མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

ཆུ་ཚོད་ཉེར་བཞིའི་རིང་ཟས་བཅད་ངོ་རྒོལ་གྱི་ལས་འགུལ་སྤེལ་བཞིན་འདུག  

བོད་ཀྱི་དུས་བབ།
༢༠༢༥/༠༨/༢༡
Share on FacebookShare on TwitterShare on EmailShare on Whatsapp

ནེའུ་ཡོག་བོད་རང་བཙན་སློབ་ཕྲུག་ཚོགས་པས་ད་ལྟ་ཞི་ཅིན་ཕིན་བོད་ཀྱི་རྒྱལ་ས་ལྷ་སར་ཡོང་ནས་བོད་ནང་གི་འཛུགས་སྐྲུན་དྲིལ་བསྒྲགས་བྱེད་མུས་ཡིན་ཡང་དཔའ་མཛངས་ལྡན་པའི་མགོན་པོ་སྐྱིད་ལགས་ཀྱིས་བོད་ཀྱི་རྒྱལ་ས་ལྷ་ས་ནས་བོད་ནང་གི་དངོས་ཡོད་ཀྱི་གནས་སྟངས་གསལ་སྟོན་བྱས་ཡོད་སྐོར་བརྗོད་འདུག

ནེའུ་ཡོག་བོད་རང་བཙན་སློབ་ཕྲུག་ཚོགས་པས་ས་གནས་རྒྱ་ནག་གཞུང་ཚབ་ཁང་གི་མདུན་དུ་ངོ་རྒོལ་བྱེད་བཞིན་པ། ༢༠༢༥།༨།༢༠

ཟླ་འདིའི་ཕྱི་ཚེས་ ༡༨ ཉིན་ཆབ་སྲིད་བཙོན་པ་ཚོང་དཔོན་རྡོ་རྗེ་བཀྲ་ཤིས་ལགས་ཀྱིས་གཅེན་མོ་མགོན་པོ་སྐྱིད་ལགས་ཀྱིས་བོད་ཀྱི་རྒྱལ་ས་ལྷ་སར་རང་སྲོག་གཅོད་གྲབས་ཀྱིས་རྒྱ་ནག་གཞུང་ལ་ངོ་རྒོལ་ལས་འགུལ་སྤེལ་ཡོད་པ་ལྟར། དེ་རིང་ཨ་རིའི་ནེའུ་ཡོག་གི་བོད་རང་བཙན་སློབ་ཕྲུག་ཚོགས་པའི་ཚོགས་མི་ཁག་ཅིག་དང་བོད་རིགས་གཞོན་སྐྱེས་ཁག་ཅིག་གིས། ནེའུ་ཡོག་རྒྱ་ནག་གཞུང་ཚབ་ཁང་གི་ཕྱི་རོལ་དུ་བོད་ཀྱི་ཕྱུག་བདག་ཆེན་མོ་རྡོ་རྗེ་བཀྲ་ཤིས་ལགས་གང་མགྱོགས་ཀློད་གྲོལ་དང་། གཅེན་གཅུང་གཉིས་གང་མགྱོགས་ཐུག་འཕྲད་བྱ་འཇུག་དགོས་པའི་དགོས་འདུན་འོག་ཆུ་ཚོད་ཉེར་བཞིའི་རིང་ཟས་བཅད་ངོ་རྒོལ་གྱི་ལས་འགུལ་ཞིག་སྤེལ་མུས་ཡིན་འདུག 

ཟས་བཅད་ངོ་རྒོལ་གྱི་ལས་འགུལ་མགོ་འཛུགས་བྱེད་སྐབས་ཨ་རིའི་བོད་རང་བཙན་སློབ་ཕྲུག་ཚོགས་པའི་ལས་འགུལ་འགན་འཛིན་བསྟན་འཛིན་སྨིན་ལེགས་ལགས་ཀྱིས་ངོ་དེབ་ཐད་གཏོང་བརྒྱུད། དེ་རིང་ཞོགས་པ་ང་ཚོ་གཉིད་ལས་སད་དུས། མགོན་པོ་སྐྱིད་ལགས་ཀྱི་བརྙན་ཐུང་ཞིག་མཐོང་བའི་ནང་། ཁོང་མོས་དགོས་འདུན་གཙོ་བོ་དེ། ཁོང་མོའི་སྤུན་མཆེད་རྡོ་རྗེ་བཀྲ་ཤིས་ལགས་མི་ལོ་བཅུ་བཞི་བཅོ་ལྔ་ཙམ་རྒྱ་ནག་གཞུང་གིས་བཙོན་འཇུག་བྱས་ཏེ། ཕན་ཚུན་མཐོང་ཡ་རག་མེད་པ་རེད། དེ་བཞིན་རྒྱ་ནག་གཞུང་གིས་ཁོང་མོར་ཉེས་རྡུང་དང་མཐོང་ཆུང་བྱེད་ཀྱིན་འདུག་པས། ང་ཚོ་ནེའུ་ཡོག་གི་གཞོན་སྐྱེས་ཚོས་གཅིག་མ་བྱས་ན་མི་འགྲིག་པའི་ཚོར་བ་ཞིག་བྱུང་། ད་ལྟ་ང་ཚོ་རྒྱ་ནག་གཞུང་ཚབ་ཁང་གི་ཕྱི་རོལ་དུ་ཡོད། ང་ཚོས་ཆུ་ཚོད་ཉེར་བཞིའི་རིང་ཁ་ལག་མ་ཟ་ནས་བསྡད་དེ། ང་ཚོ་བོད་མི་ཚང་མ་མགོན་པོ་སྐྱིད་དང་། རྡོ་རྗེ་བཀྲ་ཤིས་མཉམ་དུ་ཡོད། ཅེས་བརྗོད་འདུག 

ཡང་ཁོང་མོས། ད་ལྟ་རྒྱ་ནག་གཞུང་གི་མགོ་ཁྲིད་ཞི་ཅིན་ཕིན་ཡང་བོད་ཀྱི་རྒྱལ་ས་ལྷ་སར་ཡོང་སྟེ། རྒྱ་ནག་གཞུང་གིས་འདས་པའི་མི་ལོ་དྲུག་ཅུའི་རིང་བོད་རང་སྐྱོང་ལྗོངས་ཟེར་བའི་ནང་འཛུགས་སྐྲུན་དང་འཚོ་བ་ཡར་སྐྱེད་བཏང་ཡོད་ལུགས་ཀྱི་དམར་པོའི་དྲིལ་བསྒྲགས་ཤིག་བྱེད་མུས་ཡིན་ཡང་། དཔའ་མཛངས་ལྡན་པའི་མགོན་པོ་སྐྱིད་ཀྱིས་བོད་ཀྱི་རྒྱལ་ས་ལྷ་ས་ནས་བོད་ནང་གི་དངོས་ཡོད་ཀྱི་གནས་སྟངས་དང་། རྒྱ་ནག་གཞུང་གིས་བོད་ནང་ཇི་ལྟར་དྲག་གནོན་བྱེད་མུས་ཡིན་པའི་ཐད་གསལ་སྟོན་བྱེད་མུས་ཡིན་སྟབས། ཨ་རིའི་ནེའུ་ཡོག་གི་བོད་རང་བཙན་སློབ་ཕྲུག་ཚོགས་པའི་ཚོགས་མི་ཁག་ཅིག་གིས། བོད་ཀྱི་ཕྱུག་བདག་ཆེན་མོ་རྡོ་རྗེ་བཀྲ་ཤིས་ལགས་དང་། མགོན་པོ་སྐྱིད་ལགས། དེ་བཞིན་རྒྱ་ནག་གཞུང་གི་བཙན་གནོན་འོག་ཡོད་པའི་བོད་མི་རྣམས་ཀྱི་ཆེད་དུ་ཟས་བཅད་ངོ་རྒོལ་བྱེད་ཀྱི་ཡོད་སྐོར་བརྗོད་འདུག

བོད་ཀྱི་ཆབ་སྲིད་བཙོན་པ་རྡོ་རྗེ་བཀྲ་ཤིས་ཀྱི་གཅེན་མོ་མགོན་པོ་སྐྱིད་གཡག་མགྲོན་ཁང་གི་ཉིས་ཐོག་ནས་མཆོངས། ༢༠༢༥།༠༨།༢༠

ཡང་ཨ་རིའི་བོད་རང་བཙན་སློབ་ཕྲུག་ཚོགས་པའི་འགན་འཛིན་པདྨ་སྒྲོལ་མ་ལགས་ཀྱིས་ཐད་གཏོང་བརྒྱུད། ད་ལན་ནེའུ་ཡོག་བོད་རང་བཙན་སློབ་ཕྲུག་ཚོགས་པའི་ཟས་བཅད་ངོ་རྒོལ་གྱི་ལས་འགུལ་སྤེལ་དགོས་པའི་ཐག་གཅོད་བྱུང་རྗེས། ས་གནས་བོད་རིགས་ན་གཞོན་མང་པོ་ཞིག་གིས་མགྲིན་གཅིག་གིས་རྒྱབ་སྐྱོར་དང་ལས་འགུལ་ཁྲོད་མཉམ་ཞུགས་ཀྱིས། ད་བར་ཆུ་ཚོད་བཅུ་བཞིིའི་རིང་ནེའུ་ཡོག་རྒྱ་ནག་གཞུང་ཚབ་ཁང་གི་ཕྱི་རོལ་དུ་ཟས་བཅད་ངོ་རྒོལ་གནང་བར་བསྔགས་བརྗོད་ཞུ་འོས་པ་ཞིག་ཡིན་པའི་ཁར། ལས་འགུལ་ཁྲོད་མཉམ་ཞུགས་བྱེད་མཁན་ཁག་ཅིག་ནི་རང་ལོ་བཅོ་བརྒྱད་བཅུ་དགུ་ཙམ་ཡིན་ཡང་། ཆེད་དུ་སེམས་ཤུགས་སྐྱེད་ནས་ལས་འགུལ་ཁྲོད་མཉམ་ཞུགས་བྱས་ཡོད་སྟབས། བོད་ནང་གི་བོད་མི་རྣམས་ལའང་སེམས་ཤུགས་རྟག་ཏུ་ཆག་མི་ཉན་པའི་རེ་སྐུལ་ཞུས་སོང་། 

བོད་ཀྱི་ཕྱུག་བདག་ཆེན་མོ་རྡོ་རྗེ་བཀྲ་ཤིས་ལགས་ཀྱི་གཅེན་མོ་མགོན་པོ་སྐྱིད་ལགས་ཀྱིས་བོད་རང་སྐྱོང་ལྗོངས་འབྲིང་རིམ་མི་མང་ཁྲིམས་ཁང་ཟེར་བ་དེས་རྡོ་རྗེ་བཀྲ་ཤིས་ལགས་ལ་དྲང་བདེན་མིན་པའི་ཁྲིམས་ཐག་བཅད་པར་བསྐྱར་དུ་ཁྲིམས་ཞིབ་དགོས་པའི་ཞི་བའི་འབོད་སྐུལ་ལས་འགུལ་ཐེངས་མང་སྤེལ་ཏེ། རྒྱ་གཞུང་ཉེན་རྟོག་པས་ཁོང་མོར་གཅར་རྡུང་བཀག་ཉར་དང་བཙན་གྱིས་ཕ་ཡུལ་བསྐྱལ་བ་སོགས་བྱས་ཏེ་ཉེན་བརྡ་ཐེངས་མང་བཏང་ཡོད་ཀྱང་། མགོན་པོ་སྐྱིད་ལགས་ཀྱིས་དཔའ་ངར་ཞུམ་མེད་ཀྱིས་ཞུ་འབོད་ལས་འགུལ་སྤེལ་ཡོད་པར་བརྟེན། ཟླ་འདིའི་ཕྱི་ཚེས་ ༡༩ ཉིན་རྒྱ་གཞུང་ཉེན་རྟོག་པས་ཁོང་མོ་བཙན་གྱིས་གཡག་མགྲོན་ཁང་གི་ནང་དུ་བཅུག་སྟེ་ཕྱིར་འགྲོ་མ་བཅུག་པའི་རྐྱེན་གྱིས།  ཕྱི་ཚེས་ ༢༠ ཉིན་ཁོང་མོ་མགྲོན་ཁང་དེའི་ཉིས་ཐོག་ནས་མཆོངས་ཏེ་རྐེད་པ་དང་རྐང་ལག་སོགས་ལ་སྐྱོན་བྱུང་ཡོད་པ་རེད།

འབྲེལ་ཡོད་གནས་ཚུལ། https://tibettimes.net/2025/08/20/245200/

གསར་འགོད་པ། དཔལ་ལྡན། རྩོམ་སྒྲིག་བྱེད་མཁན། པདྨ་མཚོ།

འབྲེལ་ཡོད་གསར་འགྱུར།

tibettimes
༸གོང་ས་མཆོག གསར་འགྱུར།

༸གོང་ས་མཆོག་ནས་ཁཱལ་མུག་གི་སྲིད་འཛིན་ཟུར་པར་མཇལ་ཁ་སྩལ།

ཆུ་ཚོད་ ༡༠ སྔོན་ལ།
(File image) Jean-François Humbert and other French Parliamentarians with His Holiness the Dalai Lama in Toulouse, France, on 15 August 2011
Mobile App

བོད་དོན་རྒྱབ་སྐྱོར་བ་སྐུ་ཞབས་ཧམ་བྷར་ཊི་ལགས་སྐུ་གྲོངས་བར་མྱ་ངན་ཞུས། 

ཆུ་ཚོད་ ༡༢ སྔོན་ལ།
ཨ་རུ་ན་ཅལ་གྱི་བུད་མེད་པདྨ་དབང་འཛོམས་ལགས་རྒྱ་ནག་ཧྲང་ཧེ་གནམ་ཐང་ནས་བཀག་འགོག་བྱས། ༢༠༢༥།༡༡།༢༡ དྲ་ལམ་གྱི་པར།
Mobile App

ཧྲང་ཧེ་གནམ་ཐང་ནས་པདྨ་དབང་འཛོམས་ལ་བཀག་འགོག་དང་སྡིགས་དམོད་བྱས།

༢༠༢༥/༡༡/༢༤
བོད་ཀྱི་རྒྱལ་ཡོངས་མང་གཙོ་ཚོགས་པའི་ཚོགས་ཆེན་ཐེངས་ ༡༠ པ་འཚོག་བཞིན་པ། ༢༠༢༥།༡༡།༢༤ དུས་བབ་ཀྱི་པར།
གསར་འགྱུར།

བོད་ཀྱི་རྒྱལ་ཡོངས་མང་གཙོ་ཚོགས་པས་སྲིད་སྤྱི་འོས་བསྡུའི་སྐོར་སོགས་ལ་བགྲོ་གླེང་གནང་གི་འདུག

༢༠༢༥/༡༡/༢༤
Indo-Tibetan Border Police (ITBP) personnel show skills during the police force’s 64th Raising Day, in Udhampur, Jammu and Kashmir, on November 22, 2025 | Photo Credit: PTI
Mobile App

འཕགས་བོད་ས་མཚམས་སུ་བུད་མེད་ཀྱི་དམག་དཔུང་ས་ཚིགས་གསར་འཛུགས་གནང་།

༢༠༢༥/༡༡/༢༤
དབུ་དཀར་ཚང་སྐལ་བཟང་རྡོ་རྗེ་ལགས་ཕྱི་ལོ་ ༢༠༢༦ ལོའི་སྲིད་སྐྱོང་གི་འོས་མིར་ལངས་པའི་གསལ་བསྒྲགས་སྐབས། བོད་ཀྱི་དུས་བབ་གསར་ཁང་གི་པར། ༢༠༢༥།༡༡།༢༡
Mobile App

དབུ་དཀར་ཚང་སྐལ་བཟང་རྡོ་རྗེ་ལགས་ཕྱི་ལོ་ ༢༠༢༦ ལོའི་སྲིད་སྐྱོང་གི་འོས་མིར་བཞེངས་པའི་གསལ་བསྒྲགས་བྱས།

༢༠༢༥/༡༡/༢༡

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese