མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

༧སྐུའི་གཅེན་པོ་རྒྱ་ལོ་དོན་གྲུབ་མཆོག་དགོངས་པ་རྫོགས་པར་ཐུགས་སྨོན་མཛད།

བོད་ཀྱི་དུས་བབ།
༢༠༢༥/༠༢/༡༠
Share on FacebookShare on TwitterShare on EmailShare on Whatsapp

༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་གི་དབུས་བོད་གཞུང་མང་གཉིས་ནས་འཛམ་གླིང་ཡུལ་གྲུ་གང་སར་༧སྐུའི་གཅེན་པོ་རྒྱ་ལོ་དོན་གྲུབ་མཆོག་དགོངས་པ་རྫོགས་པར་མཆོད་འབུལ་སྨོན་ལམ་ཚོགས་ཀྱིན་འདུག

དགའ་ལྡན་ཕོ་བྲང་གི་སྐུ་པར། ༢༠༢༥།༡།༩

ཁ་སང་ཕྱི་ཚེས་ ༩ ཉིན་༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ཆོས་སྡེ་ཆེན་པོ་བཀྲ་ཤིས་ལྷུན་པོའི་ཆོས་གྲྭའི་ནང་༧སྐུའི་གཅེན་པོ་རྒྱ་ལོ་དོན་གྲུབ་མཆོག་གི་འདས་མཆོད་ལ་དབུ་བཞུགས་ཀྱིས་བཀའ་སློབ་སྩལ་བའི་ནང་། ངོས་ཀྱི་གཅེན་པོ་རྒྱ་ལོ་དོན་གྲུབ་འདས་གྲོངས་སུ་ཕྱིན་པ་རེད། དེའི་འདས་མཆོད་དུ་འདིར་ཚོགས་ཞུགས་ཀྱི་དགེ་འདུན་པ་རྣམས་ལ་བསྙེན་བཀུར་བྱས་ནས་དམིགས་ཡུལ་གཙོ་བོ་དེ། ངོས་ཀྱི་གཅེན་པོ་རྒྱ་ལོ་དོན་གྲུབ་ཀྱིས་ཧུར་ཐག་འབད་ཐག་བྱས་པ་རེད། སྙིང་རྗེ། ཧ་ལས་པའི་སེམས་ཤུགས་དང་སྙིང་སྟོབས་ཆེན་པོ་རེད། དེ་རིང་འདིར་འདས་མཆོད་བསྙེན་བཀུར་བྱས་ཏེ་ངོས་ཀྱི་གཅེན་པོ་རྒྱལ་ལོ་དོན་གྲུབ་རིམ་བཞིན་སྐྱེ་གནས་བཟང་པོ་ཞིག་དང་། བོད་རིགས་རང་དུ་སྐྱེ་བ་དང་། དེའི་ནང་ནས་བོད་ཀྱི་བསྟན་པ་ཆབ་སྲིད་ལ་ཞབས་འདེགས་སྒྲུབ་མཁན་ཞིག་རྒྱུན་མཐུད་ནས་ཡོང་ཐུབ་པར་ཁོང་གིས་སྨོན་ལམ་བརྒྱབ་པ་དང་འདོད་པ་ཡོད་པ་རེད། ངོས་ཀྱི་ངོས་ནས་ཀྱང་སྨོན་ལམ་དེ་རྒྱག་གི་ཡོད། ཁོང་ལ་ཚེ་རབས་མང་པོར་༧རྒྱལ་བ་རིན་པོ་ཆེའི་འཁྲིས་ལ་བསྡད་དེ་ཞབས་འདེགས་སྒྲུབ་པའི་སྨོན་ལམ་དང་སེམས་ཤུགས་ཡོད་པ་རེད། དེར་བརྟེན། དེ་ལྟ་བུའི་སྨོན་ལམ་སྟོབས་ཆེན་པོ་དེ་འགྲུབ་པར་ཚང་མས་སྐྱབས་འཇུག་གནང་རོགས་ཞུ་རྒྱུ་ཡིན། ཞེས་གསུངས།

དེ་རིང་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་གིས། བོད་མིའི་སྒྲིག་འཛུགས་དང་བོད་མི་ཡོངས་ཀྱི་ཚབ་ཞུས་ཏེ་༧སྐུའི་གཅེན་པོ་རྒྱ་ལོ་དོན་གྲུབ་མཆོག་དགོངས་པ་རྫོགས་པར་གདུང་སེམས་མཉམ་སྐྱེད་ཞུ་རྒྱུ་དང་། ཁོང་ནི་བོད་མི་རིགས་ཀྱི་ལོ་རྒྱས་དང་བོད་དོན་ཐོག་མཛད་རྗེས་རླབས་ཆེན་འཇོག་མཁན་ཞིག་ཡིན་ལ། ཁོང་གི་མཛད་རྗེས་ཀྱིས་མ་འོངས་པའི་མི་རབས་རྣམས་ལ་སེམས་ཤུགས་སྤར་ངེས་རེད། ཁོང་ཉིད་མྱུར་དུ་སྐྱེ་བ་བླངས་ཏེ་མཛད་རྗེས་རྒྱུན་སྐྱོང་ཡོང་བའི་སྨོན་འདུན་ཞུ་རྒྱུ་ཡིན། ཞེས་གསུངས་འདུག ཟླ་འདིའི་ཕྱི་ཚེས་ ༨ ཉིན་བཀའ་བློན་ཁྲི་ཟུར་རྒྱ་ལོ་དོན་གྲུབ་མཆོག་སྐུ་ཚེའི་འཕེན་པ་རྫོགས་པ་དང་། བོད་མིའི་སྒྲིག་འཛུགས་ཀྱི་བདེ་སྲུང་བཀའ་བློན་རྒྱ་རི་སྒྲོལ་མ་མཆོག་ས་གནས་སུ་ཕེབས་ཏེ་གདུང་སེམས་མཉམ་སྐྱེད་ཞུས་པ་མ་ཟད། ཕྱི་ཚེས་ ༩ ཉིན་བོད་མིའི་སྒྲིག་འཛུགས་ཀྱི་སྐུ་ཚབ་བདེ་སྲུང་བཀའ་བློན་རྒྱ་རི་སྒྲོལ་མ་མཆོག་གིས་ཞིང་གཤེགས་བཀའ་ཁྲི་ཟུར་མཆོག་གི་སྐུ་ཕུང་ལ་བོད་ཀྱི་རྒྱལ་དར་སྒྲོན་གནང་འདུག

བོད་མི་མང་སྤྱི་འཐུས་ཚོགས་གཙོ་མཁན་པོ་བསོད་ནམས་བསྟན་འཕེལ་མཆོག་གིས། ༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་གི་གཅེན་པོ་རྒྱ་ལོ་དོན་གྲུབ་མཆོག་སྐུ་ཚེ་མ་ཟིན་པའི་གནས་ཚུལ་ཐོས་པར་གདུང་སེམས་མཉམ་སྐྱེད་ཞུ་ཡི་ཡོད། ཁོང་གི་སྐུ་ཚེ་ཧྲིལ་པོར་བོད་དོན་འཐབ་རྩོད་ཆེད་དུ་བཏང་བར་བཀའ་དྲིན་རྗེས་དྲན་ཞུ་རྒྱུ་དང་། ཁོང་གི་མཛད་རྗེས་དེས་བོད་ཀྱི་བདེན་མཐའ་གསལ་སླད་ང་ཚོར་དྲང་བདེན་དང་རང་དབང་གི་འཐབ་རྩོད་བྱེད་པར་མུ་མཐུད་དུ་སེམས་ཤུགས་སྤེལ་ངེས་རེད། དམ་པ་ཁོང་གི་རྣམ་ཤེས་ལ་བར་ཆད་མི་ཡོང་བའི་སྨོན་ལམ་ཡོད། ཅེས་གསུངས་འདུག

དེ་བཞིན། དེ་རིང་ཕྱི་ཚེས་ ༡༠ ཉིན་བཞུགས་སྒར་ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་དུ་སྐྱབས་གནས་དགེ་འདུན་གྱི་སྡེ་དབུ་བཞུགས་ཐོག་བཀའ་ཟུར་རྒྱ་ལོ་དོན་གྲུབ་མཆོག་གི་ཆེད་དུ་མཆོད་འབུལ་སྨོན་ལམ་ཚོགས་ཀྱིན་འདུག་ལ། ཉིན་རྒྱབ་ཏུ་བོད་མིའི་སྒྲིག་འཛུགས་ཀྱི་སྲི་ཞུའི་ལས་བྱེད་ཡོངས་ནས་མཆོད་འབུལ་སྨོན་ལམ་འཚོགས་རྗེས། དམ་པ་ཁོང་ལ་མྱ་ངན་མཚོན་ཆེད་བོད་མིའི་སྒྲིག་འཛུགས་ཀྱིས་ཉིན་ཕྱེད་རིང་ལས་མཚམས་འཇོག་རྒྱུ་བྱས་འདུག འཛམ་གླིང་ཡུལ་གྲུ་གང་སར་གནས་པའི་བོད་མི་རྣམས་དང་ལྷག་པར་དུ་བོད་ནང་གི་བོད་མི་ཚོས་ཀྱང་རང་རང་གི་སྤྱི་ཚོགས་བརྒྱུད་ལམ་ཁག་ཏུ་དམ་པོ་ཁོང་ལ་མྱ་ངན་རྗེས་དྲན་གྱི་ཞུ་ཚིག་སོགས་བྲིས་ནས་སེམས་ཚོར་གནང་མཁན་མང་པོ་འདུག

༧སྐུའི་གཅེན་པོ་རྒྱ་ལོ་དོན་གྲུབ་མཆོག་ནི་ཕྱི་ལོ་ ༡༩༢༨ ལོར་མདོ་སྨད་སྟག་འཚེར་དུ་སྐུ་འཁྲུངས་ཤིང་། སྐུ་ན་ཆུང་བའི་དུས་ནས་རྒྱ་ནག་ནང་སློབ་གཉེར་གནང་བར་ཕེབས། རྒྱ་དམག་གིས་བོད་ཤར་ཕྱོགས་ནས་བཙན་འཛུལ་བྱེད་མགོ་བཙུགས་རྗེས། རྒྱུ་རྐྱེན་འདྲ་མིན་གྱི་ཐོག་ནས་ཁོང་བོད་དུ་ཕྱིར་ཕེབས་མ་ཐུབ་པར་རྒྱ་གར་དུ་ཕེབས་དགོས་བྱུང་། རྒྱ་གར་དུ་བཞུགས་སྐབས་ཨ་རིའི་དབུས་གསང་བའི་ལས་ཁུངས་ལ་ཐོག་མར་འབྲེལ་བ་བྱུང་ཞིང་། དེའི་རྗེས་ལོ་རབས་ལྔ་བཅུའི་མགོ་སྟོད་དུ་ཨ་རིའི་དབུས་གསང་བའི་ལས་ཁུངས་ཀྱིས་བོད་མི་འཐབ་རྒོལ་བ་བརྒྱ་ཕྲག་ལ་གསང་བའི་ཐོག་ནས་སྦྱོང་བརྡར་སྤྲད།

ཕྱི་ལོ་ ༡༩༥༩ ལོར་༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་བོད་ནས་རྒྱ་གར་དུ་བཙན་བྱོལ་དུ་མ་ཕེབས་གོང་ནས་༧སྐུའི་གཅེན་པོ་རྒྱལ་ལོ་དོན་གྲུབ་མཆོག་དང་རྒྱ་གར་གཞུང་དབར་འབྲེལ་བ་ཡོད་ལ། ༧གོང་ས་མཆོག་རྒྱ་གར་དུ་ཞབས་སོར་འཁོད་སྐབས་རྒྱ་གར་གྱི་སྲིད་བློན་ནེ་རུ་མཆོག་གི་དབུས་རྒྱ་གར་དབུས་གཞུང་གི་དཔོན་རིགས་རྣམས་དང་འབྲེལ་བ་ཞུ་རྒྱུའི་ཐུགས་འགན་གཙོ་བོ་བཞེས། དེ་བཞིན་ལོ་རབས་ལྔ་བཅུའི་མཇུག་དང་དྲུག་ཅུའི་ནང་འཛམ་གླིང་མཉམ་འབྲེལ་རྒྱལ་ཚོགས་ཀྱི་ནང་བོད་དོན་ཞུ་གཏུག་གནང་རྒྱུའི་ཕྱག་ལས་ཤུགས་ཆེ་གནང་ཞིང་། ཨ་རིའི་གཞུང་གིས་ཀྱང་རྒྱབ་སྐྱོར་ཤུགས་ཆེན་གནང་ཡོད་ལ། བོད་དོན་ཐད་འཛམ་གླིང་མཉམ་འབྲེལ་རྒྱལ་ཚོགས་ནང་ལོ་རྒྱུས་རང་བཞིན་ལྡན་པའི་གྲོས་ཆོད་ཁག་གསུམ་བཞག

ཕྱི་ལོ་ ༡༩༧༦ ལོར་མའོ་ཙེ་ཏུང་འདས་གྲོངས་སུ་ཕྱིན་རྗེས་རྒྱ་ནག་ནང་མགོ་ཁྲིད་ལ་འགྱུར་བ་ཆེན་པོ་ཞིག་ཕྱིན་ཏེ། ཏིང་ཞའོ་ཕིང་གིས་ཧོང་ཀོང་ནང་ཡོད་པའི་རྒྱ་ནག་གཞུང་འབྲེལ་ཤིན་ཧྭ་གསར་ཁང་བརྒྱུད་༧སྐུའི་གཅེན་པོ་རྒྱ་ལོ་དོན་གྲུབ་མཆོག་ལ་འབྲེལ་བ་ཞུས་ཤིང་།  ༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་གི་བཀའ་འཁྲོལ་འོག་ཕྱི་ལོ་ ༡༩༧༩ ལོར་རྒྱ་ནག་གི་རྒྱལ་ས་པེ་ཅིན་དུ་ཆེད་ཕེབས་ཀྱིས་ཏིང་ཞའོ་ཕིང་དང་མཇལ་འཕྲད་ཐོག་མ་དེ་གནང་ཡོད། ཕྱི་ལོ་ ༡༩༩༡ ལོར་༧གོང་ས་མཆོག་གིས་བཙན་བྱོལ་བོད་མིའི་བཅའ་ཁྲིམས་ལ་བསྐྱར་བཅོས་གནང་རྗེས། ༧སྐུའི་གཅེན་པོ་རྒྱ་ལོ་དོན་གྲུབ་མཆོག་གིས་བོད་མིའི་སྒྲིག་འཛུགས་ཀྱི་བཀའ་བློན་ཁྲི་པའི་མཛད་འགན་བཞེས། ཕྱི་ལོ་ ༡༩༩༣ ནས་ ༡༩༩༦ བར་བདེ་སྲུང་བཀའ་བློན་གྱི་མཛད་འགན་བཞེས།

གསར་འགོད་པ། བསྟན་འཛིན་ཕུར་བུ། རྩོམ་སྒྲིག་བྱེད་མཁན། སྐལ་བཟང་སྦྱིན་པ།

འབྲེལ་ཡོད་གསར་འགྱུར།

TTTT
Mobile App

གཞུང་ཆེན་རིས་མེད་བགྲོ་གླེང་སྟེང་ཤེར་ཕྱིན་གྱི་གཞུང་ལུགས་ཐོག་བགྲོ་གླེང་གནང་བཞིན་འདུག

ཆུ་ཚོད་ ༣ སྔོན་ལ།
Photo: Tenzin Choephag
Mobile App

རྒྱལ་ཡུམ་ཆེན་མོའི་དྲན་རྟེན་གསེར་གྱི་གཟེངས་རྟགས་ཀྱི་རྐང་སྤོལ་འགྲན་བསྡུར་ཐེངས་ ༣༡ པ་དབུ་འཛུགས། 

ཆུ་ཚོད་ ༥ སྔོན་ལ།
Mobile App

དེབ་ཀྱི་ཚོང་བྲིན་ལས་བརྗོད་བྱའི་ནང་དོན་ལ་བལྟ་རྒྱུ་གནད་འགག་ཆེན་པོ་རེད།

༢༠༢༦/༠༤/༠༣
Mobile App

ཨིན་བོད་འབྲེལ་ལམ་དང་སར་སྦེ་སིལ་སྒུལཌ་ཞེས་པའི་དུས་ཐུང་འགྲེམས་སྟོན་དབུ་འབྱེད་གནང་།

༢༠༢༦/༠༤/༠༣
A large crowd walks in a market area outside Dadar station in Mumbai, India, Friday, March 17, 2023. [AP Photo/Rajanish Kakade]
Mobile App

རྒྱ་གར་གྱིས་མི་འབོར་གྲངས་བཤེར་བྱེད་མགོ་བཙུགས། 

༢༠༢༦/༠༤/༠༢
NASA's Artemis II mission to fly by the moon, comprising of the Space Launch System (SLS) rocket with the Orion crew capsule, lifts off from the Kennedy Space Center in Cape Canaveral, Florida, U.S., April 1, 2026. REUTERS/Joe Skipper Purchase Licensing Rights
Mobile App

ཨ་རིས་ཟླ་བའི་སྟེང་མཁའ་འགྲུལ་བ་བཞི་བཏང་།

༢༠༢༦/༠༤/༠༢

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese