མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

རྒྱ་གར་རྒྱལ་ཡོངས་ས་གཤིས་དཔྱད་རིག་ལྟེ་གནས་ཁང་གིས་ཞིས་ཙང་ཟེར་བའི་ཚབ་ཏུ་བོད་ཅེས་བསྒྱུར་བཅོས་བཏང་།

བོད་ཀྱི་དུས་བབ།
༢༠༢༥/༠༡/༢༩
Share on FacebookShare on TwitterShare on EmailShare on Whatsapp

བོད་མིའི་སྒྲིག་འཛུགས་ཀྱི་དང་བླངས་བོད་དོན་ཞུ་གཏུག་ལས་འགུལ་ཚོགས་པས་ཞུ་གཏུག་བྱས་པ་བརྒྱུད་རྒྱ་གར་རྒྱལ་ཡོངས་ས་གཤིས་དཔྱད་རིག་ལྟེ་གནས་ཁང་གིས་བོད་དིང་རི་རྫོང་གི་ས་ཡོམ་དང་འབྲེལ་བའི་སྙན་ཐོའི་ནང་བཀོད་པའི་ཞིས་ཙང་གི་ཚབ་ཏུ་བོད་ཅེས་ཐ་སྙད་ལ་བསྒྱུར་བཅོས་བཏང་ཡོད་འདུག

Tenzing Dhamdul (second right), Dr. O.P. Mishra (center), Director of NCS, and Tenzin Lhatso during their meeting on January 21, 2025 (Photo/V-TAG India)

རྒྱ་གར་རྒྱལ་ཡོངས་ས་གཤིས་དཔྱད་རིག་ལྟེ་གནས་ཁང་ (National Centre for Seismology) གིས། ཟླ་འདིའི་ཕྱི་ཚེས་ ༧ ཉིན་བོད་དིང་རི་རྫོང་དུ་ས་ཡོམ་ཤུགས་ཚད་ ༧།༡ བརྒྱབ་པའི་གནས་ཚུལ་དང་འབྲེལ་ནས་སྙན་ཐོ་ཞིག་བཏོན་པའི་ནང་། བོད་ཅེས་པའི་ཚབ་ཏུ་རྒྱ་ནག་གི་ཐ་སྙད་ཞིས་ཙང་ (Xizang) ཟེར་བ་བཀོལ་སྤྱོད་བྱས་པར་བརྟེན། ཟླ་འདིའི་ཕྱི་ཚེས་ ༢༡ ཉིན་བོད་མིའི་སྒྲིག་འཛུགས་ཀྱི་ཁྱབ་ཁོངས་སུ་ཡོད་པའི་དང་བླངས་བོད་དོན་ཞུ་གཏུག་ལས་འགུལ་ཚོགས་པའི་འབྲེལ་མཐུད་པ་བསྟན་འཛིན་ལྷ་མཚོ་ལགས་དང་། ཚོགས་མི་བསྟན་འཛིན་དགྲ་འདུལ་ལགས་གཉིས་ཀྱིས་རྒྱ་གར་རྒྱལ་ཡོངས་ས་གཤིས་དཔྱད་རིག་ལྟེ་གནས་ཁང་གི་འགན་འཛིན་ཨོམ་ (Om Prakash Mishra) ལགས་དང་དངོས་སུ་ཐུག་འཕྲད་ཀྱིས། བོད་ཅེས་པའི་ཚབ་ཏུ་ཞིས་ཙང་ཟེར་བའི་ཐ་སྙད་བེད་སྤྱོད་བྱས་པར་བསྒྱུར་བཅོས་དགོས་པའི་ཞུ་གཏུག་གནང་ཡོད་པ་ལྟར། ཁ་སང་ཕྱི་ཚེས་ ༢༨ ཉིན་རྒྱ་གར་གྱི་ས་གཤིས་དཔྱད་རིག་ལྟེ་གནས་ཁང་གི་འགན་འཛིན་ཨོམ་ལགས་ཀྱིས་བསྒྱུར་བཅོས་བྱ་རྒྱུའི་ངོས་ལེན་གནང་ཡོད་འདུག

དེ་འབྲེལ་བོད་མིའི་སྒྲིག་འཛུགས་ཀྱི་དང་བླངས་བོད་དོན་ཞུ་གཏུག་ལས་འགུལ་ཚོགས་པའི་སྤྱི་ཚོགས་དྲ་ལམ་ཨིན་སི་ཊ་གྷ་རམ་ (Instagram) སྟེང་། རྒྱ་གར་རྒྱལ་ཡོངས་ས་གཤིས་དཔྱད་རིག་ལྟེ་གནས་ཁང་གི་འགན་འཛིན་ཨོམ་ (Om Prakash Mishra) ལགས་ཀྱིས། རྒྱ་གར་གྱིས་མུ་མཐུད་དུ་བོད་ལ་རྒྱབ་སྐྱོར་བྱ་རྒྱུའི་ངོས་ལེན་གནང་བ་མ་ཟད། ད་ལན་ལྟེ་གནས་ཁང་གིས་ཁས་ལེན་གནང་བ་གཞིར་བཟུང་ཐ་སྙད་བསྒྱུར་བཅོས་གནང་བར་ཐུགས་ཆེ་གནང་ཞུ་རྒྱུ་དང་། དེ་ནི་བོད་ཀྱི་ལོ་རྒྱུས་དང་རིག་གཞུང་གི་ངོ་བོ་ལ་བསྐྱར་དུ་ངོས་འཛིན་གནང་བ་ཞིག་རེད། ཅེས་དང་། སུད་སི་དང་། ནི་ཐར་ལན་ཌི། ཨ་རི། དབྱིན་ཡུལ་སོགས་རྒྱལ་ཁབ་མང་པོས་བོད་ཅེས་པའི་ཚབ་ཏུ་ཞིས་ཙང་ཟེར་བའི་ཐ་སྙད་བེད་སྤྱོད་བྱེད་བཞིན་པ་དེ་བསྒྱུར་བཅོས་གནང་དགོས་པའི་འབོད་སྐུལ་ཞུ་རྒྱུ་ཡིན། ཞེས་བཀོད་འདུག

གཞན་ཡང་། གསར་འགྱུར་བརྒྱུད་ལམ་ཁག་ཏུ་གནས་ཚུལ་ཐོན་པའི་ནང་། དང་བླངས་བོད་དོན་ཞུ་གཏུག་ལས་འགུལ་ཚོགས་པའི་ཚོགས་མི་བསྟན་འཛིན་དགྲ་འདུལ་ལགས་ཀྱིས། འཛམ་གླིང་རྒྱལ་ཁབ་གཞན་དང་ཚོགས་སྡེ་ཁག་གིས་ཀྱང་རྒྱ་གར་ནས་དཔེ་བླངས་ཏེ་བོད་ཅེས་པའི་ཚབ་ཏུ་ཞིས་ཙང་ཟེར་བའི་ཐ་སྙད་བེད་སྤྱོད་གཏོང་མཚམས་འཇོག་དགོས་པའི་འབོད་སྐུལ་ཞུ་རྒྱུ་ཡིན། ཞེས་དང་། བོད་མི་རྣམས་མཉམ་རུབ་ཀྱིས་བོད་དོན་ལས་འགུལ་སྤེལ་དགོས་ལ། ང་ཚོ་བོད་ནང་གི་བོད་མི་རྣམས་ཀྱི་སྐུ་ཚབ་ཡིན་ཞིང་། ང་ཚོས་དང་བླངས་ཀྱི་ཐོག་ནས་བོད་དོན་ལས་འགུལ་ཆུང་ཆུང་ཞིག་སྤེལ་བ་དེས་འགྱུར་བ་གཏོང་ཐུབ་པ་དང་། ས་ཕྱོགས་གང་སར་ཁྱབ་སྤེལ་རྒྱ་ཆེར་འགྲོ་ཐུབ་ངེས་རེད། ཅེས་སོགས་བརྗོད་འདུག

རྒྱ་གར་རྒྱལ་ཡོངས་ས་གཤིས་དཔྱད་རིག་ལྟེ་གནས་ཁང་གིས། ཟླ་འདིའི་ཕྱི་ཚེས་ ༧ ཉིན་བོད་ལ་སྟོད་དིང་རིའི་ཁུལ་དུ་ས་ཡོམ་ཚད་རིམ་ ༧།༡ བྱུང་བ་དང་འབྲེལ་བའི་སྙན་ཐོ་ཞིག་བཏོན་ཡོད་པའི་ནང་། བོད་ཅེས་པའི་ཚབ་ཏུ་ཞིས་ཙང་ཟེར་བའི་ཐ་སྙད་ཐེངས་ ༥༨ ཙམ་བེད་སྤྱོད་བྱས་ཡོད་སྟབས། བོད་མིའི་སྒྲིག་འཛུགས་ཀྱི་དང་བླངས་ཞུ་གཏུགས་ལས་འགུལ་བས་ཞུ་གཏུགས་རིམ་པ་བྱས་མཐར། ཁ་སང་ཕྱི་ཚེས་ ༢༨ ཉིན་ལྟེ་གནས་ཁང་དེས་ཞིས་ཙང་ཟེར་བའི་ཐ་སྙད་བེད་སྤྱོད་ཀྱི་ཚབ་ཏུ་བོད་ཅེས་བྲིས་ནས་བསྒྱུར་བཅོས་བཏང་ཡོད་འདུག

གསར་འགོད་པ། བསྟན་འཛིན་ཕུར་བུ། རྩོམ་སྒྲིག་བྱེད་མཁན། སྐལ་བཟང་སྦྱིན་པ།

འབྲེལ་ཡོད་གསར་འགྱུར།

Mobile App

བུད་མེད་སྒེར་ལངས་ཐེངས་ ༦༧ པ་སྲུང་གཙི་ཞུས་སོང་།

སྐར་མ ༢༡ སྔོན་ལ།
རྟག་བརྟན་ལའི་བགྲོད་ལམ། བོད་ཀྱི་དུས་བབ་ཀྱི་པར། ༢༠༢༦།༣།༡༢
Uncategorized

ཆར་དུས་བསླེབ་རྒྱུར་ཟླ་གསུམ་ལྷག་ལས་མེད་པས་གཙུག་ལག་ཁང་གི་གཤམ་འོག་གཞུང་ལམ་ཞིག་གསོ་མ་ཐུབ་ན་འགྲོ་ལམ་རྦད་དེ་ཆད་ཉེན་འདུག

སྐར་མ ༥༨ སྔོན་ལ།
བོད་ཀྱི་ཟློས་གར་ཚོགས་པའི་ཚོགས་ཁང་དུ་རྒྱ་གར་རྒྱལ་ཡོངས་བོད་དོན་རྒྱབ་སྐྱོར་ཚོགས་པའི་ཚོགས་ཆེན་ཐེངས་བརྒྱད་པ་དབུ་འཛུགས་གནང་བཞིན་པ། ༢༠༢༦།༣།༡༢ དུས་བབ་གསར་ཁང་གི་པར།
Mobile App

སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་གིས་གལ་སྲིད་འཛམ་གླིང་ནང་ཞི་བདེ་དགོས་ན་རྒྱ་ནག་ནང་ཞི་བདེ་ཡོང་དགོས་ཞེས་གསུངས།

སྐར་མ ༥༩ སྔོན་ལ།
གསུམ་བཅུའི་དུས་དྲན་ཉིན་ཨོ་གླིང་གྲོས་ཚོགས་འོག་མའི་ནང་གྲོས་ཚོགས་འཐུས་མི་ཌི་ཝི་ཌི་སི་མི་ཐི་ལགས་ཀྱིས་བོད་དོན་ཐོག་གཏམ་བཤད་གནང་། པར་ཐད་གཏོང་ནས་བླངས།
Mobile App

ཨོ་གླིང་གྲོས་ཚོགས་ནང་བོད་དོན་ཐོག་གྲོས་འཆར་བཏོན།

ཆུ་ཚོད་ ༡ སྔོན་ལ།
རྒྱ་ནག་གིས་དྲག་གནོན་དང་། དེའི་རིགས་ལ་སྒྱུ་རྩལ་དང་གསར་འགོད་ལས་རིགས་བརྒྱུད་གདོང་ལེན་ཇི་འདྲ་བྱེད་ཀྱི་ཡོད་པའི་སྐོར་ལ་མཁས་པའི་གཏམ་བཤད་ལས་རིམ་འཚོག་བཞིན་པ། ༢༠༢༦།༣།༡༡ དུས་བབ་གསར་ཁང་གི་པར།
Mobile App

རྒྱ་ནག་གི་དྲག་གནོན་སྐོར་ལ་མཁས་པའི་གཏམ་བཤད་ཀྱི་ལས་རིམ་འཚོགས།

ཆུ་ཚོད་ ༢༢ སྔོན་ལ།
The third plenary meeting of the fourth session of the 14th National Committee of the Chinese People's Political Consultative Conference (CPPCC) is held at the Great Hall of the People in Beijing, capital of China, March 8, 2026. (Xinhua/Cao Yiming)
Mobile App

ཕྱི་ཟླ་ ༩ པའི་བདུན་ཕྲག་བཞི་པ་དེ་མི་རིགས་མཐུན་སྒྲིལ་ཡར་སྐུལ་གྱི་བདུན་ཕྲག་ཏུ་གཏན་འབེབ་བྱ་འཆར་འདུག

ཆུ་ཚོད་ ༢༣ སྔོན་ལ།

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese