མདུན་ངོས།
About Us
  • English
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

རྒྱ་ནག་གི་ཤེས་ལྡན་མི་སྣས་བོད་དོན་ཐག་གཅོད་ཕྱོགས་ཀྱི་བསམ་ཚུལ་གླེང་བ།

བོད་ཀྱི་དུས་བབ།
༢༠༠༨/༠༧/༠༥
Share on FacebookShare on TwitterShare on EmailShare on Whatsapp

བོད་ཀྱི་རྒྱལ་ས་ལྷ་ས་གཙོས་བོད་ཆོལ་གསུམ་ས་ཁུལ་ཡོངས་སུ་་བོད་མི་ཚོས་རྒྱ་གཞུང་ལ་ཞི་བའི་ངོ་རྒོལ་གྱི་ལས་འགུལ་སྤེལ་བར་རྒྱ་གཞུང་གིས་་ཁྲག་དྲི་བྲོ་བའི་དྲག་གནོན་ཚབས་ཆེན་བྱེད་བཞིན་པའི་སྐབས་འདིར་རྒྱ་ནག་སྐམ་ས་ཆེན་པོར་བཅའ་བཞུགས་རྒྱ་ནག་གཞུང་དང་ལྟ་སྤྱོད་མི་མཐུན་མཁན་རྩོམ་པ་པོ་གྲགས་ཅན་ཝང་ལིས་ཞོན་དང་ལིས་ཞོ་པོ་བཅས་ཤེས་ལྡན་མི་སྣ་སུམ་ཅུ་ཙམ་གྱིས་་བོད་ཀྱི་གནས་སྟངས་ཐག་གཅོད་ཐད་ཀྱི་བསམ་ཚུལ་བཅུ་གཉིས་ཞེས་བ་ཞིག་ལ་མཚན་རྟགས་བཀོད་དེ་ཡོངས་ཁྱབས་གསལ་བསྒྲགས་བྱས་པ་གཤམ་གསལ།

དང་པོ། མིག་སྔར་རྒྱ་ནག་གཞུང་འབྲེལ་གྱི་གསར་འགྱུར་བརྒྱུད་ལམ་ཁག་གིས་ཕྱོགས་གཅིག་རྐྱང་བ་ཁྱབ་བསྒྲགས་བྱེད་པའི་རྣམ་པ་དེས་མི་རིགས་ཀྱི་འཁོན་འཛི་སྐུལ་སློང་དང་གནས་སྟངས་ཚབས་ཆེ་རུ་གཏོང་བའི་འབྲས་བུ་མངོན་པ་དང༌། རྒྱལ་ཁབ་གོང་བུ་གཅིག་གྱུར་སྲུང་སྐྱོབ་ཀྱི་ཕུགས་རྒྱང་རིང་བའི་དམིགས་བྱ་ལ་གནོད་པ་ཤིན་ཏུ་ཆེ་བས། ང་ཚོ་ཁྱབ་བསྒྲགས་འདི་ལྟ་བུ་མཚམས་འཇོག་དགོས་བའི་འབོད་སྐུལ་བྱེད་ཀྱི་ཡོད།
གཉིས་པ། ང་ཚོས་ཏཱ་ལའི་བླ་མས་ཞི་བདེ་འབོད་སྐུལ་ལ་རྒྱབ་སྐྱོར་དང༌། དྲང་བདེན་དང་ཞི་བདེ། འཚེ་མེད་ཞི་བའི་རྩ་དོན་གཞིར་བཟུང་ནས་མི་རིགས་ཀྱི་འགལ་ཟླ་སེལ་དགོས་བའི་རེ་བ་བྱེད་ཀྱི་ཡོད། ང་ཚོས་ཉེས་མེད་མི་སེར་དཀྱུས་མ་ཚོ་ལ་དམིགས་པའི་་དྲག་པོའི་བྱ་སྤྱོད་མཐའ་དག་ལ་སྐྱོན་བརྗོད་དང༌། རྒྱ་ནག་གཞུང་གིས་དྲག་པོའི་བཙན་གནོན་བྱེད་བཞིན་པར་མཚམས་འཇོག་དགོས་བའི་སྐུལ་འདེད་བྱེད་ཀྱི་ཡོད་ལ། བོད་རིགས་མི་མང་ཚོས་དྲག་པོའི་ལས་འགུལ་མི་སྤེལ་བའི་རེ་བ་བྱེད་ཀྱི་ཡོད།

གསུམ་པ། རྒྱ་ནག་གཞུང་གི་ཁུངས་འཕེར་ར་སྤྲོད་ལྟར་ན་འདི་ནི་ཏཱ་ལའི་ཚོགས་ཁག་གིས་རྩ་འཛུགས་དང་ལྐོག་ཇུས། ཞིབ་ཚགས་སྒོས་འཆར་གཞི་བཏིངས་བའི་གནད་དོན་ཞིག་ཡིན་པར་ཁྱབ་བསྒྲགས་བྱས་ཡོད་ལ། ང་ཚོའི་རེ་བར་སྲིད་གཞུང་གིས་ར་སྤྲོད་བདེན་དཔང་གསལ་སྟོན་དགོས་པ་དང༌། དེ་དང་ལྷན་སྲིད་གཞུང་གིས་མཉམ་འབྲེལ་རྒྱལ་ཚོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་རྒྱུན་ལས་ཚོགས་པ་གདན་འབོད་ཀྱིས་ར་སྤྲོད་བདེན་དཔང་དང་གནད་དོན་གྱི་བརྒྱུད་རིམ། རྨས་སྐྱོན་ཕོག་པའི་མི་གྲངས་སོགས་ལ་རང་དབང་གིས་བརྟག་དཔྱད་གནང་བཅུག་སྟེ་རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་ལྡོག་ཕྱོགས་ཀྱི་ལྟ་ཚུལ་དང་ཡིད་མི་ཆེས་བའི་སེམས་ཁམས་ལ་འགྱུར་བ་གཏོང་དགོས་བའི་བསམ་ཚུལ་འདོན་གྱི་ཡོད།

བཞི་བ། ང་ཚོའི་བསམ་པར་བོད་ལྗོངས་ས་ཁུལ་གྱི་དམར་ཕྱོགས་མགོ་ཁྲིད་ཀྱིས་ཏཱ་ལའི་བླ་མ་ནི་ཆོས་གོས་བསྣམས་པའི་སྤྱང་ཀི་ཞིག་དང༌། མིའི་གདོང་ཅན་དང་གཅན་གཟན་སྙིང་ཅན་གྱི་གདོན་འདྲེ་ཞིག་རེད་ཅེས་པའི་རིག་གནས་གསར་བརྗེ་ཡི་བརྗོད་ཚིག་དེ་དག་གིས་གནད་དོན་ཞི་བར་མི་ཕན་པ་མ་ཟད་རྒྱ་ནག་སྲིད་གཞུང་གི་སྣང་བརྙན་ལའང་མི་ཕན། ང་ཚོའི་བསམ་པར་རྒྱལ་སྤྱིའི་སྤྱི་ཚོགས་ནང་ཞུགས་པར་ཤུགས་རྒྱག་བཞིན་པའི་རྒྱ་ནག་སྲིད་གཞུང་གིས་ངེས་པར་དུ་དེང་རབས་ཀྱི་དཔལ་ཡོན་དང་འཚམ་པའི་གཞུང་འཛིན་གྱི་རྣམ་པ་སྟོན་དགོས་བ་རེད།

ལྔ་བ། ང་ཚོའི་དོ་སྣང་ལྟར་ན་ལྷ་སར་དྲག་པོའི་ཟིང་འཁྲུག་ལངས་པའི་ཉིན་དེར་ཟླ་༣ ཚེས ༡༤ ཉིན་བོད་རང་སྐྱོང་ལྗོངས་ཀྱི་འགན་ཡོད་མི་སྣའི་ཁུངས་འཕེར་ར་སྤྲོད་ལྟར་ན་འདི་ནི་ཏཱ་ལའི་ཚོགས་ཁག་གིས་རྩ་འཛུགས་དང༌། ལྐོག་ཇུས། ཞིབ་ཚགས་སྒོས་འཆར་བཀོད་བྱས་པ་ཞིག་ཡིན་ཚུུལ་ཁྱབ་བསྒྲགས་གནང་བ་དང༌། དེས་བོད་ལྗོངས་གཞུང་འཛིན་པས་ཟིང་འཁྲུག་སློང་རྒྱུ་ཡིན་པ་སྔོན་ནས་ཤེས་ཡོད་ན་ཡང༌། གནད་དོན་འབྱུང་བ་དང་རྒྱ་ཁྱབ་ཏུ་མི་འགྲོ་བར་དོན་ཕན་ལྡན་པའི་བཀག་འགོག་བྱ་ཐུབ་མེད་པ་དེའི་ཁྲོད་ལས་དོན་སྣང་མེད་འཐུས་ཤོར་ཏུ་ཕྱིན་པ་ཞིག་ཡིན་མིན་བརྟག་དཔྱད་ནན་མོ་བྱས་ཏེ་ཐག་གཅོད་དགོས་བ་རེད།

དྲུག་པ། གལ་སྲིད་མཐར་གཏུགས་གནད་དོན་འདི་ནི་རྩ་འཛུགས་ཡོད་པ་དང༌། ལྐོག་ཇུས་ཡོད་པ། ཞིབ་ཚགས་སྒོས་འཆར་བཀོད་བྱས་པ་ཞིག་ཡིན་པ་བདེན་དཔང་བྱེད་མ་ཐུབ་པར། མི་མང་ངར་སློང་བར་སྐུལ་བའི་འགྱུར་བ་ཞིག་ཡིན་ཚེ་གནས་ཚུལ་རྫུན་བཟོ་བྱས་ཏེ་ཀྲུང་དབྱང་དང་མི་མང་ལ་མགོ་སྐོར་གཏོང་མཁན་གྱི་འགན་ཁུར་མི་སྣ་ལ་རྩད་གཅོད་བྱས་ཏེ། ནོར་འཁྲུལ་ལ་བསྐྱར་ཞིབ་དང་ཉམས་མྱོང་ཕྱོགས་སྡོམ་བྱས་ཏེ་རྗེས་སུ་ཡང་བསྐྱར་ལམ་ཁ་འདིར་མི་བསྐྱོད་པའི་སྔོན་འགོག་བྱེད་དགོས།

བདུན་པ། ང་ཚོས་བོད་རིགས་མང་ཚོགས་རེ་རེ་ལ་ཞིབ་བཤེར་དང་རྗེས་སུ་ཉེས་ཆད་གཏོང་རྒྱུའི་ལས་འགུལ་མི་སྤེལ་པའི་རེ་འདུན་ནན་མོ་བྱེད་ཀྱི་ཡོད་ལ། འཇུ་བཟུང་བྱས་པ་རྣམས་ལ་ཡོངས་ཁྱབ་དང༌། དྲང་བདེན། གསལ་བོ་སྒོས་ཁྲིམས་བཤེར་གྱི་བརྒྱུད་རིམ་ལ་བརྩི་སྲུང་བྱས་ཏེ་ཕྱོགས་ཚང་མའི་འདོད་བློ་ཁེངས་བའི་ཚད་ཞིག་ཏུ་སླེབས་འཇུག་དགོས།

བརྒྱད་པ། ང་ཚོས་རྒྱ་ནག་སྲིད་གཞུང་གིས་ཡིད་ཆེས་འཕེར་བའི་རྒྱལ་ཁབ་ཕྱི་ནང་གི་གསར་འགོད་པ་ཁག་བོད་ཁུལ་དུ་བསྐྱོད་དེ་རང་དབང་གིས་བཅར་འདྲི་སྙན་སྒྲོག་བྱེད་ཆོག་པའི་སྐུལ་མ་བྱེད་ཀྱི་ཡོད། ང་ཚོའི་བསམ་པར་མིག་སྔར་གྱི་གསར་འགོད་བཀག་སྡོམ་བྱས་པ་དེས་རྒྱལ་ནང་མི་མང་དང་རྒྱལ་སྤྱིའི་སྤྱི་ཚོགས་ཀྱི་ཡིད་ཆེས་ཐོབ་དཀའ་བ་མ་ཟད། རྒྱ་ནག་སྲིད་གཞུང་གི་ཡིད་ཆེས་ལ་གནོད་གི་རེད།  གལ་སྲིད་སྲིད་གཞུང་ལ་བདེན་དཔང་ཡོད་ཚེ་སྐྱོན་བརྗོད་སྣ་མང་བྱེད་པར་སྐྲག་དགོས་དོན་མེད་ལ། ཡོངས་སུ་སྒོ་ཕྱེས་བའི་རྣམ་འགྱུར་ལག་བསྟར་བྱས་ཚེ་ད་གཟོད་རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་མིག་སྔར་ང་ཚོའི་སྲིད་གཞུང་ལ་ཡིད་མི་ཆེས་བའི་རྣམ་པ་དེ་བསྒྱུར་ཐུབ།

དགུ་པ། ང་ཚོའི་རྒྱལ་ཁབ་ཕྱི་ནང་གི་རྒྱ་རིགས་མང་ཚོགས་ཚོས་ཞི་འཇགས་དང་བཟོད་སྒོམ་གྱིས་བསམ་ཞིབ་ནན་མོ་གནང་དགོས་བའི་འབོད་སྐུལ་བྱེད་ཀྱི་ཡོད་ལ། ཚོར་ཤུགས་ཆེ་བའི་མི་རིགས་རིང་ལུགས་ཀྱི་རྣམ་འགྱུར་ལ་རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་དགའ་མོས་མི་བྱེད་པར་རྒྱ་ནག་གི་རྒྱལ་སྤྱིའི་སྣང་བརྙན་ལ་གནོད་གི་རེད།

བཅུ་པ། ལོ་རབས་༨༠ ནང་བྱུང་བའི་བོད་ཀྱི་ཟིང་འཁྲུག་དེ་ལྷ་ས་ལས་བརྒལ་མེད། ཐེངས་འདིར་བོད་ཀྱི་ས་ཁུལ་ཡོངས་སུ་རྒྱ་ཁྱབ་ཏུ་ཕྱིན་ཡོད་ལ། གནས་ཚུལ་འདི་ལྟར་སྡུག་་ཏུ་ཕྱིན་པ་ནི་བོད་ཀྱི་ལས་དོན་ཐད་ལ་འཐུས་ཤོར་ཚབས་ཆེན་བྱུང་བ་ཡིན་པས། འབྲེལ་ཡོད་སྡེ་ཁག་གིས་ངེས་པར་དུ་བསྐྱར་ཞིབ་ཚ་ནན་བྱས་ཏེ་ཕམ་ཉེས་སུ་སོང་བའི་མི་རིགས་སྲིད་ཇུས་ལ་རྩ་བ་ནས་འགྱུར་བ་གཏོང་དགོས།

བཅུ་གཅིག རྗེས་སུ་གནད་དོན་འདི་ལྟ་བུ་མི་འབྱུང་ཆེད། སྲིད་གཞུང་གིས་ངེས་བར་ཏུ་རྒྱ་ནག་གི་རྩ་ཁྲིམས་ནང་གསལ་བའི་ཆོས་དད་རང་མོས་དང་སྨྲ་བརྗོད་རང་དབང་གི་ཐོབ་ཐང་ལ་བརྩི་སྲུང་བྱས་ཏེ། བོད་རིགས་མང་ཚོགས་ལ་ཁོང་ཚོས་མི་འདོད་པ་དང་རེ་བ་གང་ཡོད་བརྗོད་དུ་འཇུག་དགོས་པ་དང༌། མི་རིགས་སོ་སོའི་མི་མང་གིས་རང་དབང་གི་སྒོ་ནས་སྲིད་གཞུང་གི་མི་རིགས་སྲིད་ཇུས་ལ་སྐྱོན་བརྗོད་དང་གྲོས་འཆར་འདོན་དུ་འཇུག་དགོས།

བཅུ་གཉིས། ང་ཚོའི་བསམ་པར་ངེས་པར་དུ་མི་རིགས་དབར་གྱི་འཁོན་འཛིན་སེལ་དགོས་བ་དང༌། མི་རིགས་འཆམ་མཐུན་མངོན་དུ་འགྱུར་དགོས་བ་ལས། མི་རིགས་དབར་གྱི་འགལ་ཟླ་རྒྱ་ཆེ་རུ་གཏོང་རྒྱུ་དེ་མིན། རྒྱལ་ཁབ་ཞིག་གི་ས་ཁོངས་ཁ་བྲལ་དུ་མི་འགྲོ་བའི་སྔོན་འགྲོ་ནི་མི་རིགས་དབར་གྱི་འགལ་ཟླ་སེལ་དགོས་པ་དེ་རེད། དེར་བརྟེན། ང་ཚོའི་རེ་བར་རྒྱལ་ཁབ་ཀྱི་འགོ་ཁྲིད་མི་སྣ་ཐད་ཀར་ཏཱ་ལའི་བླ་མ་དང་བཀའ་མོལ་གནང་དགོས་བ་དང༌། ང་ཚོའི་རེ་བར་རྒྱ་བོད་མི་མང་གི་དོགས་པ་སེལ་བ་དང༌། འབྲེལ་འདྲིས་གོང་མཐོ། མཐུན་སྒྲིལ་མངོན་དུ་འགྱུར་བར་སྲིད་གཞུང་གི་སྡེ་ཁག་དང༌། ཡང་ན་དམངས་ཁྲོད་ཀྱི་ཚོགས་པ་དང་ཆོས་ལུགས་མི་སྣ་བཅས་ཚང་མས་འབད་བརྩོད་གནང་དགོས་བ་རེད།
 ༢༠༠༨ ལོའི་ཟླ་༣ ཚེས་༢༢ ཉིན།

འབྲེལ་ཡོད་གསར་འགྱུར།

Mobile App

རྒྱ་ནག་གི་“མི་རིགས་མཐུན་སྒྲིལ་གྱི་བཅའ་ཁྲིམས་”ནི་“མཐུན་སྒྲིལ་”གྱི་མིང་འོག་“གྲངས་ཉུང་མི་རིགས་”རྒྱ་བསྒྱུར་ལས་གཞི་མགྱོགས་སུ་གཏོང་ཆེད་རེད།

ཆུ་ཚོད་ ༨ སྔོན་ལ།
པར་བོད་ཀྱི་དུས་བབ་གསར་ཁང་གིས་བསྒྲིགས། ༢༠༢༦།༦།/༢༧
Mobile App

ཆེས་མཐོའི་ཁྲིམས་ཞིབ་ཁང་གིས་ཁ་མཆུ་ཨང་ ༢༢ པ་རྒྱུན་སྐྱོང་མ་ཐུབ་པའི་ཐག་གཅོད་གནང་འདུག

༢༠༢༦/༠༦/༢༧
སྐུ་པར་བོད་ཀྱི་དུས་བབ་གསར་ཁང་གིས་བསྒྲིགས། ༢༠༢༦/༦/༢༧
༧གོང་ས་མཆོག གསུང་འཕྲིན།

ཝེ་ནེ་སུ་ཝེ་ལར་ས་ཡོམ་གྱི་གོད་ཆག་བྱུང་བར་ཐུགས་སྨོན་མཛད།

༢༠༢༦/༠༦/༢༧
ལྡོག་གཏུག་གི་ཁ་མཆུ་རྩིས་མེད་བཏང་ཡང་ཁ་མཆུ་ ༢༢ པ་རང་འཇགས་གནས་ཡོད། བོད་ཀྱི་དུས་བབ་གསར་ཁང་གི་པར། ༢༠༢༦།༥།༢༦
Mobile App

ལྡོག་གཏུག་གི་ཁ་མཆུ་རྩིས་མེད་བཏང་ཡང་ཁ་མཆུ་ ༢༢ པ་རང་འཇགས་གནས་ཡོད།

༢༠༢༦/༠༦/༢༦
Mobile App

བོད་རང་བཙན་གཙང་མ་ཡིན་པའི་ལོ་རྒྱུས་ཀྱི་བདེན་དཔང་བློས་གཏོང་ཐུབ་ཀྱི་མེད།

༢༠༢༦/༠༦/༢༦
རྒྱ་ནག་གཞུང་གིས་གངས་ལྗོངས་གནའ་དེང་ཤེས་རིག་སློབ་གླིང་སྒོ་བརྒྱབ། བོད་ཀྱི་དུས་བབ་ཀྱི་པར།
Mobile App

རྒྱ་ནག་གཞུང་གིས་གངས་ལྗོངས་གནའ་དེང་ཤེས་རིག་སློབ་གླིང་སྒོ་བརྒྱབ།

༢༠༢༦/༠༦/༢༥

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese