགུལ་སྤེལ་ཡོད་པ་ལྟར། རྒྱ་ནག་གཞུང་གིས་བོད་ཀྱི་ས་མཚམས་ཁག་གི་ཁྱིམ་ཚང་རེའི་ཁྱིམ་མི་གཅིག་ངེས་པར་དུ་བཅིངས་གྲོལ་དམག་མིར་ཞུགས་བཅུག་སྟེ། རྒྱ་དཀར་ནག་བར་རྩོད་རྙོག་ཏུ་གྱུར་བའི་ས་མཚམས་སྲུང་སྐྱོབ་བྱེད་སླད་དམག་ཤུགས་རྒྱ་སྐྱེད་གཏོང་ཐབས་བྱས་དང་བྱེད་མུས་ཡིན་འདུག་ལ། ད་རེས་རྒྱ་ནག་གི་དམག་ཞབས་ཐོ་འགོད་ཟེར་བའི་སྲིད་ཇུས་དེའི་ནང་བོད་མི་གཞོན་སྐྱེས་རྣམས་ཚུད་ཡོད་མེད་གསལ་ཁ་མི་འདུག

གསར་འགོད་པ། བྱམས་པ་ཚེ་རིང་། རྩོམ་སྒྲིག་བྱེད་མཁན། སྐལ་བཟང་སྦྱིན་པ།

འབྲེལ་ཡོད་གསར་འགྱུར།

ཕྱི་ལོ་ ༢༠༢༦ ལོའི་སྲིད་སྐྱོང་འོས་མི་ཚེ་རིང་ཕུན་ཚོགས་ལགས། འབྲེལ་ཡོད་ཀྱིས་པར་མཁོ་སྤྲོད་བྱས། ༢༠༢༥།༡༢།༨
Mobile App

ཚེ་རིང་ཕུན་ཚོགས་ལགས་ཕྱི་ལོ་ ༢༠༢༦ སྲིད་སྐྱོང་འོས་མིར་ལང་རྒྱུ་ཡིན་འདུག

ཆུ་ཚོད་ ༡༤ སྔོན་ལ།
རྡོ་རྗེ་བརྟན་མི་རིགས་ལས་རིགས་ལག་རྩལ་སློབ་གྲྭ་གསར་འཛུགས་གནང་མཁན་མཆོག་སྤྲུལ་རྡོ་རྗེ་བརྟན་མཆོག
Mobile App

མཆོག་སྤྲུལ་རྡོ་རྗེ་བརྟན་མཆོག་རྒྱ་གཞུང་གིས་འཛིན་བཟུང་བྱས།

ཆུ་ཚོད་ ༡༥ སྔོན་ལ།
མོན་རྟ་དབང་དུ་རྒྱལ་སྤྱིའི་རྒྱལ་བ་ཚངས་དབྱངས་རྒྱ་མཚོའི་ཞིབ་འཇུག་ཚོགས་འདུ་ཐེངས་དང་པོ་༢༠༢༥།༡༢།༣-༦ འཚོགས། དུས་བབ་ཀྱི་པར།
Mobile App

ང་ཚོ་མོན་པ་རྣམས་ཏཱ་ལའི་བླ་མ་རྣམ་གཉིས་ལ་འབྲེལ་བ་ཡོད་པས་ཧ་ཅང་སྐལ་བ་བཟང་པོ་ཡིན་པ་རྟོགས་ཡོད་ཅེས་གསུངས་སོང་།

༢༠༢༥/༡༢/༠༦
རྒྱལ་བ་ཚངས་དབྱངས་རྒྱ་མཚོ་ཉམས་ཞིབ་པ་རྣམ་པས་་གཏམ་བཤད་གནང་བ། ༢༠༢༥།༡༢།༠༦ དུས་བབ་ཀྱི་པར།
Mobile App

ཞིབ་འཇུག་ཚོགས་འདུའི་ཐོག་རྒྱ་ནག་གཞུང་གིས་རྒྱལ་བ་ཚངས་དབྱངས་རྒྱ་མཚོའི་མགུར་གླུར་བཅོས་སྒྲིག་དང་རྫུན་བཟོས་བྱས་ཡོད་སྐོར་བརྗོད།

༢༠༢༥/༡༢/༠༦
Photo Credit : Free Tibet
Mobile App

ཚེ་རིང་མཚོ་ལགས་བཟང་བཙོན་འོག་བཅུག་ཡོད་འདུག

༢༠༢༥/༡༢/༠༦
Mobile App

རྒྱ་ནག་གཞུང་གི་མདའ་སྐད་གླིང་བསྒྱུར་གྱི་མི་རིགས་སྲིད་ཇུས་གསར་བ། 

༢༠༢༥/༡༢/༠༦

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese