མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

ཨུ་རུ་སུའི་སྲིད་འཛིན་པུ་ཌིན་གྱི་སྡོད་སྒར་དུ་དྲག་རྒོལ་བྱས་ཡོད་ལུགས་བསྒྲགས། 

བོད་ཀྱི་དུས་བབ།
༢༠༢༣/༠༥/༠༤
Share on FacebookShare on TwitterShare on EmailShare on Whatsapp

ཨུ་རུ་སུའི་སྲིད་འཛིན་པུ་ཌིན་གྱི་སྡོད་སྒར་དུ་མཁའ་དབྱིངས་ལྟ་ཞིབ་བརྙན་ཆས་ (Drone)བརྒྱུད་འབར་གད་ཀྱི་དོན་རྐྱེན་ཆུང་ཆུང་ཞིག་བྱུང་ཡོད་པ་དེ་ཡུ་ཁེ་རིན་གྱི་ལྐོག་ཇུས་ཡིན་པར་བསྙད་ཡོད་ཀྱང་ཡུ་ཁེ་རིན་གྱི་སྲིད་འཛིན་ཛེ་ལེན་སི་ཀིས་རང་ས་སྲུང་སྐྱོབ་བྱེད་ཀྱི་ཡོད་པ་ལས་དྲག་རྒོལ་རིགས་བྱས་མེད་སྐོར་བརྗོད་ཡོད་པ་རེད།

Russian social media videos appearing to show Kremlin drone attack

ཟླ་འདིའི་ཕྱི་ཚེས་ ༢ ཉིན་གྱི་མཚན་མོར་ཨུ་རུ་སུའི་སྲིད་འཛིན་པུ་ཌིན་གྱི་མོ་སི་ཁོའི་ཀི་མི་ལིན་(Kremlin) གྱི་སྡོད་སྒར་རྩེ་ཐོག་ཏུ་འབར་གད་ཀྱི་དོན་རྐྱེན་ཆུང་ཆུང་ཞིག་བྱུང་ཡོད་ཅིང་།  ཨུ་རུ་སུའི་སྲིད་འཛིན་ལས་ཁུངས་ནས་དོན་རྐྱེན་དེ་ནི་ཡུ་ཁེ་རིན་གྱིས་པུ་ཌིན་ལྐོག་གསོད་བྱ་རྒྱུའི་ཇུས་ངན་འདིང་བ་ཞིག་ཡིན་སྐོར་བསྒྲགས་འདུག ཡིན་ནའང་། ཁ་སང་ཡུ་ཁེ་རིན་གྱི་སྲིད་འཛིན་ཝོ་ལོ་ཌི་མིར་ཛེ་ལེན་སི་ཀི་ (Volodymyr Zelensky) ལགས་ཀྱིས། ང་ཚོས་པུ་ཌིན་ནམ་ཨུ་རུ་སུ་ལ་དྲག་རྒོལ་གཏན་ནས་བྱས་མེད། ང་ཚོའི་རང་སྐྱོང་ས་ཁུལ་གྱི་ཆེད་དུ་འཐབ་འཛིང་བྱེད་མུས་ཡིན་ལ། ང་ཚོའི་གྲོང་ཁྱེར་དང་གྲོང་གསེབ་དེ་དག་ལ་འགེབ་སྲུང་བྱེད་མུས་ཡིན། ཞེས་བརྗོད་འདུག་ལ། ད་ལྟའི་ཆར་དོན་རྐྱེན་དེར་ཞིབ་འཇུག་བྱེད་མུས་ཡིན་པས་འབྱུང་རྐྱེན་ཅི་ཡིན་གསལ་ཁ་མེད་པ་རེད།

པུ་ཌིན་གྱི་སྡོད་སྒར་རྩེ་ཐོག་ཏུ་དོན་རྐྱེན་བྱུང་སྐབས། པུ་ཌིན་མོ་སི་ཁོ་ཡི་ཉེ་འགྲམ་དུ་ཡོད་པའི་ནོ་ཝོ་ཨོ་གྷར་ཡོ་ཝོ་ (Novo-Ogaryovo)ཞེས་པའི་སྡོད་སྒར་དུ་ཡོད་པས་མི་རྒྱུ་གཉིས་ལ་གནོད་སྐྱོན་གང་ཡང་ཐེབས་མི་འདུག་ལ། ཡུལ་དངོས་ཀྱི་བརྙན་ཐུང་ཁག་གི་ནང་དུ་མཁའ་དབྱིངས་ལྟ་ཞིབ་བརྙན་ཆས་ཤིག་པུ་ཊིན་གྱི་སྡོད་སྒར་སྒང་དུ་འཕུར་ནས་མེ་སྟག་ཅུང་ཟད་མཆེད་ནས་མེ་འབར་བ་ལས་དྲག་རྒོལ་རིགས་ཀྱི་དོན་རྐྱེན་ཚབས་ཆེན་ཞིག་ཡིན་པའི་མཐོང་སྣང་ཞིག་མི་མང་པོར་འབྱུང་གི་མེད་པ་རེད།

གནད་དོན་དབྱེ་ཞིབ་པ་མང་པོ་ཞིག་གིས། ད་ལྟ་ཡུ་ཁེ་རིན་གྱི་རྒྱལ་མཚམས་སུ་ཨུ་རུ་སུས་བཙན་འཛུལ་བྱེད་མུས་ཡིན་པའི་ཁར། སྲིད་འཛིན་ཝོ་ལོ་ཌི་མིར་ཛེ་ལེན་སི་ཀི་ལགས་ཀྱང་རྒྱལ་ཁབ་གཞན་དུ་གཞུང་འབྲེལ་གྱི་འཚམས་གཟིགས་སུ་སྐྱོད་མུས་ཡིན་པ་མ་ཟད། ཡུ་ཁེ་རིན་ནས་རྒྱལ་ས་མོ་སི་ཁོ་བར་སྤྱི་ལེ་ ༤༥༠ ལྷག་ཡོད་པས། ཡུ་ཁེ་རིན་གྱིས་དྲག་རྒོལ་གྱི་ལས་དོན་ཞིག་སྤེལ་མི་སྲིད་ཀྱང་། ཨུ་རུ་སུས་མཁའ་དབྱིངས་ལྟ་ཞིབ་བརྙན་ཆས་བརྒྱུད་དྲག་རྒོལ་བྱས་ལུགས་བསྒྲགས་པ་དེའི་རྒྱབ་ལྗོངས་སུ་ལྐོག་གྱུར་གྱི་ཐབས་ཇུས་ངན་པ་ཞིག་ཡོད་སྲིད་པའི་ཚོད་དཔག་ཀྱང་བྱེད་ཀྱི་ཡོད་འདུག 

ཁ་སང་ཕྱི་ཚེས་ ༣ ཉིན་སྲིད་འཛིན་ཝོ་ལོ་ཌི་མིར་ཛེ་ལེན་སི་ཀི་ལགས་ཀྱིས་ཧྥིན་ལེན་ཌི་རྒྱལ་ས་ཧེལ་སིན་ཀི་ (Helsinki) རུ་ཧྥིན་ལེན་ཌིའི་སྲིད་འཛིན་སའོ་ལི་(Sauli Niinistö) དང་མཇལ་ཕྲད་བྱས་ཏེ། ཨུ་རུ་སུས་ཡུ་ཁེ་རིན་ལ་བཙན་འཛུལ་བྱེད་མུས་ཡིན་པའི་དུས་སྐབས་འདིར་ཡུ་རོབ་བྱང་ཕྱོགས་མི་རིགས་ཀྱི་རྒྱལ་ཁབ་ (The  Four Nordic countries ) བཞི་པོས་མུ་མཐུད་དམག་དོན་མཚོན་ཆ་སོགས་ཀྱི་ཐད་ནས་རོགས་སྐྱོར་བྱ་དགོས་པའི་རེ་སྐུལ་ཞུས་འདུག་ལ། དེ་བཞིན་ཁོང་གིས་ན་ཐར་ལེན་ཌིའི་སྲིད་འཛིན་སོགས་ལ་མཇལ་འཕྲད་བྱས་ནས། ཨུ་རུ་སུའི་ཁྲིམས་མཐུན་མིན་པའི་བཙན་འཛུལ་ལ་རྒྱབ་སྐྱོར་བྱ་དགོས་པའི་རེ་སྐུལ་ཞུ་རྒྱུ་ཡིན་འདུག 

རའོ་ཊིར་སི་གསར་ཁང་གིས་གནས་ཚུལ་སྤེལ་བ་ལྟར་ན། འདས་པའི་ལོ་གཅིག་དང་ཟླ་ཤས་རིང་ཨུ་རུ་སུས་ཡུ་ཁེ་རིན་ལ་བཙན་འཛུལ་བྱས་པའི་དམག་འཐབ་ཁྲོད་ཉུང་མཐར་མི་གྲངས་ཁྲི་ ༦ ལྷག་གི་ཚེ་སྲོག་ཤོར་ཡོད་པ་དང་། མི་ཁྲི་ ༤ མ་ཟིན་ཙམ་ལ་རྨས་སྐྱོན་ཕོག མི་ ༡༥༠༠༠ ལྷག་གར་སོང་ཆ་མེད་དུ་གྱུར་ཡོད་པ་དང་། མི་གྲངས་ས་ཡ་དུ་མར་གནས་ཡུལ་མེད་པ་བཟོས་ཡོད་འདུག་ལ། ཁ་སང་ཕྱི་ཚེས་ ༣ ཉིན་གཅིག་པུར་ཨུ་རུ་སུས་ཡུ་ཁེ་རིན་གྱི་ཤར་ཕྱོགས་གྱི་གྲོང་ཁྱེར་ཀར་སོན་ (Kherson) གྱི་མེ་འཁོར་འབབ་ཚུགས་དང་། མི་མང་གི་སྡོད་སྒར། སྣུམ་ཚིགས་སོགས་སུ་གཏོར་རྒོལ་བྱས་ཏེ། ཉུང་མཐར་ཡུ་ཁེ་རིན་གྱི་མི་མང་དཀྱུས་མ་གྲངས་ ༢༡ དམར་གསོད་དང་། མི་གྲངས་ ༤༨ ལ་གནོད་འཚེ་ཚབས་ཆེན་ཐེབས་ཡོད་འདུག 

གསར་འགོད་པ། དཔལ་ལྡན།

འབྲེལ་ཡོད་གསར་འགྱུར།

Russia's President Vladimir Putin shakes hands with North Korea's leader Kim Jong Un at a meeting at the Vostochny Сosmodrome in the far eastern Amur region, Russia, on September 13, 2023.
Mobile App

བྱང་ཀོ་རི་ཡའི་མགོ་ཁྲིད་ཀིམ་གྱིས་ང་ཚོས་དུས་རྟག་ཏུ་མཉམ་རུབ་ཐོག་བཙན་རྒྱལ་རིང་ལུགས་ལ་གདོང་ལེན་བྱ་རྒྱུ་ཡིན་སྐོར་བརྗོད།

༢༠༢༣/༠༩/༡༣
ཨུ་རུ་སུས་ཉེས་ཆད་བཅད་པའི་ཨ་རིའི་གནད་ཡོད་མི་སྣ་འགའ།
Mobile App

ཨ་རིའི་གནད་ཡོད་མི་སྣ་ ༥༠༠ ཨུ་རུ་སུའི་ནང་ཕེབས་མི་ཆོག་པ་བཟོས་འདུག

༢༠༢༣/༠༥/༢༠
Ukrainian President Volodymyr Zelensky (right) hoped the call with Chinese leader Xi Jinping would give impetus to relations with Beijing.
Mobile App

ཞི་ཅིན་ཕིང་དང་ཛེ་ལེན་སི་ཀི་གཉིས་ཀྱིས་ཁ་པར་ལམ་ནས་ཁ་བརྡ་བྱས།

༢༠༢༣/༠༤/༢༧
Transnational Repression report of 2022
Mobile App

རྒྱ་ནག་གཞུང་གིས་རྒྱལ་མཚམས་ལས་བརྒལ་བའི་དྲག་གནོན་བྱས་ཡོད་པའི་སྙན་ཐོ་བཏོན།

༢༠༢༣/༠༤/༠༧
Russian matryoshka dolls with portraits of the Chinese and Russian presidents have been on sale in Moscow
Mobile App

ཞི་ཅིན་ཕིན་དང་པུ་ཊིན་གཉིས་ཐུག་འཕྲད་བྱས།

༢༠༢༣/༠༣/༢༡
In Front of Tsuglagkhang in lhasa,Tibet Capital Photo:Tibettimes
Mobile App

ལྷ་ས་ཁུལ་དུ་དོགས་ཟོན་ཞིབ་བཤེར་སྔར་ལྷག་བྱེད་བཞིན་འདུག

༢༠༢༢/༠༥/༠༧

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese