མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

རྒྱལ་སྤྱིའི་དམ་ཆོས་འདུལ་བའི་བགྲོ་གླེང་ཐེངས་ལྔ་པ་མཇུག་བསྒྲིལ།

བོད་ཀྱི་དུས་བབ།
༢༠༢༤/༡༢/༡༨
Share on FacebookShare on TwitterShare on EmailShare on Whatsapp

རྒྱལ་སྤྱིའི་དམ་ཆོས་འདུལ་བའི་བགྲོ་གླེང་ཐེངས་ལྔ་བའི་ཐོག་རྒྱལ་ཁབ་འདྲ་མིན་བཅུ་གསུམ་གྱི་དགེ་འདུན་པ་རྣམས་མཉམ་ཞུགས་གནང་འདུག

རྒྱལ་སྤྱིའི་དམ་ཆོས་འདུལ་བའི་བགྲོ་གླེང་ཐེངས་ལྔ་པ། སེར་བྱེས་དགོན་པའི་པར། ༢༠༢༤།༡༢།༡༨

ཟླ་འདིའི་ཕྱི་ཚེས་ ༡༦ ནས་ ༡༨ བར་ཉིན་གྲངས་གསུམ་རིང་གནས་མཆོག་རྡོ་རྗེ་གདན་དུ་རྟེན་གཞི་བྱས་པའི་ཐེ་ལན་ཌི་ཝཊ་པ་དགོན་པའི་ཚོགས་ཁང་དུ། སེར་བྱེས་མཁས་སྙན་གྲྭ་ཚང་དང་ཐེ་ལན་ཌི་ཝཊ་པ་དགོན་པ་གཉིས་ཀྱི་གོ་སྒྲིག་འོག རྒྱལ་སྤྱིའི་དམ་ཆོས་འདུལ་བའི་བགྲོ་གླེང་ཐེངས་ལྔ་པ་འཚོགས་ཡོད་ཅིང་། དབུ་འབྱེད་མཛད་སྒོའི་ཐོག་སྐུ་མགྲོན་གཙོ་བོ་སྐྱབས་རྗེ་སེར་བྱེས་མཁན་རིན་པོ་ཆེ་བཀྲ་ཤིས་ཚེ་ཐར་མཆོག་དང་། དམིགས་བསལ་སྐུ་མགྲོན་རྡོར་གདན་བྱང་ཆུབ་མཆོད་རྟེན་ཆེན་མོའི་འཛིན་སྐྱོང་ལྷན་ཚོགས་ཀྱི་དྲུང་ཆེ་མ་ཧཱ་ཤ་ཝ་ཏ་མ་ཧཱ་རཱ་ཏི་ (Dr.Mahashweta Maharati) མཆོག ཐེ་ཝན་དགོན་པའི་མཁན་རིན་པོ་ཆེ་ཀའོ་ཆིན་ཧྲི་ (Ven.Guo Qing Shi) མཆོག  ཐའེ་དགོན་པའི་མཁན་རིན་པོ་ཆེ་འབུམ་རམས་པ་དགེ་སློང་བོ་དྷི་ནན་དྷ་མུ་ནི་ (Ven.Dr.Phra Bodhi Nandhamunee) མཆོག བོད་མིའི་སྒྲིག་འཛུགས་ཆོས་རིག་ལས་ཁུངས་ཀྱི་དྲུང་ཆེ་བདུད་འདུལ་རྡོ་རྗེ་མཆོག  དེ་བཞིན་བོད་པ་དང་། རྒྱ་གར། བལ་ཡུལ། ཐེ་ལན་ཌི།  སིངྒ་ལ། ཐེ་ཝན། ཝི་ཏི་ནམ། ཉི་ཧོང། འབར་མ་སོགས་རྒྱལ་ཁབ་བཅུ་གསུམ་ནས་ཕེབས་པའི་དགེ་འདུན་པ་དང་དད་ལྡན་པ་སོགས་ལྷན་འཛོམས་བྱུང་འདུག

སྐྱབས་རྗེ་སེར་བྱེས་མཁན་རིན་པོ་ཆེ་མཆོག་གིས། ༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ནས་ནང་པའི་རྒྱལ་ཁབ་མང་པོ་ཡོད་པའི་ཁྲོད་འདུལ་བ་འཛིན་པའི་སྡེ་བ་མི་འདྲ་བ་རྣམས་མཉམ་འཛོམས་བྱུང་སྟེ་དངོས་ཡོད་ཐོག་ཕན་ཚུན་རྒྱུས་ལོན་བྱེད་ཐུབ་ཚེ་ཡག་པོ་ཡོད་པའི་བཀའ་སློབ་ཡང་ཡང་ཕེབས་པ་ལྟར། སེར་བྱེས་མཁས་སྙན་གྲྭ་ཚང་གིས་ལོ་གཉིས་རེའི་མཚམས་སུ་འདུལ་བ་བགྲོ་གླེང་མགོ་བཙུགས་པ་ཞིག་ཆགས་ཡོད། འདུལ་བའི་ཐོག་བགྲོ་གླེང་གནང་སྟེ་ཤར་ལྷོ་ཨེ་ཤ་ཡའི་ནང་པའི་དགེ་འདུན་པ་རྣམས་ཀྱིས་འདུལ་བའི་ཐོག་དངོས་ཡོད་ཉམས་བཞེས་གནང་བར་རྒྱུས་ལོན་བྱུང་བའི་ཕན་ཐོགས་བྱུང་ཡོད། འདུལ་བའི་ཐོག་གྲངས་མང་ཉུང་མ་གཏོགས་རྩ་བ་གཅིག་གྱུར་ཡིན་པའི་ངེས་པ་རྙེད་དུས་ཕན་ཚུན་གུས་བརྩི་ཡོང་གི་འདུག་ལ། ནང་པའི་དགེ་འདུན་པ་ཡོངས་གཅིག་གྱུར་གྱི་ཐོག་ནས་འཛམ་གླིང་ཐོག་ཞི་བདེ་བསྐྲུན་པ་དང་བཟང་སྤྱོད་སྤེལ་ཐུབ་ཀྱི་ཡོད། སྟོན་པ་བཅོམ་ལྡན་འདས་ཀྱི་རྗེས་འབྲངས་པ་རྣམས་ལ་དམིགས་བསལ་གྱི་ནུས་པ་ཞིག་ཡོད། ཅེས་གསུངས་སོང་།

ཡང་རིན་པོ་ཆེ་མཆོག་གིས། སྔོན་མ་རྒྱལ་ཁབ་སོ་སོའི་ནང་སངས་རྒྱས་བཅོམ་ལྡན་འདས་ཀྱི་གསུང་བའི་སྡེ་སྣོད་གསུམ་ལ་ཐོས་བསམ་སྒོམ་གསུམ་གྱིས་ཉམས་ལེན་བྱེད་བཞིན་ཡོད་ཀྱང་། སྟོན་པའི་བསླབ་བྱ་དང་ལྟ་གྲུབ། ཚུལ་ཁྲིམས་སོགས་སྤུས་དག་ཡོད་པ་དེར། སྡེ་བ་སོ་སོ་དང་། དགོན་པ་སོ་སོ་གཅིག་པོའི་ཉམས་ལེན་བྱ་རྒྱུ་མ་ཡིན་པར་འགྲོ་བ་མི་སྤྱི་ཡོངས་སུ་དངོས་ཡོད་ཀྱི་ཐོག་ནས་ཕན་བདེ་བསྐྲུན་ཐུབ་པའི་ནུས་པ་ཡོད་པ་ཞིག་ཡིན་པས། ང་ཚོ་ཚང་མས་དེའི་ཐོག་ཏུ་ཤུགས་དགོས་ཀྱི་འདུག ཅེས་དང་། བཅོམ་ལྡན་འདས་ཀྱིས་འདུལ་བའི་ཉམས་ལེན་རྣམ་པར་དག་པ་ཡོད་ཚེ་སྟོན་པ་དངོས་ཞལ་བཞུགས་པ་དང་ཁྱད་པར་མེད་པ་ཞིག་ཡིན་གསུངས་བ་བཞིན། ད་ལྟའི་ཆར་བཅོམ་ལྡན་འདས་ཀྱི་ལྟ་གྲུབ་དེ་ཨེ་ཤ་ཡ་ནང་མ་ཟད། ནུབ་ཕྱོགས་རྒྱལ་ཁབ་མང་པོའི་ནང་དོ་སྣང་བྱེད་པ་ཞིག་ཆགས་ཡོད། འཛམ་གླིང་དུ་སངས་རྒྱས་ཀྱི་བསྟན་པ་གནས་མིན་དགེ་འདུན་གྱི་སྡེ་ཚགས་ཚུད་ཡག་པོ་ཡོད་མེད་ལ་རག་ལས་ཡོད་པས། རྒྱལ་ཁབ་སོ་སོས་ཆོས་སྡེ་བཙུགས་ཏེ་དགེ་འདུན་གྱི་སྡེ་སྐྱོང་བཞིན་ཡོད་ཅིང་། ད་དུང་ཡང་མུ་མཐུད་དུ་དགེ་འདུན་གྱི་སྡེ་སྐྱོང་རྒྱུ་གལ་ཆེན་དོན་ཆེན་ཞིག་ཆགས་ཡོད། ཅེས་གསུངས་སོང་།

ཐེ་ཝན་དགོན་པའི་མཁན་རིན་པོ་ཆེ་ཀའོ་ཆིན་ཧྲི་མཆོག་གིས། ཐེངས་འདིའི་བགྲོ་གླེང་ཚོགས་འདུའི་ནང་དམ་ཆོས་འདུལ་བའི་སྐོར་ཆགས་ཡོད་ཅིང་། སངས་རྒྱས་བཅོམ་ལྡན་འདས་ཀྱང་མདོ་སྡེ་དང་འདུལ་བ་གཉིས་ལས་འདུལ་བ་གཙོ་བོ་བཟུང་ཡོད། རབ་བྱུང་བར་དགེ་ཚུལ་དང་། དགེ་སློང་། བྱང་ཆུབ་སེམས་ཀྱི་སྡོམ་པ་གསུངས་ཡོད་ལ། དེའི་དགོས་དམིགས་ནི་སངས་རྒྱས་ཀྱི་བསླབ་པ་ཚུལ་བཞིན་སྲུང་བའི་ཉམས་ལེན་ཆེད་རེད། ད་ལན་ང་ཚོ་སྡེ་བ་མི་འདྲ་བ་རྣམས་འཛོམས་ཏེ་ཕན་ཚུན་ལ་བློ་བསྐྱེད་ལེན་པའི་གོ་སྐབས་རྩ་ཆེན་ཞིག་ལ་བརྩི་བཞིན་ཡོད།  ཐེངས་འདིའི་འདུལ་བའི་བགྲོ་གླེང་བརྒྱུད་ནས་འཛམ་གླིང་དུ་ཞི་བདེ་འབྱུང་བ་མ་ཟད། འདུལ་བའི་བསྟན་པ་སྔར་ལས་དར་ཞིང་རྒྱས་པའི་སྨོན་འདུན་ཞུ། ཞེས་གསུངས་སོང་།

ཆོས་རིག་དྲུང་ཆེ་བདུད་འདུལ་རྡོ་རྗེ་ལགས་ཀྱིས། འདས་པའི་བྱུང་རབས་ཀྱི་ལོ་རྒྱུས་དང་ད་ལྟའི་གནས་སྟངས་སོགས་གང་ཅིའི་ཐད་ནས་བོད་ལ་མཚོན་ན་འདུལ་བ་འཛིན་པའི་དགེ་འདུན་པའི་སྡེ་ནི་མེད་དུ་མི་རུང་བའི་གནད་ཆེན་པོ་ཞིག་ཏུ་གྱུར་ཡོད། ཅེས་དང་། ལོ་རྒྱུས་ཐོག་དུས་ཡུན་ཐུང་ངུའི་ནང་བོད་ལ་བཤད་སྒྲུབ་གཉིས་ཐད་ཀྱི་བསྟན་པ་འཕེལ་རྒྱས་ཆེན་པོ་བྱུང་ཡོད། ད་ལྟ་བར་དུ་བོད་ཀྱི་ཆོས་དང་རིག་གནས་ཡོངས་རྫོགས་དགོན་པའི་སྒྲིག་འཛུགས་ལ་བརྟེན་ནས་བྱུང་བ་ཞིག་ཡིན་པ་མ་ཟད། མ་འོངས་བའང་མདོ་སྔགས་ཀྱི་གནས་འཚང་ལ་མ་ནོར་བའི་བོད་བརྒྱུད་བཤད་སྒྲུབ་ཟུང་དུ་འབྲེལ་བའི་བསྟན་པ་རིན་པོ་ཆེ་འདི་ཉིད་དང་། བསྟན་པ་འདི་ཉིད་བརྒྱུད་ལམ་གཙོ་བོ་གྱུར་བའི་བོད་ཀྱི་སྐད་ཡིག་དང་། རིག་གནས་མ་ལག་དང་བཅས་པ་སྤུས་གཙང་ཚད་ལྡན་ཞིག་རྒྱུད་འཛིན་དར་སྤེལ་ཐུབ་མིན་ཡང་བོད་ཀྱི་དགེ་འདུན་པའི་སྡེ་ལ་རག་ལས་ཡོད་པར་བརྟེན། བོད་ཀྱི་འདུལ་བ་འཛིན་པའི་དགེ་འདུན་པ་རྣམས་ཀྱིས་ནང་པའི་ཆོས་ལུགས་ཀྱི་གནད་དོན་ཙམ་མ་ཟད། བོད་མི་རིགས་དང་སྐད་ཡིག རིག་གཞུང་བཅས་པའི་སྲོག་རྩ་ལྟ་བུ་གྱུར་ཡོད། ཅེས་བརྗོད་སོང་།

ཐེངས་འདིའི་རྒྱལ་སྤྱིའི་དམ་ཆོས་འདུལ་བའི་བགྲོ་གླེང་ཐོག་རྒྱ་གར་དང་། ཤྲཱི་ལངྒ། འབྲུག བལ་ཡུལ། ཐེ་ལན་ཌི། འབར་མ། ཝི་ཏི་ནམ། ལའོ་སི། ཉི་ཧོང་། ཀོ་རི་ཡ། ཐའེ་ཝན་བཅས་ཀྱི་འདུལ་བ་འཛིན་པའི་དགེ་འདུན་པ། དེ་བཞིན་བོད་ཀྱི་ཆོས་བརྒྱུད་རིས་མེད་ཀྱི་འདུལ་བ་འཛིན་པའི་དགེ་འདུན་པ་རྣམས་ཀྱིས་སྤང་ལྷུང་སུམ་ཅུ་དང་། དེ་དང་འབྲེལ་བའི་དགོན་སྡེ་རང་རང་གི་ཕྱག་བཞེས་ཇི་ཡོད་ཀྱི་བརྗོད་གཞིའི་ཐོག་བགྲོ་གླེང་གནང་ཡོད་ཅིང་། བགྲོ་གླེང་གི་སྐབས་སུ་བོད་རྒྱ་དབྱིན་གསུམ་གྱི་ཐོག་སྐད་བསྒྱུར་གནང་ཡོད་འདུག

རྒྱལ་སྤྱིའི་དམ་ཆོས་འདུལ་བའི་བགྲོ་གླེང་ཐེངས་ལྔ་པ། སེར་བྱེས་དགོན་པའི་པར། ༢༠༢༤།༡༢།༡༨

རྒྱལ་སྤྱིའི་དམ་ཆོས་འདུལ་བའི་བགྲོ་གླེང་ནི་༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་གི་བཀའ་དགོངས་བཞིན། ཕྱི་ལོ་ ༢༠༡༤ ཟླ་ ༡༢ ཚེས་ ༩ ནས་ཉིན་གྲངས་གཉིས་རིང་སེར་བྱེས་གྲྭ་ཚང་དུ་རྒྱལ་སྤྱིའི་འདུལ་བའི་བགྲོ་གླེང་དང་པོ་དབུ་འཛུགས་གནང་ཡོད་ཅིང་།  ཕྱི་ལོ་ ༢༠༡༧ ཟླ་ ༧ ནང་རྒྱལ་སྤྱིའི་བགྲོ་གླེང་ཐེངས་གཉིས་པ་འཚོགས། ཕྱི་ལོ་ ༢༠༡༧ ཟླ་ ༡༢ ཚེས་ ༡༦ ནས་ཉིན་གསུམ་རིང་སེར་བྱེས་བཀྲ་ཤིས་ཆོས་གླིང་ཚོགས་ཁང་དུ་རྒྱལ་སྤྱིའི་འདུལ་བའི་བགྲོ་གླེང་ཐེངས་གསུམ་པ་འཚོགས། དེ་བཞིན་ཕྱི་ལོ་ ༢༠༢༢ ཟླ་ ༡༢ ཚེས་ ༡ ནས་ཉིན་གྲངས་གསུམ་རིང་སེར་བྱེས་མཁས་སྙན་གྲྭ་ཚང་དུ་རྒྱལ་སྤྱིའི་འདུལ་བའི་བགྲོ་གླེང་ཐེངས་བཞི་པ་འཚོགས་འདུག

གསར་འགོད་པ། བྱམས་པ་ཚེ་རིང་། རྩོམ་སྒྲིག་བྱེད་མཁན། སྐལ་བཟང་སྦྱིན་པ།

འབྲེལ་ཡོད་གསར་འགྱུར།

Meditation: Reflections of His Holiness the Dalai Lama, featuring Amjad Ali Khan, Amaan Ali Bangash, Ayaan Ali Bangash, and Kabir Sehgal, has earned a Grammy nomination for Best Audio Book, Narration & Storytelling Recording
༧གོང་ས་མཆོག གསུང་འཕྲིན།

༸གོང་ས་མཆོག་ལ་གྷི་རེ་མི་ཡི་གཟེངས་རྟགས་ཐོབ།

༢༠༢༦/༠༢/༠༢
Mobile App

བཙན་བྱོལ་བོད་མིའི་སྲིད་སྤྱི་གཉིས་ཀྱི་སྔོན་འགྲོའི་འོས་བླུག་བཞིན་པ།

༢༠༢༦/༠༢/༠༡
Mobile App

བོད་ནི་གནའ་སྔ་མོ་ནས་རྒྱ་ནག་གི་ཆ་ཤིས་མིན་ཞེས་པའི་དཔེ་དེབ་ཅིག་དབུ་འབྱེད་བྱས་འདུག

༢༠༢༦/༠༡/༣༠
གསར་འགྱུར།

འབའ་ཁྲི་བློ་བཟང་ལུང་རིགས་ལགས་འཛིན་བཟུང་བྱས་འདུག

༢༠༢༦/༠༡/༣༠
གནས་མཆོག་རྡོ་རྗེ་གདན་དུ་ཡོད་པའི་ཞེ་ཆེན་དགོན་དུ་ནང་པའི་གསར་གཏོད་ཀྱི་ཚོགས་ཆེན་ཐེངས་དང་པོ་འཚོག་བཞིན་པ། ༢༠༢༥།༡།༢༩ དུས་བབ་གསར་ཁང་གིས་པར་སྒྲིག་སྦྱོར་བྱས།
Mobile App

ནང་པའི་གསར་གཏོད་ཀྱི་ཚོགས་ཆེན་ཐེངས་དང་པོ་འཚོག་བཞིན་འདུག 

༢༠༢༦/༠༡/༢༩
British Prime Minister Keir Starmer with Chinese President Xi Jinping. Image source - X/@EuroPostAgency
གསར་འགྱུར།

བོད་ནང་གི་བཅའ་སྡོད་སློབ་གྲྭའི་ལམ་ལུགས་མཚམས་འཇོག་དགོས་པའི་འབོད་སྐུལ་ཞུ་ཡིག་ཕུལ།

༢༠༢༦/༠༡/༢༨

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese