མདོ་ཁམས་ཆུ་བཞི་སྒང་དྲུག་གི་འགན་འཛིན་ལྷན་ཚོགས་ཐེངས་ ༤༠ བ་དེ་ཟླ་སྔོན་མའི་ཕྱི་ཚེས་ ༢༥ ནས་ ༢༧ བར་ཉིན་གསུམ་རིང་རྒྱ་གར་རྒྱལ་ས་ལྡི་ལིར་ཚོགས་ཡོད་པ་དང་། སྐབས་དེར་ས་གནས་སུམ་ཅུ་སོ་གཉིས་ནས་ཚོགས་བཅར་བ་ ༧༨ ཙམ་ཞུགས་ཡོད་འདུག ཚོགས་ཐོག་ཏུ་༧གོང་ས་མཆོག་གི་སྐུ་ཕྱྭའི་སྐོར་དང་མདོ་ཁམས་ཆུ་སྒང་གི་ཐོག་མའི་དམིགས་ཡུལ་ལྟར་བོད་རང་བཙན་སྒྲུབ་ཕྱོགས་སྐོར། སྐབས་བཅོ་ལྔ་བའི་མདོ་སྟོད་ཀྱི་སྤྱི་འཐུས་འོས་འདེམས་སྐོར། དེ་བཞིན། འབྱུང་འགྱུར་ཆུ་སྒང་སྒྲིག་འཛུགས་ཀྱི་ལས་དོན་བྱེད་ཕྱོགས་སྐོར་བཅས་ལ་གྲོས་ཆོད་ ༡༠ ཙམ་བཞག་ཡོད་འདུག
མདོ་ཁམས་ཆུ་སྒང་གི་ཐོག་མའི་དམིགས་ཡུལ་ལྟར། བོད་རང་བཙན་སྒྲུབ་ཕྱོགས་སྐོར་གྱི་གྲོས་ཆོད་ནང་བཀོད་དོན། འཛམ་གླིང་ཤར་ནུབ་ཁག་གི་བོད་དོན་རྒྱབ་སྐྱོར་བ་དང་དྲང་བདེན་ལ་དགའ་བའི་རྒྱལ་ཁབ། དེ་བཞིན་འགྲོ་བ་མིའི་ཐོབ་ཐང་ཚོགས་པ་དང་རྒྱལ་སྤྱིའི་ཉེས་ཡངས་ཚོགས་པ། རྒྱལ་མཚམས་མེད་པའི་གསར་འགོད་ལྷན་ཚོགས་སོགས་ལ་འདས་པའི་ལོ་རྒྱུས་ཐོག བོད་རང་བཙན་གཙང་མ་ཡིན་པའི་ངོ་སྤྲོད་དང་ད་ལྟའི་བོད་ཀྱི་ཡ་ང་བའི་གནས་སྟངས། གཞིས་བཞུགས་བོད་རིགས་ཚོའི་མངོན་འདོད་ངོ་མ་དེ་རང་བཙན་ཡིན་པའི་གནས་ལུགས་བཅས་ཡིག་ངག་གཉིས་ཐོག་ནས་དུས་ནས་དུས་སུ་འབྲེལ་བ་ཞུ་རྒྱུ་དང་། ༧གོང་ས་མཆོག་གི་བཀའ་དགོངས་དང་མི་འགལ་བ་བྱ་རྒྱུ་དེ་མདོ་ཁམས་ཆུ་བཞི་སྒང་དྲུག་ཤི་གསོན་གཉིས་ཀྱི་དམ་བཅའ་ཡིན། བློ་ཕམ་པ་ཞིག་ལ་ཕྱི་ལོ་ ༢༠༠༨ ཟླ་ ༡༠ ཚེས་ ༢༩ ཉིན་དམིགས་བསལ་སྐུ་ཚབ་རྣམ་པས་བོད་རིགས་ཡོངས་ལ་མིང་དོན་མཚུངས་པའི་རང་སྐྱོང་ཡོང་ཐབས་ཀྱི་བསམ་འཆར་ཞེས་པའི་ཡིག་ཆར་རྒྱ་ཕྱོགས་ནས་དྲན་ཐོ་ཞེས་པའི་མིང་འདོགས་འོག ནང་དོན་སྣ་གཅིག་ལའང་ངོས་ལེན་མེད་པའི་བཤད་སྟངས་སོགས་རང་ཕྱོགས་དང་གཞན་ཕྱོགས་གཉིས་ཀའི་ངོ་སྤྲོད་དང་། དྲན་ཐོ་ཟེར་བའི་གནད་དོན་རྣམས་ལ་མདོ་ཁམས་ཆུ་བཞི་སྒང་དྲུག་གི་འགན་འཛིན་ལྷན་ཚོགས་ཐེངས་ ༤༠ པའི་ཚོགས་ཐོག་ནས་ངོས་ལེན་གཏན་ནས་མེད་པའི་གྲོས་ཆོད་བཞག་པ་ཡིན། ཞེས་བཀོད་འདུག
ཡང་གྲོས་ཆོད་ནང་སྐབས་བཅོ་ལྔ་བའི་མདོ་སྟོད་ཀྱི་སྤྱི་འཐུས་འོས་གཞི་འདོན་ཕྱོགས་སྐོར་བཀོད་དོན། ས་གནས་ཁག་ནས་འོས་གཞི་མི་གངས་ ༡༠ ལས་གྲུབ་པ་ཞིག་གཏན་འབེབས་ཀྱིས་དབུས་སྤྱི་ཁྱབ་རྒྱུན་ལས་ཁང་ལ་འབུལ་རྒྱུ་དང་། དེའི་རྗེས་སྔོན་འགྲོ་དང་དངོས་གཞིའི་འོས་གཞི་གཏན་འབེབས་གནང་དགོས། མཐའ་མའི་ཐག་གཅོད་ནང་མང་མོས་རྩེ་ཏོག་གིས་འོས་གཞི་མི་གྲངས་ ༡༠ ལས་སྐྱེས་བ་ ༨ དང་། བུད་མེད་ ༢ དབུས་སྤྱི་ཁྱབ་རྒྱུན་ལས་ཁང་གིས་གཏན་འབེབས་གང་གནང་ལ་རྩ་འཛིན་བྱ་རྒྱུ་ལས་དེ་མིན་འོས་གཞི་འདྲ་མིན་བྱུང་རིགས་ལ་ངོས་ལེན་མེད། ཅེས་བཀོད་འདུག
ཆུ་བཞི་སྒང་དྲུག་འདིའི་ལས་ཅི་ཞིག་བསགས་པ་ཡིན་ནམ
རིག་པ་འདོན་པ་དག་ཀྱང་འདིའི་ནང་མཛུལ་བ་དང་ཁྱད་མཚར་ཞིག་ཏུ་གྱུར་འདུག
ད་འདི་ལྟར་བྱེད་རྒྱུ་བྱོས་་་་་་་་གང་ཞིག་ནས་གཏོར་བཤུགས་གཏོང་ཐུབ་ན་དེ་ནས་གཏོར་རྒྱུ་བྱོས།
མེས་པོ་ཚོའི་དྲི་ཙམ་ཡང་ད་ལྟའི་ཆུ་སྒང་འཛིན་པ་དག་ལ་མི་འདུག
མེས་པོ་དག་གི་རྐང་འདྲེན་རེད
ངས་བཤད་རྒྱུ་ཞིག་ལ་འདིའི་ནང་གི་རིག་པ་འདོན་པ་དག་ལ་འདི་བཤད་པ་ཡིན
ཁྱོད་ཚོའི་ཨེ་གོ་ཐ།།།།།།།།།།།།།།།།།།།།།།།།།།།།།
བོད་གཞུང་བདེ་སྲུང་ལས་བྱེད་ལྷག་པ་ཚེ་རིང་ལགས་ཀྱིས་གསུང་གསལ།
བལ་ཡུལ་བོད་གཞུང་སྐུ་ཚབ་དོན་གཅོད་བཀག་ཉར་བྱས་པ་རེད་ཅེས་གསར་འགྱུར་བརྒྱུད་ལམ་ཁག་ནང་བཏང་བ་དེ་དག་ཞིབ་འཇུག་མ་བྱས་པའི་སྐྱོན་གནད་འདུག
http://twitter.com/lhaktse
ནོར་བཅོས། བ་བཤད་་་མ་བཤད་དང་། གཏོར་བཤིག་གི་འགྲོ་གཞི་་་གཏོར་བཤིག་འགྲོ་གཞི། བཅས་སུ་བཅོས་རོགས།
བསམ་ཚུལ་བཤད་པ་ཡག་པོ་ཡིན་ཡང་བསམ་བློ་བཏང་ནས་བ་བཤད་ན་ཕན་ལས་གནོད་ཆེ་བ་ཡིན། བོད་ལ་ཤ་ཚ་ཡོད་པའི་བོད་པ་ཞིག་ཡིན་ན་ལུང་ཚན་ཕྱོགས་ཞེན་གྱི་བསམ་བློ་རྩ་བ་ནས་དོར་དགོས། བོད་ཀྱི་བསྟན་སྲིད་བརླག་པར་འདོད་མཁན་ནམ་དགྲ་ཕྱོགས་ཀྱི་ལས་འགན་ཡོད་ན་ནི་མ་ཤེས། གང་ལྟར་སྤྱི་དོན་གཏོར་བཤིག་གི་འགྲོ་གཞི་སུ་ཐད་ནས་གནང་རྒྱུ་མི་འདུག
ལྷ་རྒྱལ་ལོ། མདོ་ཁམས་ཆུ་སྒང་བསྟན་པས་དར་ན་བོད་གང་ཅན་པའི་རྒྱལ་ཁབ་ཐོབ་རྒྱུ་རེ་བ་ཡོད་པ་དང་གཉིས་སུ་མ་ཆེས། ད་ལྟའི་བོད་ཀྱི་གནས་འབབས་ལ་ཞིབ་ཙེ་ཆུ་སྒང་ལྟར་བུ་ནུས་ཤུགས་ཅན་གྱི་ཚོགས་པ་གང་མང་དགོས་ཀྱི་འདུག། དྲིན་ཐོ་ཟེར་བའི་གྲོས་ཆོད་ལ་ཆུ་སྒང་གིས་ངོས་ལེན་མེད་ཟེར་བ་དེ་འགྲིགས་འདུག། རྩལ་བའི་འཆར། གོང་ས་མཆོག་གི་བཀའ་དགོངས་དང་བོད་གཞུང་གི་ལང་ཕྱོགས་དང་མཐུན་ན་གྲོས་ཆོད་འདིས་རྒྱལ་དམར་གུང་ཁྲིམས་གཏང་ལ་ཁ་ཐད་གཅོག་པ་རེད།
དེ་འདྲ་ཡིན་རྩམ་ང་ཚོའི་མགོ་ནག་བོད་མི་ཡོངས་ཀྱིས་འདོད་དོན་དང་གཅིག་མཚུངས་མ་རེད་དམ།
དྲ་རོགས་ཚོ།ངས་ཁྱོད་ཚོས་ཟིན་བྲིས་ཆ་ཚང་བར་བལྟས་བ་ཡིན།ཡིན་ནའང་ཁྱོད་ཚོས་སྐད་ཆ་ཚང་མ་ཕྱོགས་ལྷུང་དང་སྒེར་ནད་ཤག་སྟག་ལས་མི་འདུག།ཁ་ཤས་ཀྱི་གོང་གི་དྲན་ཐོ་ལ་ངོས་ལེན་མེད་ཅེས་པ་དེའི་ནང་དོན་ཡང་ཡག་པོ་ཞིགམ་རྟོག་ནས་བར་སྣང་ལ་འུར་སྒྲོགས་བཞིན་འདུག།
ངས་ཞུ་རྒྱུ་ཞིག་ལ་ཁྱོད་རྣམ་པའི་གསར་རྙིང་དང་གྲོས་ཆོད་ལ་ངོས་ལེན་ཡོད་མེད་སོགས་ཀྱི་ཐུགས་གཡེང་གནང་མི་དགོས།གང་ལ་ཞེ་ན་ཆུ་བཞི་སྒང་དྲུག་གི་ད་ལྟ་རྒྱུན་ལས་རྣམས་ཀྱི་ཨ་འབྲུག་སྦྱིན་བདག་དང་སྦྱིན་པ་རྒྱལ་མཚོ་རྣམ་གཉིས་ནང་བཞིན་ནམ་ཡང་བྱ་མི་ཐུབ།རྒྱུ་མཚན་ནི་དམག་སྤྱི་ཆེན་པོའི་གོང་ས་ལ་གྲ་བ་ཞིག་ཡོང་ཡོད་པ་མ་ཤེས་སམ།
ད་དུང་ཆོས་རྒྱུད་སྤྱི་འཐུས་མེད་ནའང་འགྲིགས།གང་ལ་ཞེ་ན་ཆོས་ནི་གཞན་གཅེར་འཛིན་དང་སྲིད་ནི་བདག་གཅེར་འཛིན་ཡིན་པའི་གྲ་བ་དཔོན་པོ་དེ་ཚོའི་སྲུང་བྱ་ལའང་ཉེ་པ་ཡོད་པ་མ་རེད་པས།
གྲོགས་པོ་ཚོར་ང་ཚོས་མནའ་རོ་སྐམ་པོ་བླངས་ནས་ཕན་ཐོག་མེད་དེ་ལས་སུམ་ཅུ་དུས་དྲན་ཤར་ལ་ཉེ་བའི་དེ་ལ་ལས་འགུལ་ག་འདྲའི་སྤེལ་དགོས་མིན་བཀའ་མོས་གནང་དང་།
ཧཧཧཧཧཧཧཧཧཧཧཧཧཧཧཧཧཧཧཧཧཧཧཧཧཧཧཧཧཧཧཧཧཧཧཧཧཧཧཧ
ཧ་ཧ།
སྡིག་བཤེས་སྨོན་མཐར་མིང་ཅན། ད་ལོ་བོད་མི་མང་གི་སེམས་པ་མ་དཀྲུགས་རོགས། ༧རྒྱལ་བའི་དགོངས་པ་མ་དཀྲུགས་རོགས།
དབྱིན་མིང་ཅན། བཟུང་མིན་ཞིབ་འཇུག་བྱོས།
སྨོན་ལམ་མཐར་ཕྱིན་རྫུན་རྒན། བཟུང་ནས་གློད་འདུག་མི་ལབ་པར་བཟུང་མི་འདུག་ཅེས་དེའི་བར་ནས་ཀྱང་དཀྲོགས་གཏམ་རེ་བཟོ་ཨེ་ཐུབ་ལྟ་དོན་ཅི་ཡིན་ནམ། ཅི་འདྲིའི་བླ་གླན་ཞེ་ནག་དང་ཚོགས་མ་བསགས་པ་ཞིག་རེད་འདུག
ངས་དངོས་གནས་ཤེས་མ་སོངས། བོད་གཞུང་གིས་འཇོག་པའི་གྲོས་ཆོད་ལ་ཆུ་སྒང་གིས་རྩེས་མེད་ཡིན་ཟེར་ན་ག་རེའི་ཤོད་ཀྱི་ཡོད་རེད། ཆུ་སྒང་གི་གྱོད་ཡའམ་དགྲ་ཡ་དེ་བོད་གཞུང་མ་རེད་བ། འདི་ཐོག་གསལ་པོ་ཤེས་མཁན་ཞིག་ང་ལ་གསལ་པོ་ཞིག་སོངས་རོགས་གནང་།
གྲོགས་པོ་ཨ་ཟླ་བ་ལགས་ ཕལ་ཆེར་ ཁར་སང་སྤོབ་པ་མཐའ་ཡས་གིས་གསུང་པའི་རྡ་སའི་འགོས་ནད་དེའི་ཚྭབ་ཆེན་པོ་ཟིན་ཡོད་པ་འདྲ་ ད་གང་འབྱོག་འབྱོག་སྨན་བཅོས་མ་བྱས་ན་ཉེན་ཁ་ཧ་ཅང་ཆེ་འུ་ཡ་
བལ་ཡུལ་དོན་གཅོད་དམ་འབྲེལ་མཐུད་པ་འཕྲིན་ལས་རྒྱ་མཚོ་ལགས་བཟུང་མི་འདུག
དེང་སྐབས་དྲ་ཚིགས་འདིར་ནོར་བུའི་མིང་ཅན་ཚོས་སྤྱང་སྟངས་ཁྱད་མཚར་འདྲ་ཞིག་མ་རེད་དམ
དགའ་ལས་་་་་་་་་་་་་་་་་་་་་་་དཀའ་ལས་ཞེས་བཅོས་རོགས། དགོངས་དག
སྤུན་གྲོགས་མུ་ཏོག་ཆུང་ཆུང་ལགས།
ང་རང་ཚོའི་ལོ་རྒྱུས་ནང་དུ་ག་དུས་ཡིན་ནའང་བོད་མི་ཚང་མས་མཉམ་ལས་བྱས་མ་ཐུབ་པའི་རྐྱེན་གྱིས་དེང་སང་དགའ་ལས་ཁག་པོ་འདི་མགོ་ཐོག་ཏུ་བབ་པ་རེད།
བལ་ཡུལ་གྱིས་བོད་པའི་ཐོག་ཏུ་དམིགས་སུ་བཀག་ནས་བྱས་པའི་ལས་དཀའ་མ་རེད། རྒྱ་ནག་གཞུང་གིས་བོད་མི་ཁ་བྲལ་བ་དང་གཞོན་ནུ་ཚོགས་པ་སོགས་ཉིན་མོའི་སྲང་ལམ་ནང་གི་ཙི་ཙི་ལྟ་བུ་རྒྱག་རྒྱག་དང་གསད་གསད་ཟེར་ནས་འཛམ་གླིང་སྟེང་དུ་ཆགས་ས་མེད་པ་ཞིག་བཟོ་འདོད་ཡོད་པ་2008ལོར་བོད་ལྗོངས་འཕྲིན་ཆའི་གསར་འགྱུར་ནང་དུ་བཀོད་སོང་།
འདི་འདྲ་བྱས་མཁན་གཙོ་བོ་རྒྱ་ནག་རེད་མ་གཏོགས་བལ་ཡུལ་རྒྱལ་ཁབ་ཁོ་རང་རང་མགོ་མ་ཐོན་ནས་གཞུང་གི་ལས་བྱེད་གླ་ཕོག་སྤྲོད་ཐུབ་ཀྱིན་མེད་པ་རེད།
2008ལོར་བོད་ཀྱི་དོན་དུ་རྒྱ་གཞུང་ལ་ངོ་རྒོལ་སྐད་འབོད་མང་ཤོས་བྱས་མཁན་འཛམ་གླིང་ཐོག་ཏུ་བལ་ཡུལ་དུ་ཡོད་པའི་བོད་མི་རྣམས་རེད།
བལ་ཡུལ་རྒྱལ་ཁབ་ནང་དུ་ཡོད་པའི་བོད་མི་རྣམས་ཀྱི་མདུན་ལམ་དངོས་གནས་དཀའ་ལས་ཁག་པོ་ཆགས་ཀྱི་རེད་སྙམ།
2012ལོར་རྒྱ་གར་ནག་གཉིས་ཀྱིས་དམག་འཁྲིགས་ལང་སོང་ན་སྲོག་འགོ་ཐོན་པ་ཁག་པོ་ཡིན་པ་མ་ཟད་བལ་ཡུལ་རྒྱལ་ཁབ་དམར་ཕྱོགས་ལ་འགྱུར་བཞིན་པ་དང་རྒྱ་ནག་གི་འོག་ཏུ་འགོ་མི་རྒུད་དཀའ་མེད་ཀྱི་གནས་སྟངས་ཆགས་བཞིན་པ་རེད།
བལ་ཡུལ་འདྲ་བོ་ཞིག་གིས་ཀྱང་བོད་ལ་འདི་ལྟར་བརྙས་བཅོས་བྱེད་པའི་ཆེས་ཉག་ཕྲའི་གནས་སྐབས་འདིར། མགོ་ནག་བོད་མི་ཡོངས་རྫོགས་ཆིལ་སྒྲིལ་གྱིས་མ་འོངས་པར་གཞན་གྱི་བརྙས་བཅོས་ཁུར་མི་དགོས་བོད་ཞིག་བསྐྲུན་ཐབས་བྱེད་རྒྱུ་ལས་འགན་དང་པོ་རེད། ད་ལྟའི་བོད་ཀྱི་གནས་སྟངས་ཉག་ཕྲ་བོ་འདི་གཞན་གྱིས་ང་ཚོར་བྱིན་པ་མ་ཡིན་པར། ང་ཚོ་རང་གིས་ཉོས་པའི་སྡུག་གྱོང་རེད། སྤྱི་དོན་དང་མི་རིགས་ཀྱི་ཁེ་ཕན་ཆེ་བ་རྣམས་བཞག་ནས། ང་དང་ཁྱོད་ཞེས་ནང་ཁུལ་ལ་དཔའ་སུ་ཆེ་དང་དཔུང་སུ་ཐུག་ཁོ་ན་འགྲན་ནས་ཆིག་སྒྲིལ་མ་བྱས་པའི་མཇུག་འབྲས་རེད། དེའི་ཕྱིར་ད་ནསང་ཚོ་རྡོག་རྩ་ཆིལ་སྒྲིལ་བྱེད་དགོས། ལྷག་པར་སྤྱི་འཐུས་ཚོ་ནང་ཁུལ་གྱི་ཕྱོགས་ཞེན་གྱི་བཟི་དྭངས་དགོས། ནང་ཁུལལ་་དཔའ་ངོམ་སོ་སྐྱུགས་བྲོ་བོ་དེ་ཚོ་འཇོག་རན་རེད། ལྷག་པར་དུ་གྲོས་ཚོགས་ནང་གི་བླ་མ་ཚོས་བཟང་སྤྱོད་ཀྱི་དམ་ཚིག་སྲུང་རྒྱུ་གལ་ཆེ་བ་མཐོང་།
དཀའ་ལས་ཞེས་བཅོས་རོགས
བལ་ཡུལ་གྱི་བོད་མི་གནས་སྟངས་འདི་དངོས་གནས་སེམས་འཁྲུལ་ལངས་དགོས་པ་ཞིག་རེད་འདུག
རྒྱ་ནག་དང་མཉམ་འབྲེལ་ཐོག་ནས་བོད་མི་ཚོར་དགའ་ལས་བཟོ་ས་རེད་འདོད།
ཀླུ་ཡི་ཟིན་བྲིས་ནང་དུ་བཀོད་འདུག
བལ་ཡུལ་དོན་གཅོད་བཟུང་སོང་།
སུམ་ཅུའི་དུས་དྲན་སླེབས་ལ་ཉེ་བར་བལ་ཡུལ་གཞུང་གིས་རྒྱལ་ནང་དུ་གནས་སྡོད་བོད་མི་ཚོར་དམ་དྲག་ཆེན་པོ་བྱེད་བཞིན་པ་དང་། བལ་ཡུལ་བོད་ཀྱི་སྐུ་ཚབ་དོན་གཅོད་པ་འམ་སྤྱི་ཁྱབ་འབྲེལ་མཐུད་པ་སྐུ་ཞབས་འཕྲིན་རྒྱ་མཚོ་གློ་བུར་ལས་ཁུངས་ནས་འཛིན་བཟུང་བཙན་ཁྲིད་བྱས་འདུག། ཞིབ་ཕྲའི་གནས་ཚུལ་རྩད་གཅོད་བྱེད་བཞིན་པ་ཡིན།
ཨ་ཟླ་བ་ཟེར་མཁན་དེས་ངའི་ཟིན་བྲིས་ནང་ལ་འདི་འདྲ་ཞིག་བྲིས་འདུག་
ཚང་མས་ཡག་པོ་བྱེད་ནས་བསན་ཨ།
ནོར་བུ་ལགས ཁྱེུད་ཀྱིས་ཆུ་སྒང་གིས་རང་བཙན་རྩོད་སྟངས་དེས་བོད་གཞུང་ལ་ཁ་གཏད་ཀྱི་ཕྱིར་དུ་རེད་གསུང་གི་འདུག་པས་།གལ་ཏེ་གཏམ་དེར་ཁུངས་སྐྱེལ་མ་བྱས་ན་རྒྱ་བོད་ཀྱི་ཁྲིམས་ཚུན་ཡང་འགྲོ་དགོས་སྲིད་པ་རེད། ངས་ཁྱོད་ཀྱི་སྡོད་གནས་དང་ཕ་ཡུལ་སོགས་ཡོསདཚད་རྒྱུས་ཡོད་ཡིན། དཀོན་མཆོག་གསུམ་པོ་་་་་་་་་ དགོས་གལ་བྱུངན་ངས་ཁྱོད་ལ་བཤད་ཆོག
ཨ་ཟླ་བ་ལགས།ཧ་ཧ་ཧ་ཧ་ཧ་ཧ་ཧ་ཧ་ཧ་9ཧེཧེཧེཧེཧེཧེཧེཧེཧེ9 སྔོས་དུ་བཏང་ནས་ཁྱི་རྒན་ཁྱོད་ལྟ་བུའི་ང་ལ་སྡིག་ར་དང་གཇིགས་སྐུར་བྱས་ན་ང་ཞེད་སྣང་ཡོང་གི་རེད། བསམ་སོང་བས། ཁྱོད་ལ་ངའི་ཁ་བྱང་དགོས་ན་སྤྲོད་ཀྱང་ཡིན། ཁྱོད་ཚོའི་བྱ་སྤྱོད་འདི་འདྲ་རེད། ག་དུས་ཡིན་ན་འཇིགས་སྐུར་དང་བཙན་ཤེད་གིས་ངང་ནས་གཞུང་ལ་ཁ་གཏད་གྱི་མི་རབས།
རྒན་པ་དེ་ཚོའི་བྱ་རྗེས་ལ་རྐང་རྗེས་ལག་སུབ་བཏང་མཁན། འདི་ཚོའི་རིགས་སྤྱི་མཐུན་ལ་ཡོད་མཁན་ཚོ་གཟིགས་དང་། མ་འོངས་པ་དེ་མཚུངས་རེད་མ་འོངས་པ་ན་མདོ་སྟོད་མི་དམང་གི་མིག་ཡོད་བཞིན་དུ་ཆུ་ལ་མ་མཆོང་རོག
ཐུགས་རྗེ་གཟིགས།།
རང་བཙན་རྩོད་མཁན་ཤུག་ཆེ་ཤོས་གཞུང་འབྲེལ་མ་ཡིན་པའི་ཚོགས་པའི་ནང་ནས་༼གཞོན་ནུས་ཚོགས་པ་༽༼བོད་རང་དབང་སློབས་ཕྲུགས་ཚཽགས་པ༽སོགས་མང་པོ་ཡོད་རེད་ཏེ།
གཞུང་གི་ལོངས་ཕྱོགས་དང་༧་གོང་ས་མཆོག་དང་བོད་གཞུང་གིས་གཏན་ལ་ཕབས་པའི་ རྒྱ་གཞུང་ལ་སྤྲད་པའི་བོད་རིགས་ཡོང་ལ་མིང་དོན་མཚུངས་པའི་རང་སྲིད་རང་སྐྱོང་ཡོང་ཐབས་ཀྱི་ བསམ་འཆར་ཡིག་ཆ་ངོས་ལེན་མེད་ཞེས་གུང་ཁྲན་ཏང་མ་ཏོག་གྲོས་ཆོད་མཇོག་མཁན་བྱུང་འདུག་གམ།
བཞོན་ནུས་ཚོགས་པས་ཅི་ཕྱིར་ངོས་ལེན་མེད་ཞེས་གྲོས་ཆོད་མ་བཞག་པ་རེད།རང་བཙན་ནི་རྩོད་གི་ཡོད་རེད་
ལྡི་ལིའི་ཡོད་པའི་ཚོགས་པས་ཅི་ཕྱིར་འཇོགས་ཟིན་པ་རེད། ༢༠༠༨གི་ལོར་དམིག་གསལ་ཚོགས་ཆེན་སྐབས་སུ།
གར་བྱེད་ནས་ཁྱོད་ཚོའི་དེས་སྐབས་སུ་ངོས་ལེན་མེད་ཞེས་ལབ་མི་ནུས་པ་གང་རེད་ དེས་སྐབས་སུ་བོད་མི་རྒྱ་ཆ་དགུ་ཅུའི་དབུ་མའི་ལམ་ལ་རྒྱུན་འཛིན་བྱེད་གི་ཡིན་ཟེར་གྲོས་ཆོད་བཞག་མ་སོང་བས།ད་ལྟ་རང་ཉིད་སེད་སོང་བས། ད་ལྟ་བར་དུ་མགོ་གང་དུ་ཚུད་སོང་།
ཆོིས་རྒྱུད་སྤྱི་འཐུས་མི་དགོས་པའི་བསམ་ཚུལ་འདི་ཡི་རྒྱབ་ན་ཇོ་ནང་ལ་སྤྱི་འཐུས་ཨེ་ཐོབ་རེ་པ་རེད། ཁྱེད་ཚོའི་ཆབ་སྲིད་རྩེད་སྟངས་དེ་མི་ཤེས་པ་སུ་ཡོད།
ང་ཚོས་ལྟས་མོ་ལྟ་ས་ནས་ལྟ་དུས་ཆོས་རྒྱུད་ཀྱི་སྤྱི་འཐུས་ཚོར་དགའ་བ་སྒོམ་དགོས་ས་ཞིག་རེད་འདུག་ལགས།
ཆོས་རྒྱལ་སྲུང་བཙན་སྒམ་པོ་ནས་ད་ལྟའི་བར་ཆོས་ལྡན་བོད་ཞེས་མིང་འདི་བྲལ་མ་མྱོང་ཟེར་བ་བདེན་ འོན་ཀྱང་ཆོས་སྲིད་ཟུང་འབྲེལ་མིན་ སྔར་གྱི་མེས་པོ་གོང་མ་ཚོས་ཆོས་ལུགས་དང་ཆབ་སྲིད་ཐ་དད་དུ་འཛིན་པ་ལས་ ཆོས་ལུགས་ཁ་ལ་ཁྱེར་ནས་དགྲ་དམག་ཇག་གསུམ་གི་ལས་བྱས་ནས་ཆབ་སྲིད་འཛིན་རབ་ལོ་རྒྱས་ནང་ལ་མེད གཙང་པ་སྡེ་སྲིད་ནས་བཟུང་ད་ལྟའི་བར་དུ་གང་ཟག་རེ་ཟུང་ཞིག་གིས་ཆོལ་ཁ་དང་ཆོས་ལུགས་སོགས་ལུང་ཚུན་བྱེད་དྲག་པའི་མིང་རེ་ཁུར་ནས་སྤྱི་ཚོགས་ ནང་སྤྲུག་ཁོ་ན་གཏང་བ་ལས་བོད་སྤྱི་ལ་ཕན་པའི་ལས་རབ་ལོ་རྒྱུས་ནང་ལ་མེད་ བོད་སྤྱི་ཚོགས་ལ་གནོད་པའི་ལས་ ཆོལ་ཁ་དང་ཆོས་ལུགས་སྤྱི་མཐུས་སུས་བྱས་ནས་དགག་པ་རྒྱབ་དགོས་པ་ལས་རྒྱབ་སྐྱོར་བྱེད་དགོས་དོན་མེད་ འོན་ཀྱང་ང་ཚོའི་ཆོས་ལུགས་སྤྱི་མཐུས་ཟེར་བ་དེ་དགོས་མེད་རེད་ འཛམ་བུའི་གླིང་འདི་ལ་མངས་གཙོ་དང་ཆོས་ལུགས་ཅན་གྱི་རྒྱལ་ཁབ་གང་མང་མང་ཡོད་གི་ཡིན་ཡང་ཆོས་ལུགས་སྤྱི་མཐུས་ཟེར་བ་དེ་བཙུན་བྱོལ་བོད་གཞུང་འདི་མ་ཏོག་རྒྱལ་ཁབ་གཞན་སུ་གཅིག་ལ་མེད་
ཆོས་ལུགས་སྤྱི་མཐུས་དེ་དགེ་ཕན་ཅན་ཞིག་ཡིན་ན་དགའ་བ་སྒོམས་དགོས་པ ་ལས་དགག་པ་རྒྱབ་དགོས་དོན་མེད་ འོན་ཀྱང་ང་ཚོ་ལ་ལྟས་མོ་ལྟ་ས་མིག་འདུན་དུ་ཡོད་པའི་ཟིན་བྲིས་ཚོ་ལ་གཅིག་གཟིགས་དང
ཁ་བདེ་པོ་བཤད་པ་ལས་རང་གི་མིང་དེ་བོད་ཡིག་བྲིས་མི་ཐུབ་བམ། དབྱིན་དགའ་མ
རྒྱ་ནག་ཕྱོགས་ང་ཚོའི་ཡིག་ཆ་ལ་དྲན་ཐོ་ཟེར་བའི་གནད་དོན་རྣམས་ལ་ངོས་ལེན་རྩ་བ་ནས་མེད་ཞེས་པ་ལ་སྐྱོན་ག་རེ་འདུག་གམ།
guru rinpo che ལགས་གོང་གི་གསར་འགྱུར་ནས་ཡིག་འགོ་གཅོད་ནས་གོ་བ་ལེན་སྟངས་འདི་འདྲ་ག་རེད་དམ།
བོད་རིགས་ཡོངས་ལ་མིང་དོན་མཚུངས་པའི་རང་སྐྱོང་ཡོང་ཐབས་ཀྱི་བསམ་འཆར་ཞེས་པའི་ཡིག་ཆར་རྒྱ་ཕྱོགས་ནས་དྲན་ཐོ་ཞེས་པའི་མིང་འདོགས་འོག ནང་དོན་སྣ་གཅིག་ལའང་ངོས་ལེན་མེད་པའི་བཤད་སྟངས་སོགས་རང་ཕྱོགས་དང་གཞན་ཕྱོགས་གཉིས་ཀའི་ངོ་སྤྲོད་དང་། དྲན་ཐོ་ཟེར་བའི་གནད་དོན་རྣམས་ལ་མདོ་ཁམས་ཆུ་བཞི་སྒང་དྲུག་གི་འགན་འཛིན་ལྷན་ཚོགས་ཐེངས་ ༤༠ པའི་ཚོགས་ཐོག་ནས་ངོས་ལེན་གཏན་ནས་མེད་པའི་གྲོས་ཆོད་བཞག་པ་ཡིན།
ཅོར་ལན། “དྲན་ཐོ་ཟེར་བའི་གནད་དོན་རྣམས་ལ་མདོ་ཁམས་ཆུ་བཞི་སྒང་དྲུག་གི་འགན་འཛིན་ལྷན་ཚོགས་ཐེངས་ ༤༠ པའི་ཚོགས་ཐོག་ནས་ངོས་ལེན་གཏན་ནས་མེད་པའི་གྲོས་ཆོད་བཞག་པ་ཡིན།”
སྟོབས་ལགས། ཁྱེད་ཀྱིས་གླང་ཆེན་གྱི་སྟོབས་ཤུགས་འདྲ་བའི་སྐད་ཆ་སྟོབས་ཤུགས་ཅན་ཞིག་གསུངས་སོང་ད།
guru rinpo che ལགས།
1.གོང་གི་གསར་འགྱུར་ནང་དུ་མདོ་ཁམས་ཆུ་བཞི་སྒང་དྲུག་གིས་༼ བོད་རིགས་ཡོངས་ལ་མིང་དོན་མཚུངས་པའི་རང་སྲིད་རང་སྐྱོང་ཡོང་ཐབས་ཀྱི་བསམ་འཆར་ཡིག་ཆ༽་ལ་ངོས་ལེན་མེད་ཞེས་བྲིས་མི་འདུག་ད། ཁྱེད་ཀྱིས་དེ་འདྲ་ཡིན་པར་མཁྱེན་གྱིས་ཡོད་དམ།
2.སྐད་ཆ་གསལ་པོ་མེད་པར་ཆུ་བཞི་སྒང་དྲུག་གིས་ཅིག་གཅིག་བྱས་སོང་ཁམས་པས་ཉོག་ཉོག་བྱས་སོང་ཟེར་མཁན་འདི་ཚོར་བརྟག་དཔྱོད་ཡག་པོ་བྱེད་དགོས་པ་གནད་འགག་རེད།
3.གཞོན་ནུ་དང་ཆུ་སྒང་གཉིས་ཚོགས་པའི་བསྒྲིགས་གཞིའི་ཐོག་ནས་བོད་མི་ཡོངས་ལ་མིང་དོན་མཚུངས་པའི་རང་སྲིད་རང་སྐྱོང་གི་ལམ་ལུགས་དང་མི་མཐུན་པ་ཤེས་གསལ་རེད།
ཀློག་ཐང་༧༢༩ལྷག་གི་བཀླགས་འདུག་རིག་པ་འདོད་མཁན་ལ་གྲངས་༦༠ཞིག་གི་བྲིས་འདུག དེས་པར་གྱི་ཕུངས་གསུམ་པ་དང་གོང་གསལ་གྱི་བརྗོད་གཞི་མ་འབྲེལ་བའི་ཚིགས་རྩོད་མཁན་འགའ་རེ་ཡང་འདུག གང་ལྟར་ཡང་ཁོ་བོས་འཆར་ཟིན་གཏིང་ཟབ་ས་ནས་བཏང་དུས་ཆོས་རྒྱུད་འཐུས་ཚབ་དགོས་མི་དགོས་ཐད་ལ་མ་ཡིག་དགག་ཚིག་དུ་བསུབ་འདོད་རྩ་བ་ནས་བྱུང་འདོད་མེད ། རྒྱུ་མཚན་ནི་གཤམས་ལ་གཟིགས་རོགས །
༡ཆོས་རྒྱལ་སྲུང་བཙན་སྒམ་པོ་ནས་དུས་ལྟའི་དཔར་ཆོས་ལྡན་བོད་ཞེས་མིང་འདི་བྲལ་མ་མྱོང་ །
༢ མི་རིགས་འདིས་ངོ་བོ་བམ་མཚན་ཉིད་དུ་ཆོས་ལུགས་འདི་ལ་གཟས་དགོས།
༣མི་རིགས་འདིས་ཉི་མ་རེ་རེའི་འཚོ་བའི་ནང་ལ་མེད་དུ་མུ་རུང་བའི་དགོས་སྐལ་གལ་ཆེན་ཞིག་རེད །
༤མི་རིགས་ཆབ་སྲིད་ཀྱི་དར་རྒུད་ཡོད་ཚད་ཆོས་འདི་ལ་ཐུགས་ཡོད
༡། ཡིག་ཆ་དེ་ངོས་ལེན་མེད་ཅེས་པ་འདི་ཆུ་བཞི་སྒང་དྲུག་གི་གྲོས་ཆོད་དེ་གནད་འགག་ལ་ཐུག་ན་ཁྲིམས་མཐུན་གྱི་ནུས་པ་ལྡན་མེད། རྒྱུ་མཚན་ཚོགས་འདུ་དེར་མི་གྲངས་ ༧༨ ལས་མེད་པས། མི་མང་དང་གྲོས་བསྡུར་མ་བྱས་པར་དོན་ཆེན་འདི་འདྲ་ཐག་གཅོད་ཀྱི་དབང་ཚད་ཡོད་པ་མ་རེད། ཐག་གཅོད་འདི་ལ་མོས་མཐུན་ཡོད་མེད་མདོ་སྟོད་མི་མང་ཡོངས་ཀྱི་བསམ་ཚུལ་བསྡུས་ཡོད་པ་མ་རེད། བསམ་ཚུལ་འདི་མདོ་སྟོད་མི་མང་གི་བསམ་ཚུལ་མ་ཡིན་པར། ལྡི་ལིར་འཛོམས་པའི་མི་༧༨ ལ་འཇུ་ཆེན་ཐུབ་བསྟན་གྱིས་དངོས་ཤུགས་བརྒྱུད་གསུམ་ནས་བསྐུལ་སློང་བྱས་པ་ལས། འདི་ལ་མདོ་སྟོད་མི་མང་གི་མང་མོས་རྒྱབ་སྐྱོར་ཐོབ་མིན་དྲི་བ་རེད། ཡིན་ནའང་འཇུ་ཆེན་གྱིས་འདི་ལྟར་གནང་བར་རྒྱུ་མཚན་ག་རེ་ཡོད་མེད་རྒྱུས་ལོན་གཏིང་ཟབ་གནང་རྒྱུ་གལ་ཆེན་པོ་རེད་དྲན།
༢། འདིར་གནད་འགག་ཆེ་ཤོས་གཅིག་ནི། རྒྱ་གཞུང་གིས་བཙན་བྱོལ་བོད་གཞུང་དང་༧གོང་ས་མཆོག་བོད་མི་མང་གི་ཁྲིམས་མཐུན་གྱི་དབུ་ཁྲིད་དང་མགྲིན་ཚབ་བྱེད་མི་ཐུབ་ཟེར་ནས་རྒྱལ་སྤྱིའི་ཐོག་སྐད་བརྒྱག་གི་ཡོད་པ་རེད། དེའི་ཕྱིར་བོད་མིའི་ཚོགས་པ་དང་མི་སྒེར་་སུ་འདྲ་ཞིག་གིས་༧གོང་ས་མཆོག་གི་ལམ་སྟོན་དང་། བོད་མི་མང་གིས་འདམས་པའི་བཀའ་ཤག་གིས་དབུ་ཁྲིད་པའི་བོད་གཞུང་གིས་བཟོས་པའི་ཡིག་ཆ་དེ་ངོས་ལེན་རྩ་ནས་མེད་ལབ་ན། དག་དག་རྒྱ་ནག་གི་སྐད་ཆ་དེར་རྒྱབ་སྐྱོར་བྱས་པ་འདྲ་བོ་ཆགས་འགྲོ་གི་རེད།
༣། འཇུ་ཆེན་བོད་རིགས་ནང་ཁུལ་ལ་དཀྲུགས་ཤིང་རབ་དང་རིམ་པ་སློང་མཁན་མི་ཆེས་ཐ་ཤལ་ཞིག་ཏུ་བརྩི་མཁན་མང་པོ་ཡོད་ནའང་། ངའི་བསམ་པར། འཇུ་ཆེན་བོད་གཞུང་གི་བཀའ་ཁྲི་གནང་མྱོང་བ་དང་། བོད་མི་རིགས་དང་བསྟན་པ་ཆབ་སྲིད་ལ་རླབས་ཆེན་གྱི་ཕྱག་རྗེས་བཞག་མྱོང་བའི་ཆུ་བཞི་སྒང་དྲུག་གི་ཁོངས་སུ་ཞུགས་པ་སོགས། འདས་ཟིན་གྱི་ལོ་ཟླའི་ནང་ལུས་སེམས་ཀྱི་ནུས་པ་ཡོད་ཚད་བོད་ཁ་བ་ཅན་གྱི་སྤྱི་དོན་ལ་ཕུལ་མྱོང་མཁན་ཞིག་གིས། ཚེ་མཇུག་མགོ་དཀར་པོ་ཆགས་པ་དང་ནང་ཁུལ་གྱི་འགྲིག་མིན་གནས་ཚུལ་ཆུང་ཚགས་རིགས་མགོ་འཁོར་ནས། ཆོལ་ཁའི་བར་དཀྲུགས་ཤིང་ཁོ་ན་བརྒྱབ་ནས་ཚེ་མཛུག་འཕྲོ་བརླག་ཏུ་གཏོང་མི་སྲིད་སྙམ། དེའི་ཕྱིར་ཁོང་ལ་འདི་ལྟར་གནང་བར་རྒྱུ་མཚན་ངོ་མ་ག་རེ་ཡོད་མེད་རྒྱུས་ལོན་བྱེད་རྒྱུ་གལ་ཆེ་བ་ལས། ཁ་བརྡུང་གཏོང་རྐྱང་བྱེད་པ་དེ་ཡག་པོ་མ་རེད།
༤། གལ་སྲིད་ང་ཆུ་སྒང་གི་ཚོགས་འདུ་དེར་བཅར་ཡོད་ན། ངོས་ལེན་མེད་ཅེས་པའི་གྲོས་ཆོད་དེར་རྒྱབ་སྐྱོར་བྱེད་ས་མ་རེད། དེ་ཚབ་ལ་བོད་གཞུང་ལ་“བོད་རིགས་ཡོངས་ལ་མིང་དོན་མཚུངས་པའི་རང་སྐྱོང་ཡོང་ཐབས་ཀྱི་བསམ་འཆར་”ཞེས་པ་དེའི་ཚིག་དོན་ལ་ངེས་པར་དུ་འགྱུར་གཏོང་རྒྱུའི་ཞུ་བསྐུལ་ཕུར་ཚུགས་བྱེད་རྒྱུ་ཞེས་གྲོས་ཆོད་འཇོག་ས་རེད། དམངས་གཙོ་འགྲོ་སྟངས་ནང་གཞུང་གི་ཐག་གཅོད་ཅིག་མི་མང་གི་འདོད་པ་མེད་ན། ཐག་ཆོད་དེ་བསྒྱུར་བཅོས་གཏོང་དགོས་ཞེས་གཞུང་ལ་ཞུ་གཏུགས་མཐའ་གཅིག་ཏུ་བྱེད་ ལམ་སང་ངོས་ལེན་མེད་ཅེས་གྲོས་ཆོད་བཞག་པ་འདི་རྣམ་འགྱུར་ཡག་པོ་ཞིག་ཏུ་བརྩི་མ་རེད།
དྲ་ཐོག་འདིར་ཁ་རྩོད་བྱེད་པའི་དྲ་གྲོགས་རྣམས་ལ་ཁྱེད་ཞུ།ཆོས་རྒྱུད་ཁག་གི་སྤྱི་མཐུས་མི་དགོས་ཟེར་བ་དེ་རྒྱུ་མཚན་གང་ཡོད་དམ།སྔོན་གྱི་དོན་རྐྱེན་དེའི་བྱུང་རྐྱེན་དང་དེའི་སྐབས་ཀྱི་ཕྱོགས་ཞེན་དང་འཐེན་ཁྱེར་ལ་ཟེར་བ་ཡིན་ན།ཆོལ་གསུམ་གྱི་སྤྱི་མཐུས་ཚོ་ཡང་འདྲ་མཚུངས་རེད།དེ་རིག་ལམ་གཅིག་གི་སྒྲུབ།དེ་མིན་གྲྭ་ཡིན་པས་རྒྱུ་མཚན་ཟེར་བ་ཡིན་ན་དེ་ལས་ནོར་འཁྲུལ་ཞིག་དང་འགྲོ་སྟིང་མེད་པ་ཞིག་གང་དུ་ཡོད།སྤྱི་ཚོགས་ཀྱི་འགྲོ་ལུགས་མ་ཤེས་པ་རང་རེད།ཆབ་སྲིད་མི་ཤེས་ན་ཤུགས་སྣོན་བྱས་ཏེ་སློབ་སྤྱོང་བྱེད་རོགས།དེ་ནས་གཞུང་ཞིག་ལ་ཚོགས་སྡེ་གང་ཡོད་ལ་འཐུས་མི་རེ་དགོས་པ་ཤེས་ཐུབ་གི་རེད།ཁྱོད་ཚོ་མའོང་བར་ཡག་པོ་ཡོངས་པས་རེ་བ་ཡོད།སེམས་ཤུགས་མ་ཆག་ལོ།
དྲཐོག་འདིར་ཁ་རྩོད་བྱེད་བྱེད་པའི་ཁ་གྲོགས་རྣམས་ལ་ཁྱེད་ཞུ།ཆོས་རྒྱུད་ཁག་གི་སྤྱི་མཐུས་མི་དགོས་ཟེར་བ་དེ་རྒྱུ་མཚན་གང་ཡོད་དམ།སྔོན་གྱི་དོན་རྐྱེན་དེའི་བྱུང་རྐྱེན་དང་དེའི་སྐབས་ཀྱི་ཕྱོགས་ཞེན་དང་འཐེན་ཁྱེར་ལ་ཟེར་བ་ཡིན་ན་ཆོལ་གསུམ་གྱི་སྤྱི་མཐུས་ཚོ་ཡང་འདྲ་མཚུངས་རེད།དེ་རིག་ལམ་གཅིག་གི་སྒྲུབ།དེ་མིན་གྲྭ་ཡིན་པས་རྒྱུ་མཚན་ཟེར་བ་ཡིན་ན་དེ་ལས་ནོར་འཁྲུལ་ཞིག་དང་འགྲོ་སྟིང་མེད་པ་ཞིག་གང་དུ་ཡོད།སྤྱི་ཚོགས་ཀྱི་འགྲོ་ལུགས་མ་ཤེས་པ་རང་རེད།ཆབ་སྲིད་མི་ཤེས་ན་ཤུགས་སྣོན་བྱས་ཏེ་སློབ་སྤྱོང་བྱེད་རོགས།དེ་ནས་གཞུང་ཚོགས་སྡེ་གང་ཡིན་ལ་འཐུས་མི་རེ་དགོས་པ་ཤེས་ཐུབ་གི་རེད།ཁྱོད་ཚོ་མའོང་བར་ཡག་པོ་ཡོངས་པས་རེ་བ་འདུག
༡། ཡིག་ཆ་དེ་ངོས་ལེན་མེད་ཅེས་པ་འདི་ཆུ་བཞིན་སྒང་དྲུག་གི་གྲོས་ཆོད་དེ་གནད་འགག་ལ་ཐུག་ན་ཁྲིམས་མཐུན་གྱི་ནུས་པ་ལྡན་མེད། རྒྱུ་མཚན་ཚོགས་འདུ་དེར་མི་གྲངས་ ༧༨ ལས་མེད་པས། མི་མང་ད་གྲོས་བསྡུར་མ་བྱས་པར་དོན་ཆེན་འདི་འདྲ་ཐག་གཅོད་ཀྱི་དབང་ཚད་ཡོད་པ་མ་རེད། ཐག་གཅོད་འདི་ལ་མོས་མཐུན་ཡོད་མེད་མདོ་སྟོད་མི་མང་ཡོངས་ཀྱི་བསམ་ཚུལ་བསྡུས་ཡོད་པ་མ་རེད། བསམ་ཚུལ་འདི་མདོ་སྟོད་མི་མང་གི་བསམ་ཚུལ་མ་ཡིན་པར། ལྡི་ལིར་འཛོམས་པའི་མི་༧༨ ལ་འཇུ་ཆེན་ཐུབ་བསྟན་གྱིས་དངོས་ཤུགས་བརྒྱུད་གསུམ་ནས་བསྐུལ་སློང་བྱས་པ་ལས། འདི་ལ་མདོ་སྟོད་མི་མང་གི་མང་མོས་རྒྱབ་སྐྱོར་ཐོབ་མིན་དྲི་བ་རེད། ཡིན་ནའང་འཇུ་ཆེན་གྱིས་འདི་ལྟར་གནང་བར་རྒྱུ་མཚན་ག་རེ་ཡོད་མེད་རྒྱུས་ལོན་གཏིང་ཟབ་གནང་རྒྱུ་གལ་ཆེན་པོ་རེད་དྲན།
༢། འདིར་གནད་འགག་ཆེ་ཤོས་གཅིག་ནི། རྒྱ་གཞུང་གིས་བཙན་བྱོལ་བོད་གཞུང་དང་༧གོང་ས་མཆོག་བོད་མི་མང་གི་ཁྲིམས་མཐུན་གྱི་དབུ་ཁྲིད་དང་འགྲིན་ཚབ་བྱེད་མི་ཐུབ་ཟེར་ནས་རྒྱལ་སྤྱིའི་ཐོག་སྐད་བརྒྱག་གི་ཡོད་པ་རེད། དེའི་ཕྱིར་བོད་མིའི་ཚོགས་པ་དང་མི་སྒེར་་སུ་འདྲ་ཞིག་གིས་༧གོང་ས་མཆོག་གི་ལམ་སྟོན་དང་། བོད་མི་མང་གིས་འདམས་པའི་བཀའ་ཤག་གིས་དབུ་ཁྲིད་པའི་བོད་གཞུང་གིས་བཟོས་པའི་ཡིག་ཆ་དེ་ངོས་ལེན་རྩ་ནས་མེད་ལབ་ན། དག་དག་རྒྱ་ནག་གི་སྐད་ཆ་དེར་རྒྱབ་སྐྱོར་བྱས་པ་དང་གཅིག་པ་ཆགས་འགྲོ་གི་ཡོད་པ་རེད།
༣། འཇུ་ཆེན་བོད་རིགས་ནང་ཁུལ་ལ་དཀྲུགས་ཤིང་རབ་དང་རིམ་པ་སློང་མཁན་མི་ཆེས་ཐ་ཤལ་ཞིག་ཏུ་བརྩི་མཁན་མང་པོ་ཡོད་ནའང་། ངའི་བསམ་པར། འཇུ་ཆེན་བོད་གཞུང་གི་བཀའ་ཁྲི་གནང་མྱོང་བ་དང་། བོད་མི་རིགས་དང་བསྟན་པ་ཆབ་སྲིད་ལ་རླབས་ཆེན་གྱི་ཕྱག་རྗེས་བཞག་མྱོང་བའི་ཆུ་བཞི་སྒང་དྲུག་གི་ཁོངས་སུ་ཞུགས་པ་སོགས། འདས་ཟིན་གྱི་ལོ་ཟླའི་ནང་ལུས་སེམས་ཀྱི་ནུས་པ་ཡོད་ཚད་བོད་ཁ་བ་ཅན་གྱི་སྤྱི་དོན་ལ་ཕུལ་མྱོང་མཁན་ཞིག་གིས། ཚེ་མཇུག་མགོ་དཀར་པོ་ཆགས་པ་ནང་ཁུལ་གྱི་འགྲིག་མིན་གནས་ཚུལ་ཆུང་ཚགས་རིགས་དང་། ཆོལ་ཁའི་དཀྲུགས་ཤིང་ཁོ་ན་སྒྲུབ་ནས་ཚེ་མཛུག་འཕྲོ་བརླག་ཏུ་གཏོང་མི་སྲིད་སྙམ། དེའི་ཕྱིར་ཁོང་ལ་འདི་ལྟར་གནང་བར་རྒྱུ་མཚན་ངོ་མ་ག་རེ་ཡོད་མེད་རྒྱུས་ལོན་བྱེད་རྒྱུ་གལ་ཆེ་བ་ལས། ཁ་བརྡུང་གཏོང་རྐྱང་བྱེད་པ་དེ་ཡག་པོ་མ་རེད།
༤། གལ་སྲིད་ང་ཆུ་སྒང་གི་ཚོགས་འདུ་དེར་བཅར་ཡོད་ན། ངོས་ལེན་མེད་ཅེས་པའི་གྲོས་ཆོད་དེར་རྒྱབ་སྐྱོར་བྱེད་ས་མ་རེད། དེ་ལས་བོད་གཞུང་ལ་“བོད་རིགས་ཡོངས་ལ་མིང་དོན་མཚུངས་པའི་རང་སྐྱོང་ཡོང་ཐབས་ཀྱི་བསམ་འཆར་” དེའི་ཚིག་དོན་ལ་ངེས་པར་དུ་འགྱུར་གཏོང་རྒྱུའི་ཞུ་བསྐུལ་ཕུར་ཚུགས་བྱེད་རྒྱུ་ཞེས་གྲོས་ཆོད་འཇོག་ས་རེད། དམངས་གཙོ་འགྲོ་སྟངས་ནང་གཞུང་གི་ཐག་གཅོད་ཅིག་མི་མང་གི་འདོད་པ་མེད་ན། ཐག་ཆོད་དེ་བསྒྱུར་གཏོང་དགོས་ཞེས་གཞུང་ལ་ཞུ་གཏུགས་མཐའ་གཅིག་ཏུ་བྱེད་དགོས་པ་ལས། ངོས་ལེན་མེད་ཅེས་གྲོས་ཆོད་བཞག་པ་འདི་རྣམ་འགྱུར་ཡག་པོ་ཞིག་ཏུ་བརྩི་མ་རེད།
གྲོགས་འཇང་ཕྲུག་ལགས།
དངོས་ཡོད་ཚོད་དང་དངོས་སྟོབས་རིག་པའི་སྒྲུབ་བྱེད་ཀྱིན་གནོད་པ་སླེབས་ན་མ་གཏོགས་རང་གི་དམ་བཅའ་བློའི་གཏོང་གིན་མེད།
རང་གི་ལྟ་བ་དེ་མཆོག་དང་གཞན་གྱི་ལྟ་བ་དེ་དམན་པ་ཡང་བསམ་མཁན་ཞིག་མིན།
ང་ཅོ་རི་རིག་པའི་རྗེས་འབྲངས་ཅིག་ཡིན་ལགས།
གྲོགས་པོ་ཅོ་རི་ལགས་ ཁྱོད་བོད་མི་རིགས་གི་ལས་དབང་དང་ཆབ་སྲིད་ལ་ཚོར་བ་ཡོད་མཁན་ཞིག་ཏན་ཏན་རེད་ཞག་ཐུགས་རྗེ་ཆེ་ འོན་ཀྱང་རང་ཉིད་ལངས་ཕྱོགས་ཀྱིས་དབང་གིས་བསམ་ཚུལ་ཐ་དད་ཡིན་པ་སྨྲོས་མེད་རེད་ གང་ལྟར་བསམ་ཚུལ་སྣ་ཚོགས་པ་ཞིག་འདིར་སླེབ་ནས་སྒྲོ་གླེང་བྱེད་དགོས་པ་ལས་རང་ལྟ་མཆོག་འཛིན་ཁོ་ནས་ག་ལ་འགྲིགས
དྲ་གྲོགས་རྣམ་པ་ལྷན་རྒྱས་སུ་བསམ་ཚུལ་ཞུ་འདོད་པ་ནི་དབུ་གཙང་སྤྱི་འཐུས་ཀརྨ་ཆོས་འཕེལ་མཆོག་གིས་གསུངས་དོན་དུ་ཨ་མ་དང་མནའ་མ་མ་ནོར་བ་ཆབ་སྲིད་བཙན་པ་དང་སྤྱི་འཐུས་མ་ནོར་བ་དགོས་ཀྱིན་འདུག་ཞེས་གསུངས་འདུག
དགེ་བཤེས་གཡུ་དྲུང་རྒྱལ་མཚན་གྱིས་བལ་ཡུལ་ས་གནས་ས་ཁུལ་གྱི་བོད་མི་ཉམ་ཐག་རྣམས་ཀྱི་དཀའ་སྡུག་སྤྱི་འཐུས་གྲོས་ཚོགས་ར་བ་ནང་དུ་གསལ་བཤད་ཞུ་སྐབས་སུ་དངོས་གནས་སྤྱི་འཐུས་ཚོད་དང་ལྡན་པ་ཞིག་འདུག་བསམ་པས་ཡིད་སྨོན་ཞིག་ཀྱང་ཤོར་སོང་།
དྲ་ཐོག་ཏུ་ཐུག་པའི་སྤྱི་འཐུས་དགེ་བཤེས་གསེར་རྟ་ཚུལ་ཁྲིམས་འོད་ཟེར་མཆོག་ཡང་བོད་མི་མང་འདིར་སྤྱི་འཐུས་ཡག་པོ་གཅིག་འདུག་བསམ་བཞིན་ཡོད་ལགས།
མ་ཟད་ཆོས་རྒྱུད་ཁག་གི་སྤྱི་འཐུས་བེ་རི་གཙོ་སྤྱི་འཐུས་ཚོ་ནི་མི་སྐྱ་ཕོ་མོ་ཚོ་དང་བསྡུར་པ་ཡིན་ན་བོད་ཡིག་གི་ཤེས་ཚོད་མཐོ་བ་དང་རྟོག་གེ་རིག་པའི་འགྲོ་ལུགས་མཁས་པ་རྒྱ་བོད་གཉིས་སྨན་གྱི་ལམ་དབུ་མའི་ཁྱད་ཆོས་ལ་མཁས་པ་ཚོ་ནི་ཆོས་རྒྱུད་ཀྱི་སྤྱི་འཐུས་ཚོ་མིན་འགྲོ་སྙམ།
སྔོན་མ་བཙན་བྱོལ་སྤྱི་ཚོགས་ནང་དུ་བཤད་སྲོལ་ཞིག་ཡོད་ལྷག་བསམ་ཅན་གྱི་ལས་བྱེད་པ་སྡོད་མ་ཐུབ་པ་བྱས་སྟངས་ནི་ལྷག་བསམ་ཅན་གྱི་མི་ལ་སྐྱོན་བརྗོད་བྱེད་ན་མི་དེ་ཁོང་ཁྲོ་མ་བཟོད་པ་སྤྱི་ཚོགས་ནང་ནས་ཐོན་འགྲོ་ནི་རེད་ཞེས་ཟེར་སྲོལ་ལྟར་སྤྱི་འཐུས་ཀརྨ་ཆོས་འཕེལ་ལ་ཆང་བཟི་དང་བེ་རི་ལ་འདྲེ་འབོད་གསེར་རྟ་ལ་དམ་ཉམས་ཞེས་འདྲ་མིན་སྣ་ཚོགས་ཐབས་ཤེས་བྱེད་བཞིན་པ་འདི་ཡག་པོ་ཞིག་མ་རེད་དྲན་གྱིན་འདུག
རྒུན་ཆང་འདི་་་་་་་་་་་ཆས་སེ་་་་་་་་ཞལ་སྙན་པོ་གནང་རོགས
ཡ་གྲོགས་པོ་ལག་ཁ་ལག་ཟོས་ནས་ཡོང་གི་ཡིན་ད་
གྲོགས་པོ་འཇང་ཕྲུག་ལགས།
སྤྱི་བདག་ལས་གཞན་གཅེས་དམ་པའི་ལྷ་ཆོས་དང་དགྲ་འདུལ་གཉེན་སྐྱོང་འཇིག་རྟེན་ཕ་ཆོས་གཉིས་་་་་་་་་གཅིག་ཕྱོགས་རྒྱལ་ན་གཅིག་ཕྱོགས་ཕམ་འགྲོ་བ་འདི་དངོས་ཡོད་གནས་སྟངས་རེད།
ཡིན་ཡང་དེང་སང་ཆོས་རྒྱུད་ཀྱི་སྤྱི་འཐུས་མི་དགོས་ཟེར་མཁན་ཚོ་ལ་དེ་འདྲ་བསམ་ཚུལ་ཡོད་པ་མ་རེད་འདོད།
ཁོ་ཚོའི་ཁ་ནས་ཆོས་རྒྱུད་སྤྱི་འཐུས་མི་དགོས་ལབ་ཁུལ་ཙམ་མ་གཏོགས་ཆོས་སྲིད་ཟུང་འབྲེལ་ལ་དགག་པ་རྒྱག་པ་མ་རེད། ཁམས་པའི་གྲྭ་བ་སྤྱི་འཐུས་ཚོ་ལ་དགག་པ་རྒྱག་གིན་འདུག
ད་ལྟའི་གནས་སྟངས་ལ་བསམ་ནས་བཤད་ན། ཆོས་ལུགས་སྤྱི་མཐུས་མི་དགོས་ཤེས་བཤད་མི་ཐུབ། འོན་གྱང་ངེས་པར་དུ་གྲ་བ་བླ་མ་ཞིག་ཡིན་མི་དགོས་པར་སེམས།
གྲོགས་པོ་ཅོ་རི་ལག་ ཁྱོདཀྱི་བསམ་ཚུལ་ཧ་ཅང་སྣ་ཐུང་བྲག་བཞག་ བྱ་བ་ཡག་པོ་ཕྱི་ནང་གི་ མིའི་སུས་མ་བྱེད་ན་དགྲ་ཆེ་བ་བརྩི་གི་ཡོད་པ་ལས་ འདི་ནང་མི་རེད་དགྲ་བརྩི་མི་ཉེན་ཟེར་བ་དང་འདི་ཕྱི་མི་རེད་ཟེར་ནས་དགྲ་ཆེ་བ་འརྩི་བའི་ལུགས་སྲོལ་མེད ད་དུང་ཆོས་སྲིད་ཟུང་འབྲེལ་ལ་ཡང་དོགས་པ་ཡོད་ རབ་བྱུང་ན་ཆོས་སྲིད་ཐ་དད་ཕྱེས་ན་ཡག་ཤོས་རེད་བསམ་གི་ སྔར་གི་ལོ་རྒྱུས་ནང་ཆོས་སྲིད་ཟུང་འབྲེལ་བྱེད་ནས་བྱ་བཟང་ངན་གང་བྱེད་ཡོད་མེད་ ཚང་མའི་ཤེས་གསལ་རེད་ ད་དུང་ང་ཚོ་ཨུ་ཚུགས་བྱེད་དགོས་དོན་གང་ཡིན
གྲོགས་པོ་ཅོ་རི་ལག་ ཁྱོདཀྱི་བསམ་ཚུལ་ཧ་ཅང་སྣ་ཐུང་བྲག་བཞག་ བྱ་བ་ཡག་པོ་ཕྱི་ནང་གི་ མིའི་སུས་མ་བྱེད་ན་དགྲ་ཆེ་བ་བརྩི་གི་ཡོད་པ་ལས་ འདི་ནང་མི་རེད་དགྲ་བརྩི་མི་ཉེན་ཟེར་བ་དང་འདི་ཕྱི་མི་རེད་ཟེར་ནས་དགྲ་ཆེ་བ་འརྩི་བའི་ལུགས་སྲོལ་མེད ད་དུང་ཆོས་སྲིད་ཟུང་འབྲེལ་ལ་ཡང་དོགས་པ་ཡོད་ སྔར་གི་ལོ་རྒྱུས་ནང་ཆོས་སྲིད་ཟུང་འབྲེལ་བྱེད་ནས་བྱ་བཟང་ངན་གང་བྱེད་ཡོད་ཚང་མའི་ཤེས་གསལ་རེད་ ད་དུང་ང་ཚོ་ཨུ་ཚུགས་བྱེད་དགོས་དོན་གང་ཡིན
མདོ་ཁམས་སྒང་དྲུག་ཡུལ་གྱི་མི་མང་གིས་རང་གི་ནང་ཁུལ་མཐུན་སྒྲུབ་བྱེད་ཀྱི་གལ་ཆེ་པོ་རེད། ང་རང་ཚོའི་ལོ་རྒྱུས་ལ་ཕྱི་མིག་ལྟ་ཞོར་གཟབ་དགོས་པ་མཐོང་་་་་་་་་་་་དཀྲུགས་མཁན་ཚོས་སྔར་ཕྱི་བར་གསུམ་དུ་་་་་་་་་་་་་་མུ་མཐུད་ནས་ཡོང་གིན་ཡོད་དུས་་་་་་་་་་་དེ་ལས་ཀྱང་གཟབ་དགོས་་་་་་་་་་་ནང་ཁུལ་ཁ་མ་འགྲིག་ན་ཕྱི་དོན་མི་འགྲུབ་་་་་་་་ལོ་རྒྱུས་ཐོག་ཏུ་གཟིགས་དང་།།།།།།།།།།།།།།།།།།།།