མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

འཛམ་གླིང་ཞི་བདེའི་ཆེད་ནང་པའི་དགེ་འདུན་ ༡༩ ཡིས་གོམ་བགྲོད་གནང་བཞིན་པ།

བོད་ཀྱི་དུས་བབ།
༢༠༢༦/༠༡/༠༩
Share on FacebookShare on TwitterShare on EmailShare on Whatsapp

ཨ་རིའི་ནང་ཡོད་པའི་ཝེ་ཐི་ནམ་གྱི་ཧོང་དྷའོ་ནང་པའི་དགོན་པའི་གོ་སྒྲིག་འོག་དགེ་འདུན་པ་ ༡༩ ཡིས་ཨ་ལོ་ཀ་ཞེས་པའི་རྒྱ་གར་གྱི་ཁྱི་ལྡོམ་ཞིག་འཁྲིད་དེ་ཨ་རིའི་ཊེག་སེ་སི་ནས་མངའ་སྡེ་བཅུ་ལྷག་བརྒྱུད་དེ་ཝ་ཤིང་ཊོན་བར་འཛམ་གླིང་ཞི་བདེའི་ཆེད་དུ་གོམ་བགྲོད་གནང་བཞིན་ཡོད་འདུག

A dozen Buddhist monks are trekking from Fort Worth, Texas, to D.C. to promote unity, compassion, and healing across the nation. (Walk for Peace/Facebook)

ཨ་རིའི་མངའ་སྡེ་ཊེག་སེ་སི་ (Texas) ནང་རྟེན་གཞི་བྱས་པའི་ཝེ་ཐི་ནམ་གྱི་ཧོང་དྷའོ་ནང་པའི་དགོན་པ་ (Huong Dao Buddhist Temple) ཡི་གོ་སྒྲིག་འོག འཛམ་གླིང་ཞི་བདེའི་ཆེད་གོམ་བགྲོད་(Walk for Peace)ཞེས་པའི་ལས་འནང་པའི་དགེ་འདུན་པ་ ༡༩ ཡིས་ཨ་ལོ་ཀ་ (Aloka) ཟེར་བའི་ཁྱི་ཞིག་འཁྲིད་དེ་ཨ་རིའི་རྒྱལ་ས་ཝ་ཤིང་ཊོན་ཌི་སི་སོགས་སུ་ཐོན་ཡོད་པ་དང་། ད་ལྟའི་ཆར་ཨ་རིའི་ལྷོ་ཁེ་རོ་ལི་ན་ (South Carolina) མངའ་སྡེ་རུ་ཡོད་པའི་ལེ་སིང་ཊོན་ (Lexington) རྫོང་དང་། གྷིལ་བྷར་ཌི་ (Gilbert) གྲོང་སྡེ་རུ་འབྱོར་ཡོད་འདུག

འཛམ་གླིང་ཡུལ་ལུང་མང་པོའི་ནང་དམག་འཁྲུག་འབྱུང་བཞིན་ཡོད་པའི་སྐབས་འདིར། བྱམས་སྙིང་རྗེ་དང་། ཞི་བདེ་བཅས་གོང་འཕེལ་དུ་གཏོང་བར་དམིགས་པ་ཞིག་ཡིན་འདུག་ལ། ཐེངས་འདིའི་གོམ་བགྲོད་དང་འབྲེལ་བའི་ཞི་བདེའི་ཆེད་དུ་གོམ་བགྲོད་ཅེས་པའི་ངོ་དེབ་ནང་དུ། ང་ཚོ་གཅིག་པོ་གོམ་བགྲོད་བྱེད་ཀྱི་མེད། སེམས་ལ་ཞི་བདེ་དང་བྱམས་བརྩེ། ཉིན་རེའི་འཚོ་བའི་ཁྲོད་ཞི་བདེ་གོང་འཕེལ་གཏོང་མཁན་དང་མཉམ་དུ་གོམ་བགྲོད་བྱེད་ཀྱི་ཡོད། ཅེས་བརྗོད་འདུག་ལ། ཁོང་རྣམས་ལ་ཨ་རིའི་མི་མང་སྟོང་ཕྲག་མང་པོས་ལམ་བར་ནས་དགའ་བསུ་ཞུ་ཡི་ཡོད་འདུག་ལ། ལྷག་པར་དུ་ཨ་ལོ་ཀ་ཟེར་བའི་ཁྱིའི་བརྩེ་སེམས་སོགས་མཐོང་སྐབས་མི་རྣམས་ཀྱིས་དགའ་སྐྱོ་འདྲིས་མའི་མིག་ཆུ་ཤོར་བ་དང་། ཨ་ལོ་ཀ་ནི་འཛམ་གླིང་ཞི་བདེའི་གོམ་བགྲོད་ཀྱི་མཚོན་རྟགས་སམ་གླེང་གཞི་ཆེན་པོ་ཞིག་ཏུ་གྱུར་ཡོད་འདུག

སྟབས་མ་ལེགས་པ་ཞིག་ལ་འདས་ལོའི་ཕྱི་ཟླ་ ༡༡ ཚེས་ ༡༩ ཉིན་དགེ་འདུན་པ་རྣམས་ཊེག་སེ་སིའི་གྲོང་ཁྱེར་ཧའོ་སི་ཊོན་ (Houston) ནང་གོམ་བགྲོད་གནང་བཞིན་པའི་སྐབས་སུ། རླངས་འཁོར་གཉིས་གདོང་ཐུག་བྱུང་སྟེ་དགེ་འདུན་པ་གཉིས་ལ་རྨས་སྐྱོན་ཕོག་ཡོད་པ་མ་ཟད། དགེ་འདུན་པ་གཅིག་གི་རྐང་པ་གཏུབ་དགོས་བྱུང་སྟེ་ཟླ་གཅིག་རིང་སྨན་བཅོས་བྱས་ཏེ་ཕྱིར་དགོན་པར་ཕེབས་དགོས་བྱུང་། དོན་རྐྱེན་དེ་བྱུང་རྗེས་འཛམ་གླིང་ཞི་བདེའི་ཆེད་དུ་གོམ་བགྲོད་བྱེད་བཞིན་པའི་གནས་ཚུལ་རྒྱ་ཁྱབ་ཆེན་པོ་ཕྱིན་ཡོད་འདུག

A dozen Buddhist monks are trekking from Fort Worth, Texas, to D.C. to promote unity, compassion, and healing across the nation. (Walk for Peace/Facebook)

ཞི་བདེའི་གོམ་བགྲོད་དེ་འདས་ལོའི་ཕྱི་ཟླ་ ༡༠ ཚེས་ ༢༦ ཉིན་ཊེག་སེ་སིའི་གྲོང་ཁྱེར་ཧྥོར་ཌི་ཝོར་ཐི་ (Fort Worth) ནས་མགོ་བརྩམས་ཡོད་པ་དང་། ཨ་རིའི་མངའ་སྡེ་བཅུ་བརྒྱུད་དེ་ཨ་རིའི་རྒྱལ་ས་ཝ་ཤིང་ཊོན་ཌི་སི་ (Washington DC) རུ་ཕེབས་ཀྱི་ཡོད་འདུག་ལ། འདི་ལོའི་ཕྱི་ཟླ་ ༢ པའི་ནང་ཝ་ཤིང་ཊོན་དུ་འབྱོར་རྩིས་ཡོད་འདུག

ཞི་བདེའི་ཆེད་དུ་གོམ་བགྲོད་ཅེས་པའི་ངོ་དེབ་དེར་རྗེས་འཇུག་པ་ ༨༠༠,༠༠༠ ལྷག་དང་། ཨ་ལོ་ཀ་ཟེར་བའི་ཁྱི་དེའི་ངོ་དེབ་ཁ་བྱང་ལ་རྗེས་འཇུག་པ་ ༤༥༠,༠༠༠ ལྷག་བྱུང་ཡོད་འདུག ཨ་ལོ་ཀ་ནི་རྒྱ་གར་ནས་འཁྲིད་ཡོང་བའི་ཁྱི་ལྡོམ་ཞིག་ཡིན་པ་དང་། འདས་པའི་ལོ་ངོ་བཞིའི་གོང་དུ་དགེ་འདུན་པ་ཁག་ཅིག་གིས་ཉིན་གྲངས་ ༡༠༠ ལྷག་རིང་རྒྱ་གར་ནང་འཛམ་གླིང་ཞི་བདེའི་ཆེད་དུ་གོམ་བགྲོད་གནང་སྐབས། ཨ་ལོ་ཀའང་གོམ་བགྲོད་དེའི་ནང་མཉམ་ཞུགས་བྱས་ཡོད་འདུག་ལ། ལམ་བར་དུ་ན་བ་དང་རླངས་འཁོར་གྱིས་བརྡུངས་བ་སོགས་དཀའ་ངལ་མང་པོ་འཕྲད་ཡོད་ཀྱང་། ཉེན་ཁ་ལས་ཐར་ཡོད་འདུག ཕྱིས་སུ་དགེ་འདུན་པ་དེ་དག་གིས་ཨ་ལོ་ཀ་ཨ་རིར་འཁྲིད་དེ་བདག་སྐྱོང་གནང་བཞིན་ཡོད་འདུག

གསར་འགོད་པ། བསྟན་འཛིན་ཕུར་བུ། རྩོམ་སྒྲིག་བྱེད་མཁན། པདྨ་མཚོ།

འབྲེལ་ཡོད་གསར་འགྱུར།

༸གོང་ས་མཆོག གསར་འགྱུར།

བོད་རྒྱལ་ལོ་ ༢༡༥༢ ལོར་ཟླ་གཅིག་དང་ཉིན་གྲངས་ ༨ རིང་ལ་དྭགས་སུ་ཆོས་འབྲེལ་རྒྱ་ཆེན་བསྐྱངས།

ཆུ་ཚོད་ ༢༢ སྔོན་ལ།
༸གོང་ས་མཆོག གསར་འགྱུར།

བོད་རྒྱལ་ལོ་ ༢༡༥༢ ལོར་བཞུགས་སྒར་ཐེག་ཆེན་གཙུག་ལག་ཁང་དུ་བསྩལ་བའི་གསུང་ཆོས་དང་བཀའ་སློབ།

༢༠༢༦/༠༢/༡༩
Mobile App

ཆོས་བརྒྱུད་ཁག་གི་བསྟན་བདག་བླ་ཆེན་རྣམ་པས་ལོ་གསར་ལ་འཚམས་འདྲིའི་གསུང་འཕྲིན་བསྩལ།

༢༠༢༦/༠༢/༡༨
༸གོང་ས་མཆོག གསར་འགྱུར།

བོད་རྒྱལ་ལོ་ ༢༡༥༢ ལོར་གཙུག་ལག་ཁང་དུ་༧གོང་ས་མཆོག་ལ་བརྟན་བཞུགས་བསྟར་འབུལ་ཞུས་པ་ཁག

༢༠༢༦/༠༢/༡༨
༸གོང་ས་མཆོག གསར་འགྱུར།

བོད་རྒྱལ་ལོ་ ༢༡༥༢ ལོར་༧གོང་ས་མཆོག་ནས་བསྩལ་བའི་གསུང་འཕྲིན་ཁག

༢༠༢༦/༠༢/༡༧
༸གོང་ས་མཆོག གསར་འགྱུར།

བོད་རྒྱལ་ལོ་ ༢༡༥༢ ལོར་༧གོང་ས་མཆོག་ལ་མཇལ་བཅར་ཞུ་མཁན་གྱི་གནད་ཡོད་མི་སྣ།

༢༠༢༦/༠༢/༡༦

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese