མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

ལྔ་གཅིག་བདུན་གྱི་ས་ཡོམ་གོད་ཆག་ལས་འཕྲོས་པའི་གཏམ།

བོད་ཀྱི་དུས་བབ།
༢༠༢༥/༠༡/༡༢
Share on FacebookShare on TwitterShare on EmailShare on Whatsapp

ཆབ་མདོ་ངག་ཕུན།

དེ་རིང་ངས་དིང་རི་ས་འགུལ་སྐོར་ལ་རོབ་ཙམ་ཞིག་གླེང་པར་འདོད། དེ་ཡང་རང་རེའི་ཁ་བ་གངས་ཅན་གྱི་ལྗོངས་སུ་གློ་བུར་དུ་རྐྱེན་ངན་གོད་ཆག་དེ་འདྲ་བྱུང་ཞིག་བྱུང་བ་ནི་ཡིད་སྐྱོ་དགོས་པའི་གནད་དོན་ཞིག་རེད་སྙམ། མི་ཚང་མ་ཞོགས་པ་ནམ་ལངས་ཤིང་། ངོ་གདོང་ཚང་མ་འཁྲུ་བ་དང་། སྒོ་ཕྱུག་ལ་རྩྭ་སྟེར་བ། ཡོན་ཆབ་འབུལ་བ་སོགས་ཞོགས་ལས་བྲེལ་བཞིན་པའི་སྐབས་དེ་འདྲའི་ས་ཡོམ་ཞིག་བརྒྱབ་ཡོང་བ་སུ་ཞིག་དྲན། གཏན་ནས་མི་དྲན། གང་ལྟར་གློ་བུར་དུ་ས་ཡོམ་ཤུགས་ཆེན་པོ་དེ་འདྲ་ཞིག་བརྒྱབ་ནས་མི་རྒྱུ་ཟོག་གསུམ་ལ་གནོད་འཚེ་བསམ་ཡུལ་ལས་འདས་པ་ཞིག་བྱུང་ཡོད། མི་ལུས་རིན་པོ་ཆེ་དང་། མི་རབས་ནས་མི་རིགས་གསོགས་སྲུང་གནང་བའི་ཁང་ཁྱིམ་དྲོད་མོ་དེ་དག་གློ་བུར་འཇིགས་རུང་འབྱུང་བའི་མེད་པ་བཟོས་པ་མཐོང་དུས་བྲང་སྟོད་དབུགས་ཀྱིས་རྒྱངས་ཡོང་གི་འདུག །ཡིན་ནའང་སྨོན་ལམ་བརྒྱབ་རྒྱུ་ཙམ་ལས་ལས་དབང་གིས་བྱ་ཐབས་གང་ཡང་མི་འདུག་གོ། སྤུན་ཟླ་ཚོ་སེམས་མ་ཕམ་རོགས་ཞུ་ཙམ་ལས་གང་ཡང་བྱེད་མི་ཐུབ་ཀྱིན། ང་ཚོའི་མི་རིགས་འདི་ལ་འདི་འདྲ་ཞིག་མྱོང་དགོས་དོན་གང་ཞིག་ཡིན་ནམ།

རྒྱ་གཞུང་གིས་ག་དུས་ཡིན་ན་བོད་ལ་འོད་སྟོང་འབར་བ་འཕེལ་རྒྱས་གཏོང་ཡོད་ཚུལ་འུར་སྒྲོག་བྱས་དང་བྱེད་བཞིན་ཡོད་མོད། དོན་དག་ཡང་སྙིང་བོད་ཀྱི་གྲོང་གསེབ་ཁག་གི་ཁང་གཞིས་དེ་དག་གི་གནས་སྟངས་མཐོང་དུས་རྒྱ་གཞུང་གི་བཤད་པའི་སྐད་ཆ་དེ་དག་རྫུན་གཏམ་ཞིག་ཡིན་པ་རྫ་མ་མཐིལ་བརྡོལ་ནང་བཞིན་གྱུར་ཡོད། བོད་ལ་ཡར་རྒྱས་ཡོད་བཏང་ཡོད་པ་ནི་འཁོར་ལམ་ཙམ་ཞིག་རེད། དེ་ནི་ཁོ་རང་ཚོའི་ཁེ་ཕན་ཆེད་དུ་ཡིན་པ་ལས་བོད་མི་རིགས་ཀྱི་བདེ་སྡུག་བསམ་ནས་ལམ་ཆེན་ཡར་རྒྱས་བཏང་བ་ཞིག་མིན་ནས་མིན་པ་གསལ་པོ་རེད། དོན་ངོ་མ་བོད་མི་རིགས་ཀྱི་ཞིང་འབྲོག་མི་མང་ལ་ཕན་ཐོགས་ཡོད་པ་ལས་དོན་གང་ཡང་བྱས་མེད་པ་ད་རེས་ས་ཡོམ་དེ་ལས་རོབ་ཙམ་རྟོག་ཐུབ་ཀྱི་འདུག །

གཞིས་རྩེ་དང་། དིང་རིའི་ས་ཁུལ་ཁག་ལ་འབྱུང་བའི་གནོད་འཚེ་དེ་འདྲ་ཞིག་བྱུང་དུས། མདོ་དབུས་ཁམས་གསུམ་གྱི་རང་རེའི་སྤུན་ཟླ་རྣམས་ཀྱིས་ཡིད་གཉིས་ཐེ་ཙམ་ཕྲ་མོ་ཙམ་ཡང་མེད་པས། དང་བླངས་ཀྱིས་གནོད་འཚེ་ཐེབས་ཁུལ་གྱི་ས་ཁུལ་ཁག་ལ་རོགས་མགོན་གཅིག་རྗེས་གཉིས་མཐུད་ཀྱིས་གནང་བའི་བརྙན་ཐུང་དེ་དག་མཐོང་དུས་རང་བཞིན་མེད་པའི་སེམས་ནང་དགའ་སྐྱོ་ཟུང་སྦྲེལ་ཞིག་སྐྱེ་ཡོང་གི་འདུག་ལ། སྐྱོ་དགོས་པ་ནི་རང་རེ་དུ་མ་ཞིག་དུས་མིན་འདས་གྲོངས་ཕྱིན་པ་དང་། མི་རྒྱུ་ཟོག་གསུམ་གྱོང་རྒྱུད་ཚད་མེད་ཐེབས་པ་སོགས་ལ་བརྟེན་ནས་སེམས་སྐྱོ་དགོས་པ་ཞིག་དང་། སེམས་དགའ་དགོས་པ་ཞིག་ནི་གཞིས་བཞུགས་རང་རེ་སྤུན་ཟླ་དུ་མ་ཞིག་མ་བསྐུལ་དང་བླངས་ཀྱིས་ཐོག་ནས་ཚ་ཚ་འུར་འུར་གྱིས་རོགས་མགོན་གནང་བ་སོགས་མཐོང་དུས་ཡིད་ནང་རང་བཞིན་མེད་པ་ང་ཚོ་སྤུན་ཟླ་ནང་ཁུལ་དཀའ་སྡུག་བྱུང་དུས་སྐྱིད་སྡུག་མཉམ་མྱོང་གནང་བ་མཐོང་དུས་སེམས་གཏིང་ནས་དགའ་བ་ཚད་མེད་སྐྱེས་བྱུང་། དེར་བརྟེན་རང་རེའི་གཞིས་ལུས་སྤུན་ཟླ་རྣམས་ལ་བཀའ་དྲིན་ཆེ་ཞུ་བ་འདོད།  ཁྱེད་རྣམ་པའི་ལྷག་བསམ་དང་ཆོད་སེམས་ལ་བརྟེན་ནས་ང་ཚོ་མི་ཡུལ་འདིར་འཚོ་བཞིན་ཡོད། དངོས་གནས་བཀའ་དྲིན་ཆེ་ཨང་། རང་རེའི་སྤུན་ཟླ་རྣམས། ཁྱེད་རྣམ་པ་ད་དུང་ཡིད་གཟབ་གནང་དགོས་པ་ཞིག་ཏུ་མཐོང་།

དེ་ཡང་བོད་ཀྱི་བང་ཆེན་ལས། ཕྱི་ལོ་༢༠༢༥ ཟླ་༡ ཚེས་༧ གྱི་ཞོགས་པ་བོད་ནང་གི་ཆུ་ཚོད་༩ པ་ཡོལ་ཙམ་ལ་བོད་ནང་གི་གཞིས་ཀ་རྩེ་གྲོང་ཁྱེར་དིང་རི་རྫོང་དུ་ས་ཡོམ་ལྟེ་བ་བརྒྱབས་འདུག་པ་དང་། གཞན་ཡང་གཞིས་རྩེ་གྲོང་ཁྱེར། ས་སྐྱ་རྫོང་། ལྷུན་རྩེ་རྫོང་། ངམ་རིམ་རྫོང་། གཏིང་སྐྱེས་རྫོང་བཅས་ལ་ཤུགས་རྐྱེན་ཐེབས་ཏེ་མི་རྒྱུ་ལ་གནོད་སྐྱོན་བྱུང་ཡོད་འདུག རྒྱ་གཞུང་གི་བརྒྱུད་ལམ་ཁག་ནས་༦.༨ ལབ་ཀྱི་འདུག་ཀྱང་། ཨ་རིའི་ས་ཁམས་བརྟག་དཔྱད་ཁང་དང་རྒྱལ་སྤྱིའི་གསར་ཁང་ཁག་ནས་༧.༡ བརྒྱབས་ཡོད་པར་བརྗོད་འདུག

ལྷག་པར་ད་རེས་ས་འགུལ་དེ་དག་ཤུགས་ཚད་རྒྱ་གཞུང་གིས་དྲུག་དང་ཚག་བརྒྱད་བརྒྱབ་ཡོད་ཚུལ་གླེང་གི་ཡོད་ནའང་། ཕྱིའི་ས་ཁམས་བརྟག་དཔྱད་ཁང་སོགས་ཀྱིས་ས་ཡོམ་ཤུགས་ཚད་བདུན་དང་ཚག་གཅིག་བརྒྱབ་ཡོད་ཚུལ་གླིང་གི་ཡོད། ག་རེ་བྱས་ནས་གཞུང་གིས་ས་ཡོམ་ཤུགས་ཚད་དྲུག་དང་བརྒྱད་ལས་བརྒྱབ་མེད་ཚུལ་བཤད་དོན་གང་ཞིག་ཡིན་ནམ། དངོས་ཡོད་མི་བཤད་པར་དེར་སྦས་སྐུང་བྱ་དགོས་དོན་གང་ཞིག་ཡིན་ནམ། འགའ་ཤས་ཀྱིས་བཤད་ན་རྒྱ་གཞུང་གིས་ས་ཡོམ་ཤུགས་ཚད་དྲུག་དང་བརྒྱད་བརྒྱབ་ཚུལ་བཤད་དགོས་དོན་ནི་དབུས་གཞུང་གིས་བོད་ཀྱི་ས་ཁུལ་ཁག་ལ་ཛ་དྲག་གིས་དམག་མི་མྱུར་སྐྱབས་གཏང་མི་དགོས་པ་ཆེད་དུ་ས་ཡོམ་ཤུགས་ཚད་དྲུག་དང་བརྒྱད་པ་བརྒྱབ་པ་རེད་སྒྲོག་གི་ཡོད་ཚུལ་དང་། ས་ཡོམ་ཤུགས་ཚད་བདུན་བརྒྱབ་པ་རེད་ལབ་པ་ཡིན་ན་རྒྱ་ནག་དབུས་གཞུང་གིས་མྱུར་སྐྱོབས་དམག་མི་ཛ་དྲག་གིས་བཏང་དགོས་ཀྱི་ཡོད་པ་ཡིན་དུས་དེ་ལབ་ཀྱི་མེད་པ་རེད་བཤད་ཀྱི་འདུག །གང་ལྟར་ལབ་སྟངས་མི་མཐུན་པ་དེའི་ལྐོག་ཏུ་གསང་བ་ཞིག་སྦས་ཡོད་པ་ཏན་ཏན་རེད་འདུག །

ལྷག་དོན་གནད་འཚེ་ཐེབས་ཁུལ་གྱི་ས་གནས་ཁག་ཏུ་རོགས་སྐྱོབས་ལ་བསྐྱོད་མཁན་ལྷག་བསམ་ཅན་གྱི་རང་རེའི་སྤུན་ཟླ་འགའ་ཤས་བརྙན་ལེན་མི་བཅུག་པ་སོགས་ཀྱིས་དམ་བསྒྲགས་བྱེད་ཀྱི་ཡོད་པ་དང་།  དེ་ཡང་བོད་ཀྱི་དུས་བབ་ལས། ཁ་སང་ཕྱི་ཚེས་ ༨ ཉིན་ས་གནས་ཀྱི་འབྲེལ་ཡོད་རྒྱ་གཞུང་དཔོན་རིགས་ཀྱིས། གནོད་འཚེ་ཐེབས་ཁུལ་དུ་ས་ཁུལ་གཞན་ནས་རོགས་སྐྱོར་ལེན་རྒྱུ་མིན་པའི་ཡོངས་ཁྱབ་གསལ་བསྒྲགས་བྱས་ཡོད་པ་མ་ཟད། དིང་རི་རྫོང་ཁོངས་ཀྱི་བོད་མི་རྣམས་ཀྱི་དྲ་ལམ་ལ་སྟངས་འཛིན་བྱས་ཏེ། བརྙན་པར་རིགས་བརྒྱུད་སྐུལ་བྱེད་མི་ཆོག་ཁར། ཕྱི་ཕྱོགས་སུ་འབྲེལ་བ་བྱེད་མི་ཆོག་པའི་བཙན་བཀའ་བཏང་ཡོད་འདུག་ལ། ས་གནས་ཁག་ཅིག་ལ་ད་དུང་ཡང་མྱུར་སྐྱོབ་སོགས་ཀྱི་རོགས་སྐྱོར་འབྱོར་མེད་པའི་དཀའ་ངལ་འཕྲད་ཀྱིན་ཡོད་འདུག ཅེས་བརྗོད་དོན་ལྟར་དུས་སྐབས་ཛ་དྲག་དེ་འདྲའི་གནས་སྟངས་སྐབས་སུ་རྒྱ་གཞུང་གིས་ཆབ་སྲིད་དེ་འདྲ་ཞིག་ཁྲབ་ཀྱི་ཡོད་པ་རེད།

ངོ་དེབ་སོགས་སུ་ད་དུང་གནོད་འཚེ་འཐེབ་ཁུལ་གྱི་ས་ཁུལ་ལ་མྱུར་སྐྱོབ་སླེབས་པ་དང་། གསོན་པོ་ལྷག་པ་རྣམས་ལ་རོགས་མགོན་མེད་པར་དཀའ་ངལ་གྱི་གནས་སུ་ལྷུང་ཡོད་པ་གནས་ཡོད་པ་གསུང་བརྙན་ནང་མཐོང་བ་དང་། དེ་དག་མཐོང་དུས་དངོས་གནས་སེམས་སྡུག་ཚད་ཡོང་གི་ཡོད་ནའང་བྱ་ཐབས་བྲལ་བ་རེད། ཡང་དུས་བབ་ལས།  ད་ལྟ་རྒྱ་ནག་གཞུང་གིས་ས་ཡོམ་རྒྱག་ས་ལྟེ་བ་མཚོ་སྒོར་རོགས་སྐྱོར་བྱེད་བཞིན་པ་ཡོངས་གྲགས་ཐོག་ཁྱབ་བསྒྲགས་བྱེད་བཞིན་ཡོད་ཀྱང་། གྲམ་མཚོ་དང་ཉི་ཤར། ངམ་རིང་དང་ལྷ་རྩེ་སོགས་ས་ཁུལ་མང་པོར་མྱུར་སྐྱོབ་ཀྱི་མཚོན་པའི་རོགས་སྐྱོར་བྱེད་མཁན་མེད་པའི་དཀའ་ངལ་ཆེན་པོ་འཕྲད་བཞིན་པ་རེད། ད་དུང་སྒོ་རུང་གཙོས་པའི་གྲམ་མཚོའི་རྫོང་ཕུག་དགོན་པ་སོགས་ནས་མི་མང་པོ་འདས་གྲོངས་སུ་ཕྱིན་ཡོད་པའི་ཁར། མྱུར་སྐྱོབ་སོགས་ཀྱི་རོགས་སྐྱོར་གང་ཡང་སླེབས་མི་འདུག ཅེས་བརྗོད་བྱུང་། གང་ལྟར་རྒྱ་གཞུང་གིས་བོད་མིའི་ཚེ་སྲོག་ལ་སྣང་མེད་གཏོང་བཞིན་ཡོད་པ་གསལ་པོ་རེད་འདུག་ཅིང་། ཛ་དྲག་གནས་སྟངས་དེ་འདྲའི་སྐབས་སུ་མྱུར་སྐྱོབས་བྱེད་དགོས་པ་གལ་ཆེ་པོ་ཞིག་རེད། ས་ཡོམ་འོག་བསྣན་པ་རྣམས་ཚུ་ཚོད་དང་སྐར་མ་འགའ་ཤས་ནང་བཏོན་ཐུབ་པ་གནང་དགོས་པ་དེ་རེད། དེ་འདྲའི་མ་ཡིན་ཉིན་འགྱང་ཞག་ཕུད་བྱས་ནས་བསྡད་ན་ས་འོག་ནས་བསྣན་པ་གལ་སྲིད་གསོན་པ་ལྷག་ཡོད་པ་ཡིན་ན་ག་ལ་གསོན་པོ་གནས་ཐུབ་གཏན་ནས་མི་ཐུབ་པ་རེད།

ལྷག་པར་རྒྱ་གཞུང་གིས་བཤད་སྟངས་དེ་དག་ཡིད་ཆེས་བྱེད་ཁག་པོ་ཞིག་རེད། དེ་སྔོན་ཏོག་དབྱིབས་ནད་གདུག་ཁྱབ་གདབ་འགྲོ་དུས་རྒྱ་གཞུང་གིས་དྲང་པོ་བཤད་ཡོད་མ་རེད་ལ། ནད་གདུག་དེ་ག་འདྲ་བྱས་ཁྱབ་གདབ་ཕྱིན་པ་དྲང་པ་ཞིག་བཤད་ཡོད་མ་རེད། དེ་བཞིན་རྒྱ་ནག་ནང་ཁུལ་དུ་སྐབས་དེ་དུས་མི་ཤི་ཚད་ཀྱང་དྲང་པོ་ཞིག་བཤད་ཡོད་མ་རེད། ད་རེས་ཀྱང་བོད་ནང་ས་ཡོམ་གྱི་ཤུགས་ཚད་དེ་ཡང་དེ་བཞིན་དྲང་པོ་བཤད་ཀྱི་ཡོད་མ་རེད།

ད་ནི་འདས་ཟིན་པ་ནི་འདས་ཟིན་པ་རེད། དེ་ལས་མ་འོངས་པ་ས་ཡོམ་དེ་འདྲའི་བྱུང་དུས་དེ་དག་སྔོན་འགོག་བྱ་ཐབས་ཀྱི་ཐོག་ཏུ་བསམ་བློ་གཏོང་རྒྱུ་གལ་ཆེ་ཤོས་ཡིན་པ་རེད་སྙམ། དེ་ཡིན་དུས་ས་གནས་སོ་སོ་འགོ་ཁྲིད་ཚོས་འགན་འགན་ཡག་པོ་བཞེས་ནས་ས་ཡོམ་བརྒྱབ་སའི་ཤུལ་ལུས་མི་དེ་དག་སྡོད་ཁང་མཚན་ཉིད་ཚང་བ་བསྐྲུན་ཐུབ་དགོས་རྒྱུ་དེ་གལ་ཆེན་པོ་རེད། དེ་བཞིན་ས་གནས་གཞུང་གིས་ཁང་པ་བརྒྱབ་ས་དང་། མི་མང་འཚོ་བའི་ཐོག་ཏུ་རོགས་མགོན་གནང་བ་དེ་དག་མི་སེར་དཀྱུས་མ་དེ་དག་གི་ལག་ཏུ་འབྱོར་ཐུབ་པ་བྱ་རྒྱུ་དེ་ཡང་ས་གནས་ཀྱི་འགོ་ཁྲིད་ཚོས་ལས་འགན་ཆེ་ཤོས་རེད་སྙམ། མཐའ་དོན་རང་རེའི་ས་ཡོམ་འོག་ཏུ་འདས་གསོན་ཡོངས་མྱུར་དུ་དཀའ་སྡུག་གི་ལས་གྲོལ་བའི་སྨོན་འདུན་ཞུ། རང་རེའི་སྤུན་ཟླ་རྣམས། ཁྱེད་རྣམས་ལ་དཀའ་ངལ་བྱུང་སོང་། དངོས་གནས་དཀའ་ངལ་མྱོང་སོང་། དཀོན་མཆོག་གིས་ཐུགས་རྗེ་གཟིགས་དང་། ཞེས་པ་འདི་ནི་ཆབ་མདོ་ངག་ཕུན་གྱིས་ཕུལ། 

འབྲེལ་ཡོད་གསར་འགྱུར།

Mobile App

བུད་མེད་སྒེར་ལངས་ཐེངས་ ༦༧ པ་སྲུང་གཙི་ཞུས་སོང་།

ཆུ་ཚོད་ ༣ སྔོན་ལ།
རྟག་བརྟན་ལའི་བགྲོད་ལམ། བོད་ཀྱི་དུས་བབ་ཀྱི་པར། ༢༠༢༦།༣།༡༢
Uncategorized

ཆར་དུས་བསླེབ་རྒྱུར་ཟླ་གསུམ་ལྷག་ལས་མེད་པས་གཙུག་ལག་ཁང་གི་གཤམ་འོག་གཞུང་ལམ་ཞིག་གསོ་མ་ཐུབ་ན་འགྲོ་ལམ་རྦད་དེ་ཆད་ཉེན་འདུག

ཆུ་ཚོད་ ༤ སྔོན་ལ།
བོད་ཀྱི་ཟློས་གར་ཚོགས་པའི་ཚོགས་ཁང་དུ་རྒྱ་གར་རྒྱལ་ཡོངས་བོད་དོན་རྒྱབ་སྐྱོར་ཚོགས་པའི་ཚོགས་ཆེན་ཐེངས་བརྒྱད་པ་དབུ་འཛུགས་གནང་བཞིན་པ། ༢༠༢༦།༣།༡༢ དུས་བབ་གསར་ཁང་གི་པར།
Mobile App

སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་གིས་གལ་སྲིད་འཛམ་གླིང་ནང་ཞི་བདེ་དགོས་ན་རྒྱ་ནག་ནང་ཞི་བདེ་ཡོང་དགོས་ཞེས་གསུངས།

ཆུ་ཚོད་ ༤ སྔོན་ལ།
གསུམ་བཅུའི་དུས་དྲན་ཉིན་ཨོ་གླིང་གྲོས་ཚོགས་འོག་མའི་ནང་གྲོས་ཚོགས་འཐུས་མི་ཌི་ཝི་ཌི་སི་མི་ཐི་ལགས་ཀྱིས་བོད་དོན་ཐོག་གཏམ་བཤད་གནང་། པར་ཐད་གཏོང་ནས་བླངས།
Mobile App

ཨོ་གླིང་གྲོས་ཚོགས་ནང་བོད་དོན་ཐོག་གྲོས་འཆར་བཏོན།

ཆུ་ཚོད་ ༤ སྔོན་ལ།
རྒྱ་ནག་གིས་དྲག་གནོན་དང་། དེའི་རིགས་ལ་སྒྱུ་རྩལ་དང་གསར་འགོད་ལས་རིགས་བརྒྱུད་གདོང་ལེན་ཇི་འདྲ་བྱེད་ཀྱི་ཡོད་པའི་སྐོར་ལ་མཁས་པའི་གཏམ་བཤད་ལས་རིམ་འཚོག་བཞིན་པ། ༢༠༢༦།༣།༡༡ དུས་བབ་གསར་ཁང་གི་པར།
Mobile App

རྒྱ་ནག་གི་དྲག་གནོན་སྐོར་ལ་མཁས་པའི་གཏམ་བཤད་ཀྱི་ལས་རིམ་འཚོགས།

༢༠༢༦/༠༣/༡༡
The third plenary meeting of the fourth session of the 14th National Committee of the Chinese People's Political Consultative Conference (CPPCC) is held at the Great Hall of the People in Beijing, capital of China, March 8, 2026. (Xinhua/Cao Yiming)
Mobile App

ཕྱི་ཟླ་ ༩ པའི་བདུན་ཕྲག་བཞི་པ་དེ་མི་རིགས་མཐུན་སྒྲིལ་ཡར་སྐུལ་གྱི་བདུན་ཕྲག་ཏུ་གཏན་འབེབ་བྱ་འཆར་འདུག

༢༠༢༦/༠༣/༡༡

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese