མདུན་ངོས།
About Us
  • English
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

༡༩༦༧ ལོའི་གསུམ་བཅུའི་དུས་དྲན་གྱི་གསུང་འཕྲིན།

བོད་ཀྱི་དུས་བབ།
༢༠༠༩/༠༥/༠༧
Share on FacebookShare on TwitterShare on EmailShare on Whatsapp

     
    ད་ཕན་ལོ་བརྒྱད་སོང་བའི་སྔོན་གྱི་དེ་རིང་གི་ཉི་མོ་དེར། བོད་མི་མང་མ་བསྐུལ་རང་འགུལ་གྱི་ཐོག་ནས་རྒྱ་ནག་གི་དྲག་གནོན་དབང་ཤུགས་ལ་ངོ་རྒོལ་སྒེར་ལངས་བྱས་པ་འདི་ནི་བོད་མི་མང་རྣམས་རྒྱ་དམར་གྱི་བཙན་གནོན་གདུག་རྩུབ་ཉིན་རེ་བཞིན་ཇེ་ཆེ་ཇེ་ཆེར་འགྲོ་བའི་མནར་གཅོད་ལས་ཡོངས་སུ་ཐར་ཆེད་དཔའ་མཛངས་ལྡན་པའི་འཐབ་རྩོད་བྱས་པ་ཞིག་ཡིན། དེ་ཉིན་མཚོན་བྲལ་བོད་མི་སྐྱེས་ཕོ་སྐྱེས་མོ་བུ་ཕྲུག་དང་བཅས་པས་ང་ཚོ་བོད་རང་བཙན་བསྐྱར་གསོ་དགོས་པ་དང༌། བོད་མི་མང་གི་རང་དབང་བསྐྱར་གསོ་དགོས་པའི་སྐད་འབོད་གྲགས་ཆེར་སྒྲོག་བཞིན་ལྷ་སའི་བར་སྐོར་ལམ་གཞུང་དང་སྲང་ལམ་གང་སར་ཞི་བའི་ཁྲོམ་སྐོར་བྱས་ཡོད། སྒེར་ལངས་ལས་འགུལ་དེ་ཐོག་རྒྱ་དམར་གྱིས་དྲག་གནོན་བྱས་ཏེ་ཉེས་མེད་བོད་མི་སྟོང་ཕྲག་མང་པོ་དམར་གསོད་གཏོང་བ་དང༌། གྲངས་ལས་འདས་པ་ཞིག་བཙོན་བཅུག་སྡུག་མནར་གཏོང་བ། ཡང་ན་བཙན་ཤུགས་ཆེན་པོས་ངལ་རྩོལ་ར་བར་རྒྱང་འབུད་གཏོང་བ་བཅས་བྱས་པ་རེད།

    དེ་རིང་ནི་བོད་རང་བཙན་བསྐྱར་གསོའི་དོན་དུ་རང་སྲོག་གཏོང་མཁན་རང་རིགས་དཔའ་བོ་རྣམས་དྲན་གསོའི་དུས་ཚེས་གཟི་བརྗིད་ཅན་ཞིག་ཡིན། ཁོང་ཚོས་ཤིན་ཏུ་རྩ་ཆེའི་རང་སྲོག་བློས་བཏང་བའི་དམིགས་དོན་དེ་ང་ཚོས་དྲན་གསོ་བྱེད་པ་དང་ཆབས་ཅིག་སྲོག་ཁྲག་བཏང་བའི་དམིགས་དོན་དངོས་སུ་སྒྲུབ་པའི་སླད་དུ་ཞུམ་པ་མེད་པའི་བློ་ཤུགས་ཆེ་བསྐྱེད་དགོས་པ་ནི་རང་རེའི་འོས་པའི་ལས་འགན་ཡིན།

    རྒྱ་དམར་གྱིས་བོད་ནང་དྲག་པོའི་བཙན་འཛུལ་བྱས་ནས་ལོ་བཅུ་དྲུག་ཙམ་སོང་བ་འདིའི་རིང་བོད་མི་ཡོངས་རྫོགས་རང་བཞིན་བསམ་བརྗོད་ལས་འདས་པའི་སྡུག་བསྔལ་དྲག་པོ་མྱོང་དགོས་བྱུང་ཞིང༌། བོད་ཀྱི་ཞིང་འབྲོག་ཚང་མའི་རང་གི་དཀའ་སྤྱད་ལས་རྩོལ་གྱིས་བསྒྲུབས་པའི་ཐོན་སྐྱེད་གང་ན་ཅི་ཡོད་ཐམས་ཅད་རྒྱ་དམར་ནས་བཙན་འཕྲོག་གིས་བོད་མི་ཚོ་ཁག་མང་པོར་ཉིན་ཟས་ཉུང་ངུ་ཞིག་ལས་ཚོང་སྤྲོད་མ་བྱས་པར། ད་དུང་རྒྱ་མིའི་དམག་ལམ་དང༌། དམག་སྒར་ཁག་སོགས་འཛུགས་བསྐྲུན་གྱི་ངལ་རྩོལ་ནང་བཙན་དབང་དྲག་ཤུགས་ཆེན་པོས་བསྐུལ་འདེད་བྱས། བོད་མི་མང་གྲངས་མེད་པར་ཉེས་བརྡུང་འཐབ་འཛིང་གཏོང་བ་དང༌། མི་གྲལ་ནས་ཕྱིར་འབུད་བྱེད་པ་སོགས་མང་ཚོགས་ཀྱི་དཀྱིལ་དུ་དམའ་འབེབས་གདུག་རྩུབ་ཀླ་ཀློའི་བྱ་སྤྱོད་རྟག་ཏུ་མྱོང་དགོས་ཤིག་བཟོས་པ་རེད།

    དུས་རབས་མང་པོའི་རིང་ལ་གཅེས་གསོག་བྱས་པའི་བོད་ཀྱི་དངོས་རིགས་རྒྱུ་ནོར་ཡོངས་རྫོགས་རྒྱ་ནག་ཏུ་ཇག་འཁྱེར་བྱས། ང་ཚོའི་བོད་ཡུལ་དེ་རྒྱ་ཡུལ་དུ་བསྒྱུར་བའི་ཆེད་དུ་ལས་འགུལ་སྣ་ཚོགས་ཤིག་འབད་བརྩོན་ཆེན་པོས་ལག་བསྟར་གྱིས་བོད་ཡིག་དང༌། བོད་སྐད་ཀྱི་ཚབ་ཏུ་རྒྱ་ཡིག་དང༌། རྒྱ་སྐད་སློབ་སྦྱོང་བེད་སྤྱོད་བྱེད་དུ་འཇུག་པ་བཅས་རྒྱ་མི་དམར་པོའི་ལུགས་ཀྱི་བོད་རང་སྐྱོང་ཟེར་བ་དེ་ནི་དངོས་དོན་ཐོག་གོང་གི་དངོས་དོན་དེ་ལྟ་བུ་ཞིག་གྱུར་ཡོད།

    ཉེ་བའི་གནས་ཚུལ་ལ་གཞིགས་ན། རྒྱ་མི་བཙན་རྒྱལ་རིང་ལུགས་པའི་ལོག་སྤྱོད་དྲག་རྩུབ་ཀྱི་འཇིགས་སྣང་སྔར་ལས་ཤུགས་ཆེར་འགྲོ་བཞིན་ཡོད་པ་སྟེ། དམར་སྲུང་དཔུང་ཚོགས་ཟེར་བ་སྒྲིག་བཙུགས་ཀྱིས་རིག་གཞུང་གསར་བརྗེ་ཟེར་བའི་ལསའགུལ་དེ་ཚུགས་ནས་ནང་པའི་ཆོས་དང༌། བོད་ཀྱི་རིག་གཞུང་ཡོངས་རྫོགས་གང་བྱུང་ཅི་བྱུང་གིས་རྩ་མེད་བཟོ་བའི་ངན་སྤྱོད་དྲག་རྩུབ་སྲིད་ན་མ་གྲགས་པ་ཞིག་རྒྱ་ཆེ་ཁྱབ་བརྡལ་དུ་བཏང་ནས་དགོན་པ་དང༌། ལྷ་ཁང་ཡོད་ཚད་གཏོར་བཤིག་སྨོས་ཅི། མདོར་ན་སྒེར་གྱི་ཁྱིམ་ཁང་ཚུན་ལ་ཡང་ཆོས་ཀྱི་རྟེན་ཉེར་སྤྱད་གང་ན་ཅི་ཡོད་ཚང་མ་རྩ་མེད་གཙང་མར་བཟོ་བ་བཅས་བྱེད་ཀྱི་ཡོད་པ་རེད།

    སྐུ་རྟེན་གྲངས་ཀྱིས་མི་ཆོད་པ་ཞིག་རྩ་གཏོར་བཏང་བའི་གྲས་སུ་ཕྱི་ལོ་བརྒྱ་ཕྲག་བདུན་པའི་ནང་གསར་བཞེངས་ཐུགས་རྗེ་ཆེན་པོ་རང་བྱུང་ལྔ་ལྡན་གྱི་སྐུ་བརྙན་བྱིན་ཅན་དེ་ཡང་ཡོད་ཅིང༌། སྐུ་བརྙན་དེའི་དབུ་ཞལ་ཞལ་གསེར་གཏོར་བཤུས་བྱས་པ་གཉིས་གསང་ཐབས་ཀྱི་ཐོག་ནས་རྒྱ་གར་ནང་གདན་འདྲེན་ཞུ་ཐུབ་སྟེ་དེ་དག་ཉེ་སྔོན་ལྡི་ལིར་ཕྱི་རྒྱལ་གསར་འགྱུར་བྱེད་པོ་ཁག་མང་སོགས་ལ་མཇལ་སྟོན་ཞུས་པ་རེད། སྐུ་བརྙན་འདི་ནི་བོད་མི་ཚོས་དུས་རབས་མང་པོའི་རིང་ལ་བཀུར་སྟི་དང༌། ཤིན་ཏུ་རྩ་ཆེ་ཞུ་བ་མ་ཟད། བོད་ཀྱི་ལོ་རྒྱུས་ཐོག་འདི་འདྲ་འགྲུབ་མི་ཐུབ་པའི་དད་རྟེན་བྱིན་རླབས་ཅན་ཞིག་ཡིན། འདི་གཏོར་བཤིག་བཏང་བ་དེས་ང་ཚོ་བོད་མི་མང་ཚང་མར་ཚད་མེད་པའི་སྡུག་བསྔལ་དང༌། གྱོང་ཁ་ཡིད་ཕམ་ཧ་ཅང་ཆེ་བ་ཞིག་བྱུང༌།

    མའོ་ཙེ་ཏུང་གིས་སློབ་ཕྲུག་ཚོ་ལ་རིག་གཞུང་གསར་བརྗེ་ཟེར་བའི་ངན་བསླབ་བརྒྱབ་སྟེ་སྨྱོ་འཚུབ་ཆེན་པོས་རྟོག་དཔྱོད་གང་ཡང་མེད་པའི་ཟིང་སློང་གཏོར་བཤིག་མི་རྣམས་ཞེན་པ་གཏིང་ནས་ལོག་པའི་ལས་འགུལ་འདི་ནི་རྒྱ་དམར་དབང་བསྒྱུར་བ་ཚོས་བོད་ཀྱི་རིག་གཞུང་རྩ་མེད་གཙང་མར་གཏོང་རྒྱུར་འབད་བརྩོན་ཤུགས་ཆེ་ཇི་ཙམ་བྱས་པའི་ར་སྤྲོད་གསལ་པོ་བྱུང་བ་ཞིག་ཀྱང་རེད། རྒྱ་མིས་བོད་མི་ཚེ་གཡོག་ཏུ་བཀོལ་སྤྱོད་བྱས་པས་མ་ཚད། བོད་ཀྱི་ཤིན་ཏུ་གཅེས་པའི་རིག་གཞུང་དག་ཀྱང་ཤུལ་མེད་གཏོར་བརླག་གཏོང་བ་འདི་ནི་འགྲོ་བ་མིའི་རིགས་དང༌། འཛམ་གླིང་ལོ་རྒྱུས་ཀྱི་ཐོག་ནས་ངེས་པར་སྐྱོན་བརྗོད་ཉེས་འཛུགས་བྱ་རྒྱུར་ཐག་ཆོད་པ་ཞིག་རེད། སྔོན་ཆད་རྒྱ་མིར་ལག་སྦྲེལ་བྱེད་པ་དང༌། རྒྱ་མིའི་བདག་སྤྲོད་བྱེད་པའི་བོད་ཀྱི་མི་སྣ་ཚོ་ཡང་ད་ཆ་ཀོ་ཐག་གཙང་མ་གློད་དེ། ྋཀུན་གཟིགས་པཎ་ཆེན་རིན་པོ་ཆེའི་དབུ་གནས་སྐུ་དབང་ཡོངས་རྫོགས་མེད་པ་བཟོས་ཁར། ཡོངས་གྲགས་འཐབ་འཛིང་དྲག་པོ་བཏང་བ་མཐར་ལོག་སྤྱོད་པའི་གྲས་སུ་བསྒྱུར་འཇོག་བྱས་ཡོད་པ་རེད།

    རྒྱ་མིས་བོད་དུ་དམར་པོ་དམར་རྐྱང་གི་ལས་བྱེད་དཔུང་ཚོགས་བཟོ་རྒྱུའི་ཆེད་དུ་བོད་ཕྲུག་གཞོན་ནུ་མང་པོ་རྒྱ་ནག་ཏུ་བཙན་འཁྲིད་ཀྱིས་དམིགས་བསལ་སློབ་སྦྱོང་སྤྲད་དེ་བོད་དུ་ཕྱིར་བཏང་བྱས་པ་རྣམས་ནས་བོད་མི་མང་ཚང་མས་སྡུག་བསྔལ་མནར་གཅོད་ཚད་མེད་མྱོང་བཞིན་ཡོད་པའི་གནས་ལུགས་དངོས་རྟོགས་བྱུང་ཡོད་པ་དང༌། ཁོང་ཚོའི་ཁོངས་ནས་ན་གཞོན་མང་པོས་རང་གི་རྒྱལ་ཁབ་རང་བཙན་བསྐྱར་ལེན་བྱེད་པའི་གདོང་ཕྱོགས་རུ་སྣེའི་ནང་དུ་ངོ་ཞུགས་ཡོད་པ་རེད།

    བོད་ནང་རང་རེའི་མི་མང་ཡོངས་ནས་མི་བཟད་སྡུག་བསྔལ་ཤིན་ཏུ་དྲག་པོ་མྱོང་མུས་ཧ་ཅང་བློ་ཕམ་གྱི་གནས་ཚུལ་ཞིག་མཐོང་བཞིན་ཡོད་པ་ལྟར། ང་ཚོས་དེ་རིང་གི་ཉི་མོ་འདིར་བོད་རང་དབང་བསྐྱར་གསོའི་དམ་བཅའ་སྔར་ལས་ལྷག་པའི་བརྟན་པོ་ཞིག་འཇོག་དགོས་པ་ཡིན། ད་བར་ལོ་བརྒྱད་ཙམ་སོང་བ་འདིའི་རིང་ལ་རང་རེས་རང་བཙན་གྱི་བོད་རྒྱལ་ཁབ་ཏུ་ཕྱིར་ལོག་ཐུབ་པའི་ཉི་མ་ཞིག་འཆར་རྒྱུའི་དོན་ལ། གང་ཅིའི་ཐབས་ཤེས་གྲ་སྒྲིག་བྱས་ཡོད། དམིགས་དོན་དེའི་ཆེད་དུ་ང་ཚོས་བདག་ཅག་གི་སྟོན་པ་ཐུགས་རྗེ་ཅན་གྱིས་ལེགས་པར་གསུངས་པའི་དམ་པའི་ཆོས་ཀྱི་དགོངས་དོན་དྲང་བདེན་དང༌། འདྲ་མཉམ། དམངས་གཙོ་བཅས་ཀྱི་གཞི་རྩའི་ཐོག་ཏུ་བོད་ཀྱི་རྩ་ཁྲིམས་འཆར་ཟིན་ཞིག་གསར་བཀོད་ཁྱབ་བསྒྲགས་བྱས་ཡོད་ཅིང༌། དེ་ལ་བོད་མི་མང་ནས་དགའ་སྤྲོ་ཆེན་པོས་མགུ་བསུ་བྱེད་པ་དང༌། ལྷག་པར་ཕྱི་རྒྱལ་དུ་བཙན་བྱོལ་མི་མང་ནས་འདེམས་བསྐོས་སྤྱི་འཐུས་ཚང་མས་དགའ་བསུ་རྒྱ་ཆེ་ཞུས་ཡོད།

    རྒྱ་གར་གཞུང་ནས་རྒྱ་ཆེའི་རོགས་རམ་དང༌། གདུང་སེམས་མཉམ་བསྐྱེད་གནང་བར་བརྟེན་ནས་ང་ཚོས་གཞིས་ཆགས་དང༌། ཤེས་ཡོན་ཡར་རྒྱས་ཀྱི་འཆར་གཞི་མང་པོ་ལག་ལེན་བསྟར་ཡོད། ངོས་ཀྱི་མི་མང་དང༌། ངོས་རང་ཉིད་བཅས་ནས་རྒྱ་གར་གཞུང་གི་གཞིས་ཆགས་དང༌། ཤེས་ཡོན་སྐོར་ཙམ་མིན་པར་ཆོས་དང༌། རིག་གཞུང་ཐོག་ལའང་རོགས་རམ་གནང་ཡོད་པར་ཐུགས་རྗེ་ཆེ་ཞུ་རྒྱུ། དེ་བཞིན་རྒྱ་གར་དང་ཕྱི་རྒྱལ་གྱི་རོགས་ཚོགས་མང་པོས་ང་ཚོར་གང་ཅིའི་ཕན་རོགས་གནང་བར་བཀྲིན་ཆེ་ཞེས་ཞུ་རྒྱུའི་ཐོག ད་དུང་ཡར་རྒྱས་ཆེད་མུ་མཐུད་རོགས་རམ་ཡོང་བའི་རེ་བ་ཡོད།

    མཉམ་སྦྲེལ་རྒྱལ་ཚོགས་ནང་བོད་དོན་ཐོག་རྒྱབ་སྐྱོར་གནང་མཁན་རྒྱ་གར་གཞུང་དང༌། ཕྱི་རྒྱལ་གཞན་ཁག་བཅས་ལའང་ང་ཚོས་ཐུགས་རྗེ་ཆེ་ཞུ་རྒྱུ། ཡིན་ནའང་མཉམ་སྦྲེལ་རྒྱལ་ཚོགས་ནས་ཐེངས་འགའ་ཤས་འབོད་བསྐུལ་གནང་བའི་བོད་མི་མང་གི་གཞི་རྩའི་འགྲོ་བ་མིའི་ཐོབ་ཐང་ནི་ད་ལྟའང་བྱུང་མེད་པའི་ཐོག བོད་ནང་གདུག་རྩུབ་མནར་གཅོད་ཀྱི་རྐྱེན་ངན་ཇེ་ཞན་ཇེ་སྡུག་ཏུ་འགྲོ་བཞིན་ཡོད་པ་དང་བཅས་ད་ཆ་ང་ཚོར་རྒྱ་གར་གཞུང་ནས་སྲིད་དོན་གྱི་རྒྱབ་སྐྱོར་དངོས་སུ་གནང་རོགས་ཞུ་དགོས་པའི་དུས་སྐབས་སུ་སླེབས་ཡོད།

    འཛམ་གླིང་ཞི་བདེ་སྤྱི་དང༌། བྱེ་བྲག་ཨེ་ཤ་ཡའི་ནང་དུས་བདེ་ཞི་འཇགས་ཡོང་བའི་ཆེད་དུ་སྟོབས་ལྡན་རྒྱ་གར་རྒྱལ་ཁབ་དང༌། རྒྱ་ནག་གཉིས་པོའི་དབར་ཞི་མཐུན་མཛའ་འབྲེལ་དགོས་རྒྱུ་དེ་ནི་ཤིན་ཏུ་གལ་ཆེ་གནད་ཆེ་རེད། འོན་ཀྱང་ང་ཚོའི་བསམ་ཚུལ་ལ་ཇི་སྲིད་བོད་རང་དབང་རང་བཙན་ཕྱི་རྒྱལ་སུས་ཀྱང་དྲག་འཛུལ་དམག་འཇོག་མི་ཆོག་པའི་ཞི་བའི་རྒྱལ་ཁབ་གཙང་མ་ཞིག་ཏུ་མ་གྱུར་པ་དེ་སྲིད་དུ་ཚང་མས་འདོད་པའི་ཞི་བདེ་དེ་རྩ་བ་ནས་ཡོང་མི་ཐུབ། དེས་ན་རྒྱ་གར་ནི་དེང་རབས་འཛམ་གླིང་ནང་ཧ་ཅང་གནད་ཆེ་བའི་གོ་གནས་དང་ལྡན་པ་ཞིག་ཡིན་པ་དང༌། དམངས་གཙོའི་རྒྱལ་ཁབ་ཆེ་ཤོས་ཡིན་པ། དྲང་བདེན་དང༌། ཞི་བདེ། རང་དབང་བཅས་ཀྱི་ཐོག་ལ་དུས་རྟག་ཏུ་ནུས་ཤུགས་ཆེ་བསྐྱེད་གནང་མཁན་ཞིག་ཡིན་པར་འཛམ་གླིང་ཕྱོགས་གང་ས་ནས་ཆ་འཇོག་བརྩི་བཀུར་ཆེན་པོ་ཐོབ་བཞིན་ཡོད་པའི་ནུས་སྟོབས་ལ་བརྟེན་ནས་ང་ཚོར་རྒྱབ་སྐྱོར་རོགས་རམ་གྱི་འབོད་སྒྲ་ཤུགས་ཆེ་ཞིག་སྒྲོགས་ཐུབ་པ་ཡིན་ན། དེ་ནས་ང་ཚོ་བོད་མིའི་ད་ལྟའི་སྡུག་བསྔལ་མཐའ་དག་མྱུར་སེལ་ཐུབ་རྒྱུ་མ་ཟད། དེང་སྐབས་བོད་ནང་བཟོད་གླགས་བྲལ་བའི་མནར་གཅོད་དྲག་པོ་མྱོང་བཞིན་གྱི་ང་ཚོའི་མི་མང་ཡོངས་ཀྱི་རང་དབང་དང༌། བདེ་སྐྱིད། གཟི་མཐོང་བཅས་བསྐྱར་གསོའི་ཉི་མ་ལྷག་པར་མྱུར་བ་ཞིག་འཆར་ཐུབ་པའི་ཕན་གྲོགས་ཡོང་ངེས་བཅས།།    །།

འབྲེལ་ཡོད་གསར་འགྱུར།

Some Chinese students celebrate graduation in New York. Photo: IC
Mobile App

རྒྱ་ནག་དང་འབྲེལ་འདྲིས་ཡོད་པའི་ཨ་རིའི་སློབ་ཆེན་ཁག་ལ་རོགས་དངུལ་སྤྲོད་ལེན་མི་ཆོག་པའི་ཁྲིམས་འཆར་བཏོན།

ཆུ་ཚོད་ ༢༠ སྔོན་ལ།
Volker Türk, High Commissioner for Human Rights, welcomes the journalist at the Palais Wilson. 17 October 2022. UN photo by Violaine Martin
Mobile App

གྲངས་ཉུང་མི་རིགས་ཀྱི་ཐོབ་ཐང་རྩིས་མེད་གཏོང་བའི་སྲིད་ཇུས་རྣམས་མཚམས་འཇོག་དགོས་པ་ནན་བརྗོད་གནང་།

ཆུ་ཚོད་ ༢༣ སྔོན་ལ།
མཚོ་སྔོན་བོད་སྐད་རླུང་འཕྲིན་ཟླ་གཅིག་ལྷག་རིང་མཚམས་འཇོག་བྱ་རྒྱུའི་གསལ་བསྒྲགས། དྲ་ལམ་གྱི་པར། ༢༠༢༦།༦།༡༨
Mobile App

མཚོ་སྔོན་བོད་སྐད་རླུང་འཕྲིན་ཟླ་གཅིག་ལྷག་མཚམས་འཇོག་བྱ་རྒྱུ་ཡིན་འདུག 

༢༠༢༦/༠༦/༢༢
རྒྱ་ནག་གིས་བཀག་སྡོམ་བྱས་པའི་ཨ་རིའི་དམག་དོན་དང་འབྲེལ་བའི་བཟོ་ཚོང་ཁང་ ༡༠ ཡི་ལས་རྟགས། ༢༠༢༦།༦།༢༢ པར་བོད་ཀྱི་དུས་བབ་གསར་ཁང་གིས་སྒྲིག་སྦྱོར་བྱས།
Mobile App

རྒྱ་ནག་གིས་ཨ་རིའི་རྒྱལ་སྲུང་དང་འབྲེལ་བའི་བཟོ་ཚོང་ཁང་ ༡༠ བཀག་སྡོམ་བྱས།

༢༠༢༦/༠༦/༢༢
Mobile App

ཁྲིམས་ཞིབ་པ་ཆེ་བ་ཟུར་པ་ངག་དབང་འཕེལ་རྒྱལ་ལགས་སྐུ་ཚེ་འཕེན་པ་རྫོགས།

༢༠༢༦/༠༦/༢༢
ཕྱི་ལོ་ ༢༠༢༧ ལོའི་རྒྱལ་ཡུམ་ཆེན་མོའི་རྐང་སྤོལ་རྩེད་འགྲན་ལ་དྭགས་བསོད་ནམས་གླིང་བོད་མིའི་གཞིས་ཆགས་སུ་འཚོག་རྒྱུ་རེད་འདུག པར་བོད་ཀྱི་དུས་བབ་གསར་ཁང་གིས་སྒྲིག་སྦྱོར་བྱས།
Mobile App

ལ་དྭགས་བསོད་ནམས་གླིང་ས་གནས་སུ་རྒྱལ་ཡུམ་ཆེན་མོའི་རྩེད་འགྲན་ཐེངས་ ༣༢ པ་འཚོག་རྒྱུ་ཡིན་འདུག

༢༠༢༦/༠༦/༡༩

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese