མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

འཆོལ་མ་འགྲོ་རོགས།

བོད་ཀྱི་དུས་བབ།
༢༠༠༨/༠༦/༠༣
Share on FacebookShare on TwitterShare on EmailShare on Whatsapp

ལོ་འདིའི་གསུམ་བཅུའི་དུས་དྲན་ནས་བཟུང་བོད་ཀྱི་གནད་དོན་འདི་རིམ་པ་གསར་པ་ཞིག་ལ་འཕེལ་ཡོད། ཡིན་ནའང་བཙན་བྱོལ་བོད་གཞུང་གི་ལངས་ཕྱོགས་དང་འཐབ་བྱུས། ནང་ཁུལ་གྱི་གྲོས་རིམ་སོགས་མུ་མཐུད་རང་འཇགས་ཡིན། དུས་སྐབས་འདི་འདྲ་ཞིག་ཤར་སྐབས་བཀའ་ཤག་གིས་ཆེད་ལས་མཁས་པའི་བགྲོ་གླེང་ངམ། ཡང་ན་རྒྱལ་ཁབ་རིམ་པའི་ཚོགས་འདུ་ཞིག་ཀྱང་སྐོང་དགོས་པར་འདོད་ཀྱང་དེའང་བྱུང་མེད། བོད་མི་མང་སྤྱི་འཐུས་གྲོས་ཚོགས་ཀྱི་ངོས་ནས་ཚོགས་དུས་འཕར་མ་ཞིག་སྐོང་འོས་རུང་དེའང་མེད་པར་ས་གནས་སོ་སོ་ན་མར་མེ་ཁྲོམ་སྐོར་འདྲ་གོ་སྒྲིག་བྱས་ནས་བསྡད་ཡོད། འདི་ལྟར་ཛ་དྲག་གི་དུས་སྐབས་སུའང་འཛིན་སྐྱོང་གི་ངོས་ན་སྒྱིད་ལུག་དང་འཐུས་ཤོར་གྱི་རྣམ་པ་རེ་མངོན་ཡོད།
ད་ཆ་དམིགས་བསལ་སྐུ་ཚབ་རྣམ་གཉིས་རྒྱ་ནག་ནས་ཕྱིར་ཕེབས་ཤིང་། རེ་བ་ཡོད་མེད་གང་ལྟར་ཡང་རྒྱ་ནག་གི་སྲིད་འཛིན་ཧུའུ་ཅིན་ཐའོ་ཡིས་ཀྱང་བོད་རྒྱའི་འབྲེལ་མོལ་ལ་གྲུབ་འབྲས་ཡག་པོ་ཞིག་ཡོང་རྒྱུའི་རེ་བ་ཡོད་སྐོར་བརྗོད་ཡོད། བོད་རྒྱའི་སྐུ་ཚབ་ཕྱོགས་གཉིས་ཀའི་ངོས་ནས་བོད་རྒྱའི་འབྲེལ་མོལ་ཐེངས་བདུན་པ་དེ་ཐུག་རྒྱུར་མོས་མཐུན་བྱུང་ཡོད་སྟབས། ལྷག་པར་དུ་གོ་བསྡུར་དང་གང་ཅིའི་ཐལ་གྲ་སྒྲིག་རེ་བྱེད་དགོས་པར་འདོད། དཔེར་ན། ང་ཚོའི་སྤྱི་ཡོངས་ཀྱི་འཐབ་བྱུས་འདིང་ཕྱོགས་དང་། བོད་ཕྱི་ནང་གཉིས་ཀར་སྤེལ་བཞིན་པའི་ལས་འགུལ་ལ་བསྐྱར་ཞིབ་གནང་དགོས་མིན། ༧གོང་ས་མཆོག་གིས་རྒྱ་རིགས་མི་དམངས་ལ་བསྩལ་བའི་གསུང་འཕྲིན། དེ་བཞིན་ད་སྐབས་ང་ཚོའི་ལས་འགུལ་ནི་ཁྱབ་བསྒྲགས་ཀྱི་ངོ་བོ་ནས་གསལ་བཤད་ཀྱི་ངོ་བོར་ཕྱིན་ཡོད་སྟབས། རྒྱལ་སྤྱི་རིམ་པ་དང་རྒྱ་མི་རིགས་ཀྱི་སྤྱི་ཚོགས་བོད་དོན་གསལ་བཤད་བྱེད་མཁན་གྱི་མི་སྣ་གོ་སྒྲིག་བྱེད་སྟངས་སོགས་ནི་གནད་འགག་ཆེ་བར་འདོད། གཞན་ཡང་། ལོ་འདིར་བོད་ནང་ནས་དཔའ་བོ་དཔའ་མོ་ ༢༠༠ ལྷག་གི་ཚེ་སྲོག་ཤོར་ཡོད་ལ། མི་དེ་དག་གི་བེམ་པོ་དག་པར་རིས་སུ་བཤམས་པ་ལས། བཙན་བྱོལ་བོད་གཞུང་དམངས་གཉིས་ཀྱིས་ཁོང་ཚོའི་ཆེད་དུ་དྲན་གསོའི་རྡོ་རིང་ཞིག་བཞེངས་ཤིང་། རྡོ་རིང་དེའང་མཆོད་རྟེན་གྱི་རྣམ་པ་མིན་པར་གནའ་བོའི་ལོ་རྒྱུས་ཀྱི་རྒྱབ་ལྗོངས་ལྟར་བཞེངས་ཏེ་༧གོང་ས་མཆོག་གིས་རྡོ་རིང་གི་སྟེང་དུ་མཚན་རྟགས་འགོད་པའམ་ཡང་ན་རྨང་རྡོ་འདིང་ཐུབ་ཚེ་དགེ་མཚན་ཤིན་ཏུ་ཆེ་བར་འདོད། འདི་ནི་སྲིད་ཕྱོགས་ཀྱི་ལས་འགུལ་ཡིན་ལ། ཆོས་ཕྱོགས་ནས་ཀྱང་དཔའ་བོ་དཔའ་མོ་འདི་དག་གི་དོན་དུ་བཞུགས་སྒར་ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་དུ་མར་མེ་ཚེ་འབར་ཞིག་སྒྲོན་ཏེ། མར་མེ་དེ་ནི་ནམ་རྒྱུན་མང་ཚོགས་ཀྱིས་གསོ་ཐུབ་པ་ཞིག་གནང་ཚེ་དཔའ་བོ་དཔའ་མོ་འདི་དག་དང་ཁོང་ཚོའི་ཤུལ་ལུས་ནང་མི་ཚོར་བོད་མི་རིགས་ཀྱི་ངོས་ནས་གུས་བརྩི་དང་སེམས་གསོ་བྱས་པ་མཚོན་པར་འདོད། རེ་བ་རྫོགས་ཤིང་ཐབས་ལམ་ཟད་པ་ནི་མི་རིགས་རླབས་ཆེན་ཞིག་གི་ལམ་མིན་སྟབས། ཅིས་ཀྱང་འཆོལ་མི་རུང་།
གུང་ཁྲན་ཏང་གིས་གཞིས་ལུས་བོད་རིགས་མི་དམངས་རྒྱ་ནག་གི་ཁྲིམས་ལ་སྦྱོར་སྐབས། ཤུགས་ལྡན་ཚོགས་པས་བོད་མིའི་དབུ་ཁྲིད་༧གོང་ས་མཆོག་རྒྱ་གར་གྱི་ཁྲིིམས་ཁང་ལ་འབོད་ཀྱིན་འདུག ཁོང་ཚོས་བཤད་ཀྱིན་པའི་ནག་ཅན་ངོ་མ་དེ་ནི་བོད་མི་རིགས་ཀྱི་སྲོག་རེད། སྙིང་རེད། ངོ་རྟགས་རེད། དེའི་རྐྱེན་གྱིས་གནད་དོན་འདིའི་རིགས་ཀྱང་ཐག་གཅོད་མ་ནོར་བ་རེ་གནང་རྒྱུ་ནི་ཁ་ཚ་དགོས་གཏུགས་ལྟ་བུར་གྱུར་འདུག་སྙམ་མོ།།

འབྲེལ་ཡོད་གསར་འགྱུར།

Mobile App

བཙན་བྱོལ་བོད་མིའི་སྲིད་སྤྱི་གཉིས་ཀྱི་སྔོན་འགྲོའི་འོས་བླུག་བཞིན་པ།

ཆུ་ཚོད་ ༢༠ སྔོན་ལ།
Mobile App

བོད་ནི་གནའ་སྔ་མོ་ནས་རྒྱ་ནག་གི་ཆ་ཤིས་མིན་ཞེས་པའི་དཔེ་དེབ་ཅིག་དབུ་འབྱེད་བྱས་འདུག

༢༠༢༦/༠༡/༣༠
གསར་འགྱུར།

འབའ་ཁྲི་བློ་བཟང་ལུང་རིགས་ལགས་འཛིན་བཟུང་བྱས་འདུག

༢༠༢༦/༠༡/༣༠
གནས་མཆོག་རྡོ་རྗེ་གདན་དུ་ཡོད་པའི་ཞེ་ཆེན་དགོན་དུ་ནང་པའི་གསར་གཏོད་ཀྱི་ཚོགས་ཆེན་ཐེངས་དང་པོ་འཚོག་བཞིན་པ། ༢༠༢༥།༡།༢༩ དུས་བབ་གསར་ཁང་གིས་པར་སྒྲིག་སྦྱོར་བྱས།
Mobile App

ནང་པའི་གསར་གཏོད་ཀྱི་ཚོགས་ཆེན་ཐེངས་དང་པོ་འཚོག་བཞིན་འདུག 

༢༠༢༦/༠༡/༢༩
British Prime Minister Keir Starmer with Chinese President Xi Jinping. Image source - X/@EuroPostAgency
གསར་འགྱུར།

བོད་ནང་གི་བཅའ་སྡོད་སློབ་གྲྭའི་ལམ་ལུགས་མཚམས་འཇོག་དགོས་པའི་འབོད་སྐུལ་ཞུ་ཡིག་ཕུལ།

༢༠༢༦/༠༡/༢༨
དབུས་འོས་བསྡུ་ལས་ཁང་གིས་སྲིད་སྤྱི་གཉིས་ཀྱི་འོས་བསྡུའི་ཆེད་གསར་འགོད་ལྷན་ཚོགས་ཐེངས་གསུམ་པ་བསྐོངས། ༢༠༢༦།༡།༢༨ དུས་བབ་ཀྱི་པར།
Mobile App

དབུས་འོས་བསྡུ་ལས་ཁང་གིས་མི་གཅིག་ལ་ཉེས་ཆད་དང་མི་གཉིས་ལ་ཉེན་བརྡ་བཏང་འདུག

༢༠༢༦/༠༡/༢༨

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese