མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

རྒྱ་ནག་གཞུང་གིས་མེ་སྐྱོན་ལ་ཁ་གཡར་ནས་མ་ཎི་དར་ལྕོག་མེར་བསྲེགས། 

བོད་ཀྱི་དུས་བབ།
༢༠༢༥/༡༡/༢༧
Share on FacebookShare on TwitterShare on EmailShare on Whatsapp

རྒྱ་ནག་གཞུང་ཁོར་ཡུག་དང་མེ་གསོད་རུ་ཁག་གིས་དགུན་ཁར་མེ་སྐྱོན་བྱུང་ཉེན་ཡོད་ལུགས་བཤད་དེ་བོད་གཅིག་སྒྲིལ་རྫོང་གི་རི་མགོའི་མཎི་དར་ལྕོག་སོགས་མེར་བསྲེགས་འདུག

བོད་མགོ་ལོག་གཅིག་སྒྲིལ་རྫོང་གི་ཁོར་ཡུག་དང་མེ་གསོད་རུ་ཁག་གིས་མ་ཎི་དར་ལྕོག་སོགས་མེར་བསྲེགས། དྲ་ལམ་གྱི་པར།

རྒྱ་ནག་གཞུང་གིས་བོད་ནང་གི་ས་གནས་མང་པོ་ཞིག་ལ་བསང་གསོལ་གཏོང་བ་དང་དར་ལྕོག་སྒྲེང་འཛུགས་བྱེད་པ་སོགས་ལ་དམ་དྲག་བྱེད་ཀྱིན་ཡོད་པ་ལྟར། ཟླ་འདིའི་ཕྱི་ཚེས་ ༡༨ ཉིན་རྒྱ་ནག་གཞུང་གིས་བོད་མགོ་ལོག་ཁུལ་གཅིག་སྒྲིལ་རྫོང་གི་ཁོར་ཡུག་དང་མེ་གསོད་རུ་ཁག་གིས། རྫོང་གི་མཎི་དར་ལྕོག་དེ་དག་དགུན་དུས་སུ་མེ་སྐྱོན་ཡོང་ཉེན་ཡོད་ལུགས་སོགས་བརྗོད་དེ་མེར་བསྲེགས་ཡོད་པ་མ་ཟད། མེའི་འཚིག་རོ་སོགས་གང་བྱུང་གཡུགས་བཞག་པས་མི་མང་གིས་གཙང་བཟོ་བྱས་ཡོད་འདུག  

འདི་གའི་གསར་འགོད་པར་འབྲེལ་ཡོད་བོད་མི་ཞིག་གིས། ཉེ་ལམ་གཅིག་སྒྲིལ་རྫོང་གི་ཁོར་ཡུག་དང་མེ་གསོད་རུ་ཁག་གི་ལས་བྱེད་ཚོ་དར་ལྕོག་ཡོད་སའི་ཡུལ་དངོས་སུ་ཕྱིན་ཏེ་རྟོག་ཞིབ་བྱས་པ་བརྒྱུད། དགུན་དུས་ས་སྐམ་སྐབས་དར་ལྕོག་དེ་དག་གིས་མེ་སྐྱོན་འབྱུང་ཉེན་ཡོད་ལུགས་ཀྱི་གསལ་བསྒྲགས་ཤིག་བྱས་ཡོད་པ་མ་ཟད། ཟླ་འདིའི་ཕྱི་ཚེས་ ༡༨ ཉིན་ཆེད་དུ་ཁོར་ཡུག་དང་མེ་གསོད་ཀྱི་རུ་ཁག་གི་ལས་བྱེད་ཚོ་ཆེད་དུ་ཡོང་ནས་མཎི་ལ་སོགས་པའི་དར་ལྕོག་རྣམས་མེས་བསྲེགས་སོང་། ཞེས་བརྗོད་བྱུང་། 

ཡང་འབྲེལ་ཡོད་ཀྱིས། ལས་བྱེད་དེ་དག་གིས་དར་ལྕོག་སོགས་མེར་བསྲེགས་པ་ལས། འཚིག་རོ་རྣམས་གཙང་བཟོ་མ་བྱས་པར་གཡུགས་ཡོད་སྟབས། ས་གནས་བོད་མི་རྣམས་ཀྱིས་གཙང་བཟོ་བྱས་ཡོད་ཀྱང་། རྒྱ་ནག་གཞུང་གིས་དྲ་ལམ་སོགས་སུ་དགུན་དུས་མེ་སྐྱོན་རིགས་མི་འབྱུང་སླད་ཆེད་ལས་མི་སྣ་བཀོད་སྒྲིག་བྱས་ནས་དོ་དམ་བྱས་ཡོད་ལུགས་སོགས་བསྒྲགས་སོང་། ཞེས་དང་། གནད་དོན་དེ་དང་འབྲེལ་ནས་བོད་ནང་གི་བོད་མི་ཞིག་གིས་མཎི་དར་ལྕོག་མེ་ལ་བསྲེགས་པ་ནི་ཕ་མེས་ཀྱི་དུར་ས་སློག་པ་དང་མཚུངས། ཞེས་དང་། ཡང་བོད་མི་གཞན་ཞིག་གིས། ས་སྐམ་རྡོ་གྱོང་དུས་དར་ལྕོག་མེ་ལ་བསྲེགས་ན་མེ་སྐྱོན་ལོས་བྱུང་ཞེས་བྲིས་ནས་བོད་མིའི་དད་འདུན་རྡོག་རོལ་བཏང་བར་མ་འདོད་པའི་རྣམ་འགྱུར་བསྟན་འདུག

རྒྱ་ནག་གཞུང་གིས་བོད་ནང་ཆོས་ལུགས་ཀྱི་ལས་དོན་སྤེལ་བ་དང་། རི་མགོར་བསང་གཏོང་བ། དེ་བཞིན་དར་ལྕོག་སྒྲེང་བ་སོགས་བྱེད་པར་དམ་དྲག་བྱས་དང་བྱེད་མུས་ཡིན་པའི་ཁར། ས་གནས་ཁག་ཅིག་གི་རི་མགོའི་དར་ལྕོག་དང་ལབ་རྩེ་ཡིས་རང་བྱུང་ཁོར་ཡུག་འབག་བཙོག་དང་། སེམས་ཅན་སོགས་ལ་འཆི་སྐྱོན་མང་པོ་འབྱུང་གི་ཡོད་ལུགས་བཤད་ནས་མེད་པ་བཟོ་ཐབས་ཀྱི་ཡོད་པ་མ་ཟད། ཕྱི་ལོ་ ༢༠༢༣ ལོའི་ཟླ་ ༩ ནང་རྒྱ་ནག་གཞུང་གིས་བོད་གསེར་རྟ་རྫོང་གི་ཁེས་སྐོར་ཡུལ་ཚོའི་ཨ་བོས་དཀྱིལ་རི་མགོ་སྡེ་བ་ནས་ཡིན་པའི་བོད་མི་ཕྱུག་དར་དང་དགེ་ལོ། ཚེ་རྡོ། འབའ་མོ། ཀོ་རིས་བཅས་ཀྱིས་བསང་གསོལ་དང་ལབ་རྩེ་བསྟོད་པ། ཞབས་རིམ་བསྒྲུབས་པ་སོགས་ལ་ཉེས་མིང་གཡོགས་ཏེ་ལོ་གཉིས་རེའི་ཁྲིམས་ཐག་བཅད་ཡོད་པ་མ་ཟད། རང་ལོ་ ༥༢ ཡིན་པའི་བོད་མི་ཕྱུག་དར་ལགས་ལ་གཅར་རྡུང་བཏང་ནས་རྐྱེན་འདས་སུ་བཏང་ཡོད་པ་དང་། ཁོང་གི་ཁྱིམ་མི་ཚོར་ཕྱུག་དར་གློ་བུར་འདས་གྲོངས་སུ་ཕྱིན་པ་ལས་བསད་པ་མིན་སྐོར་དང་། ཁ་འགོག་ཐབས་སུ་གུན་གསབ་ལྟ་བུ་ཞིག་སྤྲོད་རྒྱུ་བྱས་ཡོད་ཀྱང་ཕྱིས་སུ་གོ་ཐོས་མེད་པར་གྱུར།

འབྲེལ་ཡོད་གསར་འགྱུར། https://tibettimes.net/2022/09/19/222146/

གསར་འགོད་པ། དཔལ་ལྡན། རྩོམ་སྒྲིག་བྱེད་མཁན། པདྨ་མཚོ།

འབྲེལ་ཡོད་གསར་འགྱུར།

༸གོང་ས་མཆོག གསར་འགྱུར།

བོད་རྒྱལ་ལོ་ ༢༡༥༢ ལོར་རྒྱ་གར་ལྷོ་ཕྱོགས་སུ་ཉིན་གྲངས་ ༦༠ རིང་ཆོས་འབྲེལ་རྒྱ་ཆེན་བསྐྱངས།

ཆུ་ཚོད་ ༡ སྔོན་ལ།
༸གོང་ས་མཆོག གསར་འགྱུར།

བོད་རྒྱལ་ལོ་ ༢༡༥༢ ལོར་ཟླ་གཅིག་དང་ཉིན་གྲངས་ ༨ རིང་ལ་དྭགས་སུ་ཆོས་འབྲེལ་རྒྱ་ཆེན་བསྐྱངས།

༢༠༢༦/༠༢/༢༠
༸གོང་ས་མཆོག གསར་འགྱུར།

བོད་རྒྱལ་ལོ་ ༢༡༥༢ ལོར་བཞུགས་སྒར་ཐེག་ཆེན་གཙུག་ལག་ཁང་དུ་བསྩལ་བའི་གསུང་ཆོས་དང་བཀའ་སློབ།

༢༠༢༦/༠༢/༡༩
Mobile App

ཆོས་བརྒྱུད་ཁག་གི་བསྟན་བདག་བླ་ཆེན་རྣམ་པས་ལོ་གསར་ལ་འཚམས་འདྲིའི་གསུང་འཕྲིན་བསྩལ།

༢༠༢༦/༠༢/༡༨
༸གོང་ས་མཆོག གསར་འགྱུར།

བོད་རྒྱལ་ལོ་ ༢༡༥༢ ལོར་གཙུག་ལག་ཁང་དུ་༧གོང་ས་མཆོག་ལ་བརྟན་བཞུགས་བསྟར་འབུལ་ཞུས་པ་ཁག

༢༠༢༦/༠༢/༡༨
༸གོང་ས་མཆོག གསར་འགྱུར།

བོད་རྒྱལ་ལོ་ ༢༡༥༢ ལོར་༧གོང་ས་མཆོག་ནས་བསྩལ་བའི་གསུང་འཕྲིན་ཁག

༢༠༢༦/༠༢/༡༧

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese