མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

རྒྱ་ནག་གི་དྲག་གནོན་སྐོར་ལ་མཁས་པའི་གཏམ་བཤད་ཀྱི་ལས་རིམ་འཚོགས།

བོད་ཀྱི་དུས་བབ།
༢༠༢༦/༠༣/༡༡
Share on FacebookShare on TwitterShare on EmailShare on Whatsapp

དེ་རིང་ཉིན་རྒྱབ་ཆུ་ཚོད་ ༣ པའི་སྟེང་བོད་ཀྱི་སྲིད་བྱུས་ཉམས་ཞིབ་ཁང་གི་གོ་སྒྲིག་འོག རྒྱ་ནག་གིས་དྲག་གནོན་བྱེད་སྟངས་དང་། དེའི་རིགས་ལ་སྒྱུ་རྩལ་དང་གསར་འགོད་ལས་རིགས་བརྒྱུད་གདོང་ལེན་ཇི་འདྲ་བྱེད་ཀྱི་ཡོད་པའི་སྐོར་ལ་མཁས་པའི་གཏམ་བཤད་ལས་རིམ་འཚོགས་སོང་།

རྒྱ་ནག་གིས་དྲག་གནོན་དང་། དེའི་རིགས་ལ་སྒྱུ་རྩལ་དང་གསར་འགོད་ལས་རིགས་བརྒྱུད་གདོང་ལེན་ཇི་འདྲ་བྱེད་ཀྱི་ཡོད་པའི་སྐོར་ལ་མཁས་པའི་གཏམ་བཤད་ལས་རིམ་འཚོག་བཞིན་པ། ༢༠༢༦།༣།༡༡ དུས་བབ་གསར་ཁང་གི་པར།

དེ་རིང་འདི་གའི་གསར་འགོད་པས་བོད་ཀྱི་སྲིད་བྱུས་ཉམས་ཞིབ་ཁང་གི་འགན་འཛིན་གཞོན་པ་ཛམ་ལྷ་བསྟན་པ་རྒྱལ་མཚན་ལགས་སུ་ལས་རིམ་འདི་གོ་སྒྲིག་གནང་བའི་གནད་འགག་ག་རེ་ཡིན་སྐོར་དྲིས་པར་ཁོང་གིས། ཨོ་གླིང་ནས་ཡིན་པའི་རྒྱ་རིགས་གསར་འགོད་པ་དང་སྒྱུ་རྩལ་པ་སྐད་གྲགས་ཆེན་པོ་གཉིས་དྷ་སར་འབྱོར་ཡོད་པ་དང་བསྟུན། ཁོང་གཉིས་ནི་རྒྱ་ནག་གི་ཆབ་སྲིད་ཀྱི་འགྲོ་སྟངས་ལ་རྒྱུས་མངའ་ཆེན་པོ་ཡོད་པ་དང་རྒྱ་ནག་ལ་ཁ་གཏད་གཅོག་མྱོང་བར་བརྟེན། རྒྱ་ནག་གི་དབང་སྒྱུར་འོག་དྲག་གནོན་བྱེད་སྟངས་དང་། དྲག་གནོན་དེའི་རིགས་ལ་སྒྱུ་རྩལ་དང་གསར་འགོད་ལས་རིགས་ཀྱི་ཐོག་ནས་གདོང་ལེན་ཇི་འདྲ་བྱེད་ཀྱི་ཡོད་པའི་སྐོར་ལ་གླེང་སློང་བྱེད་ཀྱི་ཡོད་པ་རེད། ལས་རིམ་འདིའི་བརྒྱུད་རྒྱ་ནག་གཞུང་སྟོབས་ཆེན་པོ་ཡིན་ཡང་། ང་ཚོ་ཉམ་ཆུང་བྱས་ནས་སྡོད་མཁན་ཞིག་མ་རེད། བདེན་པ་དང་དྲང་བདེན་ལ་རྒྱལ་ཁ་འཐོབ་རྒྱུ་ཡོད་པ་རེད། དེ་བཞིན་བོད་པའི་གནད་དོན་དེ་བདེན་པ་དང་རང་དབང་གི་ཐོག་ནས་དུས་ནམ་ཞིག་ལ་རྒྱལ་ཁ་ཐོབ་ཀྱི་རེད་ལ། ང་ཚོ་མི་མང་པོ་ཞིག་བསམ་བློ་འདྲ་བའི་ཆ་མང་པོ་ཞིག་འདུག ཚང་མས་མཉམ་རུབ་ཀྱི་ལས་ཀ་བྱེད་ཆོག་པ་དང་། མཉམ་རུབ་ཀྱིས་ལས་ཀ་བྱེད་ཚེ་རྒྱལ་ཁ་ཐོབ་ཀྱི་རེད། ཅེས་འགྲེལ་བརྗོད་གནང་བྱུང་།

ཨོ་གླིང་དུ་ཡོད་པའི་རྒྱ་རིགས་གསར་འགོད་པ་གྲགས་ཅན་ཁྲན་ལི་ (Cheng Lei) ཡིས། རྒྱ་ནག་གི་དྲག་གནོན་གྱི་ལམ་ལུགས་དང། གསར་འགོད་ལས་རིགས་ཀྱི་ཐོག་ནས་གདོང་ལེན་གང་འདྲ་བྱེད་ཀྱི་ཡོད་པའི་སྐོར་ལ་གཏམ་བཤད་གནང་ཡོད་ཅིང་། ང་རང་རྒྱ་ནག་གི་གསར་ཁང་ (CCTV 9) ནང་གསར་འགོད་ལས་རིགས་ཀྱི་ལས་དོན་གཉེར་མྱོང་བ་དང་། རྒྱ་ནག་གིས་གནས་ཚུལ་གལ་ཆེན་ཁག་ཅིག་ཁྱབ་སྤེལ་བྱས་བཅུག་མ་སོང་། (CNBC) གསར་ཁང་དུ་ལས་དོན་གཉེར་བཞིན་པའི་སྐབས། སངས་རྒྱས་བཅོམ་ལྡན་འདས་ཀྱི་འཁྲུངས་སྐར་ཉིན་ལྷོ་ཀོ་རི་ཡའི་ནང་གི་ཁྲོམ་ས་རྣམས་སྒོ་བརྒྱབ་ཡོད་པའི་གནས་ཚུལ་ལེན་པ་ཡིན། སྐབས་དེར་རྒྱ་ནག་གཞུང་གིས་གཉེར་བའི་གསར་ཁང་གིས་ཆོས་ལུགས་དང་འབྲེལ་བའི་གནས་ཚུལ་ཕྱིར་བསྒྲགས་བྱེད་མི་དགོས་པའི་བརྡ་ལན་བཏང་འདུག ཕྱི་ལོ་ ༢༠༠༨ ལོའི་ཨོ་ལིམ་པིག་ (Olympic) འཚོག་བཞིན་པའི་སྐབས། རྒྱ་ནག་གིས་གསར་འགྱུར་བརྒྱུད་ལམ་ཁག་ལ་དམ་དྲག་དང་ཞིབ་བཤེར་ཤུགས་ཆེན་བྱས་ཡོད་ལ། གསར་འགོད་པ་རྣམས་ཀྱིས་གནས་ཚུལ་ག་རེ་བཀོད་དགོས་པ་དང་། བཀོད་མི་དགོས་པ། གནས་ཚུལ་གང་འདྲ་བཀོད་དགོས་པའི་ཡིག་ཆ་འགྲེམས་སྤེལ་བྱེད་བཞིན་འདུག ཕྱི་ལོ་ ༢༠༠༨ ལོའི་ཨོ་ལིམ་པིག་སྐབས་གནས་ཚུལ་ལེན་བཞིན་པའི་སྐབས་ང་ལ་བརྙས་བཅོས་དང་སུན་གཙེར་བྱས་སོང་། ཞེས་བརྗོད་སོང་།

ཡང་ཁོང་མོས། ཕྱིའི་རྒྱལ་ཁབ་ཁག་གི་གསར་འགོད་པ་དེ་དག་རྒྱ་ནག་ནང་གནས་ཚུལ་མཁོ་སྒྲུབ་བྱེད་པར་འགྲོ་སྐབས། ཁོང་ཚོའི་བདེ་འཇགས་དང་འབྲེལ་ནས་དངངས་སྐྲག་དང་ཞེད་སྣང་སྐྱེས་ཀྱི་ཡོད་ལ། རྒྱ་ནག་གཞུང་གིས་གསར་འགོད་པ་དེ་དག་ལའང་དྲག་གནོན་དང་། ལྟ་ཞིབ་ནན་པོ་བྱེད་ཀྱི་ཡོད་པ་རེད། ད་ལྟའི་ཆར་རྒྱ་ནག་གི་མགོ་ཁྲིད་ཞི་ཅིན་ཕིང་གི་དུས་སྐབས་སུ། གསར་འགོད་པ་རྣམས་ལ་སྔར་ལྷག་དམ་དྲག་ཤུགས་ཆེན་བྱེད་བཞིན་ཡོད་པ་དང་། རྒྱ་ནག་ལ་གནོད་པའི་གནས་ཚུལ་ཁག་ཅིག་ཁྱབ་སྤེལ་བྱེད་བཅུག་གི་མེད་པ་རེད། རྒྱ་ནག་ནང་ཞིབ་འཇུག་བྱེད་མཁན་གྱི་གསར་འགོད་པ་རྣམས་མེད་པར་གྱུར་གྱི་ཡོད་པ་རེད། རྒྱ་ནག་གིས་གསར་འགོད་པ་རྣམས་ལ་དམ་དྲག་དང་གཉའ་གནོན་ཤུགས་ཆེན་གྱི་ཡོད་ཀྱང་། གསར་འགོད་པས་སེམས་ཤུགས་མ་ཆག་པར་ཨུ་ཚུགས་ཀྱིས་གཉའ་གནོན་དེ་དག་ལ་གདོང་ལེན་བྱས་ཏེ་དྲང་བདེན་གྱི་གནས་ཚུལ་ཁྱབ་སྤེལ་བྱེད་དགོས་ཀྱི་ཡོད་པ་རེད། རྒྱ་ནག་གི་གསར་ཁང་ནང་ལས་དོན་གཉེར་བཞིན་པའི་སྐབས། ཚོར་བ་སྐྱེན་པའི་གནད་དོན་རིགས་ལ་ལག་པ་འཆང་མི་བཅུག་པ་དང་། རྒྱ་ནག་གི་དཔོན་རིགས་སོགས་ལ་བཅར་འདྲི་བྱ་རྒྱུའི་གོ་སྐབས་ཡོད་ཀྱང་། རྒྱ་ནག་གི་མགོ་ཁྲིད་ཞི་ཅིན་ཕིང་གི་སྐབས་སུ། རྒྱ་ནག་གི་དཔོན་རིགས་སོགས་ལ་བཅར་འདྲི་བྱེད་མི་ཐུབ་པའི་དཀའ་ངལ་འཕྲད་པ་དང་། གསར་འགོད་རང་དབང་གི་གནས་སྟངས་ཇེ་སྡུག་ཏུ་ཕྱིན་སོང་། འོན་ཀྱང་། ཨོ་གླིང་དུ་ཡོད་པའི་གསར་ཁང་དུ་གསར་འགོད་ལས་དོན་གཉེར་བའི་སྐབས། གསར་འགོད་རང་དབང་ཤུགས་ཆེན་ཡོད་པ་དང་། ཆབ་སྲིད་པ་སོགས་ལ་སོ་སོས་བསམ་པ་བཞིན་དྲི་བ་དྲིས་ཐུབ་པའི་ནུས་པ་དང་རང་དབང་འདུག ཅེས་སོགས་བརྗོད་སོང་།

རྒྱ་ནག་གིས་དྲག་གནོན་དང་། དེའི་རིགས་ལ་སྒྱུ་རྩལ་དང་གསར་འགོད་ལས་རིགས་བརྒྱུད་གདོང་ལེན་ཇི་འདྲ་བྱེད་ཀྱི་ཡོད་པའི་སྐོར་ལ་མཁས་པའི་གཏམ་བཤད་ལས་རིམ་འཚོག་བཞིན་པ། ༢༠༢༦།༣།༡༡ དུས་བབ་གསར་ཁང་གི་པར།

ཨོ་གླིང་དུ་ཡོད་པའི་རྒྱ་རིགས་སྒྱུ་རྩལ་པ་གྲགས་ཅན་པ་ཌིའུ་ཚའོ་ (Badiu Cao) ཡིས། རྒྱ་ནག་གི་དྲག་གནོན་གྱི་ལམ་ལུགས་དང་། སྒྱུ་རྩལ་གྱི་ཐོག་ནས་གདོང་ལེན་གང་འདྲ་བྱེད་དགོས་པའི་སྐོར་ལ་གཏམ་བཤད་གནང་ཡོད་ཅིང་། རྒྱ་ནག་གཞུང་གིས་བོད་དང་། ཤར་ཊུར་ཀི་སི་ཐན། ཐའེ་ཝན་སོགས་ལ་དྲག་གནོན་ཤུགས་ཆེན་བྱས་དང་བྱེད་མུས་ཡིན་པ་དེ་དག་གླེང་སློང་བྱེད་དགོས་གལ་ཆེན་པོ་ཡིན་པ་མ་ཟད། ཕྱིའི་རྒྱལ་ཁབ་ཁག་གི་མི་མང་དང་རྒྱ་ནག་གི་མི་མང་རྣམས་ལ་གནད་དོན་དེ་དག་གླེང་སློང་བྱེད་དགོས་གལ་ཆེན་པོ་ཆགས་ཀྱི་ཡོད། ང་རང་གི་ངོས་ནས་བོད་མི་དང་བོད་པའི་སྤྱི་ཚོགས་ཀྱི་བདེ་དོན་དང་རང་དབང་ལ་རྒྱབ་སྐྱོར་གྱི་ཆེད་དུ་ལས་དོན་བྱས་དང་བྱེད་མུས་ཡིན། སྒྱུ་རྩལ་གྱི་ལམ་ནས་རྒྱ་ནག་གི་ལྟ་ཕྱོགས་དང་། འགྲོ་བ་མིའི་ཐོབ་ཐང་གི་གནས་སྟངས་སོགས་རི་མོའི་ལམ་ནས་གསལ་སྟོན་བྱེད་ཀྱི་ཡོད། ངས་ཐོག་མར་རྒྱ་ནག་གི་ཆབ་སྲིད་ཀྱི་གནས་སྟངས་སོགས་རི་མོའི་ལམ་ནས་གསལ་སྟོན་བྱེད་སྐབས། དྲང་བདེན་གྱི་གནས་ཚུལ་དེ་དག་ཁྱབ་སྤེལ་ཡོང་སླད། ལོ་ངོ་བདུན་གྱི་རིང་ངོ་མི་ཤེས་པའི་ཆེད་དུ་ཁ་རས་གྱོན་ཏེ་སོ་སོའི་ངོ་གདོང་བཀག་མྱོང་ཡོད། ཅེས་དང་། ལོ་ངོ་བདུན་གྱི་རྗེས་སུ་ཕྱི་ལོ་ ༢༠༡༨ རྒྱ་ནག་གཞུང་གིས་ང་སུ་ཡིན་མིན་ངོ་ཤེས་ཏེ། ངའི་ནང་མི་རྣམས་ལ་འཇིགས་སྐུལ་བྱས་པ་དང་། ཧྲང་ཧའེ་ཉེན་རྟོག་ཁང་དུ་འཁྲིད་དེ་འདྲི་རྩད་སོགས་བྱས་ཡོད་སྐོར་སོགས་འགྲེལ་བརྗོད་གནང་སོང་།

ཡང་ཁོང་གིས། རྒྱ་ནག་གིས་སྒྱུ་རྩལ་པ་རྣམས་ལ་དྲག་གནོན་ཞིབ་བཤེར་བྱས་དང་བྱེད་མུས་ཡིན་པ་དང་། དྲ་ཐོག་ནས་ཞིབ་བཤེར་དང་། སོ་ལྟ་སོགས་བྱེད་ཀྱི་ཡོད་པ་རེད། རྒྱ་ནག་གཞུང་གིས་དྲ་ཐོག་ནས་ང་དང་འབྲེལ་བའི་གནས་ཚུལ་རྣམས་ཤེས་རྟོགས་བྱུང་སྟེ། ངའི་མིང་ཐོག་ནས་དྲ་ཐོག་གི་ཁ་བྱང་རྫུན་པ་བཟོས་མགོ་བཙུགས་པ་དང་། ད་ལྟའི་ཆར་ངའི་མིང་ལ་དྲ་ཐོག་གི་ཁ་བྱང་སྟོང་ཕྲག་མང་པོ་བཟོས་པ་མ་ཟད། ངའི་སྐོར་གནས་ཚུལ་རྫུན་བཟོ་བྱས་པ་དང་། ནག་ཉེས་ཅན་ཞིག་ཡིན་སྐོར་བརྗོད་དེ་རྒྱ་ནག་ནས་ཨོ་གླིང་དུ་བྲོས་ཡིན་སྐོར་སོགས་གནས་ཚུལ་རྫུན་མ་ཁྱབ་སྤེལ་བྱེད་བཞིན་འདུག ངོ་ཤེས་ཡོད་པའི་གྲགས་ཅན་གྱི་གསར་འགོད་པ་ཞིག་ལ་འབྲེལ་བ་བྱས་པ་སོགས་རྫུན་བཟོའི་གནས་ཚུལ་ཁྱབ་སྤེལ་བྱེད་བཞིན་ཡོད་པ་དང་། དྲ་ཐོག་ནས་འཇིགས་སྐུལ་སོགས་བྱས་སོང་། དེ་བཞིན་རྒྱ་ནག་ཏུ་ཡོད་པའི་ངའི་ནང་མི་རྣམས་ལ་སུན་གཙེར་དང་། དམ་དྲག་ཤུགས་ཆེན་བྱས་པ་དང་། ང་ལ་ལྟ་ཞིབ་ནན་པོ་བྱས་པ་དང་རྗེས་འདེད་བཏང་བ་སོགས་འཇིགས་སྐུལ་བྱས་པ་མ་ཟད། རི་མོའི་སྒྱུ་རྩལ་གྱི་འགྲེམས་སྟོན་བྱས་མི་བཅུག་པའི་ཆེད་དུ་ཐབས་ལམ་འདྲ་མིན་བེད་སྤྱོད་བྱས་ཏེ། རི་མོའི་སྒྱུ་རྩལ་གྱི་འགྲེམས་སྟོན་འཚོགས་པར་དམ་དྲག་ཡང་ཡང་བྱས་སོང་། རྒྱ་ནག་གིས་ང་ལ་དམ་དྲག་མུ་མཐུད་བྱེད་བཞིན་ཡོད་པར་བརྟེན། རྒྱ་ནག་ཏུ་ཡོད་པའི་ནང་མི་རྣམས་ལ་འབྲེལ་བ་རྦད་དེ་བཅད་དགོས་པ་དེ་ཐབས་ལམ་ཡག་ཤོས་ཤིག་མཐོང་སོང་། ཞེས་སོགས་བརྗོད་སོང་།

གསར་འགོད་པ། བསྟན་འཛིན་ཕུར་བུ།

འབྲེལ་ཡོད་གསར་འགྱུར།

༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་གི་བཀའ་ཡིག བོད་ཀྱི་དུས་བབ་གསར་ཁང་གིས་བསྒྲིགས། ༢༠༢༦།༣།༡༣ 
༧གོང་ས་མཆོག གསུང་འཕྲིན།

བོད་མི་ནང་ཁུལ་བོད་སྐད་ཡིག་སྦྱོང་སྤྱོད་དགོས་པའི་བཀའ་སློབ་ནན་པོ་ཕེབས་འདུག

སྐར་མ ༥༧ སྔོན་ལ།
Mobile App

བུད་མེད་སྒེར་ལངས་ཐེངས་ ༦༧ པ་སྲུང་གཙི་ཞུས་སོང་།

ཆུ་ཚོད་ ༢༠ སྔོན་ལ།
རྟག་བརྟན་ལའི་བགྲོད་ལམ། བོད་ཀྱི་དུས་བབ་ཀྱི་པར། ༢༠༢༦།༣།༡༢
Mobile App

ཆར་དུས་བསླེབ་རྒྱུར་ཟླ་གསུམ་ལྷག་ལས་མེད་པས་གཙུག་ལག་ཁང་གི་གཤམ་འོག་གཞུང་ལམ་ཞིག་གསོ་མ་ཐུབ་ན་འགྲོ་ལམ་རྦད་དེ་ཆད་ཉེན་འདུག

ཆུ་ཚོད་ ༢༡ སྔོན་ལ།
བོད་ཀྱི་ཟློས་གར་ཚོགས་པའི་ཚོགས་ཁང་དུ་རྒྱ་གར་རྒྱལ་ཡོངས་བོད་དོན་རྒྱབ་སྐྱོར་ཚོགས་པའི་ཚོགས་ཆེན་ཐེངས་བརྒྱད་པ་དབུ་འཛུགས་གནང་བཞིན་པ། ༢༠༢༦།༣།༡༢ དུས་བབ་གསར་ཁང་གི་པར།
Mobile App

སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་གིས་གལ་སྲིད་འཛམ་གླིང་ནང་ཞི་བདེ་དགོས་ན་རྒྱ་ནག་ནང་ཞི་བདེ་ཡོང་དགོས་ཞེས་གསུངས།

ཆུ་ཚོད་ ༢༡ སྔོན་ལ།
གསུམ་བཅུའི་དུས་དྲན་ཉིན་ཨོ་གླིང་གྲོས་ཚོགས་འོག་མའི་ནང་གྲོས་ཚོགས་འཐུས་མི་ཌི་ཝི་ཌི་སི་མི་ཐི་ལགས་ཀྱིས་བོད་དོན་ཐོག་གཏམ་བཤད་གནང་། པར་ཐད་གཏོང་ནས་བླངས།
Mobile App

ཨོ་གླིང་གྲོས་ཚོགས་ནང་བོད་དོན་ཐོག་གྲོས་འཆར་བཏོན།

ཆུ་ཚོད་ ༢༡ སྔོན་ལ།
The third plenary meeting of the fourth session of the 14th National Committee of the Chinese People's Political Consultative Conference (CPPCC) is held at the Great Hall of the People in Beijing, capital of China, March 8, 2026. (Xinhua/Cao Yiming)
Mobile App

རྒྱ་ནག་གིས་གྲངས་ཉུང་མི་རིགས་ལ་དམིགས་པའི་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་མི་རིགས་མཐུན་སྒྲིལ་ཡར་རྒྱས་ལ་སྐུལ་འདེད་ཀྱི་བཅའ་ཁྲིམས་ཟེར་བ་ཞིག་གཏན་འབེབས་བྱས།

༢༠༢༦/༠༣/༡༡

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese