མདུན་ངོས།
About Us
  • English
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

བོད་ཡིག་དག་ཆ་འགྲན་བསྡུར།

བོད་ཀྱི་དུས་བབ།
༢༠༡༣/༠༤/༢༤
Share on FacebookShare on TwitterShare on EmailShare on Whatsapp

གཟའ་ཟླ་བའི་ཉིན་ཏཱ་ལའི་བླ་མ་མཐོ་རིམ་སློབ་གཉེར་ཁང་དུ་གཡུ་རྩོམ་སྒྲིག་ཚོཊ་ཆུང་གི་གོ་སྒྲིག་འོག ༢༠༡༣ ལོའི་ཐེངས་དང་པོའི་བོད་ཡིག་དག་ཆ་འགྲན་བསྡུར་གནང་ཡོད་འདུག

ཟླ་འདིའི་ཕྱི་ཚེས་ ༢༢ ཉིན་དགོང་དྲོ་རྒྱ་གར་ལྷོ་ཕྱོགས་བྷེང་ལོར་༸གོང་ས་ཏཱ་ལའི་བླ་མ་མཐོ་རིམ་སློབ་གཉེར་ཁང་གི་ཚོགས་ཁང་དུ། མཐོ་སློབ་ཀྱི་གཡུ་རྩོམ་སྒྲིག་ཚོགས་ཆུང་གིས། བོད་ནང་རང་ལུས་མེར་བསྲེཊ་གནང་མཁན་རྒྱལ་གཅེས་དཔའ་བོ་དཔའ་མོ་རྣམ་པར་གདུང་སེམས་མཉམ་སྐྱེད་དང་། ཁོང་རྣམ་པའི་ཞལ་ཆེམས་ལྟར་བོད་མི་རིགས་ཀྱི་རིག་གནས་དང་སྐད་ཡིག་སྲུང་སྐྱོབ་དང་དར་སྤེལ། ལྷག་པར་དུ་ཏཱ་ལའི་བླ་མ་མཐོ་སློབ་ཀྱི་བོད་སྐད་ཡིག་ཡར་རྒྱས་གོང་འཕེལ་གཏོང་ཆེད་བཅས་ལ་དམིགས་ཏེ། ༼དུས་རབས་གསར་པའི་ཕ་སྐད་སྲུང་སྐྱོབ་བོད་ཡིག་དག་ཆ་འགྲན་བསྡུར་ཐེངས་དང་པོ༽ ཞེས་པ་བསྡུས་ཡོད་འདུག་ལ། དེར་མཐོ་སློབ་ཀྱི་བོད་ཡིག་རིག་གནས་རབ་འབྱམས་སྡེ་ཚན་དང་གློག་ཀླད་སྡེ་ཚན། དགེ་འོས་སྡེ་ཚན། འབྱུང་རིག་སྡེ་ཚན། རྒྱ་ཡིག་སྡེ་ཚན་བཅས་ཀྱི་ཁྱོན་སློབ་མ་ ༣༠ མཉམ་ཞུགས་གནང་ཡོད་འདུག  

ཐེངས་འདིའི་དག་ཆ་འགྲན་བསྡུར་སྐབས་གཙོ་བོ་རྒྱུན་ལྡན་གྱི་འཚོ་བོའི་ནང་བཀོལ་སྤྱོད་མང་བའི་མིང་ཚིག་དང་བྱ་ཚིག་བཅས་ཀྱི་དག་ཆའི་འགྲན་བསྡུར་གནང་ཡོད་འདུག་ལ། མིང་ཚིག་ ༡༠༠༠ ལྷག་གི་དག་ཆའི་འགྲན་བསྡུར་ནང་། ཨང་དང་པོ་རྒྱ་ཡིག་སྡེ་ཚན་གྱི་ལོ་རིམ་དང་པོའི་སློབ་མ་ཕུན་ཚོགས་དང་། ཨང་གཉིས་པ་རིག་གནས་ལོ་རིམ་དང་པོའི་སློབ་མ་ཀརྨ་ཚེ་དབང། ཨང་གསུམ་པ་རྒྱ་ཡིག་སྡེ་ཚན་ལོ་རིམ་དང་པོའི་སློབ་མ་སྒྲོལ་མ་ཚེ་འཚོ་བཅས་ལ་ཐོབ་ཡོད་པ་དང་། བྱ་དགའ་ཐོབ་པའི་སློབ་མ་ཚོར་གཡུ་རྩོམ་སྒྲིག་ཚོགས་ཆུང་དང་མཐོ་སློབ་བཅས་ཀྱི་ངོས་ནས་མཇལ་དར་དང་མཉམ་དུ་ཕྱག་ཁྱེར་རེ་ཕུལ་ཡོད་འདུག་ལ། འགྲན་བསྡུར་སྐབས་སོན་རྩ་ཚོགས་པའི་གློག་ཀླད་སློབ་གཉེར་བ་ཁག་ཅིག་གིས་སྒྲིག་བཟོ་བྱས་པའི་རང་ལུས་མེར་བསྲེཊ་གནང་རྒྱལ་གཅེས་དཔའ་བོ་དཔའ་མོའི་བརྙན་རིས་ཤིག་ཀྱང་གཟིགས་འབུལ་བྱས་ཡོད་འདུག

༸གོང་ས་ཏཱ་ལའི་བླ་མ་མཐོ་རིམ་སློབ་གཉེར་ཁང་ནི། ༢༠༠༨ ལོར་རྒྱ་གར་ལྷོ་ཕྱོགས་བྷེང་ལོར་གྲོང་ཁྱེར་དུ་གསར་འཛུགས་གནང་ཡོད་པ་དང་། འདི་ལོའི་སློབ་སྐབས་གསར་བ་ནས་བཟུང་རྒྱ་གར་གྱི་མེ་སོར་ (Mysore University) གཙུག་ལག་སློབ་གཉེར་ཁང་གི་ཁྱབ་ཁོངས་ཀྱི་རིག་གཞུང་བསྟི་གནས་ཤིག་ཆགས་ཡོད།

གསར་འགོད་པ། དོན་གོ

འབྲེལ་ཡོད་གསར་འགྱུར།

Mobile App

རྒྱ་ནག་གིས་ “བོད་ཞི་བའི་བཅིངས་འགྲོལ་” ཞེས་པའི་ལོ་ངོ་ ༧༥ འཁོར་བའི་དུས་དྲན་ལ་དགག་ལན་དང་ཐ་སྙད་དབྱེ་ཞིབ།

༢༠༢༦/༠༥/༢༣
བོད་ཀྱི་དཔེ་མཛོད་ཁང་གི་ཚོགས་ཁང་དུ་རྩོམ་པ་པོ་ཆུང་ཚེ་རིང་ལགས་དང་། བསོད་ནམས་རྡོ་རྗེ་ལགས་རྣམ་གཉིས་ཀྱིས་བརྩམས་པའི་བོད་མི་དམངས་འཆིང་བྱེད་ཀྱི་ལྕགས་སྒྲོག་ཅེས་པའི་དཔེ་དེབ་དབུ་འབྱེད་གནང་བཞིན་པ། ༢༠༢༦།༠༥།༢༢ བོད་ཀྱི་དཔེ་མཛོད་ཁང་གི་པར།
Mobile App

བོད་མི་དམངས་འཆིང་བྱེད་ཀྱི་ལྕགས་སྒྲོག་ཅེས་པའི་དཔེ་དེབ་ཅིག་དབུ་འབྱེད་གནང་།

༢༠༢༦/༠༥/༢༢
བཙན་བྱོལ་བོད་མིའི་ལས་ཤུགས་གོང་འཕེལ་ཐབས་བྱུས་ལྷན་ཚོགས་ཐེངས་དང་པོ་འཚོགས། ༢༠༢༦།༥།༢༡བོད་མིའི་སྒྲིག་འཛུགས་ཀྱི་པར།
Mobile App

བཙན་བྱོལ་བོད་མིའི་ལས་ཤུགས་གོང་འཕེལ་ཐབས་བྱུས་ལྷན་ཚོགས་ཐེངས་དང་པོ་འཚོགས།

༢༠༢༦/༠༥/༢༢
Mobile App

བོད་ནང་རྒྱ་ནག་གཞུང་གི་མི་རིགས་མཐུན་སྒྲིལ་ཡར་ཐོན་སྐུལ་འདེད་ཀྱི་ཁྲིམས་ཡིག་ལ་བོད་མི་སྒེར་གཅིག་གི་ངོས་ནས་གདོང་ལེན་ཇི་ལྟར་བྱེད་དགོས་སམ།

༢༠༢༦/༠༥/༢༢
བོད་བརྒྱུད་ནང་བསྟན་ཁྲོད་བུད་མེད་ཀྱི་ནུས་སྟོབས་གོང་སྤེལ་ཚོགས་ཆེན་གྱི་ཚོགས་ཞུགས་པ། ༢༠༢༦།༥།༢༠ ནོར་ཝེ་རླུང་འཕྲིན་ཁང་གི་པར།
Mobile App

༧གོང་ས་མཆོག་ནས་བོད་བརྒྱུད་ནང་བསྟན་ཁྲོད་བུད་མེད་ཀྱི་ནུས་སྟོབས་གོང་དུ་སྤེལ་བར་བླ་ན་མེད་པའི་གོ་སྐབས་བསྐྲུན་གནང་ཡོད།

༢༠༢༦/༠༥/༢༡
1 Chinese President Xi Jinping and Democratic People's Republic of Korea (DPRK) leader Kim Jong Un shake hands at the Great Hall of the People in Beijing, China September 4, 2025. China Daily via REUTERS
Mobile App

རྒྱ་ནག་གི་མགོ་འཁྲིད་ཞི་ཅིན་ཕིན་བྱང་ཀོ་རི་ཡར་འགྲོ་འཆར་ཡོད་འདུག

༢༠༢༦/༠༥/༢༡

མཆན། 4

  1. མི་རྒོད། says:
    ལོ་ 13 སྔོན།

    ཧ་ཧ་ཧ་་་་་་་ བུ་ཨ་ཕོ་ངས་ལུས་སྲོག་གི་དྭངས་མ་ནི་རང་གི་རིག་གཞུང་ལ་འབད་སྤུངས་བྱས་པ་ཡིན། །དེ་མགོན་ཡིད་བཞིན་ནོར་བུས་བཀའ་ལུང་ལྟར་བསྒྲུབས་ཡོད། ནོང་དགོས་ངྲི་མེད་ཡིན་པས་བློ་བདེ་མཛོད།།
    འཁྱམ་ཕྲུག་རང་ནུབ་ཕྱོགས་པའི་དངུམ་དམར་གྱིས་བསླུ་ཉེན་ཆེ་བ་བརྟེན་ གཟབ་ནན་དགོས་པ་རེད།། སྤྱི་ཚོགས་ནང་བཟང་ལས་སུས་རྩམ་དང་། ངན་ལས་སུས་བྱས་ཀྱི་བླང་དོར་ལ་གནད་པ་ནི་ངས་ཐོད་བསམ་ཡིན།།།།།།

    Reply
  2. ཤེལ་དཀར་བློ་བཟང་། says:
    ལོ་ 13 སྔོན།

    ཤེས་ཡོན་གྱི་སྡེ་ཞིག་ཡིན་པའི་ཆ་ནས་ལས་འགུལ་འདིའི་རིགས་མང་ཙམ་སྤེལ་ཐུབ་ན་ཡག་པོ་འདུག གཡུ་རྩོམ་སྒྲིག་ཚོགས་ཆུང་ལ་བསྔགས་བརྗོད་ཡོད། འབྱུང་འགྱུར་ཡང་འཕྱར་གྲུ་མཉམ་འདེགས་ཀྱིས་ཕ་སྐད་སྲུང་སྐྱོབ་གནང་རྒྱུའི་རེ་སྨོན་བྱེད།

    Reply
  3. ལྷ་སའི་འཁྱམ་ཕྲུག says:
    ལོ་ 13 སྔོན།

    ལས་འགུལ་དེའི་རིགས་སུས་སྔོན་ལ་འགོ་ཚུགས་མིན་གནད་འགག་མ་རེད། ལྷག་པར་དུ་མཐོ་སློབ་སློབ་གཉེར་བ་ཞིག་གིས་ངོས་ནས་དེ་འདྲ་བ་ཞིག་སྤེལ་གནང་ཐུབ་པ་དེ་དཔལ་དང་གཟི་བརྗིད་ཡིན་གྱིས་ཨ་ཕོར་འཇོན་ཐང་ཡོད་ན་མི་རྒོད་པོ་ཡིན་ཟེར་ནས་མ་བསྡད་པར་མདུན་ལ་དངོས་སུ་བསྟོན་པ་ཡིན་ན་ཁ་བཤད་ལག་བསྟར་འཁྱོལ། དེ་མིན་གཞན་གྱི་གནང་བ་དེ་ལ་སྔགས་བརྗོད་དང་བརྩི་བཀུར་བྱེད་དགོས་ངེས་ཡིན། དེ་གཉིས་གར་མེད་པས་བབ་ཅོལ་དུ་སྨྲས་པར་ཟད་པའི་ཕྱིར་རོ།།

    Reply
  4. མི་རྒོད། says:
    ལོ་ 13 སྔོན།

    ལགས་སོ་བཀྲིན་ཆེ། ད་གཉིད་ནས་ལྡང་ཞག་ལས་དོན་འདི་ཡང་བོད་ནས་འགོ་ཚུགས་པ་ཞིག་རེད། ངས་རེ་བོ་ལ་ལོ་ལྟར་གནང་ཐུབ་ན་ངོ་མ་ཡག་གི་དེ་ལྟར་མ་བྱུང་ཚེ་མིང་རྫིག་མཐོ་སློོབ་རང་རེད།།།།།།།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese