མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

འཚེ་མེད་ཞི་བའི་བོད་དོན་འཐབ་རྩོད།

བོད་ཀྱི་དུས་བབ།
༢༠༡༠/༠༩/༡༠
Share on FacebookShare on TwitterShare on EmailShare on Whatsapp

རྒྱ་གར་བོད་དོན་རྒྱབ་སྐྱོར་བ་ཊོག་ཊར་མ་ཧེ་ཤི་ཡ་ཊོ་ལགས་ཀྱིས་མི་འགྱངས་བར་བོད་དོན་འཐབ་རྩོད་སྐོར་གྱི་གློག་བརྙན་ཞིག་མང་ཚོགས་ལ་རིན་མེད་ཐོག་གཟིགས་འབུལ་ཞུ་རྒྱུ་ཡིན་འདུག

དེ་རིང་ཉིན་གུང་ཆུ་ཚོད་དང་པོ་དང་ཕྱེད་ཀའི་ཐོག ངྷ་ས་བདེ་དོན་ལས་ཁུངས་ཀྱི་ཚོགས་ཁང་དུ་རྒྱ་གར་བོད་དོན་རྒྱབ་སྐྱོར་བ་ཊོག་ཊར་མ་ཧེ་ཤི་ཡ་ཊོ་ Dr. Mahesh Yadav ལགས་དང་། ༢༠༡༠ ལོའི་ཧི་མ་ཅལ་མངའ་སྡེའི་མཛངས་མ་པུར་བ་ཎ་རཱ། དེ་བཞིན་ ༢༠༠༩ ལོའི་བོད་ཀྱི་མཛངས་མ་བསྟན་འཛིན་ཆོས་འཛོམས་གསུམ་གྱིས་ཐུན་མོང་ཐོག་གསར་འགོད་གསལ་བསྒྲགས་ཤིག་སྤེལ་ཡོད་ལ། གསལ་བསྒྲགས་དེའི་ནང་དོན། སྐུ་ཞབས་མ་ཧེ་ཤི་ཡ་ཊོ་ལགས་ཀྱི་གོ་སྒྲིག་འོག བོད་ཀྱི་གནད་དོན་ཤེས་རྟོགས་ཡོང་ཆེད་ང་ཚོས་མི་འགྱངས་བར་བོད་དོན་དང་འབྲེལ་བའི་གློག་བརྙན་༼འཚེ་མེད་ཞི་བའི་བོད་དོན་འཐབ་རྩོད༽ BLOOD SATYAGRAHA FOR TIBET ཅེས་པ་ཞིག ཕྱི་ཟླ་ ༡༠ པའི་ཚེས་ ༢༤ ཉིན་ནས་མགོ་འཛུགས་ཀྱིས་མང་ཚོགས་ལ་རིན་མེད་ཐོག་གཟིགས་འབུལ་ཞུ་རྒྱུ་ཡིན་འདུག་ཅིང་། གློག་བརྙན་དེའི་བརྗོད་བྱ་གཙོ་བོ་ནི། འདས་པའི་མི་ལོ་ ༥༡ རིང་༧གོང་ས་མཆོག་གིས་བོད་དོན་སྐོར་གྱི་འཚེ་མེད་ཞི་བའི་འཐབ་རྩོད་གནང་སྟངས་དང་། གཞིས་ལུས་མི་དམངས་ཚོས་རང་སྲོག་བློས་གཏོང་གིས་བོད་དོན་འཐབ་རྩོད་བྱས་པའི་གོ་རིམ་མཚོན་པ་ཞིག་ཡིན་འདུག

སྐབས་དེར་སྐུ་ཞབས་མ་ཧེ་ཤི་ཡ་ཊོ་ལགས་ཀྱིས་གློག་བརྙན་གཟིགས་འབུལ་ཞུ་རྒྱུའི་ལས་རིམ་ནང་ཧི་མ་ཅལ་མངའ་སྡེའི་མཛངས་མ་དང་། བོད་ཀྱི་མཛངས་མ་གཉིས་ཀྱིས་རྒྱབ་སྐྱོར་གནང་བར་ཐུགས་རྗེ་ཆེ་ཞུས་པ་དང་སྦྲགས། ལས་འགུལ་འདི་བརྒྱུད་བོད་དོན་ཁྱབ་བསྒྲགས་ཐད་སྔར་ལས་ལྷག་པའི་ནུས་པ་ཞིག་ཐོན་ཐུབ་པའི་རེ་བ་ཡོད་ཅེས་བརྗོད་སོང་།

གསར་འགོད་པས་བསྟན་འཛིན་ཆོས་འཛོམས་ལགས་སུ་ལས་འགུལ་འདིར་ཞུགས་དོན་ཅི་ཡིན་སྐོར་དྲིས་སྐབས་ཁོང་གིས་བརྗོད་དོན། སྤྱིར་ཊོག་ཊར་མ་ཧེ་ཤི་ཡ་ཊོ་ནི་རྒྱ་གར་བ་ཞིག་ཡིན་ནའང་། ཁོང་གིས་ཐོག་མཐའ་བར་གསུམ་དུ་བོད་རང་བཙན་གྱི་དོན་དུ་ཁྲག་གི་ཡི་གེ་ཐེངས་མང་བྲིས་ཡོད་ལ། ལྷག་པར་དུ་ཐེངས་འདིར་བོད་དོན་དང་འབྲེལ་བའི་གློག་བརྙན་ཞིག་བཟོས་པ་དེས་ང་རང་ལྟ་བའི་གཞོན་སྐྱེས་ཚོར་ལས་འགུལ་འདིར་འཛུལ་ཞུགས་བྱ་རྒྱུའི་གོ་སྐབས་སྤྲད་ཡོད།  དེའི་སྟབས་ཀྱིས་ལས་འགུལ་འདི་བརྒྱུད་གཞོན་སྐྱེས་མང་དག་ཅིག་གིས་ཁོང་གི་བྱས་འབྲས་ལ་རྒྱབ་སྐྱོར་དང་དེང་ཕྱིན་ཡང་ལས་འགུལ་འདི་རིགས་ལ་མཉམ་ཞུགས་བྱ་རྒྱུའི་རེ་བ་ཡོད་ཅེས་དང་།  ཡང་ཁོང་གིས་མི་མཐུད་དོན། བོད་མི་མང་པོ་ཞིག་གིས་བོད་དོན་འཐབ་རྩོད་ཀྱི་ཆེད་དུ་རང་སྲོག་བློས་གཏོང་བྱས་ཀྱང་བོད་དོན་ཐག་གཅོད་ཐད་བཟང་ཕྱོགས་ཀྱི་འགྱུར་བ་གང་ཡང་ཕྱིན་མེད་དུས། གློག་བརྙན་ཞིག་བཟོས་པ་ཙམ་གྱིས་གནས་སྟངས་ལ་འགྱུར་ལྡོག་ཆེན་པོ་ཡོང་ཐུབ་ཀྱི་མེད་ཀྱང་། ང་ཚོས་རིན་མེད་ཐོག་མང་ཚོགས་ལ་གློག་བརྙན་བསྟན་པ་ཡིན་ན། མི་མང་པོ་ཞིག་གིས་དུས་གཅིག་ལ་བོད་ཀྱི་དཀའ་ངལ་དེ་ཤེས་རྟོགས་ཐུབ་ཀྱི་རེད། ཅེས་བརྗོད་སོང་།

གསར་འགོད་པ། དཔལ་ལྡན།

འབྲེལ་ཡོད་གསར་འགྱུར།

འདི་ལོའི་ཨ་ཕ་གསེར་གྱི་ཕོར་བ་རྐང་སྤོལ་འགྲན་སྡུར་དེ་སྦེལ་ཀོབ་བདེ་སླར་རུ་འཚོག་རྒྱུ་རེད།
Mobile App

འདི་ལོའི་ཨ་ཕ་གསེར་གྱི་ཕོར་བ་རྐང་སྤོལ་འགྲན་སྡུར་དེ་སྦེལ་ཀོབ་བདེ་སླར་དུ་འཚོག་རྒྱུ་རེད།

༢༠༢༦/༠༤/༢༨
༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ནས་མཇལ་ཁ་སྩལ་སྐབས། སྐུ་པར་དགའ་ལྡན་ཕོ་བྲང་གི་བརྙན་ཐུང་ནས་བླངས།  ༢༠༢༦།༤།༢༨
༸གོང་ས་མཆོག གསར་འགྱུར།

ཆ་དྷི་སི་གྷར་མངའ་སྡེའི་སྤྱི་ཁྱབ་བློན་ཆེན་ཟུར་པས་༧གོང་ས་མཆོག་ལ་མཇལ་བཅར་ཞུས།

༢༠༢༦/༠༤/༢༨
བོད་རང་དབང་འཐབ་རྩོད་པའི་ལྷན་ཚོགས་༧རྒྱལ་བའི་ཞབས་ཕྱི་བར་གཟེངས་རྟགས་ཕུལ། དུས་བབ་ཀྱི་པར།
Mobile App

བོད་རང་དབང་འཐབ་རྩོད་པ་རྣམས་ལ་རིམ་གྱིས་གཟེངས་རྟགས་དབུལ་རྒྱུ་ཡིན་འདུག 

༢༠༢༦/༠༤/༢༧
བྲག་མགོ་རྫོང་གི་སྟོན་པའི་སྐུ་བརྙན་དེ་དགོན་པའི་འདུ་ཁང་དུ་བཞག་སྟེ་སྔོན་གྱི་བཞུགས་ཡུལ་དུ་རྟ་རྒྱུག་ཐང་བཟོས་འདུག པར་དུས་བབ་ལ་མཁོ་སྤྲོད་གནང་།
Mobile App

བོད་བྲག་མགོ་རྫོང་གི་སྟོན་པའི་སྐུ་བརྙན་བཞུགས་ས་དེ་རྟ་རྒྱུག་ཐང་བཟོས་འདུག

༢༠༢༦/༠༤/༢༧
ཕྱི་ལོ་ ༢༠༢༦ ལོའི་བཙན་བྱོལ་བོད་མིའི་སྤྱི་འཐུས་ཀྱི་དངོས་གཞིའི་འོས་བསྡུའི་ལས་རིམ་དངོས་སུ་མགོ་བཙུགས། ༢༠༢༦།༤།༢༦ དུས་བབ་གསར་ཁང་གི་པར།
Mobile App

ཕྱི་ལོ་ ༢༠༢༦ ལོའི་བཙན་བྱོལ་བོད་མིའི་སྤྱི་འཐུས་ཀྱི་དངོས་གཞིའི་འོས་བསྡུ་བྱེད་བཞིན་པ།

༢༠༢༦/༠༤/༢༦
དབུས་འོས་བསྡུ་ལས་ཁང་གི་གསར་འགོད་གསལ་བསྒྲགས་ཀྱི་པར། ༢༠༢༦།༠༡།༢༨
Mobile App

བལ་ཡུལ་མཆོད་འཇོར་ས་གནས་ལ་དངོས་གཞིའི་འོས་བསྡུ་ཐེངས་གཅིག་ཕྱིར་འཐེན་གནང་།

༢༠༢༦/༠༤/༢༥

མཆན། 4

  1. མཐའ་མཚམས་ཀྱི་ཕོ་ཉ། says:
    ལོ་ 16 སྔོན།

    དངོས་གནས་ཡག་པོ་འདུག

    Reply
  2. མིག་གསུམ་པ། says:
    ལོ་ 16 སྔོན།

    བོད་དོན་རྒྱབ་སྐྱོར་ཊོག་ཊར་མ་ཧེ་ཤི་ཡ་ཊོ་ལགས་ནི་མཛངས་མ་རྣམ་གཉིས་ཀྱི་བར་ནས་སྐྱིད་འདུག་ཀ ཧཧཧ་་་ཀུ་རེ་ཡིན་ད ཁོང་ལྟ་བུ་ཞིག་གིས་ཤ་ཁྲག་གི་རུས་རྒྱུད་མི་གཅིག་པའི་མི་རིགས་ཤིག་གི་འཐབ་རྩོད་ལ་རྒྱབ་སྐྱོར་བྱས་པར་བོད་མིའི་གྲལ་མཐའ་འཛིན་པ་བདག་གིས་ཀྱང་སེམས་སྟེང་ནས་གུས་འདུད་ལོས་ཞུ། ངོ་མ་བཤད་ན། ཁོང་གིས་བོད་དོན་ལ་ཤ་ཐང་རུས་ཐང་གིས་འབད་དུས་སེམས་ཀྱི་གཏིང་རིམ་ན་ཚོར་བ་དབེན་པའི་མི་བུ་དག་ལ་བརྡ་ལན་ཞིག་བརྒྱབ་པ་རེད། གང་ལྟར་ང་ཚོ་བོད་མི་ཚོས་ཀྱང་མི་རེ་ངོ་རེ་ནས་བདེན་པའི་འཐབ་རྩོད་ལ་རྩིས་ཞིག་རྒྱག་རྒྱུའི་དུས་ལ་སླེབས་འདུག

    Reply
  3. མིག་གསུམ་པ། says:
    ལོ་ 16 སྔོན།

    བོད་དོན་རྒྱབ་སྐྱོར་ཊོག་ཊར་མ་ཧེ་ཤི་ཡ་ཊོ་ལགས་ནི་མཛངས་མ་རྣམ་གཉིས་ཀྱི་བར་ནས་སྐྱིད་འདུག་ཀ ཧཧཧ་་་ཀུ་རེ་ཡིན་ད ཁོང་ལྟ་བུ་ཞིག་གིས་ཤ་ཁྲག་གི་རུས་རྒྱུད་མི་གཅིག་པའི་མི་རིགས་ཤིག་གི་འཐབ་རྩོད་ལ་རྒྱབ་སྐྱོར་བྱས་པར་བོད་མིའི་གྲལ་མཐའ་འཛིན་པ་བདག་གིས་ཀྱང་སེམས་སྟེང་ནས་གུས་འདུད་ལོས་ཞུ། ངོ་མ་བཤད་ན། ཁོང་གིས་བོད་དོན་ལ་ཤ་ཐང་རུས་ཐང་གིས་འབད་དུས་སེམས་ཀྱི་གཏིང་རིམ་ན་ཚོར་བ་དབེན་པའི་མི་བུ་དག་ལ་བརྡ་ལན་ཞིག་བརྒྱབ་པ་མ་རེད་དམ། གང་ལྟར་ང་ཚོ་བོད་མི་ཚོས་ཀྱང་མི་རེ་ངོ་རེ་ནས་བདེན་པའི་འཐབ་རྩོད་ལ་རྩིས་ཞིག་རྒྱག་རྒྱུའི་དུས་ལ་སླེབས་འདུག

    Reply
  4. གཅེན་པོ། says:
    ལོ་ 16 སྔོན།

    རྒྱལ་ཁབ་ཞིག་གམ་བོད་དོན་ཁྱབ་བསྒྲགས་གནང་དུ་ངེས་པར་དུ་ལས་འགུལ་ག་འདྲ་ཞིག་ཡིན་ཀྱང་རིན་མེད་མ་གཏོགས་དཔལ་འབྱོར་གྱི་ཁེ་ཕན་བསྒྲུབ་ན་དེ་ནི་བོད་སྤྱི་དོན་ཡིན་དང་ཡང་ན་སྒེར་དོན་ཡིན་ཐེ་ཚོམ་རེད།
    ཞུ་ཡག་ཅིག་ལ་རྒྱ་གར་བ་ཞིག་གིས་བོད་དོན་ལ་འདི་ལྟ་བུའི་དོ་སྣང་བྱེད་དུ་བོད་པ་ཚང་ནི་གཡོ་འགུལ་གང་ཡང་མེད་པར་ཉལ་ནས་བསྡད་ན་ག་ནས་འགྲིག
    དཔལ་འབྱོར་ཡོད་པས་དཔལ་འབྱོར་བཏང་རིགས་གནས་ཡོད་པས་ཀླད་པ་དཀྲུགས་སེམས་ཤུགས་ཡོད་པས་ནུས་པ་བཏང་ནས་བོད་དོན་འཁྱབས་བསྒྲགས་དང་ཞི་བའི་སྐད་འབོད་མདོར་ན་གོ་ལ་ཧྲིལ་པོར་ཞི་བའི་གོམ་བགྲོད་ཞིག་འགྲོ་ཐུབ་ན་བོད་དོན་འཛམ་གླིང་མི་དམངས་རྣམས་ཀྱི་ཝ་ལེར་གཟིགས་ཀྱི་རེད།
    དེ་མིན་རྒྱལ་ཁབ་གཞན་དང་མི་རིགས་གཞན་ལ་སྐྱབས་བཅོལ་ནས་རང་ཉིད་སོ་སོའི་སྙན་གྲགས་ལ་འགོ་འཁོར་ནས་བཞུགས་ན་བོད་དོན་ཟེར་བ་ཆུ་ནང་གི་ཟླ་བ་རང་རེད།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese