མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

མཉན་ཡོད་དུ་དགེ་སློང་མའི་དབྱར་གནས་ཐོག་མ་དབུ་འཛུགས་གནང་།

བོད་ཀྱི་དུས་བབ།
༢༠༢༣/༠༨/༠༡
Share on FacebookShare on TwitterShare on EmailShare on Whatsapp

ལོ་གསུམ་གྱི་རྗེས་ནས་མཉན་ཡོད་དུ་དཔལ་འབྲི་གུང་བཀའ་བརྒྱུད་པའི་དབྱར་གནས་ཆེན་མོ་དངོས་སུ་དབུ་འཛུགས་གནང་འདུག

མཉན་ཡོད་དུ་དགེ་སློང་མའི་དབྱར་གནས་ཐོག་མ་ཚོགས། པར་འདི་གར་མཁོ་སྤྲོད་གནང་།

དེ་རིང་བརྒྱད་པའི་ཚེས་གཅིག་སྟེ། བོད་ཟླ་ ༦ ཚེས་ ༡༥ ཉིན་་བདག་ཅག་གི་སྟོན་པ་བཅོམ་ལྡན་འདས་ཀྱི་གནས་ཆེན་བརྒྱད་ཀྱི་ཡ་གྱལ་མཉན་ཡོད་དུ། ༧སྒྲུབ་བརྒྱུད་བསྟན་པའི་མངའ་བདག་འབྲི་གུང་༧སྐྱབས་མགོན་མཆོག་གི་རླབས་ཆེན་གྱི་དགོངས་གཞི་ལྟར། བསྟན་པའི་གསལ་བྱེད་མཁན་མོ་(Gul Goang Fashi) དབུ་གཞུགས་ཐོག་ཨ་རི་དང་། ཐའེ་ཝན། ཝེ་ཏི་ནམ། འབྲུག་ཡུལ། རྒྱ་གར། བལ་ཡུལ། ཐེ་ལན་ཌི། ནེའུ་རྫི་ལན་ཌི། ཨོ་སི་ཊོ་ལི་ཡ། ཧྥ་རན་སི་སོགས་རྒྱལ་ཁབ་མི་འདྲ་བའི་དགེ་སློང་མ་ ༡༤༥ ལྷན་འཛོམས་ཐོག་མཉན་ཡོད་ཐེག་གསུམ་གཙུག་ལག་ཁང་དུ་དབྱར་གནས་དབུ་འཛུགས་གནང་ཡོད་འདུག

དེ་འབྲེལ་འབྲི་གུང་༧སྐྱབས་མགོན་ཆེ་ཚང་རིན་པོ་ཆེ་མཆོག་གི་མགྲིན་ཚབ་པ་མཁན་པོ་དཀོན་མཆོག་རང་གྲོལ་ལགས་ཀྱིས་འདི་གའི་གསར་འགོད་པར་བརྗོད་དོན། ད་ལོར་འཛམ་གླིང་རྒྱལ་ཁབ་དུ་མ་ནས་དགེ་སློང་མའི་ཞལ་གྲངས་༡༤༥ ལྷན་འཛོམས་ཐོག་མཉན་ཡོད་ཐེག་གསུམ་གཙུག་ལག་ཁང་དུ་དངོས་སུ་དབྱར་གནས་ཚོགས་ཐུབ་པ་ནི། ལོ་ངོ་གཉིས་སྟོང་ལྔ་བརྒྱ་ལྷག་གི་རྗེས་ལ་དགེ་སློང་མའི་སྡེས་གནས་ཆེན་འདིར་དབྱར་གནས་ཚོགས་པ་ཐེངས་དང་པོ་ཡིན་ངེས་པས། རྒྱལ་སྤྱིའི་ནང་པ་སངས་རྒྱས་པའི་ལོ་རྒྱུས་ནང་ཤིན་ཏུ་གནད་གལ་ཆེ་བའི་ལོ་རྒྱུས་ཀྱི་རྡོ་རིང་གསར་པ་ཞིག་ཡིན་པ་མ་ཟད། ལོ་རྒྱུས་སྨྲ་བ་ཚོར་ཁ་སྐོང་བྱེད་འོས་པའི་ལེའུ་གསར་པ་ཞིག་ཡིན།

འདི་ལོའི་དབྱར་གནས་གོ་སྒྲིག་བྱེད་མཁན་གཙོ་བོ་ནི་ཨ་རིར་གནས་སྡོད་མཁན་མོ་སྒྲོལ་མ་ལགས་དང་། འབྲི་གུང་བཀའ་བརྒྱུད་བྱེས་ཀྱི་གདན་སའི་ཁྱབ་ཁོངས་བཙུན་དགོན་བསམ་གཏན་གླིང་། དེ་བཞིན་མཉན་ཡོད་འཛིན་སྐྱོང་སྡེ་ཚན་བཅས་ཡིན་པ་དང་། གནས་ཆེན་མཉན་ཡོད་ནི་སྟོན་པ་བཅོམ་ལྡན་འདས་རང་ཉིད་འཁོར་དགེ་འདུན་སྟོང་ཚོ་དང་ལྷན་དུ་ཐེངས་ ༢༥ རིང་དབྱར་གནས་ལ་བཞུགས་པ་དང་། ཆོས་འཁོར་བསྐོར་བ། དེ་བཞིན་ཆོ་འཕྲུལ་བསྟན་པ་སོགས་མཛད་པ་མང་དག་བསྐྱངས་པའི་གནས་ཆེན་ཁྱད་པར་ཅན་ཞིག་ཡིན་པ་རེད།

འབྲི་གུང་༧སྐྱབས་མགོན་ཆེ་ཚང་རིན་པོ་ཆེ་མཆོག་གི་དགོངས་གཞི་ལྟར། ཕྱི་ལོ་༢༠༡༥ ལོར་མཉན་ཡོད་ནང་པའི་ཐེག་གསུམ་གཙུག་ལག་ཁང་རྟེན་དང་བརྟེན་པ་བཅས་པ་གསར་བཞེངས་གནང་ཡོད་པ་དང་། མཉན་ཡོད་ནང་པའི་རིག་གཞུང་དུས་སྟོན་ཆེན་མོ་ཞེས་མང་ཚོགས་ལ་ནང་ཆོས་ཀྱི་གོ་རྟོགས་སྤེལ་སླད་སྟོན་པ་བཅོམ་ལྡན་འདས་ཀྱི་གསུང་གི་སྙིང་པོ་ཆོས་ཀྱི་ཚིགས་སུ་བཅད་པའི་བཀའ་འཁྲིད་གནང་བས་མཚོན་མཛད་རིམ་རྒྱས་པ་ལོ་ལྟར་ཚོགས་གནང་ཡོད་ཅིང་། ལྷག་པར་ཕྱི་ལོ་ ༢༠༡༩ ལོར་འབར་མ་དང་སེངྒ་ལ་སོགས་ནས་ཆེད་དུ་གདན་འདྲེན་ཞུས་པའི་གནས་བརྟན་སྡེ་བའི་དགེ་སློང་ ༡༠༨ ལྷན་བཞུགས་ཀྱིས་ཟླ་གསུམ་རིང་དབྱར་གནས་གོ་སྒྲིག་ཞུས་ཡོད་པ་མ་ཟད། ལོ་ལྟར་ཐེག་གསུམ་དགེ་འདུན་རྣམས་རེས་མོས་ཀྱིས་དབྱར་གནས་ཚོགས་འཆར་ཡོད་ཀྱང་། འདས་པའི་ལོ་ངོ་གསུམ་རིང་ཏོོག་དབྱིབས་ནད་ཡམས་ཀྱི་རྐྱེན་པས་དབྱར་གནས་སོགས་མཛད་རིམ་ཁག་ཚོགས་མ་ཐུབ་པ་རེད་འདུག

འབྲེལ་ཡོད་གསར་འགྱུར།

སྲིད་སྐྱོང་དང་དཔལ་འབྱོར་བཀའ་བློན་གཅིག་ལྕོགས་སྤེན་པ་ཚེ་རིང་མཆོག དབུས་བོད་མིའི་སྒྲིག་འཛུགས་ཀྱི་པར། ༢༠༢༦།༣།༡༥
Mobile App

རྩིས་ལོ་ ༢༠༢༦ ་་་ ༢༠༢༧ ལོར་སྔོན་རྩིས་ཧིན་སྒོར་ས་ཡ་ ༣༤༠༧།༤༢ འཆར་འབུལ་ཞུས་འདུག 

ཆུ་ཚོད་ ༡༧ སྔོན་ལ།
སྐབས་ ༡༧ པའི་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་གྲོས་ཚོགས་ཚོགས་དུས་ ༡༡ པ་འཚོག་བཞིན་པ། ༢༠༢༦།༣།༡༦ བོད་མིའི་སྒྲིག་འཛུགས་ཀྱི་པར།
Mobile App

བོད་མི་མང་སྤྱི་འཐུས་ལྷན་ཚོགས་སྐབས་བཅུ་བདུན་པའི་སྔོན་རྩིས་གྲོས་ཚོགས་འཚོག་མགོ་བཙུགས།

ཆུ་ཚོད་ ༡༩ སྔོན་ལ།
བོད་ཀྱི་གྲངས་འཛིན་དཔེ་མཛོད་ཀྱི་མཉམ་འདུས་ཚོགས་སྡེའི་ཚོགས་ཆེན་ཐེངས་གསུམ་པ་འཚོགས། ༢༠༢༦།༣།༡༣ དུས་བབ་ཀྱི་པར།
Mobile App

སྟོབས་དང་ནུས་པ་གང་ཡོད་པ་ངོས་བཟུང་ནས་ང་ཚོའི་ཞན་ཆ་ཉུང་དུ་གཏོང་དགོས་ཞེས་གསུངས།

༢༠༢༦/༠༣/༡༣
༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་གི་བཀའ་ཡིག བོད་ཀྱི་དུས་བབ་གསར་ཁང་གིས་བསྒྲིགས། ༢༠༢༦།༣།༡༣ 
༧གོང་ས་མཆོག གསུང་འཕྲིན།

བོད་མི་ནང་ཁུལ་བོད་སྐད་ཡིག་སྦྱོང་སྤྱོད་དགོས་པའི་བཀའ་སློབ་ནན་པོ་ཕེབས་འདུག

༢༠༢༦/༠༣/༡༣
Mobile App

བུད་མེད་སྒེར་ལངས་ཐེངས་ ༦༧ པ་སྲུང་གཙི་ཞུས་སོང་།

༢༠༢༦/༠༣/༡༢
རྟག་བརྟན་ལའི་བགྲོད་ལམ། བོད་ཀྱི་དུས་བབ་ཀྱི་པར། ༢༠༢༦།༣།༡༢
Mobile App

ཆར་དུས་བསླེབ་རྒྱུར་ཟླ་གསུམ་ལྷག་ལས་མེད་པས་གཙུག་ལག་ཁང་གི་གཤམ་འོག་གཞུང་ལམ་ཞིག་གསོ་མ་ཐུབ་ན་འགྲོ་ལམ་རྦད་དེ་ཆད་ཉེན་འདུག

༢༠༢༦/༠༣/༡༢

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese