ད་བར་དུ་བཙན་བྱོལ་བོད་མི་ ༢༥ ཏོག་དབྱིབས་གཉན་རིམས་ཀྱིས་འདས་གྲོངས་སུ་ཕྱིན། བོད་ཀྱི་དུས་བབ། ༢༠༢༠/༡༠/༡༥ རྒྱ་ནག་ཝུ་ཧན་ནས་མཆེད་པའི་ཏོག་དབྱིབས་གཉན་རིམས་ཀྱིས་རྒྱ་བལ་འབྲུག་གསུམ་གཙོ་བོར་གྱུར་བའི་ཕྱི་རྒྱལ་ཡུལ་གྲུ་ཁག་ནས་བཙན་བྱོལ་བོད་མི་ ༢༥ འདས་གྲོངས་སུ་ཕྱིན་ཡོད་འདུག་་་ ཇེ་མང་ཀློགས།
རྒྱ་ནག་དེ་ཨ་རིར་ཆེས་ཉེན་ཁ་ཆེ་བའི་རྒྱལ་ཁབ་ཏུ་ངོས་འཛིན་བྱས། བོད་ཀྱི་དུས་བབ། ༢༠༢༠/༡༠/༡༥ ཨ་རིའི་སྤྱི་དམངས་ཞིབ་འཇུག་ལྟེ་གནས་ཁང་ཞིག་གིས་ཆེད་མཁས་པ་དང་མི་མང་ལ་མ་འོངས་ལོ་ངོ་ ༡༠ རྗེས་སུ་ཨ་རྒྱ་གཉིས་ལས་སུ་སྟོབས་འབྱོར་ཆེ་བ་ཆགས་རྒྱུ་ཡིན་པའི་བསམ་ཚུལ་བསྡུས་པར་བརྒྱ་ཆ་ཕྱེད་ཀ་ཕྱེད་ཀ་ཆགས་ཡོད་འདུག་་་ ཇེ་མང་ཀློགས།
ཨ་རིའི་གཞུང་གིས་བོད་དོན་འབྲེལ་མཐུད་པ་བསྐོ་བཞག་གནང་བར་འཚམས་འདྲི་ཞུས། བོད་ཀྱི་དུས་བབ། ༢༠༢༠/༡༠/༡༥ ཨ་རིའི་རྒྱལ་སྲིད་ལྷན་ཁང་གི་དམངས་གཙོ་དང་འགྲོ་བ་མིའི་ཐོབ་ཐང་། ངལ་རྩོལ་ལས་ཁུངས་ཀྱི་དྲུང་ཆེ་ལས་རོགས་སྐུ་ཞབས་རོ་བྷར་ཊི་ཨེ་ཌེ་སི་ཊོ་རོ་ (Robert A. Destro) ལགས་ཨ་རིའི་གཞུང་གི་བོད་དོན་དམིགས་བསལ་འབྲེལ་མཐུད་པར་བསྐོ་བཞག་གནང་།ཁ་་་ ཇེ་མང་ཀློགས།
སློབ་གསོ་བ་བརྒྱ་ལྷག་གིས་ཧོང་ཀོང་གི་སློབ་གསོའི་རང་དབང་སྲུང་སྐྱོབ་དགོས་པའི་འབོད་སྐུལ་ཞུས། བོད་ཀྱི་དུས་བབ། ༢༠༢༠/༡༠/༡༥ འཛམ་གླིང་རྒྱལ་ཁབ་ ༡༦ གི་སློབ་གསོའི་ལྟེ་གནས་ཁང་ ༧༡ དང་སློབ་གསོ་བ་ ༡༠༣ མཉམ་རུབ་ཀྱིས་ཧོང་ཀོང་གི་སློབ་གསོའི་རང་དབང་ལ་དམིགས་བསལ་སྲུང་སྐྱོབ་དགོས་པའི་འབོད་སྐུལ་ཞུས་འདུག་་་ ཇེ་མང་ཀློགས།
གཞིས་ཆགས་ནང་ས་ཁང་དགོས་མཁན་ཚོར་ས་ཁང་གནང་རྒྱུ་ཡིན་འདུག བོད་ཀྱི་དུས་བབ། ༢༠༢༠/༡༠/༡༤ བོད་ནས་གསར་དུ་འབྱོར་མཁན་སོགས་སྡོད་གནས་ཀྱི་དཀའ་ངལ་ཅན་ཚོར་བོད་མིའི་སྒྲིག་འཛུགས་ནས་སྡོད་མཁན་མེད་པའི་དཀའ་ངལ་ཡོང་བཞིན་པའི་གཞིས་ཆགས་ཁག་ཅིག་ནང་ས་ཁང་མཁོ་སྤྲོད་གནང་རྒྱུ་ཡིན་འདུག་་་ ཇེ་མང་ཀློགས།
ཇིང་གིར་རྒྱལ་པོའི་ལོ་རྒྱུས་འགྲེམ་སྟོན་མཚམས་འཇོག་བྱེད་དུ་བཅུག བོད་ཀྱི་དུས་བབ། ༢༠༢༠/༡༠/༡༤ ཧྥ་རན་སིའི་ནང་སོག་པོའི་རྒྱལ་པོ་ཇིང་གིར་གྱི་ལོ་རྒྱུས་འགྲེམ་སྟོན་བྱེད་པར་རྒྱ་ནག་གཞུང་གིས་ནང་སྲིད་ལ་ཐེ་གཏོགས་བྱེད་ཀྱི་ཡོད་པའི་གནོན་ཤུགས་སྤྲད་དེ་མཚམས་འཇོག་དགོས་ཁེལ་འདུག་་་ ཇེ་མང་ཀློགས།
རྒྱ་ནག་རྒྱལ་ཚོགས་འགྲོ་བ་མིའི་ཐོབ་ཐང་ཚོགས་མིར་བདམས་འདུག བོད་ཀྱི་དུས་བབ། ༢༠༢༠/༡༠/༡༤ མཉམ་འབྲེལ་རྒྱལ་ཚོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་ལྷན་ཚོགས་ཀྱི་ཚོགས་མིའི་ཁྲོད་འགྲོ་བ་མིའི་ཐོབ་ཐང་གི་གནས་བབ་ཡག་པོ་མེད་པའི་རྒྱལ་ཁབ་ཁག་ཅིག་འདེམས་ཐོན་བྱུང་ཡོད་འདུག་་་ ཇེ་མང་ཀློགས།
དམག་འཐབ་ལ་གྲ་སྒྲིག་ཨང་གསར་བྱོས། བོད་ཀྱི་དུས་བབ། ༢༠༢༠/༡༠/༡༤ ཞི་ཅིན་ཕིན་གྱིས་རྒྱ་ནག་གི་མཚོ་དམག་ལ་དམག་འཐབ་གྲ་སྒྲིག་དགོས་པའི་གཏམ་བཤད་དང་འབྲེལ་རྒྱལ་སྤྱིའི་སྲིད་དོན་དབྱེ་ཞིབ་པ་ཚོས་སྔ་ཕྱི་མ་གཏོགས་ལྷོ་རྒྱ་མཚོའི་ཁུལ་དུ་དམག་འཐབ་ཆེན་པོ་ལངས་སྲིད་པའི་ཚོད་དཔག་བྱེད་བཞིན་ཡོད་འདུག་་་ ཇེ་མང་ཀློགས།