མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

བོད་རིགས་དཔོན་པོ་གཉིས་ལ་ཞིབ་བཤེར་དང་ཕྱིར་ཕུད།

བོད་ཀྱི་དུས་བབ།
༢༠༢༥/༡༠/༢༢
Share on FacebookShare on TwitterShare on EmailShare on Whatsapp

བདེ་ཆེན་བོད་རིགས་རང་སྐྱོང་ཁུལ་གྱི་འཐབ་ཕྱོགས་གཅིག་གྱུར་ཁང་གི་མགོ་ཁྲིད་ཟུར་བ་སྐལ་བཟང་རྣམ་རྒྱལ་ཁྲིམས་འགལ་ཚབས་ཆེན་བྱས་པའི་ནག་ཉེས་འོག་གཞུང་གི་ལས་གནས་དང་དམར་ཤོག་ཚོགས་པའི་ཚོགས་ཁོངས་ནས་ཕྱིར་ཕུད་བྱས་ཡོད་འདུག

བདེ་ཆེན་བོད་རིགས་རང་སྐྱོང་ཁུལ་གྱི་འཐབ་ཕྱོགས་གཅིག་ཁང་གི་མགོ་ཁྲིད་ཟུར་པ་སྐལ་བཟང་རྣམ་རྒྱལ། དྲ་ལམ་གྱི་པར།

རྒྱ་ནག་གཞུང་གིས་དམར་ཤོག་གི་ལངས་ཕྱོགས་དང་མི་མཐུན་པའི་ལྟ་སྤྱོད་ཅན་དང་། བཙན་བཟུང་འོག་ཡོད་པའི་གྲངས་ཉུང་མི་རིགས་ཁག་གི་དཔོན་རིགས་ཚོར་སྟག་དང་སྦྲང་མ་ལེབ་རྡུང་གི་སྲིད་ཇུས་འོག་ནས།  ཞིབ་བཤེར་དང་བཙོན་འཇུག་ཁྲིམས་ཐག་གཅོད་ཀྱིན་ཡོད་པ་ལྟར། ཉེ་ལམ་བོད་བདེ་ཆེན་བོད་རིགས་རང་སྐྱོང་ཁུལ་གྱི་རྒྱུན་ལས་དང་འཐབ་ཕྱོགས་གཅིག་གྱུར་ཁང་གི་འགན་འཛིན་ཟུར་བ་སྐལ་བཟང་རྣམ་རྒྱལ་གྱིས་སྒྲིག་འགལ་ཚབས་ཆེན་བྱས་པའི་ཉེས་མིང་འོག་དམར་ཤོག་སྐྱིད་སྡུག་དང་གཞུང་གི་ལས་གནས་ནས་ཕྱིར་ཕུད་བཏང་ཡོད་འདུག དེ་བཞིན། བོད་ནག་ཆུ་གྲོང་ཁྱེར་དཔལ་མགོན་རྫོང་གི་དམར་ཤོག་ཚོགས་པའི་མགོ་ཁྲིད་གཞོན་པ་དང་རྫོང་དཔོན་ཆུང་རྒྱས་ཀྱིས་སྒྲིག་ཁྲིམས་དང་ཁྲིམས་འགལ་ཚབས་ཆེན་གྱི་ཉེས་མིང་འོག་བོད་རང་སྐྱོང་ལྗོངས་སྒྲིག་ཁྲིམས་ལྟ་ཞིབ་ཁང་ཟེར་བས་ཞིབ་བཤེར་བྱེད་བཞིན་ཡོད་ཚུལ་བསྒྲགས་འདུག

རྒྱ་ནག་གཞུང་གིས་ཞིབ་འཇུག་དང་བརྟག་དཔྱད་བྱས་ཡོད་ལུགས་བཤད་ནས་གསལ་བསྒྲགས་ཤིག་སྤེལ་བའི་ནང་། སྐལ་བཟང་རྣམ་རྒྱལ་ཏང་ཡོན་མགོ་ཁྲིད་ལས་བྱེད་པ་ཡིན་ཡང་། ཕུགས་བསམ་དང་དད་སེམས་ཉམས་པ་དང་། ཐོག་མའི་བསམ་འདུན་དང་འགན་འཁྲི་རྒྱབ་ཏུ་བསྐྱུར་བ། ཀྲུང་དབྱང་གི་གཏན་འབེབས་དོན་ཚན་བརྒྱད་ཀྱི་དགོངས་དོན་སྣང་མེད་དུ་བཏང་ནས་སྒྲིག་འགལ་ངང་དོ་དམ་བྱ་ཡུལ་དང་ཞབས་འདེགས་ཞུ་ཡུལ་ས་ནས་ལག་རྟགས་དང་འབུལ་རྟེན་བླངས་པ་དང་། རྩ་འཛུགས་ཀྱི་རྩ་དོན་ལ་རྒྱབ་འགལ་བྱས་པ། མི་སྒེར་གྱི་འབྲེལ་ཡོད་དོན་གནད་སྙན་སེང་ཞུ་དགོས་པའི་གཏན་འབེབས་ལས་འགལ་ཏེ་ཁང་པ་ཡོད་ཀྱང་སྦ་གསང་བྱས་ནས་སྙན་སེང་མ་ཞུས་པ། དབང་ཆའམ་གོ་གནས་ཀྱི་ཤུགས་རྐྱེན་ལ་བརྟེན་ནས་མི་སྒེར་གྱིས་སྤྲོད་དགོས་པའི་འགྲོ་སོང་མི་གཞན་དག་ལ་གཏོང་དུ་བཅུག་པ། གོ་གནས་བེད་སྤྱོད་ཀྱིས་མི་གཞན་ལ་ལས་གྲྭ་འགན་གཙང་ལེན་རོགས་བྱེད་པ་སོགས་ཀྱི་ཐད་ནས་ཁེ་ཕན་རག་ཐབས་བྱས་པར་ཁྲིམས་འགལ་ངང་རྒྱུ་ནོར་འབོར་ཆེན་བླངས་ཡོད། ཅེས་བསྒྲགས་འདུག

སྐལ་བཟང་རྣམ་རྒྱལ་ནི་ཕྱི་ལོ་ ༡༩༦༨ ལོར་བོད་བདེ་ཆེན་རང་སྐྱོང་ཁུལ་དུ་སྐྱེས་ཡོད་ཅིང་། ཕྱི་ལོ་ ༡༩༨༦ ནས་ ༡༩༩༡ བར་ཡུན་ནན་ནོར་སྲིད་དཔལ་འབྱོར་མཐོ་སློབ་དུ་སློབ་སྦྱོང་བྱས། ཕྱི་ལོ་ ༡༩༩༡ ནས་ ༡༩༩༥ བར་བདེ་ཆེན་ཁུལ་ནོར་སྲིད་ཁང་དུ་ལས་ཀ་བྱས། ཕྱི་ལོ་ ༡༩༩༨ ལོར་དམར་ཤོག་ཚོགས་པའི་ནང་དུ་ཞུགས། ཕྱི་ལོ་ ༡༩༩༨ ནས་ ༢༠༠༣ བར་བདེ་ཆེན་ཁུལ་ནོར་སྲིད་ཁང་གི་མ་དངུལ་ཚན་པའི་འགན་འཛིན་བྱས། ཕྱི་ལོ་ ༢༠༠༥ ནས་ ༢༠༢༡ བར་བདེ་ཆེན་ཁུལ་གྱི་ཁུལ་དཔོན་གཞོན་པ་དང་སེམས་ཀྱི་ཉི་ཟླ་རྫོང་གི་འཐབ་ཕྱོགས་གཅིག་གྱུར་ཁང་གི་འགན་འཛིན་སོགས་བྱས། ཕྱི་ལོ་ ༢༠༢༤ ལོའི་ཟླ་ ༩ པ་ནས་བཟུང་ཡུན་ནན་ཞིང་ཆེན་སྒྲིག་ཁྲིམས་ལྟ་ཞིབ་ལྷན་ཁང་ཟེར་བས་ཞིབ་བཤེར་བྱས་ཡོད་འདུག ཆུང་རྒྱས་ནི་ཕྱི་ལོ་ ༡༩༧༦ ལོར་སྐྱེས་ཤིང་། ཕྱི་ལོ་ ༡༩༩༤ ལོར་བོད་རང་སྐྱོང་ལྗོངས་ཉེན་རྟོག་སློབ་གྲྭ་ཟེར་བ་ནས་ཆབ་སྲིད་བདེ་འཇགས་ཐོག་ཆེད་སྦྱོང་བྱས་ཡོད་པ་དང་། ཕྱི་ལོ་ ༡༩༩༨ ནས་ནག་ཆུ་རྫོང་ཉེན་རྟོག་ཁང་དུ་ལས་ཀ་བྱས། ཕྱི་ལོ་ ༢༠༠༠ ནས་ ༢༠༠༤ བར་ནག་ཆུ་རྫོང་ཉེན་རྟོག་ཁང་གི་ཉེས་དོན་ཚན་པའི་དྲུང་ཡིག་དང་རུ་དཔོན་སོགས་བྱས། ཕྱི་ལོ་ ༢༠༠༥ ནས་ ༢༠༡༨ བར་ནག་ཆུ་རྫོང་ཉེན་རྟོག་ཁང་གི་མགོ་ཁྲིད་དང་།  ཁྲིམས་འཛིན་ཁང་གི་དམར་ཤོག་ཚོགས་པའི་དྲུང་ཡིག་སོགས་བྱས། ཕྱི་ལོ་ ༢༠༢༡ ལོར་དཔལ་མགོོན་རྫོང་གི་རྫོང་དཔོན་དང་། དམར་ཤོག་ཚོགས་པའི་དྲུང་ཡིག་གཞོན་པ་སོགས་བྱས་ཡོད་འདུག

འདས་པའི་མི་ལོ་གཉིས་ལྷག་གི་རིང་ཉུང་མཐར་བོད་ཁུལ་གྱི་མཐོ་རིམ་དཔོན་རིགས་ ༢༠  ཙམ་ཞིབ་བཤེར་གྱིས་གནས་དབྱུང་བྱས་ཡོད་པའི་ཁྲོད། ཉེ་ལམ་བོད་མཚོ་སྔོན་ཞིང་ཆེན་ནགས་ལས་དང་རྩྭ་ཐང་ཚན་པའི་ལས་མི་དང་འགན་འཛིན་གཞོན་པ་ཟུར་བ་བསྟན་འཛིན་ཞེས་པ་ཞིག་གིས་ཏང་གཤིས་དང་ཐོག་མའི་ཕུགས་འདུན་མི་ལེགས་པར་རྨོངས་དད་ངང་ཆོས་ལུགས་བྱེད་སྒོ་སྤེལ་བའི་ཉེས་མིང་འོག་ལས་གནས་ནས་ཕུད་འདུག འདི་ལོའི་ཕྱི་ཟླ་ ༧ ཚེས་ ༢༢ ཉིན་རྒྱ་ནག་དམར་ཤོག་དབུས་སྒྲིག་ཁྲིམས་ཞིབ་བཤེར་ཁང་ཟེར་བས་རྒྱ་ནག་རྒྱལ་ཡོངས་སྲིད་གྲོས་ཚོགས་ཆེན་སྐབས་བཅུ་བཞི་པའི་རྒྱུན་ལས་ཟུར་བ་དང་། བོད་རང་སྐྱོང་ལྗོངས་སྲིད་གཞུང་ཟེར་བའི་མགོ་ཁྲིད་ཟུར་བ་ཆེ་དགྲ་ལྷས་དམར་ཤོག་གི་ཁྲིམས་སྒྲིག་དང་འགལ་བའི་ནག་ཉེས་ཚབས་ཆེན་བསགས་པའི་དོགས་གཞིའི་འོག་ཞིབ་བཤེར་ཁང་ལ་རྩིས་སྤྲོད་བྱས་ཡོད་འདུག

འདི་ལོའི་ཕྱི་ཟླ་ ༧ ཚེས་ ༡༦ ཉིན་བོད་རང་སྐྱོང་ལྗོངས་ཟེར་བའི་ནང་མི་ལོ་ ༤༤ ཙམ་རིང་མགོ་ཁྲིད་སོགས་ཀྱི་ལས་ཀ་བྱས་མྱོང་བའི་ཝུའུ་ཡེན་ཅེ་ཡིས་རྒྱ་སྒོར་ས་ཡ་ ༣༤༣ ལྷག་གི་ལྐོག་རྔན་བླངས་བའི་ནག་ཉེས་འོག་ལོ་གཉིས་ཕར་འགྱངས་ཀྱི་སྲོག་ཁྲིམས་བཅད་ཡོད་པ་དང་། འདི་ལོའི་ཕྱི་ཟླ་ ༧ ཚེས་ ༨ ཉིན་བོད་རང་སྐྱོང་ལྗོངས་མི་དམངས་སྲིད་གཞུང་ཟེར་བའི་མགོ་ཁྲིད་གཞོན་པ་ཟུར་བ་ཝང་ཡུང་གིས་ལྐོག་རྔན་རྒྱ་སྒོར་དུང་ཕྱུར་ ༢ དང་བྱེ་བ་ ༧ ། ས་ཡ་ ༡ ལྷག་བླངས་བའི་ནག་ཉེས་བཙུགས་ཏེ་སྲོག་ཁྲིམས་བཅད་ཡོད་ཀྱང་ལོ་གཉིས་རིང་ཕྱིར་འགྱངས་བྱས་ཡོད་འདུག  འདི་ལོའི་ཕྱི་ཟླ་ ༢ ཚེས་ ༢༤ ཉིན་རྒྱ་ནག་གཞུང་གིས་ཡུན་ནན་བདེ་ཆེན་བོད་རིགས་རང་སྐྱོང་ཁུལ་གྱི་ཁུལ་དཔོན་ཟུར་བ་བོད་མི་བྱང་ཆུབ་དང་། ཁུལ་དཔོན་གཞོན་པ་ཟུར་བ་ཆི་ཅིན་ཞིན་(Qi Jianxin) གཉིས་ཀྱིས་ཁྲིམས་འགལ་ཁེ་ཕན་བླངས་པ་དང་། རྒྱ་ནག་དམར་ཤོག་རིང་ལུགས་ལ་རྒྱབ་འགལ་དང་ཡིད་ཆེས་མེད་པ་སོགས། ཁྲིམས་སྒྲིག་ལ་གཏོར་བརླག་ཚབས་ཆེན་བཏང་བའི་ཉེས་མིང་འོག རྒྱ་ནག་དམར་ཤོག་ཚོགས་པའི་སྐྱིད་སྡུག་ནས་ཕྱིར་ཕུད་བཏང་ཡོད་པ་དང་། འདི་ལོའི་ཕྱི་ཟླ་ ༢ ཚེས་ ༡༢ ཉིན་རྒྱ་ནག་གཞུང་གིས་རྒྱལ་ཁབ་ལ་བློ་མི་དཀར་བ་དང་ཏང་གཤིས་རྩ་དོན་ཤོར་བར། བོད་སྐྱེ་རྒུ་མདོ་ཁུལ་གྱི་དམར་ཤོག་དྲུང་ཆེ་གཞོན་པ་ཤེས་རབ་རྒྱ་མཚོ་ཉེས་མིང་འོག་དམར་ཤོག་ཚོགས་ཁོངས་ནས་ཕྱིར་ཕུད་བཏང་འདུག

འདས་ལོའི་ཕྱི་ཟླ་དང་པོའི་ནང་བོད་རང་སྐྱོང་ལྗོངས་སྲིད་གཞུང་དམར་ཤོག་ཚོགས་པའི་མགོ་ཁྲིད་གཞོན་པ་ཀྲང་ཧོང་ཙི་དང་། འདས་ལོའི་ཕྱི་ཟླ་ ༣ པའི་ནང་བོད་རང་སྐྱོང་ལྗོངས་དམངས་ཆེན་གྱི་རྒྱུན་ལས་མགོ་ཁྲིད་གཞོན་པ་ཇི་གོ་ཀང་།  འདས་ལོའི་ཕྱི་ཟླ་ ༦ ཚེས་ ༡༤ ཉིན་བོད་རང་སྐྱོང་ལྗོངས་རྒྱུན་ལས་ལྷན་ཁང་གི་མགོ་ཁྲིད་གཞོན་པ་ཅང་ཅེ། འདས་ལོའི་ཕྱི་ཟླ་ ༦ ཚེས་ ༡༦ ཉིན་བོད་རང་སྐྱོང་ལྗོངས་ཟེར་བའི་དྲུང་ཆེ་ཟུར་པ་ཝུའུ་ཡིན་ཅེ་བཅས་སྔ་རྗེས་སུ་གནས་དབྱུང་བཏང་སྟེ་ཞིབ་བཤེར་བྱས། དེ་བཞིན་བོད་རང་སྐྱོང་ལྗོངས་མི་མང་སྲིད་གཞུང་ཟེར་བའི་དམར་ཤོག་ཚོགས་པའི་ཁོངས་མི་དང་དྲུང་ཡིག་ཆེན་མོ། གཞུང་དོན་ཁང་གི་དམར་ཤོག་ཚོགས་པའི་དྲུང་ཡིག་ཀྲུའུ་ཆང་ལ་ཁྲིམས་འགལ་ཚབས་ཆེན་བྱས་པའི་དོགས་གཞི་འོག བོད་རང་སྐྱོང་ལྗོངས་སྒྲིག་ཁྲིམས་ཞིབ་བཤེར་ཁང་ཟེར་བས་ཞིབ་བཤེར་བྱས་ཡོད་འདུག

གསར་འགོད་པ། བྱམས་པ་ཚེ་རིང་། རྩོམ་སྒྲིག་བྱེད་མཁན། སྐལ་བཟང་སྦྱིན་པ།

འབྲེལ་ཡོད་གསར་འགྱུར།

University students wearing graduation gowns take part in a photo-shooting session on the Potala Palace Square during a government-organised media tour to Lhasa, Tibet Autonomous Region, China June 1, 2021. Picture taken June 1, 2021. REUTERS/Martin Pollard/File Photo
Mobile App

འདས་ལོར་བོད་པའི་སློབ་མ་ཁྲི་གཅིག་ལྷག་རྒྱ་ནག་ཏུ་སློབ་སྦྱོང་བྱེད་པར་བཏང་འདུག

སྐར་མ ༣༦ སྔོན་ལ།
སྤྱི་ཚོགས་རིག་པའི་འབུམ་རམས་པ་ལྡོང་རྒྱལ་ལོ་ལགས་ཀྱིས་རྒྱ་ནག་གི་ད་ལྟའི་གནས་སྟངས་དབྱེ་ཞིབ་ལས་མཐོང་བའི་བོད་ཀྱི་གོ་སྐབས་ཞེས་པའི་བརྗོད་གཞིའི་ཐོག་གསུང་བཤད་གནང་། བོད་ཀྱི་དུས་བབ་ཀྱི་པར། ༢༠༢༦།༡།༡༥
Mobile App

བཙན་བྱོལ་སྤྱི་ཚོགས་ལ་རྒྱ་ནག་འཐོར་ཞིག་ཏུ་འགྲོ་བར་གྲ་སྒྲིག་དགོས།

༢༠༢༦/༠༡/༡༦
༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ནས་ལྡི་ལི་བོད་ཁང་གི་ལམ་རིང་ལྷག་མཐོང་ཆེན་མོའི་ཟབ་སྦྱོང་འཛིན་གྲྭར་ཕེབས་པའི་རྒྱལ་ཁབ་ ༢༦ གི་སློབ་གཉེར་བ་མི་གྲངས་༢༣༧ གཙོས་དད་ལྡན་བཞི་བརྒྱ་ལྷག་ལ་མཇལ་ཁ་སྩལ། ༢༠༢༦།༡།༡༦ དགའ་ལྡན་ཕོ་བྲང་གི་སྐུ་པར།
༸གོང་ས་མཆོག གསར་འགྱུར།

ཞོགས་པ་ཡར་ལངས་པ་དང་སེམས་ཅན་ཚང་མར་ཕན་ཐོགས་བྱེད་ཐུབ་པ་ཞིག་བྱུང་ན་བསམས་ཚེ་སེམས་ཀྱི་ཞི་བདེ་སླེབས་ཡོང་གི་འདུག་ཅེས་གསུངས།

༢༠༢༦/༠༡/༡༦
ཕྱི་ལོ་ ༢༠༢༦ ཟླ་ ༡ ཚེས་ ༡༣ ཉིན་ཨི་རན་གྱི་མི་མང་འདུ་འཛོམས་ཆེ་བའི་ངོ་རྒོལ། དྲ་ལམ་གྱི་པར།
Mobile App

རྒྱལ་སྤྱིའི་ཚོགས་སྡེ་སུམ་ཅུ་ལྷག་གིས་ཨི་རན་གཞུང་གིས་འགྲོ་བ་མིའི་ཐོབ་ཐང་ལ་བརྩི་འཇོག་དགོས་པའི་བསྒྲགས་གཏམ་སྤེལ། 

༢༠༢༦/༠༡/༡༦
༧གོང་ས་མཆོག་གི་བཀའ་དགོངས་བཞིན་རྒྱ་གར་ནང་ཕེབས་ཏེ་པད་ནོར་རིན་པོ་ཆེ་མཆོག་དང་ལྷན་དུ་མགོན་པོ་གང་ཉིད་ལ་མཇལ་བ། ༡༩༩༠ དྲ་ལམ་གྱི་སྐུ་པར།
Mobile App

མཁན་ཆེན་འཇིགས་མེད་ཕུན་ཚོགས་འབྱུང་གནས་མཆོག་གི་འདས་མཆོད་སྨོན་ལམ་ཆེན་མོ་སྐབས་ ༢༢ པ་དེ་འཚོགས། 

༢༠༢༦/༠༡/༡༦
མཁན་པོ་ཉི་མ་ཀུན་ཁྱབ་མཆོག་བལ་གཞུང་ནང་ཆོས་དང་དགོན་པ་འཕེལ་རྒྱས་ལྷན་ཚོགས་ཀྱི་ཚོགས་གཙོར་བསྐོས། photo:breaknlinks.com/
Mobile App

མཁན་པོ་ཉི་མ་ཀུན་ཁྱབ་མཆོག་བལ་གཞུང་གི་ནང་ཆོས་དར་སྤེལ་དང་དགོན་པ་ཡར་རྒྱས་ལྷན་ཚོགས་ཀྱི་ཚོགས་གཙོར་བསྐོས།

༢༠༢༦/༠༡/༡༥

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese