མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

ཧི་མ་ལ་ཡའི་མཛངས་མ་འགྲན་བསྡུར་གོ་སྒྲིག་བྱ་རྒྱུ་ཡིན་ཟེར།

བོད་ཀྱི་དུས་བབ།
༢༠༡༢/༠༧/༡༥
Share on FacebookShare on TwitterShare on EmailShare on Whatsapp

བློ་བཟང་དབང་རྒྱལ་ལགས་ཀྱིས་ད་ལོར་བོད་ཀྱི་མཛངས་མ་འགྲན་བསྡུར་ཕྱིར་འཐེན་བྱས་ཡོད་ཀྱང་། ད་ལོའི་ཕྱི་ཟླ་ ༡༠ པའི་ནང་ཧི་མ་ལ་ཡའི་མཛངས་མའི་འགྲན་བསྡུར་ཟེར་བ་ཞིག་ངྷ་སར་གོ་སྒྲིོག་ཞུ་རྒྱུ་ཡིན་ཚུལ་བརྗོད་ཡོད།

བཙན་བྱོལ་སྤྱི་ཚོགས་ཁྲོད་ཀྱི་ན་གཞོན་ཚོས་དོ་སྣང་ཆེ་ཤོས་དང་། ལོ་ལྟར་སྤྱི་ཚོགས་ནང་ཡག་སྡུག་གི་གླེང་སློང་མང་ཤོས་ཀྱི་གསར་འགྱུར་ཞིག་ནི། ངྷ་རམ་ས་ལའི་པར་པ་བློ་བཟང་དབང་རྒྱལ་ལགས་ཀྱིས་གོ་སྒྲིག་བྱེད་བཞིན་པའི་བོད་ཀྱི་མཛངས་མ་འགྲན་བསྡུར་དེ་རེད། དེ་ནི་ ༢༠༠༡ ལོར་མགོ་འཛུགས་གནང་ཡོད་ཅིང་། མཚམས་རེར་བུ་མོ་གཅིག་རེ་ལས་འཛུལ་ཞུགས་བྱེད་མཁན་མ་བྱུང་སྟབས། འགྲན་ཡ་མེད་པར་མཛངས་མའི་དབུ་རྒྱན་ཐོབ་པའི་གནས་ཚུལ་ཡང་བྱུང་ཡོད། ད་ལོར་བོད་ཀྱི་མཛངས་མ་འགྲན་བསྡུར་དེ་མཚམས་ཆད་ཡོད་ཅིང་། དེའི་སྐོར་ལ་སྤྱི་ཚོགས་ནང་གླེང་སློང་སྣ་ཚོགས་ཤིག་ཡོང་གི་ཡོད། མི་འགའ་རེས་བློ་བཟང་དབང་རྒྱལ་གྱི་ལས་འགུལ་དེའི་ནང་ད་ལོར་འཛུལ་བཞུགས་བྱེད་མཁན་བུ་མོ་གཅིག་ཀྱང་མ་བྱུང་བ་རེད་ཟེར་ལ། བློ་བཟང་དབང་རྒྱལ་ཁོ་རང་གིས་ད་ལོ་བོད་ནང་གི་མེར་བསྲེགས་ལས་འགུལ་ཛ་དྲག་ཡིན་སྟབས་ཕྱིར་འཐེན་བྱས་ཚུལ་བཤད་ཡོད། གང་ལྟར། བློ་བཟང་དབང་རྒྱལ་ལགས་ཀྱིས་ད་ལོར་བོད་ཀྱི་མཛངས་མ་འགྲན་བསྡུར་མཚམས་འཇོག་དང་འབྲེལ་༼ ཧི་མ་ལ་ཡའི་མཛངས་མ་འགྲན་བསྡུར༽ཞེས་པ་ཞིག་གསར་འཛུགས་ཀྱི་གསལ་བསྒྲགས་བསྐྱངས་ཡོད།   

ཕྱི་ཚེས་ ༥ ཉིན་འདི་གའི་གསར་འགོད་པས་བློ་བཟང་དབང་རྒྱལ་ལགས་སུ་བཅར་འདྲི་ཞུས་སྐབས། ད་ལོའི་ཕྱི་ཟླ་ ༡༠ པའི་ཚེས་  ༡༡ ནས་ ༡༣ ཉིན་བར་བཞུཊ་སྒར་ངྷ་རམ་ས་ལར་ཧི་མ་ལ་ཡའི་ཞི་བདེ་དང་ཁོར་ཡུག་སྲུང་སྐྱོབ་བྱ་རྒྱུར་དམིགས་ཏེ། ཧི་མ་ལའི་མཛངས་མ་ (Miss Himalaya) ཞེས་པའི་མཛངས་མ་འགྲན་བསྡུར་གྱི་མཛད་སྒོ་ཞིག་བསྡུ་འཆར་ཡོད་འདུག་ལ། ཐེངས་འདིའི་མཛངས་མ་འགྲན་བསྡུར་སྟེང་ ༢༠༡༡ ལོར་མཛེས་མའི་དབུ་རྒྱན་ཐོབ་པའི་བོད་པ་དང་བལ་ཡུལ། འབྲུག འབྲས་ལྗོངས་བཅས་ཀྱི་མཛངས་མ་གཙོས་རྒྱ་གར་གྱི་ལ་དྭགས་དང་སྦི་ཏི། ཁུ་ནུ། ཀཱར་ཤཱ། མཱ་ཎ་ལི། སིམ་ལ། སྒང་ཏོག་བཅས་ཀྱི་བུ་མོ་ཁག་ཅིག་དང་བལ་ཡུལ་གྱི་ཤར་པ་དང་རྟ་མང་། ནེ་ཝ་རི། རོང་པའི་བུ་མོ་སོགས་ཁྱོན་བུ་མོ་བཅུ་གྲངས་ཤིག་དངོས་གཞིའི་འགྲན་བསྡུར་ནང་འཛུལ་ཞུཊ་བྱ་རྒྱུ་ཡིན་ཚུལ་སོགས་བརྗོད་བྱུང་།

ཡང་བློ་བཟང་དབང་རྒྱལ་ལགས་ཀྱིས་ཧི་མ་ལ་ཡའི་མཛངས་མ་ཞེས་པའི་ཁ་བྱང་(WWW.MissHimalaya.Com ) འདི་ ༢༠༡༠ ལོར་གསར་དུ་དེབ་སྐྱེལ་བྱས་ཡོད་པ་དང་། ཐེངས་འདིའི་མཛངས་མ་འགྲན་བསྡུར་དེ་ནི་ཧི་མ་ལ་ཡའི་ཞི་བདེ་དང་ཁོར་ཡུག་སྲུང་སྐྱོབ་ཁོ་ནར་དམིཊ་པ་ཞིག་ཡིན་སྟབས། ཧི་མ་ལ་ཡ་རི་རྒྱུད་ཀྱི་ལ་དྭགས་ནས་མོན་བར་གྱི་བུ་མོ་ག་ཚོད་ཞུགས་ཀྱང་འགྲིག་གི་ཡོད་ནའང་བོད་པའི་སྐུ་ཚབ་གཉིས་ལས་ཞུགས་ཆོག་སྐོར་བརྗོད་སོང་ལ། དེ་སྔ་བོད་ཀྱི་མཛངས་མ་འགྲན་བསྡུར་སྐབས་གོ་སྒྲིག་པས་འགྲན་ཞུགས་བུ་མོ་ཚོར་བོད་ཀྱི་ཆོས་དང་རིག་གཞུང་། སྐད་ཡིག ཆབ་སྲིད། ཁོར་ཡུག སྤྱི་ཚོཊ། འཕྲོད་བསྟེན་བཅས་ཀྱི་ཐོག་གོ་རྟོགས་སྤེལ་ཡོད་ཀྱང་། ད་ལོའི་ཧི་མ་ལ་ཡའི་མཛངས་མ་འགྲན་བསྡུར་སྐབས་ཧི་མ་ལ་ཡའི་མི་རིཊ་ཚང་མའི་ངོ་བོ་མཚོན་ཐབས་བྱས་ཏེ་འགྲན་བསྡུར་གནང་དགོས་རྒྱུ་ལས་བོད་དོན་དང་དམིགས་བསལ་འབྲེལ་བ་གང་ཡང་མེད་སྐོར་གསལ་བཤད་དང་། ཧི་མ་ལ་ཡའི་མཛངས་མའི་དབུ་རྒྱན་རག་མཁན་དེ། མ་འོངས་པར་ཨེ་ཤ་ཡའི་མཛེས་མ་དང་འཇིག་རྟེན་མཛེས་མ། དེ་ནས་རིམ་བཞིན་འཛམ་གླིང་མཛེས་མའི་འགྲན་བསྡུར་ཁྲོད་འཛུལ་ཞུགས་གནང་ཆོག་ཚུལ་དང་། སྐབས་དེར་སོ་སོའི་ངོས་ནས་གནས་ཡུལ་རྒྱལ་ཁབ་ཀྱི་གནས་སྟངས་རྒྱལ་སྤྱིའི་ཐོག་ངོ་སྤྲོད་གནང་ཆོག་གི་ཡོད་སྐོར་སོགས་བརྗོད་སོང་།  

ཧི་མ་ལ་ཡའི་མཛངས་མའི་འགྲན་བསྡུར་ནང་ཞུཊ་མཁན་བུ་མོ་ཚོར་སྔོན་འགྲོའི་ཆ་རྐྱེན་ཁ་ཤས་ཤིག་ཚང་དགོས་པ་ནི། བུ་མོ་རང་ལོ་ ༡༧ ནས་ ༢༥ བར་ཡིན་དགོས་པ། སོ་སོའི་རྒྱལ་ཁབ་ཀྱི་ངོ་སྤྲོད་ལག་དེབ། གཏན་སྡོད་ཁ་བྱང་། ཤེས་ཚད། འཚོ་ཐབས། འབྲེལ་གཏུཊ་ཁ་བྱང་། འཁྲབ་སྟོན་བྱས་མྱོང་ཡོད་མེད། སྐད་ཡིག་ག་ཚོད་ཤེས་མིན། གཟུགས་པོའི་རིང་ཐུང་། ལྗིད་ཚད། བྲང་གཞུང་གི་ཆེ་ཆུང་། སྐེད་པའི་སྤོམ་ཕྲ། འཕོང་ཚོས་ཀྱི་ཆེ་ཆུང་། དགའ་ཕྱོགས། སྐྱེས་ཚེས་ལག་དེབ། ཕྱེད་པར། གཟུགས་པོ་ཧྲིལ་པོའི་པར། དེ་བཞིན་ཧི་མ་ལ་ཡའི་ཁོར་ཡུག་དང་རིག་གཞུང་། གོམ་གཤིས་ཐད་ཀྱི་རྩོམ་ཐུང་། རང་གི་དམིགས་ཡུལ་བཅས་ཕྱི་ཟླ་ ༧ པའི་ཟླ་མཇུག་བར་ཧི་ལ་མ་ཡ་མཛངས་མའི་དྲ་ངོས་སུ་ཐོ་འགོད་གནང་དགོས་ཀྱི་ཡོད་འདུག

བློ་བཟང་དབང་རྒྱལ་ལགས་ཀྱིས་ཧི་མ་ལ་ཡ་མཛངས་མའི་དབུ་རྒྱན་དེར་བོད་ཀྱི་མཛངས་མའི་དབུ་རྒྱན་ལས་གོང་ཚད་ཆེན་པོ་སྤྲད་དེ་བཟོ་འགོད་བྱས་ཡོད་པར་མ་ཟད། མཛངས་མའི་དབུ་རྒྱན་གྱི་ཇུས་འགོད་ཀྱང་ཧི་མ་ལ་ཡའི་མི་རིཊ་ཐུན་མོང་གི་ངོ་བོ་མཚོན་པར་བྱས་ཏེ་བཟོས་ཡོད་འདུག མཛངས་མའི་འགྲན་བསྡུར་གྱི་མཐའ་མའི་བྱ་དགའ་ཨང་དང་པོ་ཐོབ་མཁན་ལ། ཧི་མ་ལ་ཡའི་དངུལ་གྱི་དབུ་རྒྱན་དང་ཧིན་སྒོར་ཆིག་འབུམ་ ༡༠༠༠༠༠ གི་གསོལ་རས་གནང་རྒྱུ་དང་། ཨང་གཉིས་པར་བྱ་དགའ་ཧིན་སྒོར་ལྔ་ཁྲི་ ༥༠༠༠༠། ཨང་གསུམ་པར་བྱ་དགའ་ ༢༥༠༠༠ བཅས་གནང་རྒྱུ་ཡིན་འདུག འགྲན་བསྡུར་སྐབས་འགྲན་ཞུགས་པའི་ཟས་དོད་དང་ཁང་གླ། འགྲུལ་བཞུད་སོགས་ཚང་མ་གོ་སྒྲིག་པ་རང་ངོས་ནས་ནར་གཏོང་ཞུ་རྒྱུ་ཡིན་འདུག

གསར་འགོད་པས་བློ་བཟང་དབང་རྒྱལ་ལགས་སུ། ད་ལོར་བོད་ཀྱི་མཛངས་མའི་འགྲན་བསྡུར་ཕྱིར་འཐེན་གནང་དགོས་དོན་ཅི་ཡིན་དྲིས་པར། “ ད་ལོར་བོད་ཀྱི་མཛངས་མའི་འགྲན་བསྡུར་གོ་སྒྲིག་མ་བྱས་པ་དེ་འགྲན་བསྡུར་ནང་ཞུཊ་མཁན་མེད་པ་དེ་འདྲ་མ་རེད། ཕྱི་ཟླ་ ༥ པའི་ནང་བོད་པའི་བུ་མོ་ཁ་ཤས་ཀྱིས་ད་ལོའི་མཛངས་མའི་འགྲན་བསྡུར་ནང་ཞུགས་འདོད་ཡོད་ཅེས་བཤད་སོང་། མ་གཞི་ད་ལོར་བོད་ནང་བོད་མི་མང་པོ་ཞིག་གིས་རང་ལུས་མེ་ལ་བསྲེགས་ཏེ། རྒྱ་གཞུང་ལ་ཐད་ཀར་ངོ་རྒོལ་བྱས་ཡོད་པ་རེད། དེ་ཚོ་ངོ་མ་སེམས་སྐྱོ་བོ་ཞེ་དྲག་རེད། དེའི་ཡིན་དུས། སྐབས་མཚམས་ལ་སླེབས་སྐབས་ངས་བུ་མོར་དེ་ཚོར་ད་ལོར་བོད་ཀྱི་མཛངས་མ་འགྲན་བསྡུར་ཡོང་ས་རེད་མ་རེད་ཅེས་ཞུས་པ་ཡིན་ ”ཞེས་བརྗོད་སོང་།

གསར་འགོད་པས་བྷེང་ལོར་མཐོ་སློབ་ནང་གསར་འགོད་རིག་པར་སློབ་སྦྱོང་བྱེད་བཞིན་པའི་བུ་མོ་བསྟན་འཛིན་སྒྲོན་མེ་ལཊ་སུ་བཅར་འདྲི་ཞུས་པར། “བོད་ཀྱི་མཛངས་མའི་འགྲན་བསྡུར་གོ་སྒྲིག་མ་ཐུབ་པ་དེར་བསམ་ཚུལ་ཅི་ཡོད་དྲིས་སྐབས། སྤྱིར་རྒྱ་གར་དང་བལ་ཡུལ། ཨ་རི། ཡུ་རོབ་བཅས་ཀྱི་ནང་བོད་པའི་བུ་མོ་མང་པོ་ཞིག་ཡོད་ནའང་། བུ་མོ་མང་པོ་ཞིག་བོད་ཀྱི་མཛངས་མའི་འགྲན་བསྡུར་ནང་ཞུཊ་ཀྱི་ཡོད་པ་མ་རེད། ལོ་ལྟར་བོད་ཀྱི་མཛངས་མའི་འགྲན་བསྡུར་ནང་ཞུཊ་མཁན་དག་ནི་བུ་མོ་བློ་ཁོག་ཆེན་པོ་དེ་འདྲ་མ་གཏོཊ་རྣམ་པ་ཡོད་མཁན་དང་སློབ་སྦྱོང་ཡོད་མཁན་དེ་ཚོ་ཞུཊ་ཀྱི་ཡོད་པ་མ་རེད། དེ་ཡིན་དུས་ང་རང་སྒེར་ངོས་ནས་མཛངས་མའི་འགྲན་བསྡུར་དེ་བོད་པའི་བུ་མོ་ཚོར་ཕན་ཐོཊ་ཡོད་པ་ཞིག་ལ་ངོས་འཛིན་བྱེད་ཀྱི་མེད་ ” ཅེས་བརྗོད།

མཛངས་པའི་འགྲན་བསྡུར་གོ་སྒྲིག་བྱེད་ཕྱོཊ་ཐོག་ནོར་གླིང་གནས་སྡོད་བུ་མོ་བསྟན་འཛིན་ཆོས་དབྱངས་ལཊ་སུ་བཅར་འདྲི་ཞུས་པར། བོད་ཀྱི་མཛངས་མ་འགྲན་བསྡུར་དེ་ལོ་ལྟར་རྒྱུན་མ་ཆད་པར་གོ་སྒྲིག་བྱེད་ཀྱི་ཡོད་སྟབས། ད་ལོར་གོ་སྒྲིག་མ་བྱས་པ་དེ་ཡག་པོ་ཞིག་མཐོང་མ་སོང་། མཛངས་མའི་འགྲན་བསྡུར་ལ་ཆབ་སྲིད་དང་འབྲེལ་བ་གང་ཡང་ཡོད་པ་མ་རེད། གཞན། བློ་བཟང་དབང་རྒྱལ་ལགས་ཀྱིས་ཧི་མ་ལ་ཡའི་མཛངས་མའི་འགྲན་བསྡུར་གོ་སྒྲིག་གནང་གི་ཡིན་ཟེར་བ་དེར། ང་རང་སྒེར་ངོས་ནས་རྒྱབ་སྐྱོར་གང་ཡང་མེད། ཧི་མ་ལ་ཡའི་མཛངས་མའི་འགྲན་བསྡུར་དེ་བོད་པའི་རྩ་དོན་ལ་ཕན་ཐོགས་པ་རེད་མི་འདུག་ཅེས་བརྗོད་བྱུང་།

གསར་འགོད་པ། དཔལ་ལྡན།

བོད་ཀྱི་དུས་བབ་ཚགས་པར་ལས་འདིར་བདམས་བཀོད་བྱས།

འབྲེལ་ཡོད་གསར་འགྱུར།

Front Slider

བོད་མིའི་སྒྲིག་འཛུགས་ཀྱི་སྤྱི་ཐབ་སྐོར་ལ་བཅར་འདྲི།

༢༠༢༥/༠༥/༡༠
སྐྱབས་རྗེ་བཀའ་ཟུར་ཀིརྟི་རིན་པོ་ཆེ་མཆོག་གི་མཛད་རྣམ་ཤར་སྟག་མོའི་བུ་ཞེས་པའི་འཕྲུལ་དེབ་འགྲེམས་སྤེལ་གྱི་མཛད་སྒོ་དང་དཔྱད་བརྗོད་བགྲོ་གླེང་འཚོགས། བོད་ཀྱི་དུས་བབ་གསར་ཁང་གི་པར། ༢༠༢༥།༥།༩
Mobile App

བཀའ་ཟུར་༧སྐྱབས་རྗེ་ཀིརྟི་རིན་པོ་ཆེ་མཆོག་གི་མཛད་རྣམ་ཤར་སྟག་མོའི་བུ་ཞེས་པའི་འཕྲུལ་དེབ་འགྲེམས་སྤེལ་གྱི་མཛད་སྒོ་འཚོགས།

༢༠༢༥/༠༥/༠༩
Mobile App

བོད་རིགས་ཨ་རི་བ་ཨ་ཧྥ་ཊབ་ཀརྨ་སིང་པུ་རི་ཝལ་ལགས་སུ་འོས་བསྡུའི་ཁྲོད་རྒྱལ་ཁ་ཐོབ།

༢༠༢༥/༠༥/༠༩
The Dalai Lama offers blessings to his followers at his Himalayan residence in the northern hill town of Dharamshala, India, on December 20, 2024 [Priyanshu Singh/Reuters]
༸གོང་ས་མཆོག གསར་འགྱུར།

ཡུ་རོབ་གྲོས་ཚོགས་སུ་༧གོང་ས་མཆོག་གི་ཡང་སྲིད་དང་འབྲེལ་བའི་གྲོས་ཆོད་ཅིག་གཏན་འབེབས་བྱུང་། 

༢༠༢༥/༠༥/༠༩
༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ཡེ་ཤུའི་ཆོས་དཔོན་རོ་བྷི་ཌི་པེ་ཝེ་སི་མཆོག སྐུ་པར་བོད་ཀྱི་དུས་བབ་ཀྱིས་བསྒྲིགས། ༢༠༢༤།༥།༩
༧གོང་ས་མཆོག གསུང་འཕྲིན།

༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ནས་ཡེ་ཤུའི་ཆོས་དཔོན་གསར་པར་འཚམས་འདྲི་མཛད།

༢༠༢༥/༠༥/༠༩
བཙན་བྱོལ་བོད་མིའི་ཆོས་ཚོགས་ཐེངས་ ༡༤ པ་དབུ་འཛུགས་གནང་། ༢༠༡༩།༡༡།༢༧ དུས་བབ་གསར་ཁང་གི་པར།
Mobile App

 བཙན་བྱོལ་བོད་མིའི་ཆོས་ཚོགས་ཐེངས་བཅོ་ལྔ་པ་འཚོག་འཆར་འདུག

༢༠༢༥/༠༥/༠༩

མཆན། 15

  1. Drime says:
    ལོ་ 13 སྔོན།

    དབུས་སྟོད་ཀྱི་སྐྱ་རེང་གི་གསུངས་པ་ལ་རྒྱབ་སྐྱོར་ཞུ།

    Reply
  2. དབུས་སྟོད་ཀྱི་སྐྱ་རེང་། says:
    ལོ་ 13 སྔོན།

    བློ་བཟང་དབང་རྒྱལ་ལགས་ཀྱི་ལྟོ་གོས་འཚོལ་སྟངས་དེ་འདྲའི་འུ་ཐུག་མདོག་ལ་ཨང་། ད་བར་བོད་ཀྱི་ན་གཞོན་བོུ་ཚོའི་མིང་ཐོག་ནས་དང་། ད་ཡང་ཧི་མ་ལ་ཡའི་བོུའི་མིང་ཐོག་ནས་འཚོལ་ཐབས་དང་དེ་ཡང་ཧི་མ་ལ་ཡའི་ཞི་བདེ་དང་ཁུར་ཡུག་སྲུང་སྐྱོབ་དང་འབྲེལ་བ་ཡོད་སྐོར་གསུངས་པ་ཞིབ་ཏུ་དཔྱད་ན་གད་མོ་ཤོར་ཡས་རང་རེད་། སྙིང་རྗེ།

    Reply
  3. ཨ་ཕོ་མཐུ་ཆེན། says:
    ལོ་ 13 སྔོན།

    ཨོ་ཧོ། འཁྱམས་པོས་འབྲེལ་ཐག་དྲངས་བ་དེར་བལྟས་ན་གཟིགས་མོ་ཆེན་པོ་འདུག་གཱ བློ་བཟང་དབང་རྒྱལ་ཁོས་ཞབས་འདྲེན་བཞག་འདུག

    Reply
  4. འཁྱམས་པོ་ says:
    ལོ་ 13 སྔོན།

    ཧཧཧ དེ་ནི་བོད་པའི་མཛངས་མ་མིན་། དེ་ནི་བློ་བཟང་དབང་རྒྱལ་ཁོ་རང་གི་ཆུང་མ་ཡིན་།། གཤམ་གྱི་ཁ་བྱང་ལ་གཟིགས་དང་།
    http://www.youtube.com/watch?v=A28y7YvOYEY

    Reply
  5. ketaka says:
    ལོ་ 13 སྔོན།

    མི་ཕོ་ལུས་མོ་ལུས་ཤིག་ལ་སྐད་ཆ་ཡང་དེ་འདྲ་ཞིག་ལས་གང་ན་ཡོད་་་་་་དེ་ལ་དམིགས་བསལ་གྱིས་དཔྱད་བརྗོད་སྤེལ་དགོས་པ་མ་མཐོང་ངོ་་་་་

    Reply
  6. རྡོ འཇམ་ཚུལ། says:
    ལོ་ 13 སྔོན།

    ཁ་གཡར་ས་ཙམ་རེད། གོ་རྒྱུ་ཅི་ཞིག་འདུག བོད་ཀྱི་གནས་ཚུལ་ཛ་དྲགས་ཡིན་པས་བོད་ཀྱི་མཛངས་མའི་འགྲན་བསྡུར་ཕྱིར་འཐེན་བྱས་པ་ཡིན་ཟེར་ན་འོ་ན་བློ་བཟང་དབང་རྒྱལ་རང་ཉིད་བོད་པ་ཡིན་ཟེར་དགོས་རེད་དམ་གང་རེད། ཡང་མིན་ན་བོད་པ་ཡིན་ཡང་སྐྱིད་སྡུག་མཉམ་མྱོང་དང་གདུང་སེམས་མཉམ་སྐྱེད་མེད་ཟེར་གྱིན་པ་རེད་དམ།

    Reply
  7. ལུང་རྟོགས། says:
    ལོ་ 13 སྔོན།

    བོད་ནང་གི་བོད་མི་མང་པོས་རང་ལུས་མེར་བསྲེགས་ཏེ་རྒྱ་གཞུང་ལ་ཐད་དཀར་ངོ་རྒོལ་བྱས་ཡོད་པས། བོད་པའི་མཛངས་མའི་འགྲན་བསྡུར་མཚམས་བཞག་སྟེ། ཧི་མ་ལ་ཡའི་མཛངས་མའི་འགྲན་བསྡུར་གོ་སྒྲིག་བྱེད་རྒྱ་ཡིན། ཚིག་འདི་འདྲ་ཞིག་མེད་ཀྱང་དོན་དག་ནི་འདི་རང་རེད་འདུག་ན། འདི་ལ་གོ་རྒྱུ་ཅང་འདུག་གམ།

    Reply
  8. བསྟན་འཛིན་ཚེ་འཚོ། says:
    ལོ་ 13 སྔོན།

    ད་དྲང་མོར་བཤད་ན་བློ་དབང་གི་ལས་རྒྱུ་མང་དྲགས་འདུག དོན་དངོས་ཐོགས་རང་ཉིད་ཀྱི་མཚན་སྙན་དང་། དངུལ་སྒོར་ཁ་ཤས་ཤིག་གིས་ཆེད་དུ་བོད་ཀྱི་མིང་འཁྱེར་བ་རེད། ཐབས་ལམ་སྣ་ཚོགས་བཏོན་པ་རེད། མཐའ་མ་བོད་ཀྱི་བུ་མོ་འཛུལ་ཞུགས་བྱེད་མཁན་མེད་སོང་བ་རེད། ཐབས་ཤེས་གཞན་ཞིག་བཏོན་པ་རེད། དེ་ནི་ཧི་མ་ལ་ཡི་མཛངས་མ་འགྲན་བསྡུར་ཞེས་པ་དེ་རེད། འདིའི་ངོ་བོ་དང་རྒྱབ་ལྗོངས་གང་ནས་ཞིབ་དཔྱོད་བྱས་ན་ཡ་ང་ལ། འཇིགས་ཉེས་པ་ཞིག་ཀྱང་འདུག གང་མང་བཤད་སྙིང་མ་སྤྲོ་ང་ཚོ་དང་ང་ཚོའི་སྤྱི་ཚོགས་ཀྱང་འདི་འདྲ་ཞིག་ཡིན་སྟབས་སྣང་མེད་ལས་གཞན་གང་ཡང་མེད། མཛངས་མ་ཡིན་མིན་དང་མཛངས་མའི་ཁྱད་ཆོས་སྤྱི་ཚོགས་ཀྱིས་འུར་འདྲོགས་ཁོ་ན་མ་ཡིན་པར། དོན་གྱིས་གང་མང་གི་མཐོང་ཡུལ་དང་། སྤྱི་ཚོགས་དཔྱད་བརྗོད་ལས་ཀྱང་རང་རང་གི་གང་བྱས་དང་། གང་བརྗེ་མཐའ་དག་ལས། མཛངས་མ་ཞེས་པའི་ཁྱད་ཆོས་ཚང་ཡོད་མེད་ཀྱང་མངོན་སུམ་ཡིན། དཔེར་ན་བློ་དབང་གི་མཛངས་མ་ལོ་དང་པོ་དང་པོ་དང་གཉིས་པའི་ཁྱད་ཆོས་ནི་ཕལ་ཆེར་ཀུན་ལ་རེ་རེ་བཞིན་ཡ་ང་བ་དག་བཤད་རྒྱུ་ལོས་ཡོད་སྙམ།

    Reply
  9. ཀརྨ་རྡོ་རྗེ། says:
    ལོ་ 13 སྔོན།

    བློ་བཟང་དབང་རྒྱལ་ལགས་ཀྱི་ལས་འགུལ་དང་པོ། བོད་ཀྱི་མཛེས་མའི་འགྲན་བསྡུར་དང་།
    ལས་འགུལ་གཉིས་པ། ཧི་མ་ལྰ་ཡི་མཛེས་མའི་འགྲན་བསྡུར་གཉིས་ཀ་ལམ་ལྷོང་མུ་མཐུད་ཡོང་བའི་འབོད་བསྐུལ་དང་སྨོན་ལམ་ཡང་ཡོད།

    Reply
  10. ཟླ་བ་དོན་འགྲུབ། says:
    ལོ་ 13 སྔོན།

    སྐུ་ཞབས་ཆབ་བྲག་ལྷ་མོས་བཤད་པར་བདེན་གཏམ་དུ་རློམ་་མཛངས་མ་ཡིན་ན་མཛེས་མ་ཡིན་མི་དགོས་ལ་མཛངས་མ་ཡིན་ན་མཛེས་མ་ཡིན་མི་དགོས།
    ཞོར་དུ་བློ་བཟང་གི་སྐད་ཆ་དེའི་ལན་ཁྱོད་ཀྱིས་དམིགས་བསལ་ཚེ་རིང་སྐྱིད་ངོམ་པ་ལ་གནད་དོན་འདུག་་ཧ་ཧ་ཧ་ཧ་ཧ་ཧ་ཧ

    Reply
  11. ཆབ་བྲག་ལྷ་མོ་སྐྱབས། says:
    ལོ་ 13 སྔོན།

    བློ་བཟང་དབང་རྒྱལ་ལགས་ལ་ད་ཐབས་ལམ་འདི་མ་གཏོགས་ཅི་ཡོད། ཞུགས་མཁན་མེད་སོང་བ་རེད། ཡང་གཅིག་བཤད་ན་བོད་ཀྱི་བུ་མོ་ཚོ་ད་དུང་འགྲན་སྡུར་དེའི་ཚད་གཞིར་མ་སླེབས་པ་རེད། བོད་ཀྱི་བུ་མོ་ཚོ་ངོ་མ་ལས་ངན་རེད།
    ཐབས་ལམ་འདི་ཡང་བཟང་གི ཁོ་རང་གི་ལས་གཞི་འདི་གོམ་པ་འགའ་ཡིས་རྒྱ་སྐྱེད་ཀྱིན་པ་རེད། འདི་ལྟར་བྱས་ན་འགྲན་ཞུགས་པ་མི་རག་པའི་དཀའ་ངལ་མེད་པར་མ་ཟད། བོད་ཀྱི་བུ་མོ་ཚོ་ཡང་འགྲན་སྡུར་གྱི་གོ་སྐབས་ཡོད་པར་མ་ཟད། འགྲན་སྡུར་བྱེད་ས་དེ་ཡང་བྱེད་རིན་ཡོད་པ་ཞིག་ཆགས་སོང་བ་རེད། ད་ངོ་མ་བོད་ཀྱི་བུ་མོ་སུ་ཞིག་གིས་ཨང་དང་པོ་མ་ལོན་ན་ཡང་གཉིས་པ་དང་གསུམ་པ་རེ་ལོན་ན་ཡང་གཟི་བརྗིད་རེད། རང་ཉིད་ལ་ཆ་རྐྱེན་ལྡན་པའི་མཛེས་མ་ཚོས་རང་ཉིད་ལ་མཐོང་ཆུང་མ་གནང་བར་སྤོབས་པ་ཆེན་པོས་འགྲན་སྡུར་ལ་ཞུགས་དགོས།
    གཞན་ངས་བློ་བཟང་དབང་རྒྱལ་ལགས་ལ་ཞུ་འདོད་པའི་བསམ་ཚུལ་གཅིག་ནི།
    མཛངས་མ་ཞེས་པའི་མིང་འདི་ཧ་ཅང་མི་འཚམ་གི མཛངས་ཞེས་པར་ཀུན་སྤྱོད་དང་མཁས་ཚུལ་གྱི་ལག་རྗེས་ལྡན་དགོས། དཔེར་ན། བོད་ཀྱི་མཛངས་བློན་བདུན་ཟེར་བ་དང། དེ་བཞིན་སངས་རྒྱས་ཀྱིས་གསུངས་པའི་གཏམ་རྒྱུད་མདོ་མཛངས་བླུན་ནང་གི་དྲང་ཕྱོགས་མི་སྣ་དག་ལྟ་བུ་རེད། མཛངས་མ་ཡིན་ན་མཛེས་མ་ཡིན་མི་དགོས་ལ། མཛེས་མ་ཡིན་ན་མཛངས་མ་ཡང་ཡིན་མི་དགོས། མཛེས་མ་མཛངས་གཉིས་ཀ་འཛོམས་རྒྱུ་དེ་ཧ་ཅང་དཀའ་གི
    དེས་ན། ཧི་མ་ལ་ཡའི་བུ་མོའམ། ཧི་མ་ལ་ཡའི་གཞོན་ནུ་མ། ཞེས་མིང་བཏགས་ན་དབྱིན་སྐད་ཀྱི་མ་ཡིག་གི་ནང་དོན་དང་འདྲ་བར་མཛེས་མཛངས་གང་རུང་གི་ཡོན་ཏན་ཆ་ཤས་རེ་འཛོམས་པའི་བུ་མོ་དམིགས་བསལ་བ་ཞིག་མཚོན་ཐུབ།
    གཉིས་ནས། བྱ་དགའི་དངུལ་ཡང་ཅུང་འཕར་ན་འོས། དཔེར་ན། ཨང་རིམ་དང་པོའི་འབུམ་གཅིག་དེ་ད་ནས་བཟུང་ཨང་རིམ་གསུམ་པའི་བྱ་དགའ་བྱས་ན་འཚམ། ཁོར་ཡུག་རྒྱ་བསྐྱེད་པ་རེད། འགྲན་ཞུགས་པ་དང་ཞལ་འདེབས་གནང་མཁན་རིགས་ཀྱང་རྒྱ་ཆེ་རུ་འགྲོ་གི་རེད། ཡང་གཅིག་བཤད་ན་བྱ་དགའི་དངུལ་འབོར་ཅི་ཙམ་གྱིས་མང་ན་དེ་ཙམ་གྱིས་ཞུགས་མཁན་ཇེ་མང་དང་འགྲན་སྡུར་གྱི་མིང་ཡང་ཇེ་ཆེར་འགྲོ་སྲིད།
    མཐར་ཁྱོད་ཀྱི་བསམ་དོན་འདི་བདེ་བླག་ངང་འགྲུབ་པའི་སྨོན་འདུན་ཞུ།

    Reply
  12. lobsang says:
    ལོ་ 13 སྔོན།

    ཨ་རོ་ཟླ་བ་དོན་འགྲུབ་ཁྱེད་ཀྱིས་མཛེས་མ་ཚེ་རིང་སྐྱིད་ཡང་བོད་པའི་མཛངས་མ་ཡོན་ཏན་ཅན་ཞིག་ལ་རྩི་གི་མེད་དམ།

    Reply
  13. བློ་བཟང་མདོ་སྔགས། says:
    ལོ་ 13 སྔོན།

    བློ་བཟང་དབང་རྒྱལ་གྱིས་ད་བར་བོད་རིགས་བུ་མེད་དག་གི་ཆེད་དུ་དཀའ་ལས་མང་པོ་ཞིག་བརྒྱབས་ཀྱང་། བོད་རིགས་འདི་དག་གིས་ཁོ་ལ་དངོས་ཤུགས་བརྒྱུད་གསུམ་ནས་སྐྱོན་བརྗོད་དང་ཕྲག་དོག་བྱས་པར་བརྟེན། ད་ནས་བཟུང་བོད་པ་ཚང་གི་གོ་སྐབས་གཅིག་ཡང་ཤོར་སོང་བ་རེད།

    Reply
  14. ཟླ་བ་དོན་འགྲུབ། says:
    ལོ་ 13 སྔོན།

    བོད་པའི་མཛངས་མ་དེ་ཚོ་འཛམ་གླིང་སྤྱིའི་མཛངས་མའི་བསྡུར་འདེམས་དང་མ་འདྲ་བར་དམིགས་བསལ་ཞིག་འདུག་གང་རེད་ཞེ་ན་འདི་ལྟ་སྟེ་་བོད་ཀྱི་མཛངས་མ་དེ་ཚོའི་སྐྱེ་གཟུགས་དྲང་མི་མཉམ་པ་དང་གྲོད་པ་ཆེ་དྲགས་པ་སོགས་ཀྱི་སྐྱོན་འདུག་དེ་ཚོ་གནད་འགག་ཆུང་ཆུང་རེད་མཛངས་མ་ཞེས་པ་ཡོན་ཏན་དང་ལྡན་བློ་གྲོས་ཅན་འཇིག་རྟེན་གྱི་བུད་མེད་ཀུན་ལས་རྣམ་པར་རྒྱལ་བའི་ཡོན་ཚད་ཞིག་དགོས་པ་ལས་དེའི་གདོང་པ་ཡག་པ་ཙམ་དང་སྐད་ཆ་སྤྲོ་བོ་བཤད་ཤེས་ཙམ་གྱིས་མིང་དེ་བཏགས་ན་འོས་འཚམས་ཞིག་མ་རེད། བོད་པའི་མཛངས་མ་དེ་ཚོར་ཡོན་ཏན་ཆེན་པོ་ལྡན་པའི་མཛངས་མ་ཞིག་ཡོད་པ་གོ་ཐོས་མེད།

    Reply
  15. lobsang says:
    ལོ་ 13 སྔོན།

    སྐྱོན་ཡོད་མེད་བརྟག་དཔྱད་བྱས་ནས་གནས་ལུགས་ཁས་ལེན་དགོས་པ་རེད། སྐྱོན་མེད་ན་སྐྱོན་བརྗོད་བྱས་ན་ཡང་སྐྱོན་དུ་འགྲོ་གི་མ་རེད། ༧སྐྱབས་མགོན་རིན་པོ་ཆེས་ཀྱང་སྐྱོན་ཡོད་ན་སྐྱོན་བརྗོད་བྱེད་དགོས་པ་རེད་སྐྱོན་མེད་ན་རྒྱབ་སྐྱོར་བྱེད་རྒྱུ་གལ་ཆེན་པོ་རེད་ཅེས་གསུང་བ་བཞིན། གཞན་གྱིས་བཤད་ཚད་སྐྱོན་དུ་མི་ལྟ་བར་ཞིབ་འཇུག་བྱེད་རྒྱུ་གལ་ཆེ་སྙམ། བྱ་བ་ཐམས་ཅད་ལེགས་པོ་རེད་ཅེས་སྟོད་རྒྱུ་མང་དྲགས་ན་ཡང་སྐྱོན་དུ་འགྱུར་མི་སྲིད་པ་མིན།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese