མདུན་ངོས།
About Us
  • English
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

བོད་རྒྱ་གཉིས་ཀས་ལོ་རྒྱུས་ཀྱི་དོན་ཆེན་བརྗེད་མི་རུང་།

བོད་ཀྱི་དུས་བབ།
༢༠༡༣/༡༡/༡༧
Share on FacebookShare on TwitterShare on EmailShare on Whatsapp

ཨ་རིའི་ནེའུ་ཡོག་གི་རྒྱ་རིགས་ཤེས་ཡོན་ཅན་ཁག་ཅིག་གིས་དྲུག་བཞིའི་དོན་རྐྱེན་ཐེངས་ ༢༥ པའི་སྟེང་ལས་འགུལ་གཞི་རྒྱ་ཆེན་པོ་ཞིག་སྤེལ་འཆར་ཡོད་པའི་གསལ་བསྒྲགས་སྤེལ་འདུག

ཟླ་འདིའི་ཚེས་ ༡༥ ཉིན་ཨ་རིའི་ནེའུ་ཡོག་ཏུ་ཡོད་པའི་རྒྱ་གྲོང་གི་ཟ་ཁང་ཆེན་པོ་ཞིག་ཏུ། རྒྱ་རིགས་ཤེས་ཡོན་ཅན་ཁག་ཅིག་གིས་ ‘དྲུག་བཞིའི་དོན་རྐྱེན’བྱུང་སྟེ་མི་ལོ་ ༢༥ འཁོར་བ་དང་བསྟུན་ཏེ་གཞི་རྒྱ་ཆེ་བའི་ལས་འགུལ་ཞིག་སྤེལ་རྒྱུའི་གསར་འགོད་ལྷན་ཚོགས་བསྐྱངས་ཡོད་ཅིང་། དེར་དྲུག་བཞིའི་དོན་རྐྱེན་ནང་དངོས་སུ་ཞུགས་མྱོང་མཁན་ཀོ་ལིམ་སྦི་ཡ་གཙུག་ལག་སློབ་གྲྭ་ཆེན་མོའི་ཆབ་སྲིད་མཁས་དབང་ཝང་ཅུན་ཐའོ་དང་། སྲིད་དོན་དབྱེ་ཞིབ་པ་ཧུའུ་ཕིན། ཁྲིམས་རྩོད་པ་ཤང་ཞའོ་ཇི། རྒྱ་རིགས་ཆབ་སྲིད་བཙོན་ཟུར་ལིའུ་གཉན་ཁྲུན་སོགས་རྒྱ་རིགས་ཤེས་ཡོན་ཅན་དང་། གསར་འགོད་པ་བཅས་མི་ ༦༠ ཙམ་མཉམ་ཞུགས་གནང་ཡོད་འདུག

གསར་འགོད་ལྷན་ཚོགས་ཐོག་ཨ་རིའི་སྐུ་ཚབ་དོན་གཅོད་ཁང་གི་རྒྱ་རིགས་འབྲེལ་མཐུད་པ་དྲུང་འཕར་ཀུན་དགའ་བཀྲ་ཤིས་ལགས་གདན་ཞུ་གནང་བ་བཞིན་ཁོང་གིས་༼ བོད་པའི་གཞོན་སྐྱེས་མི་རབས་ཚོས་ལོ་རྒྱུས་བརྗེད་མེད། རྒྱ་རིགས་གཞོན་སྐྱེས་ཚོས་ཀྱང་བརྗེད་ཡོད་ཀྱི་མ་རེད།༽ཅེས་པའི་མགོ་བརྗོད་འོག་གཏམ་བཤད་གནང་དོན། ངའི་བསམ་པར། ཁྱེད་ཚོས་ལོ་ལྟར་དྲུག་བཞིའི་དུས་ཚིགས་དྲན་གསོ་བྱེད་སྐབས་ ༡༩༨༩ ལོར་འདས་གྲོངས་སུ་གྱུར་བ་རྣམས་ལ་དྲན་གསོ་བྱེད་ཀྱི་ཡོད་པ་མ་ཟད། དེ་ལས་གལ་ཆེ་བ་ཞིག་ནི་དོན་རྐྱེན་འདིའི་ལོ་རྒྱུས་ཀྱི་དོན་སྙིང་ཆེན་པོར་དྲན་གསོ་བྱེད་ཀྱི་ཡོད་པར་ངོས་འཛིན་བྱེད་ཀྱི་ཡོད། དྲུག་བཞིའི་དོན་རྐྱེན་བྱུང་ནས་ལོ་ཉེར་ལྔ་འཁོར་བའི་དྲན་གསོའི་ལས་འགུལ་འཆར་གཞི་རྣམས་རྒྱལ་སྤྱི་རང་བཞིན་གྱི་དམངས་གཙོའི་ལས་འགུལ་ཞིག་ཆགས་ཐུབ་མིན་དང་། འཛམ་གླིང་མི་རྣམས་ཀྱིས་གདེང་འཇོག་ཆེན་པོ་བྱེད་པའི་ལས་འགུལ་ཞིག་ཆགས་ཐུབ་མིན། དེ་ལས་གལ་ཆེ་བ་ཞིག་ལ་རྒྱ་ནག་སྐམ་ས་ཆེན་པོའི་མི་མང་གིས་རྒྱབ་སྐྱོར་ཐོབ་པའི་ལས་འགུལ་ཞིག་ཆགས་ཐུབ་མིན་གྱི་འགག་རྩ་ནི། འཛམ་གླིང་ས་གནས་ཁག་ཏུ་གནས་པའི་དམངས་གཙོ་དོན་གཉེར་བའི་ཚོགས་པ་ཡོངས་རྫོགས་བར་ཕན་ཚུན་ཡིད་གཏིང་ནས་མཉམ་ལས་བྱེད་ཐུབ་མིན་དང་། ཐུང་གི་ནུས་པ་འདོན་སྤེལ་བྱེད་ཐུབ་མིན་ལ་རག་ལུས་ཡོད། 

ངའི་ངོས་འཛིན་ལ། ༡༩༨༩ ལོའི་དྲུག་བཞིའི་དོན་རྐྱེན་བརྒྱུད་མྱོང་མཁན་སློབ་ཕྲུག་གི་མགོ་ཁྲིད་ཚོ་དང་། དེ་བཞིན་ལུས་པོ་མི་ཡུལ་ལུང་པར་ཡོད་ཀྱང་རྒྱ་ནག་དམངས་གཙོ་ཅན་དུ་འགྱུར་རྒྱུའི་བྱ་བཞག་ལ་ཡུན་རིང་འབད་བརྩོན་གནང་མཁན་འདིར་ཡོད་པ་དང་། མེད་པ་ཚོས་དྲུག་བཞིའི་དོན་རྐྱེན་མ་བརྗེད་པ་དང་། གཞོན་སྐྱེས་མི་རབས་རྣམས་ཀྱི་སེམས་ནང་དྲུག་བཞིའི་དོན་རྐྱེན་གྱི་ལོ་རྒྱུས་ཀྱི་དོན་སྙིང་ཤེས་རྟོགས་ཡོད་པ་ཞིག་བཟོ་ཐུབ་པ་ཡིན་ན། དུས་སང་ལོ་ཉེར་ལྔ་འཁོར་བའི་སྐབས་ཀྱི་ལས་འགུལ་རྣམས་ཡག་པོ་ཡོང་གི་རེད་བསམ་པར་ངས་ཡིད་ཆེས་བྱེད་ཀྱི་ཡོད།

ལོ་ལྟར་ཕྱི་ཟླ་ ༦ ཚེས་ ༤ སྔ་ནུབ་ཏུ་དྲུག་བཞིར་དྲན་གསོ་བྱེད་པའི་ལས་འགུལ་སྤེལ་བ་མཐོང་སྐབས། རྒྱ་ནག་གི་ལོ་རྒྱུས་ཐོག་གུ་ཡངས་ཆེ་ཤོས་དང་བསམ་ཤེས་ཆེ་ཤོས། བོད་དོན་ཐོག་དངོས་ཐོག་བདེན་འཚོལ་གྱི་དགོངས་པ་བཞེས་མཁན་ཡིན་པའི་དབུ་ཁྲིད་ཞིང་གཤེགས་ཧུའུ་ཡའོ་པང་དང་། ཀྲའོ་ཙེ་ཡང་གཉིས་ངའི་ཡིད་ལ་འཁོར་གྱི་འདུག དྲུག་བཞིའི་གནམ་བདེ་སྒོ་མོའི་དོན་རྐྱེན་བྱུང་རྗེས་ཧྥ་རན་སིའི་རྒྱལ་ས་པའེ་རི་སིར་༧གོང་ས་མཆོག་ནས་པེ་ཅིན་དང་། དེ་མིན་རྒྱ་ནག་གི་ས་གནས་གང་ས་ནས་སྔ་རྗེས་སུ་འབྱོར་བའི་རྒྱ་རིགས་བཙན་བྱོལ་བ་མང་པོ་དང་ལྷན་དུ་མཇལ་འཛོམས་གནང་ཡོད་པ་དེ་ནི་བོད་རིགས་བཙན་བྱོལ་བ་དང་། རྒྱ་རིགས་བཙན་བྱོལ་བའི་བར་གྱི་འབྲེལ་ལམ་ཟབ་ཏུ་འགྲོ་མགོ་ཚུགས་པ་ཞིག་ཡིན། ཚང་མས་མཁྱེན་གསལ་ལྟར།  བོད་རིགས་ཀྱི་གནས་སྟངས་ཡིན་ནའང་འདྲ། རྒྱ་རིགས་ཀྱི་གནས་སྟངས་ཡིན་ནའང་འདྲ། ༧གོང་ས་མཆོག་ནི་ག་དུས་ཡིན་རུང་མི་མང་ཕྱོགས་སུ་བཞེངས་ཀྱི་ཡོད།

༧གོང་ས་མཆོག་ནས་ཐོག་མཐའ་བར་གསུམ་དུ་རྒྱ་ནག་འདི་བཞིན་འཛམ་གླིང་ཀུན་གྱིས་བརྩི་བཀུར་ཐོབ་པའི་སྟོབས་ཆེན་རྒྱལ་ཁབ་ཅིག་ཆགས་རྒྱུར་ཐུགས་རེ་ཆེན་པོ་གནང་གི་ཡོད། བོད་མི་མང་ལ་མིང་དོན་མཚུངས་པའི་རང་སྐྱོང་ཞིག་བྱུང་བ་ཡིན་ན། བོད་འདི་རྒྱ་ནག་ནས་ཁ་བྲལ་དུ་མ་སོང་བར་རྒྱ་ནག་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་ཁོངས་སུ་བསྡད་དེ། བོད་མི་རྣམས་ཀྱང་རྒྱ་ནག་མི་མང་དང་མཉམ་དུ་རང་དབང་དང་དམངས་གཙོ། ཁྲིམས་ལུགས་དབང་ཛིན་བཅས་ཀྱི་ལམ་ལུགས་དང་། དངོས་པོའི་ཡར་རྒྱས་ལོངས་སྤྱོད་བྱེད་རྒྱུ་ཡིན་ཞེས་ཡང་ཡང་བཀའ་གནང་གི་ཡོད།

མི་རབས་བརྗེ་པོ་ཐེབས་པ་དང་སྤྱི་ཚོགས་ཀྱང་འཕོ་འགྱུར་འགྲོ་བཞིན་ཡོད་ཀྱང་། བོད་པའི་གཞོན་སྐྱེས་མི་རབས་ཚོས་ ༡༩༥༩ ལོའི་ཟླ་ ༣ ཚེས་ ༡༠ ཉིན་གྱི་ལོ་རྒྱུས་དོན་ཆེན་དེ་བརྗེད་མེད་པ་དང་། ༡༩༨༩ ལོའི་ཟླ་ ༣ ཚེས་༨ ཉིན་བོད་ཀྱི་རྒྱལ་ས་ལྷ་སར་དྲག་གནོན་བྱས་པའི་ལོ་རྒྱུས་བརྗེད་མེད་ལ། ༢༠༠༨ ལོའི་ཟླ་ ༣ ཚེས་ ༡༤ ཉིན་བོད་ས་ཡོངས་ལ་དྲག་གནོན་བྱས་པའི་ལོ་རྒྱུས་དེ་བས་བརྗེད་མེད། རྒྱ་ནག་གི་གཞོན་སྐྱེས་མི་རབས་ཚོས་ ༡༩༨༩ ལོའི་དྲུག་བཞིའི་དོན་རྐྱེན་བརྗེད་མེད་པར་ངས་ཡིད་ཆེས་བྱེད་ཀྱི་ཡོད་ཅིང་། དོན་རྐྱེན་དེ་བརྗེད་ན་འགྲིག་གི་ཡང་མ་རེད། དེ་ནི་རྒྱ་ནག་གི་གཞོན་སྐྱེས་མི་རབས་ཚོར་ལོ་རྒྱུས་ཀྱིས་སྤྲད་པའི་ལས་འགན་རེད། ཅེས་སོགས་བརྗོད་ཡོད་འདུག

 

འབྲེལ་ཡོད་གསར་འགྱུར།

Xi Jinping, left, and Kim Jong Un, right, pictured shaking hands in this photo released by Xinhua. Xie Huanchi/Xinhua/AP
Mobile App

ཞི་ཅིན་ཕིན་མི་ལོ་བདུན་གྱི་རྗེས་བྱང་ཀོ་རི་ཡར་ཕྱིན། 

ཆུ་ཚོད་ ༡༩ སྔོན་ལ།
བོད་མིའི་ཁྲིམས་ལུགས་རིག་པ་བའི་ཚོགས་པའི་ཁྲིམས་རྩོད་པ་བྱམས་པ་དབང་ཕྱུག་ལགས་ཀྱིས་གསར་འགོད་པར་ལན་འདེབས་གནང་བཞིན་པ། ༢༠༢༦།༦།༩ དུས་བབ་གསར་ཁང་གི་པར།
Mobile App

 བལ་ཡུལ་གྱི་དགོན་སྡེ་ཁག་གཉིས་ཀྱི་གནད་དོན་ཐོག་སྔོན་འགྲོའི་ཉན་ཞིབ་འཚོགས།

༢༠༢༦/༠༦/༠༩
དགའ་ལྡན་ཕོ་བྲང་གི་པར། ༢༠༢༦།༦།༨
༸གོང་ས་མཆོག གསར་འགྱུར།

༸སྐུའི་ཞབས་པུས་གཡོན་མའི་གཤག་བཅོས་ལེགས་གྲུབ་བྱུང་། 

༢༠༢༦/༠༦/༠༨
དམ་འབུལ་གྲུབ་རྗེས་གསར་འགོད་པ་རྣམས་ཀྱིས་སྤྱི་འཐུས་གསེར་རྟ་བཀྲ་ཤིས་དོན་གྲུབ་ལགས་སུ་བཅར་འདྲི་ཞུ་སྐབས། ༢༠༢༦།༦།༨ བོད་ཀྱི་དུས་བབ་གསར་ཁང་གི་པར།
གསར་འགྱུར།

གསེར་རྟ་བཀྲ་ཤིས་དོན་གྲུབ་ལགས་ཀྱིས་སྐབས་བཅོ་བརྒྱད་པའི་བོད་མི་མང་སྤྱི་འཐུས་ཀྱི་ལས་འཁུར་དམ་འབུལ་ཞུས།

༢༠༢༦/༠༦/༠༨
བོད་རང་སྐྱོང་སྲིད་གཞུང་ཟེར་བའི་མགོ་འཁྲིད་ཟུར་པ་ཆེ་དགྲ་ལྷར་ཚེ་བཙོན་གྱི་ཁྲིམས་ཐག་བཅད། དྲ་ལམ་གྱི་པར།
Mobile App

ཆེ་དགྲ་ལྷར་ཚེ་བཙོན་གྱི་ཁྲིམས་ཆད་བཅད་འདུག

༢༠༢༦/༠༦/༠༧
LG of Ladakh Vinai Kumar Saxena laid the foundation stone of Ladakh’s first Model Border Village at Chumur, under the Vibrant Village Program (VVP) in Changthang district in Eastern Ladakh
Mobile App

རྒྱ་གར་གྱིས་ལ་དྭགས་ཀྱི་མཐའ་མཚམས་སུ་གྲོང་ཚོ་དང་པོ་འཛུགས་སྐྲུན་བྱེད་མགོ་བཙུགས་འདུག

༢༠༢༦/༠༦/༠༥

མཆན། 1

  1. སེར་སྨད་བློ་དགའ། says:
    ལོ་ 13 སྔོན།

    དྲ་གྲོགས་ཚོས་ངེས་པར་ཤེས་དགོས་པ་ཞིག་ལ། ལར་ནས། རྒྱ་རིགས་ཤེས་ཡོན་ཅན་ཁག་ཅིག་གིས་ ‘དྲུག་བཞིའི་དོན་རྐྱེན’བྱུང་སྟེ་མི་ལོ་ ༢༥ འཁོར་བ་དང་བསྟུན་ཏེ་གཞི་རྒྱ་ཆེ་བའི་ལས་འགུལ་ཞིག་སྤེལ་རྒྱུའི་གསར་འགོད་ལྷན་ཚོགས་ཐོག ཨ་རིའི་སྐུ་ཚབ་དོན་གཅོད་ཁང་གི་རྒྱ་རིགས་འབྲེལ་མཐུད་པ་དྲུང་འཕར་ཀུན་དགའ་བཀྲ་ཤིས་ལགས་ཀྱིས། བོད་པའི་གཞོན་སྐྱེས་མི་རབས་ཚོས་ལོ་རྒྱུས་བརྗེད་མེད། རྒྱ་རིགས་གཞོན་སྐྱེས་ཚོས་ཀྱང་བརྗེད་ཡོད་ཀྱི་མ་རེད། ཅེས་པའི་གསུང་བཤད་དང་། དྲུག་བཞིའི་དོན་རྐྱེན་དང་འབྲེལ་བའི་རྒྱ་རིགས་ཤེས་ཡོན་པའི་ལས་འགུལ། རྒྱ་ཡི་མཁས་པ་ལི་ཡི་ཕིན་དང་ཧྥན་ཆིན་གཉིས་ཀྱིས། བོད་དང་སོག་པོ། ཤིན་ཅང་བཅས་གྲངས་ཉུང་མི་རིགས་ཀྱི་ལས་དབང་དང་འབྲེལ་བའི་རྒྱུ་རྐྱེན་ཁག་བཞི་མཐོང་སྟེ། ༡༽ མི་རིགས་བྱིངས་ཀྱི་འདུ་ཤེས་སད་རྟོགས་དང་རྒྱ་གཞུང་གི་གཉའ་གནོན་ལ་ངོ་རྒོལ། ༢༽ ལོ་རྒྱུས་དུས་རིམ་མི་འདྲ་བའི་ནང་གི་རྒྱ་ནག་གཞུང་གི་མི་རིགས་སྲིད་ཇུས་འགྱུར་བ། ༣༽ རྒྱལ་སྤྱིའི་རྒྱབ་སྐྱོར་དང་རོགས་རམ། ༤༽ རྒྱ་ནག་གི་མི་འབོར་ཆེན་པོ་ཟིན་ཡོད་པའི་རྒྱ་མི་རིགས་ཀྱི་བསམ་བློ་དང་རྣམ་འགྱུར། ཟེར་བ་དང་། རྒྱ་ནག་རྒྱལ་ནང་གི་ཆབ་སྲིད་ཚོགས་པ་གསར་པའི་དགོས་འདུན། རྒྱ་ནག་དམར་ཤོག་ཚོགས་པའི་ཁ་གཏད་མིན་པར་གཞུང་གིས་མི་དམངས་ལ་འདུ་འཛོམས་རང་དབང་དང་འོས་བསྡུའི་རང་དབང་སྤྲོད་པའི་དགོས། ཞེས་པའི་གནད་དོན་རྣམས་ཐག་ཉེ་པོ་ཨེ་ཡིན་ཞེས་དྲི་བ་བཏོན་པ་རེད། དེ་གཅིག་ཡིན། དེ་ནས་

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese