མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

༧རྒྱལ་དབང་ཚངས་དབྱངས་རྒྱ་མཚོ་གླེང་བའི་ཉིན་གཉིས་པ།

བོད་ཀྱི་དུས་བབ།
༢༠༢༥/༡༢/༠༤
Share on FacebookShare on TwitterShare on EmailShare on Whatsapp

དེ་རིང་ཚོགས་ཆེན་གྱི་ཉིན་གཉིས་པར་༧རྒྱལ་དབང་ཚངས་དབྱངས་རྒྱ་མཚོ་སྐུ་གྲོངས་བའི་བརྒྱུད་རིམ་དང་ཁོང་གིས་གནང་བའི་བཀའ་ཤོག་རིགས་ལ་དཔྱད་པའི་གཏམ་བཤད་གནང་སོང་།

༧རྒྱལ་དབང་ཚངས་དབྱངས་རྒྱ་མཚོའི་ཉམས་ཞིབ་ཚོགས་ཆེན་ཐཻངས་པོའི་ཉིན་གཉིས་པའི་གཏམ་བཤད་པ་སཱ་ར་བོད་ཀྱི་མཐོ་རིམ་སློབ་གཉེར་ཁང་གི་ལོ་རྒྱུས་སློབ་དཔོན་ཚེ་རིང་སྟོབས་ལགས་དང་། ས་ཪཱ་བོད་ཀྱི་མཐོ་རིམ་སློབ་གཉེར་ཁང་གི་མཚན་འཛིན་གཙུག་ལག་སློབ་དཔོན་བསོད་ནམས་རྒྱལ་མཚན་ལགས། ༢༠༢༥།༡༢།༤ དུས་བབ་ཀྱི་པར།

དེ་རིང་ཕྱི་ཚེས་ ༤ ཉིན་གྱི་རྒྱལ་སྤྱིའི་རྒྱལ་དབང་ཚངས་དབྱངས་རྒྱ་མཚོའི་ཞིབ་འཇུག་ཚོགས་ཆེན་ཐེངས་དང་པོའི་ཉིན་རྒྱབ་ཚོགས་ཐེངས་སྟེང་། ས་ཪཱ་བོད་ཀྱི་མཐོ་རིམ་སློབ་གཉེར་ཁང་གི་མཚན་འཛིན་གཙུག་ལག་སློབ་དཔོན་བསོད་ནམས་རྒྱལ་མཚན་ལགས་དང་། སཱ་ར་བོད་ཀྱི་མཐོ་རིམ་སློབ་གཉེར་ཁང་གི་ལོ་རྒྱུས་སློབ་དཔོན་ཚེ་རིང་སྟོབས་ལགས་གཉིས་ཀྱིས། རྒྱལ་དབང་དྲུག་པ་ཚངས་དབྱངས་རྒྱ་མཚོ་སྐུ་འདས་པའི་བརྒྱུད་རིམ་ལ་བལྟ་བ་ཞེས་པ་དང་། ཆུ་ལུག་ཕྱི་ལོ་ ༡༧༠༣ ལོར་རྒྱལ་དབང་ཚངས་དབྱངས་རྒྱ་མཚོས་སྤོང་རོང་རྗེ་དབོན་ལ་གནང་བའི་ཤེ་བམ་གྱི་ནང་དོན་ལ་ཞིབ་འཇུག་ཅེས་པའི་ཐད་ལ་གཏམ་བཤད་གནང་སོང་།

ས་ཪཱ་བོད་ཀྱི་མཐོ་རིམ་སློབ་གཉེར་ཁང་གི་མཚན་འཛིན་གཙུག་ལག་སློབ་དཔོན་བསོད་ནམས་རྒྱལ་མཚན་ལགས་ཀྱིས་འདི་གའི་གསར་འགོད་པར། ངའི་ད་ལན་གྱི་དཔྱད་རྩོམ་དེ་༸རྒྱལ་དབང་སྐུ་ཕྲེང་དྲུག་པ་རིག་འཛིན་ཚངས་དབྱངས་རྒྱ་མཚོ་སྐུ་འདས་པའི་བརྒྱུད་རིམ་ལ་ཞིབ་ལྟ་ཞེས་པ་དེ་རེད། ད་བར་བོད་ནང་ལོགས་ནས་དཔྱད་རྩོམ་མང་པོ་ཞེ་དྲགས་བྲིས་འདུག་ལ། བརྒྱ་ཆ་དགུ་བཅུ་ཡིས་རྒྱལ་བ་དྲུག་པ་ཚངས་དབྱངས་རྒྱ་མཚོ་མཆོག་སྐུ་འདས་འདུག་ཅེས་བྲིས་འདུག་པས། ངས་ལྟ་བ་དང་ཁས་ལེན་དེ་འཛིན་གྱི་ཡོད་རེད།  ངས་ད་ལན་ཞུ་ཡ་གཙོ་བོ་དེ་རྒྱལ་བ་དྲུག་པ་དང་དྭགས་པོ་བླ་མ་ངག་དབང་ཆོས་གྲགས་གཉིས་གཤིས་ཀ་ཐ་དད་དང་། ཆོས་བརྒྱུད་གྲུབ་མཐའ་ཐ་དད་དང་ཀུན་སྤྱོད་ཐ་དད་ཡིན་པས། རྒྱུ་མཚན་དེ་གསུམ་ལ་བརྟེན་ནས་དེ་གཉིས་མི་གཅིག་ལ་གཏན་ནས་བཞག་ཤེས་ཀྱི་མི་འདུག་པས་ཐ་དད་རེད་ཅེས་རྒྱུ་མཚན་དེ་བཤད་ཀྱི་ཡོད།  མི་དེ་གཉིས་གཅིག་ལ་བཞག་ས་མི་འགྲོ་བར་ཐ་དད་ཡིན་པ་དེ། ལོ་རྒྱུས་ཀྱི་ཞིབ་འཇུག་གི་ཁྱབ་ཡོངས་ནས་རེད་མ་གཏོགས། ཡང་ཆོས་ལུགས་དང་གསང་བ་བསམ་གྱིས་མི་ཁྱབ་དེ་འདྲར་འབྲེལ་བ་མེད། དེ་ཞིབ་འཇུག་གི་ཁྱབ་ཁོངས་མ་རེད། དེ་བཞིན་གནད་དོན་གཞན་ཞིག་ནི་རྒྱལ་དབང་དྲུག་པ་ཚངས་དབྱངས་རྒྱ་མཚོ་དུས་དེར་བྲོས་ནས་ཕེབས་ཐུབ་རྒྱུའི་ཚོད་ཅིག་མ་རེད། གཅིག་ནས་སྐུ་སྙུང་ནས་རྐང་པ་ན་ནས་ཕེབས་ཐུབ་ཀྱི་ཡོད་མ་རེད། གཉིས་ནས་སྲུང་མཁན་ནི་ཕྱོགས་གསུམ་རེད། ཨ་ཁུ་བཀྲ་ཤིས་པ་ཐུར་གྱི་དབུ་སྒར་གྱི་འགྲམ་དང་། རྒྱུ་ནང་རྒྱལ་པོ་གཉིས་ཀ་རྒྱལ་དབང་ཚངས་དབྱངས་རྒྱ་མཚོར་དད་པ་ཡོད་རེད་ལ། ཁོང་ཚོར་གོ་སྐབས་ཤིག་རག་ན་ལེན་ཆོག་ཆོག་རེད་དེ། མན་ཇུ་ཁང་སྐྱ་ཞེད་ནས་ལག་པ་འཆང་ཐུབ་ཀྱི་ཡོད་མ་རེད། གཉིས་ནས་རྒྱལ་པོ་ལྷ་བཟང་ཁན་དང་སྤུན་མཆེད་ནང་འགལ་ཟླ་བྱུང་གི་བསམས་ནས་མིག་བཙུགས་ནས་བསྡད་ཡོད་རེད། དེ་དག་རྒྱལ་དབང་སྐུ་ཕྲེང་བདུན་པའི་སྐབས་ཧ་གོ་ཡི་རེད། དེ་བཞིན་དུས་སྐབས་དེར་རྒྱལ་དབང་རིན་པོ་ཆེས་ཇག་རོང་དགོན་པའི་ཁྲི་བ་བྱས་ནས་བསྡད་ཐུབ་ཡ་ཡོད་མ་རེད། གང་ཡིན་ཟེར་ན། ཇག་རོང་དགོན་པར་གཅིག་ནས་མན་ཇུ་ཡི་ཤུགས་རྐྱེན་ཡོད་རེད། གཉིས་ནས་དེ་དག་གི་ནང་དུ་ཡོད་མཁན་རྣམས་ཀྱིས་རྒྱལ་དབང་དྲུག་པ་ངོ་ཤེས་མཁན་ཡོད་པས། རྒྱལ་དབང་དྲུག་པ་ཚངས་དབྱངས་རྒྱ་མཚོ་ངོ་ཤེས་ཡོད་ན་བསྡད་ཐུབ་ཀྱི་མེད། ཕྱོགས་གཞན་ཞིག་ནས་སྐབས་དེར་ས་ཁུལ་དེར་མན་ཇུའི་ཤུགས་རྐྱེན་ཡོད་རེད། ཨ་ལག་ཤ་དང་གཙང་རོང་དགོན་པ་ཡོད་ས་གཉིས་ཀར་གོང་མ་ཁང་ཤིའི་དབང་ཤུགས་ཡོད་རེད། བྱས་ཙང་འདི་འདྲའི་བར་ཞིག་ལ་རྩ་བ་ཉིད་ནས་བསྡད་ཤེས་ཀྱི་མི་འདུག་ཞེས་བཤད་ཀྱི་ཡོད། ཡང་རྒྱུ་མཚན་གཞན་ཞིག་ལ་བལྟས་ན། གོང་མ་ཁང་ཤིས་རྒྱལ་བ་རིན་པོ་ཆེའི་འདོད་པ་དང་། རྒྱལ་བ་རིན་པོ་ཆེ་ལ་བརྟེན་ནས་སོག་པོ་དབང་དུ་བསྡུ་རྒྱུ་དང་། བོད་མངའ་ཁོངས་ལ་འབྱུང་རྒྱུའི་དམིགས་ཡུལ་བཟུང་ཡོད་པའང་རྒྱལ་དབང་བདུན་པའི་རྣམ་ཐར་དུ་གསལ་པས། དེ་དག་ཚང་མར་བལྟས་པ་ཡིན་ན་རྒྱལ་དབང་སྐུ་ཕྲེང་དྲུག་པ་སྐུ་འཚོ་བཞུགས་གནང་ནས་བསྡད་ཡ་དེ་ཡོང་ཤེས་ཡ་མི་འདུག དེ་བཞིན་གསང་བའི་རྣམ་ཐར་གྱི་ཁྲོད་དུའང་སྐྱོན་མང་པོ་ཞིག་འདུག བྱས་ཙང་རྒྱལ་བ་སྐུ་ཕྲེང་དྲུག་པ་འཚོ་ནས་བཞུགས་པ་དེ་ངོས་ལེན་ཐུབ་ཀྱི་མི་འདུག ངས་དེའི་སྐོར་ལ་ཞིབ་འཇུག་བྱེད་ཀྱི་ཡོད། ངར་རྩོམ་ཡིག་མང་པོ་ཞིག་དང་དགག་ཡིག་གི་ཁ་གཏད་ཀྱི་ཡིག་ཆ་མང་པོ་ཞིག་ཡོང་བ་ཡིན་ན། དེས་ངར་དཔེ་ཕན་ཐོགས་ས་རེད། ཅེས་འགྲེལ་བརྗོད་གནང་བྱུང་།

དེ་བཞིན་སཱ་ར་བོད་ཀྱི་མཐོ་རིམ་སློབ་གཉེར་ཁང་གི་ལོ་རྒྱུས་སློབ་དཔོན་ཚེ་རིང་སྟོབས་ལགས་ཀྱིས་འདི་གའི་གསར་འགོད་པར། ངས་དཔྱད་རྩོམ་དེ་རྒྱལ་བ་ཚངས་དབྱངས་རྒྱ་མཚོས་དགོན་པ་ཁག་དང་། ཡུལ་སྡེ་ཁག དཔོན་རིགས་སོགས་ལ་གནང་བའི་བཀའ་ཤོག་རིགས་མང་པོ་འདུག དེ་དག་རྒྱལ་བ་ཚངས་དབྱངས་རྒྱ་མཚོའི་གསུང་རྩོམ་ཁྲོད་ལ་སླེབས་ཐུབ་ཐབས་དང་། ད་བར་ཡོངས་གྲགས་ཀྱིས་བཀའ་ཤོག་རུབ་རུབ་བྱས་མེད་པས། དེ་དག་ཚང་མ་བསྡུ་རུབ་བྱས་པ་ཡིན་ན། དེ་ཚངས་དབྱངས་རྒྱ་མཚོའི་གསུང་རྩོམ་ཁྲོད་རིགས་ཚན་གསར་པ་ཞིག་ཆགས་འགྲོ་ཡི་འདུག་པས། ད་ལན་ངས་ཚངས་དབྱངས་རྒྱ་མཚོས་ཕྱི་ལོ་ ༡༧༠༣ ལོར་སྤོང་རོང་ངམ་སྔོན་མ་ཤེལ་དཀར་རྫོང་ཁོངས་སུ་ཡོད་པའི་སྤོང་རོང་འབྲོག་སྡེ་ཆེན་པོ་ཞིག་ལ་བཀའ་ཤོག་གནང་འདུག དེའི་སྐོར་ལ་ཞིབ་འཇུག་བྱས་ཡིན། དཔྱད་རྩོམ་དེའི་ཁྲོད་ཚངས་དབྱངས་རྒྱ་མཚོའི་བཀའ་ཤོག་གི་ནང་དོན་གྱི་འགྲོ་སྟངས་ཀྱི་ཐོག་ནས་གནས་སྟངས་གང་འདྲ་ཆགས་མིན་དང་། བཀའ་ཤོག་གི་བརྗོད་བྱ་ག་རེ་ཡིན་མིན་དང་ཉར་ཚགས་ཀྱི་བརྒྱུད་རིམ། དེ་བཞིན་རྒྱལ་བ་ཚངས་དབྱངས་རྒྱ་མཚོས་གནང་བའི་བཀའ་ཤོག་ཨ་མ་སྔོན་མ་བོར་བརླག་ཏུ་ཕྱིན་ཀྱང་། ཕྱི་ལོར་ ༡༩༠༧ ལོར་་བཀའ་ཤག་ལ་ཡོད་པ་དེ་ཚིག་བཤུས་བྱས་ནས་དེར་བཀའ་ཤག་གི་བཀའ་དམ་ཕབ་འདུག དེ་སླར་ཡང་སྤོར་རོང་ལ་རག་ནས། ད་ལྟ་ཕྱི་ལོགས་ལ་བཀའ་ཤོག་དེའི་ནང་དོན་ལ་བལྟ་ཡ་ཡོད་པ་དེ་དག་གི་སྐོར་དང་། བཀའ་དམ་ག་རེ་ག་རེ་བརྒྱབ་ཡོད་མེད་ཀྱི་ཞིབ་འཇུག་གི་གྲུབ་དོན་རྙེད་ཡོད། ཅེས་དང་། སྤོང་རོང་གི་བཀའ་ཤོག་དེ་དག་ད་ལྟ་བོད་ཀྱི་དཔེ་མཛོད་ཁང་དང་། འཇར་མན་གྱིི་བྲག་གཡབ་རིན་པོ་ཆེའི་ཕྱག་ལ་ཡོད་ས་རེད། དེ་བཞིན་མང་པོ་ཞིག་ཁངས་དཀར་ཚུལ་ཁྲིམས་སྐལ་བཟང་དང་ཉི་ཧོང་གི་ཨི་ཐོ་ནི་ཡ་གཙུག་ལག་སློབ་གྲྭར་གཅེས་ཉར་ཞུས་ཡོད་པའི་སྐོར་ལ་དཔྱད་ཞིབ་ཞུས་ཡིན། དེས་བཀའ་ཤོག་གི་རིགས་ལ་ཞིབ་འཇུག་བྱེད་སྟངས་དང་། དོ་སྣང་སྤྲོད་སྟངས། གནད་དོན་དེ་དང་འབྲེལ་ནས་ཚངས་དབྱངས་རྒྱ་མཚོའི་གསུང་དང་འབྲེལ་བའི་བཀའ་ཤོག་མང་པོ་ཞིག་ཡོད་པ་དེ་དག་ཉར་ཚགས་ཐུབ་པ་ཡིན་ན། གསུང་དེ་དག་ལ་ཁ་སྣོན་དང་བཀའ་ཤོག་ལ་དོ་སྣང་། བོད་ཀྱི་གཞུང་འབྲེལ་ཡི་གེའི་འགྲོ་སྟངས་ལ་ཕན་ཐོགས་དང་ཞིབ་འཇུག་གི་བརྗོད་གཞི་ཡུལ་གསར་པ་ཞིག་རེད། ཅེས་འགྲེལ་བརྗོད་གནང་བྱུང་།

མོན་རྟ་དབང་ནས་གསར་འགོད་པ་དཔལ་ལྡན་གྱིས་སྤེལ། རྩོམ་སྒྲིག་བྱེད་མཁན། པདྨ་མཚོ།

འབྲེལ་ཡོད་གསར་འགྱུར།

Mobile App

བུད་མེད་སྒེར་ལངས་ཐེངས་ ༦༧ པ་སྲུང་གཙི་ཞུས་སོང་།

ཆུ་ཚོད་ ༢ སྔོན་ལ།
རྟག་བརྟན་ལའི་བགྲོད་ལམ། བོད་ཀྱི་དུས་བབ་ཀྱི་པར། ༢༠༢༦།༣།༡༢
Uncategorized

ཆར་དུས་བསླེབ་རྒྱུར་ཟླ་གསུམ་ལྷག་ལས་མེད་པས་གཙུག་ལག་ཁང་གི་གཤམ་འོག་གཞུང་ལམ་ཞིག་གསོ་མ་ཐུབ་ན་འགྲོ་ལམ་རྦད་དེ་ཆད་ཉེན་འདུག

ཆུ་ཚོད་ ༣ སྔོན་ལ།
བོད་ཀྱི་ཟློས་གར་ཚོགས་པའི་ཚོགས་ཁང་དུ་རྒྱ་གར་རྒྱལ་ཡོངས་བོད་དོན་རྒྱབ་སྐྱོར་ཚོགས་པའི་ཚོགས་ཆེན་ཐེངས་བརྒྱད་པ་དབུ་འཛུགས་གནང་བཞིན་པ། ༢༠༢༦།༣།༡༢ དུས་བབ་གསར་ཁང་གི་པར།
Mobile App

སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་གིས་གལ་སྲིད་འཛམ་གླིང་ནང་ཞི་བདེ་དགོས་ན་རྒྱ་ནག་ནང་ཞི་བདེ་ཡོང་དགོས་ཞེས་གསུངས།

ཆུ་ཚོད་ ༣ སྔོན་ལ།
གསུམ་བཅུའི་དུས་དྲན་ཉིན་ཨོ་གླིང་གྲོས་ཚོགས་འོག་མའི་ནང་གྲོས་ཚོགས་འཐུས་མི་ཌི་ཝི་ཌི་སི་མི་ཐི་ལགས་ཀྱིས་བོད་དོན་ཐོག་གཏམ་བཤད་གནང་། པར་ཐད་གཏོང་ནས་བླངས།
Mobile App

ཨོ་གླིང་གྲོས་ཚོགས་ནང་བོད་དོན་ཐོག་གྲོས་འཆར་བཏོན།

ཆུ་ཚོད་ ༣ སྔོན་ལ།
རྒྱ་ནག་གིས་དྲག་གནོན་དང་། དེའི་རིགས་ལ་སྒྱུ་རྩལ་དང་གསར་འགོད་ལས་རིགས་བརྒྱུད་གདོང་ལེན་ཇི་འདྲ་བྱེད་ཀྱི་ཡོད་པའི་སྐོར་ལ་མཁས་པའི་གཏམ་བཤད་ལས་རིམ་འཚོག་བཞིན་པ། ༢༠༢༦།༣།༡༡ དུས་བབ་གསར་ཁང་གི་པར།
Mobile App

རྒྱ་ནག་གི་དྲག་གནོན་སྐོར་ལ་མཁས་པའི་གཏམ་བཤད་ཀྱི་ལས་རིམ་འཚོགས།

ཆུ་ཚོད་ ༢༤ སྔོན་ལ།
The third plenary meeting of the fourth session of the 14th National Committee of the Chinese People's Political Consultative Conference (CPPCC) is held at the Great Hall of the People in Beijing, capital of China, March 8, 2026. (Xinhua/Cao Yiming)
Mobile App

ཕྱི་ཟླ་ ༩ པའི་བདུན་ཕྲག་བཞི་པ་དེ་མི་རིགས་མཐུན་སྒྲིལ་ཡར་སྐུལ་གྱི་བདུན་ཕྲག་ཏུ་གཏན་འབེབ་བྱ་འཆར་འདུག

༢༠༢༦/༠༣/༡༡

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese