མདུན་ངོས།
About Us
  • English
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

རྫོང་དཔོན་འབྲུག་འབུམ་རྒྱལ་གྱིས་ཆོས་ཕྱོགས་ཀྱི་བྱེད་སྒོར་དམ་དྲག་མ་བྱས་རྐྱེན་རྫོང་དཔོན་ཀྱི་ལས་གནས་ནས་ཕུད།

བོད་ཀྱི་དུས་བབ།
༢༠༢༦/༠༨/༠༢
Share on FacebookShare on TwitterShare on EmailShare on Whatsapp

མཚོ་ལྷོ་ཁུལ་བྲག་དཀར་རྫོང་གི་རྫོང་དཔོན་འབྲུག་འབུམ་རྒྱལ་གྱིས་རྫོང་ཁོངས་སུ་བོད་མི་རྣམས་ཆོས་ཕྱོགས་ཀྱི་བྱེད་སྒོར་ཞུགས་པར་དམ་དྲག་གི་སྲིད་ཇུས་ལག་བསྟར་མ་བྱས་སྟབས་རྫོང་དཔོན་གྱི་ལས་གནས་ནས་ཕུད་འདུག 

བྲག་དཀར་རྫོང་གི་རྫོང་དཔོན་འབྲུག་འབུམ་རྒྱལ།

ཉེ་ལམ་རྒྱ་ནག་གཞུང་གིས་བོད་མཚོ་ལྷོ་ཁུལ་གསེར་ཆེན་རྫོང་དང་། ཁྲི་ཀ་རྫོང་། བྲག་དཀར་རྫོང་། མང་ར་རྫོང་། འབའ་རྫོང་བཅས་རྫོང་ཁག་ལྔའི་ནང་མང་ཚོགས་རྣམས་སྨྱུང་གནས་ལ་སྡོད་མི་ཆོག་པ་དང་། ཆོས་ཕྱོགས་ཀྱི་བྱེད་སྒོ་ཁག་ལ་དམ་དྲག་བྱ་དགོས་པའི་སྲིད་ཇུས་ལག་བསྟར་དགོས་པའི་བཀའ་བསྒྲགས་ཀྱང་། མཚོ་ལྷོ་ཁུལ་བྲག་དཀར་རྫོང་གི་རྫོང་དཔོན་འབྲུག་འབུམ་རྒྱལ་གྱིས། རྫོང་དེའི་ནང་རླུང་རྟ་དང་དར་ལྕོག་སོགས་གཏོར་བཤིག་དང་སྨྱུང་གནས་སྡོད་མི་ཆོག་པའི་སྲིད་ཇུས་ལམ་སེང་ལག་བསྟར་མ་བྱས་སྟབས། རྒྱ་ནག་གཞུང་གིས་ཁོང་གི་རྫོང་དཔོན་གྱི་གོ་གནས་ནས་ཕུད་དེ་ལས་གནས་ཕལ་བ་ཞིག་གཉེར་དུ་བཅུག་ཡོད་ཀྱང་། བོད་ནང་གི་གཞི་རིམ་མང་ཚོགས་ཀྱིས་ཁོང་ཉིད་ལ་དགའ་བསུ་དང་བསྔགས་བརྗོད་བྱེད་ཀྱིན་ཡོད་འདུག 

ཁུངས་ལྡན་བོད་ནང་གི་གནས་ཚུལ་མཁོ་སྤྲོད་པ་ཞིག་གིས། མཚོ་ལྷོ་ཁུལ་གྱི་རྫོང་ཁག་དེ་དག་ཁྲོད་ཆོས་ཕྱོགས་དང་འབྲེལ་བའི་བྱེད་སྒོ་ཁག་ལ་བཀག་སྡོམ་དང་།  རླུང་རྟ། དར་ལྕོག་སོགས་སྒྲེང་འཛུགས་བྱས་པར་དམ་དྲག དེ་བཞིན་ཁྱིམ་ཚང་སོ་སོའི་རྒྱལ་སྒོར་རྒྱ་ནག་གི་རྒྱལ་དར་སྒྲེང་འཛུགས་དགོས་ལུགས་ཀྱི་བཀའ་ཕབ་ཀྱང་། བྲག་དཀར་རྫོང་གི་དམར་ཤོག་དྲུང་ཆེ་དང་རྫོང་དཔོན་གཅིག་ལྕོགས་འབྲུག་འབུམ་རྒྱལ་ལགས་ཀྱིས། ང་ཚོའི་རྫོང་ནང་སྲིད་ཇུས་དེ་ལམ་སེང་ལག་ལེན་བྱས་ན་མང་ཚོགས་ཁྲོད་ཅི་འབྱུང་མི་ཤེས་པས། རྗེས་ནས་ག་ལེར་ལག་ལེན་བྱེད་ཀྱི་ཡིན་ཞེས་བརྗོད་ནས་སྲིད་ཇུས་དེ་ལག་བསྟར་མ་བྱས་པར་བརྟེན། གོང་རིམ་ནས་དེ་མ་ཐག་ཁོང་གི་གོ་གནས་བླངས་ཏེ། མཚོ་ལྷོ་ཁུལ་དམངས་ཆེན་གྱི་ལས་གནས་ཕལ་བ་ཞིག་ཏུ་ལས་གནས་བརྗེ་བོ་བརྒྱབ་སོང་། ཞེས་བརྗོད་བྱུང་། 

ཡང་འབྲེལ་ཡོད་ཀྱིས། ས་གནས་ཀྱི་ཡུལ་མི་དང་བོད་མི་རྣམས་ཀྱིས། འབྲུག་འབུམ་རྒྱལ། བུ་ངར་བ་རེད། བྱ་བ་ཡག་པོ་བསྒྲུབས་སོང་། ཞེས་བསྔགས་བརྗོད་བྱེད་མཁན་མང་པོ་ཞིག་ཡོད་པ་མ་ཟད། ཉེ་ལམ་མཚོ་ལྷོ་ཁུལ་དུ་ཆོས་ཕྱོགས་ཀྱི་བྱེད་སྒོར་ཞུགས་པར་དམ་དྲག་དང་། བདུན་རེའི་རེས་གཟའ་ཟླ་བའི་ཞོགས་པར་རྒྱུན་ལྡན་སྡེ་བ་རེ་རེའི་སྡེ་དམངས་ཨུ་ཡོན་ལྷན་ཁང་གི་ཚོགས་ཁང་དུ། ཁྱིམ་ཚང་རེ་ནས་ཉུང་མཐར་ནང་མི་གཅིག་རེ་རྒྱ་ནག་གི་དར་དམར་སྒྲེང་འཛུགས་ཀྱི་ལས་འགུལ་ཁྲོད་ཞུགས་འཇུག་གི་འདུག ཅེས་བརྗོད་བྱུང་། 

སྤྱིར་རྒྱ་ནག་གཞུང་གིས་འདི་ལོའི་ཕྱི་ཟླ ༤ ནང་ཞོང་ཡོན་ལི་ (xiong yuan lai ) ཟེར་བའི་རྒྱ་མི་ཞིག་མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་གྱི་རྒྱ་ནག་དམར་ཤོག་ཚོགས་པའི་དྲུང་ཆེར་བསྐོས་རྗེས། མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་གྱི་རྫོང་རིམ་པ་དང་། གྲོང་བརྡལ་རིམ་པ་བྱས་ནས་མ་ཎི་རྡོ་འབུམ་བཤིག་པ། སྒོ་དར་དང་དར་ལྕོག་མེར་བསྲེགས་པ། རྒྱ་ནག་གི་རྒྱལ་དར་སྒྲེང་འཛུགས་བྱས་བཅུག་པ། དེ་བཞིན་བོད་རིགས་ལས་བྱེད་མང་དྲགས་ཡོད་ལུགས་བཤད་ནས་ཕྱིར་ཕུད་བཏང་བ་མ་ཟད། ཕྱོགས་ཡོངས་ནས་དམ་དྲག་ཤུགས་ཆེན་བྱས་སྟབས་བོད་མི་རྣམས་ཀྱི་ལུས་སེམས་གཉིས་ལ་དཀའ་ངལ་ཕྲད་ཡོད། 

གཞན་ཡང་རྒྱ་ནག་གཞུང་གིས་ཕྱི་ལོ་ ༢༠༡༢ ཙམ་ནས་རྒྱ་ནག་གི་མགོ་ཁྲིད་ཞི་ཅིན་ཕིན་གྱིས་རྒྱ་ནག་དམར་ཤོག་གི་ལངས་ཕྱོགས་དང་མི་མཐུན་པའི་ལྟ་སྤྱོད་ཅན་དང་། བཙན་བཟུང་འོག་ཡོད་པའི་གྲངས་ཉུང་མི་རིགས་ཁག་གི་དཔོན་རིགས་ཚོར་སྟག་དང་སྦྲང་མ་ལེབ་རྡུང་གི་སྲིད་ཇུས་འོག་ནས།  ཞིབ་བཤེར་དང་བཙོན་འཇུག་ཁྲིམས་ཐག་གཅོད་ཀྱིན་ཡོད་པ་མ་ཟད། དབུས་གཞུང་གི་གཏན་འབེབས་དོན་ཚན་བརྒྱད་དང་འགལ་བ། རྒྱལ་ཁབ་ལ་བློ་མི་དཀར་བ། དྲིན་ལན་ལོག་འཇལ། དད་སེམས་ཉམས་པ། ཕུགས་འདུན་བརླག་པ་སོགས་ཀྱི་ཉེས་མིང་བཙུགས་པ། ལྐོག་རྔན་བླངས་བ་དང་ལྐོག་ཟ་རུལ་སུངས་བྱས་པ། སྤྱི་ཚོགས་བརྟན་ལྷིངས་ལ་གནོད་སྐྱོན་བཟོས་པ་དང་རྒྱལ་ཁབ་ཁ་བྲལ་གཏོང་ཐབས་བྱས་པ་ཟེར་བའི་ཉེས་མིང་དེ་དག་དམར་ཤོག་གི་ལྟ་བར་འདོད་མོས་མེད་མཁན་གྱི་ཤེས་ཡོན་པའི་སྡེ་དང་ཁོར་ཡུག་སྲུང་སྐྱོབ་པ། འགྲོ་བ་མིའི་ཐོབ་ཐང་འཐབ་རྩོད་པ་སོགས་ལ་ཉེས་མིང་གཡོགས་ཏེ་ཚར་གཅོད་བྱས་དང་བྱེད་མུས་ཡིན།

འབྲུག་འབུམ་རྒྱལ་ལགས་ནི་ཕྱི་ལོ་ ༡༩༧༣ ལོར་མང་ར་རྫོང་ཐར་ཤུལ་ནས་སྐྱེས་ཤིང་། ཕྱི་ལོ་ ༡༩༩༣ ལོར་མཚོ་སྔོན་སློབ་ཆེན་མཐར་ཕྱིན་པ་ནས་གཞུང་གི་ལས་བྱེད་ནང་ཞུགས་ཏེ། མང་ར་རྫོང་དམངས་ཆེན་གྱི་ལས་བྱེད་དང་རྫོང་སྲིད་གཞུང་གི་ལས་བྱེད། མགོ་མང་གྲོང་བརྡལ་གྱི་མགོ་གཙོ་སོགས་བྱས། ཕྱི་ལོ་ ༢༠༠༩ ལོར་འབའ་རྫོང་གི་རྫོང་དཔོན་གཞོན་པ་དང་། དེའི་རྗེས་བྲག་དཀར་རྫོང་གི་དམར་ཤོག་དྲུང་ཆེ་གཞོན་པ་དང་རྫོང་དཔོན་གཞོན་པ། དེ་ནས་རིམ་པའི་རྫོང་དེའི་དམར་ཤོག་དྲུང་ཆེ་དང་རྫོང་དཔོན་དུ་གྱུར།  

གསར་འགོད་པ། དཔལ་ལྡན། 

འབྲེལ་ཡོད་གསར་འགྱུར།

ལང་ཧྥུ་ཁོན། པར་བོད་ཀྱི་དུས་བབ་ཀྱིས་བསྒྲིགས། ༢༠༢༥།༨།༡
Mobile App

བོད་རང་སྐྱོང་ལྗོངས་མི་དམངས་སྲིད་གཞུང་གི་ཚོགས་གཞོན་ལང་ཧྥུ་ཁོན་གྱི་གོ་གནས་བླངས།

༢༠༢༦/༠༨/༠༡
TTT
Mobile App

རྒྱ་ནག་གཞུང་གིས་རྒྱལ་མཚན་ནོར་བུ་བོད་དུ་ཆོས་སྲིད་གཉིས་ཀྱི་ལས་དོན་བསྒྲུབ་པར་མངགས།

༢༠༢༦/༠༨/༠༡
གནས་རི་གཉན་པོ་གཡུ་རྩེ། དྲ་ལམ་གྱི་པར།
Mobile App

གཉན་པོ་གཡུ་རྩེར་གནས་སྐོར་འགྲོ་བར་དམ་དྲག་བྱེད་ཀྱིན་འདུག

༢༠༢༦/༠༧/༣༡
སྤྱི་འཐུས་རྒྱུན་ལས་ཀྱི་སྐུ་ཚབ་ཚོགས་ཆུང་ཞིག་གིས་བོད་དོན་ཞུ་སྐུལ་གནང་སྐབས། བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་པར།
Mobile App

སྤྱི་འཐུས་རྒྱུན་ལས་ཀྱི་སྐུ་ཚབ་ཚོགས་ཆུང་ཞིག་གིས་བོད་དོན་ཞུ་སྐུལ་གནང་མུས་ཡིན་འདུག

༢༠༢༦/༠༧/༣༠
tibetan film four river and six ranges is releasing all over India
Mobile App

ཆུ་བཞི་སྒང་དྲུག་ཅེས་པའི་གློག་བརྙན་རྒྱ་གར་རྒྱལ་ཡོངས་ཀྱི་གློག་བརྙན་ཁང་དུ་སྟོན་གྲབས་འདུག

༢༠༢༦/༠༧/༣༠
In this image received on July 27, 2026, Foreign Secretary Vikram Misri holds talks with Sun Haiyan, Vice Minister of the International Department of the Central Committee of the Communist Party of China (CPC)
Mobile App

རྒྱ་དཀར་ནག་གཉིས་ཀྱིས་སྔར་ལས་ལྷག་པའི་མཉམ་ལས་བྱ་རྒྱུ་ཡིན་འདུག 

༢༠༢༦/༠༧/༢༨

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese