མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

བཀའ་ཁྲིའི་འོས་མི། སྤྱི་ཟུར་སྒོ་མང་བསྟན་པ།

བོད་ཀྱི་དུས་བབ།
༢༠༠༩/༠༦/༡༦
Share on FacebookShare on TwitterShare on EmailShare on Whatsapp

སྤྱི་ཟུར་སྒོ་མང་བསྟན་པའི་བསམ་བློའི་ནང་གི ༼༢༠༡༡༽ ལོའི་བཀའ་བློན་ཁྲི་བའི་འོས་མི།

༧གོང་ས་སྐྱབས་མགོན་ཆེན་པོའི་དབུ་ཁྲིད་ལམ་སྟོན་ལྟར། བཙན་བྱོལ་གཞུང་གི་སྒྲིག་འཛུགས་མ་ལག་དང་བཅས་བ་ནུས་ཤུགས་ལྡན་པའི་འཛིན་སྐྱོང་སྲ་བརྟན་དགོས་གལ་ཆེ་བ་ནི། བོད་མིའི་བདེན་དོན་སླར་གསོ་ཐུབ་མིན་ཆབ་སྲིད་དང་འབྲེལ་བ་དམ་ཟབ་ཡོད་པར་བརྟེན།  འདི་ལ་དགོས་ངེས་ཀྱི་ཆ་རྐྱེན་བསྐྲུན་པར་ཆབ་སྲིད་དང་འཛིན་སྐྱོང༌།  ཆོས་དང་རིག་གཞུང༌།  རྒྱལ་རབས་དང་ལོ་རྒྱུས།  ཕྱི་ནང་སྐད་ཡིག་དང་ཁྲིམས་ལུགས། ལས་དོན་ལག་བསྟར་བྱེད་པར་འཇོན་ཐང་དང་བློ་ཁོག་ཡོད་པ་བཅས་ཡོན་ཏན་སྣ་མང་འཛོམས་པ།   ངེས་པ་དོན་གྱི་མཁས་དབང་བཀའ་ཁྲི་ཟམ་གདོང་རིན་པོ་ཆེ་ལྟ་བུ་རེ་ཞིག་རག་ཐབས་མེད་ཀྱང༌། དེ་དང་ཕྱོགས་མཚུངས་པ་ཞིག་ཡོང་རྒྱུར་རེ་བ་བྱས་ཏེ། རང་ཉིད་བོད་མི་ཞིག་ཡིན་པའི་འགན་ཁུར་ཏུ་བླངས་ནས། བཀའ་བློན་ཁྲི་བར་འོས་མི་བརྒྱད་ཀྱི་མཚན་བཏོན་ཡོད་པ་ནས་གཅིག་བཀའ་ཁྲིར་འོས་འདེམས་བྱུང་ཚེ། དེ་འཕྲོས་རྣམས་བཀའ་བློན་གྱི་ལས་འགན་ནང་གོ་སྐབས་བྱུང་ན། དེ་དག་ལ་དགོས་ངེས་ཀྱི་ཆ་རྐྱེན་འདི་དག་ཚང་བར་བསམ།
༼༡༽ བོད་མིའི་སྒྲིག་འཛུགས་དང་ཆབ་སྲིད་ཐོག་ཉམས་མྱོང་ཡོད་པ།
༼༢༽ བོད་རྒྱའི་ཆབ་སྲིད་ཀྱི་རྙོག་འཛིང་སེལ་བ་དང་དེའི་འགག་རྩ་གང་ཡིན་ལ་གདེང་ཚོད་དང་རྒྱུས་མངའ་ཡོད་པ།
༼༣༽ གཞིས་ལུས་མི་མང་གིས་ལུས་སྲོག་ལོངས་སྤྱོད་ཡོངས་སུ་བློས་བཏང་སྟེ།  བོད་ཀྱི་བདེན་དོན་འཐབ་རྩོད་ཀྱི་སྙིང་སྟོབས་དང་འགྲན་ཟླ་མེད་པའི་དཔའ་མཛངས་ཀྱི་གྲུབ་འབྲས་རྣམས་དུས་ཐོག་སོ་སོར་རྒྱལ་སྤྱིའི་ནང་ཞུ་གཏུག་གིས་གྲུབ་འབྲས་ཐོན་ཐབས་སུ་འབད་བརྩོན་ལྷོད་མེད་གནང་རྒྱུར་ལྷག་བསམ་ཡོད་པ།
༼༤༽ གཞིས་བྱེས་བོད་མིའི་གཅིག་སྒྲིལ་གྱི་ནུས་པ་ཕྱི་ནང་གསང་གསུམ་བརྒྱུད་སྲ་བརྟན་རྒྱུན་སྐྱོང་ཐུབ་པ།
༼༥༽ གོང་གི་ཆ་རྐྱེན་ཁག་ལག་བསྟར་བྱེད་པར་འདང་ངེས་ཀྱི་ཤེས་ཡོན་དང་འཇོན་ཐང་ཡོད་པ་བཅས་སོ།

༢༠༡༡ ལོའི་བཀའ་ཁྲིའི་འོས་མི་རྣམས་ནི།

༡ བཀའ་བློན་ཁྲི་ཟུར་བསྟན་འཛིན་རྣམ་རྒྱལ།
༢ གོང་ས་མཆོག་གི་སྐུ་ཚབ་སྐལ་བཟང་རྒྱལ་མཚན།
༣ སྐུ་སྒེར་དྲུང་ཆེ་ཚེ་རྒྱམ།
༤ བཀའ་ཟུར་ཨ་རིའི་དོན་གཅོད་བློ་བཟང་སྙན་གྲགས།
༥ སྤྱི་འཐུས་ཚོགས་གཙོ་སྤེན་པ་ཚེ་རིང༌།
༦ བདེ་སྲུང་བཀའ་བློན་འབྲོང་ཆུང་དངོས་གྲུབ།
༧ སྤྱི་ཟུར་དབྱིན་ལན་དོན་གཅོད་ཐུབ་བསྟན་བསམ་འགྲུབ།
༨ ཤེས་རིག་དྲུང་ཆེ་ཀརྨ་དགེ་ལེགས།

འབྲེལ་ཡོད་གསར་འགྱུར།

སྐྱབས་རྗེ་བཀའ་ཟུར་ཀིརྟི་རིན་པོ་ཆེ་མཆོག་གི་མཛད་རྣམ་ཤར་སྟག་མོའི་བུ་ཞེས་པའི་འཕྲུལ་དེབ་འགྲེམས་སྤེལ་གྱི་མཛད་སྒོ་དང་དཔྱད་བརྗོད་བགྲོ་གླེང་འཚོགས། བོད་ཀྱི་དུས་བབ་གསར་ཁང་གི་པར། ༢༠༢༥།༥།༩
Mobile App

བཀའ་ཟུར་༧སྐྱབས་རྗེ་ཀིརྟི་རིན་པོ་ཆེ་མཆོག་གི་མཛད་རྣམ་ཤར་སྟག་མོའི་བུ་ཞེས་པའི་འཕྲུལ་དེབ་འགྲེམས་སྤེལ་གྱི་མཛད་སྒོ་འཚོགས།

སྐར་མ ༥༢ སྔོན་ལ།
Mobile App

བོད་རིགས་ཨ་རི་བ་ཨ་ཧྥ་ཊབ་ཀརྨ་སིང་པུ་རི་ཝལ་ལགས་སུ་འོས་བསྡུའི་ཁྲོད་རྒྱལ་ཁ་ཐོབ།

ཆུ་ཚོད་ ༣ སྔོན་ལ།
The Dalai Lama offers blessings to his followers at his Himalayan residence in the northern hill town of Dharamshala, India, on December 20, 2024 [Priyanshu Singh/Reuters]
༸གོང་ས་མཆོག གསར་འགྱུར།

ཡུ་རོབ་གྲོས་ཚོགས་སུ་༧གོང་ས་མཆོག་གི་ཡང་སྲིད་དང་འབྲེལ་བའི་གྲོས་ཆོད་ཅིག་གཏན་འབེབས་བྱུང་། 

ཆུ་ཚོད་ ༤ སྔོན་ལ།
༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ཡེ་ཤུའི་ཆོས་དཔོན་རོ་བྷི་ཌི་པེ་ཝེ་སི་མཆོག སྐུ་པར་བོད་ཀྱི་དུས་བབ་ཀྱིས་བསྒྲིགས། ༢༠༢༤།༥།༩
༧གོང་ས་མཆོག གསུང་འཕྲིན།

༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ནས་ཡེ་ཤུའི་ཆོས་དཔོན་གསར་པར་འཚམས་འདྲི་མཛད།

ཆུ་ཚོད་ ༤ སྔོན་ལ།
བཙན་བྱོལ་བོད་མིའི་ཆོས་ཚོགས་ཐེངས་ ༡༤ པ་དབུ་འཛུགས་གནང་། ༢༠༡༩།༡༡།༢༧ དུས་བབ་གསར་ཁང་གི་པར།
Mobile App

 བཙན་བྱོལ་བོད་མིའི་ཆོས་ཚོགས་ཐེངས་བཅོ་ལྔ་པ་འཚོག་འཆར་འདུག

ཆུ་ཚོད་ ༥ སྔོན་ལ།
བྷི་རུའུ་ཁིན་སི་བསམ་མཛོད་བསྟི་གནས་ཁང་དུ་བོད་དོན་བཞུགས་མོལ་ཚོགས་འདུ་འཚོགས། ༢༠༢༥།༠༥།༠༧ སྲིད་སྐྱོང་གི་ངོ་དེབ་ཀྱི་པར།
Mobile App

སྲིད་སྐྱོང་མཆོག་གིས་ཨ་རིའི་གྲོས་ཚོགས་མི་སྣ་ཁག་ཅིག་ལ་མཇལ་འཕྲད་གནང་།

ཆུ་ཚོད་ ༥ སྔོན་ལ།

མཆན། 44

  1. ཟུར་མཁར་ says:
    ལོ་ 16 སྔོན།

    སྐུ་ཞབས་བློ་ལྡན་ལགས། སྐལ་བཟང་རྒྱལ་མཚན་ཞེས་པ་ཡོ་རོབ་ཀྱི་དམིགས་བསལ་སྐུ་ཚབ་ལ་ཟེར་གྱི་ཡོད་དམ། ཡང་ན་ལི་ཐང་ཨ་ཐར་གྱི་ཡང་སྲིད་སྤྱི་འཐུས་སྐལ་བཟང་རྒྱལ་མཚན་ལ་ཟེར་གྱི་ཡོད། ཁ་གསལ་ཞིག་གསུངས་རོགས།

    Reply
  2. བློ་ལྡན། says:
    ལོ་ 16 སྔོན།

    ངས་ལྟོས་ན་བླ་མ་མིན་པ་དང་སྐུ་དྲག་མིན་པའི་ན་གཞོན་ཞིག་དགོས་པར་འདོད།
    འབྲོང་ཆུང་དངོས་གྲུབ་དང་སྐལ་བཟང་རྒྱལ་མཚན་གཉིས་བཟང་།

    Reply
  3. ཨ་རིག་གླེན་རྒན། says:
    ལོ་ 16 སྔོན།

    གྲོགས་གཞན་མིང་ཅན་། ཁྱོད་ལ་དེ་རིང་ནས་བཟུང་མིང་སྙན་མོ་ཞིག་སྟེར། གཞན་མིང་དགའ་་་གང་འདྲ་འདུག་མིང་འདི་ལ་ཁྱེད་རང་དགའ་བོ་ཡོངས་པའི་རེ་བ་ཡོད། ཁྱེད་ཀྱིས་ཞུ་བ་ཡང་ཡང་ཕུལ་བ་བཞིན་དག་ཆར་གཟབ་རྒྱུ་ངེད་གཉིས་ལ་མཚོན་ན་གལ་ཆེན་རེད།

    Reply
  4. Galaxy says:
    ལོ་ 16 སྔོན།

    ཨ་རིག་གླེན་རྒན། ཕྱིར་ཁྱོད་ཀྱིས་བསམ་འཆར་འདོན་པའི་ཡི་གེ་རྣམས་ལ་ཚིག་དོན་གཉིས་ཆར་གྱི་སྒོ་ནས་ནོར་འཁྲུལ་ཧ་ཅིང་མང་པོ་རེད། ངོས་གནས་བཤད་ན་ཕྱིར་ཁྱོད་ཀྱིས་ནམ་རྒྱུན་བོད་ཀྱི་དྲ་ཚིག་ལ་དོར་སྣང་དང་འབྲི་ཀློག་བྱེད་པ་དེ་ཡག་པོ་རེད། མ་ཟད་རང་གི་བློ་གྲོས་དང་འཚམས་པའི་བསམ་འཆར་ལོས་འདོན། དེ་ནི་མ་འོངས་བོད་ཀྱི་དམང་གཙོའི་ལམ་ཕྱོགས་ལ་ཕན་ངེས། གང་ལྟར་ཡང་ཁྱེད་ལ་བོད་ཀྱི་ཆོས་དང་རིག་གཞུང་ལ་ཕན་སེམས་ཡོད་ན། རྗེས་མར་མ་མཐའ་ཡང་ཡི་གེ་འབྲི་སྐབས་སུ་སུམ་རྟགས་དག་གསུམ་ལ་དོར་སྣང་སྤྲད་རོགས། ཁྱོད་རང་གི་གྲོགས་པོ་ཚོ་ལ་དྲིས་དང་དཔེར་ན་གོང་དུ་༼རབ་བྱུང་ན་ནང་ཆོས་ནས་བཤད་པའི་ཕར་ཕྱིན་དྲུག༽ཞེས་སོགས་དེ་འདྲ་མང་པོ་རེད། ཚིག་དོན་གཉིས་ལ་ཆར་ཡང་སྐྱོན་འདུག མ་གཞི་བོད་ཡིག་དང་བོད་སྐད་ལེགས་པོ་མ་ཤེ་ན་དོན་ཀྱི་གཞན་མི་ཆགས་ཟིན་པ་འདྲ། ངོས་ནས་སེམས་དཀར་ཡིན། ཕྱིར་མཁས་བླུན་སུ་ཡིན་ཡང་ཡི་གེ་འབྲི་སྐབས་སུ་སུམ་རྟགས་དག་གསུམ་ལ་དོར་སྣང་ངེས་པར་དུ་སྤྲད་རོགས་ཞུ་ལགས།

    Reply
  5. ཨ་རིག་གླེན་རྒན། says:
    ལོ་ 16 སྔོན།

    ཁྲོ་བ་མ་ལང་གྲོགས་གཞན་མིང་ཅན། ཁྱོད་ལ་ཁོང་ཁྲོ་ཆེ་ཡང་རང་སྐྱོན་ངོས་ལེན་ཐུབ་པ་དེ་ཁྱོད་ཀྱིས་ཡོན་ཏན་ཆུང་ཆུང་ཞིག་མ་རེད། མ་གཞི་ཁྱོད་གཞན་མི་ཞིག་གིས་ངེད་བོད་ཀྱི་བཀའ་ཁྲིའི་དོན་ལ་ཁྲོ་བ་འདི་དེ་ཙམ་མཛའ་མོ་ཡིན་མི་གདའ། རབ་བྱུང་ན་ནང་ཆོས་ནས་བཤད་པའི་ཕར་ཕྱིན་དྲུག་གི་ནང་ཚན་གྱི་བཟོད་པ་ཉམས་སུ་ལེན་སྟངས་ལ་ཅུང་སློབ་ཐུབ་ན་ཕྱིས་འབྱུང་ཁྱེད་ལ་ཕན་ཡོངས།འདི་སེམས་གཏམ་ཡིན་ལོ། སྒོ་མང་བློ་བསྟན་པས་བཤད་པའི་་་་ཆབ་སྲིད་དང་འཛིན་སྐྱོང་། ཆོས་དང་རིག་གཞུང་། རྒྱལ་རབས་དང་ལོ་རྒྱུས། ཕྱི་ནང་གི་སྐད་ཡིག་དང་ཁྲིམས་ལུགས། ད་དུང་ལག་བསྟར་འཇོན་ཐང་་་ཟེར་བ་འདི་སྤོམ་བཤད་དང་སྤྱི་བཤད་ཡང་ན་མཁས་གཏམ་འདྲ་ཡིན་ན་མ་གཏོགས་དེ་འདྲའི་མི་གཅིག་བོད་ནང་ན་མེད་ན་ཕྱིར་སྡོད་བོད་མིའི་ཁྲོད་ན་མེད་ཚིག་ཐག་བཅད་དེ་བཤད་ཐུབ། ཡང་གཅིག་བཤད་ན་ཁོང་ལ་དེ་འདྲའི་རྨི་ལམ་ཞིག་ཡོད་པ་སྐྱོན་ཆ་མ་རེད། ཁོ་རེ་མི་གཞན་མིང་ཅན་མཁས་པའི་སྤོམ་བཤད་གཅིག་བསྐྱར་བཟློས་ཡང་བཟློས་བྱེད་པ་ལས་རང་གིས་རྣམ་དཔྱོད་སྤྱད་ནས་སྤྱོད་སྒོ་ཆེ་པའི་བོད་ཚིག་གསར་བ་རེ་ཤེས་ཐབས་ལ་འབད་ན་མི་དགའ་འམ།

    Reply
  6. Galaxy says:
    ལོ་ 16 སྔོན།

    ཨ་རིག་གླེན་རྒན། ཁྱོད་ཀྱིས་ཡང་བོད་ཀྱི་དུས་བབ་དྲ་ཚིག་དེ་བརྫད་འདུག གང་ལྟར་ཡང་གོང་དུ་བབ་ཅོལ་སྨྲ་བ་ལ་བྲིས་པའི་ཡི་གེ་དེ་ཐང་ཤ་ཤེས་བཏངས་ཟིན་པ་དེ་ནི་ང་ཡི་ནོར་འཁྲུལ་རེད། བརྒྱ་ཆའི་ཀློག་པ་པོ་རྣམས་ལ་དགོང་དག་ཞུ་བ་ཡིན། དེ་མིན་གོང་དུ་རྩ་བའི་ནང་དུ་ ༼འདི་ལ་དགོས་ངེས་ཀྱི་ཆ་རྐྱེན་བསྐྲུན་པར་ཆབ་སྲིད་དང་འཛིན་སྐྱོང༌། ཆོས་དང་རིག་གཞུང༌། རྒྱལ་རབས་དང་ལོ་རྒྱུས། ཕྱི་ནང་སྐད་ཡིག་དང་ཁྲིམས་ལུགས། ལས་དོན་ལག་བསྟར་བྱེད་པར་འཇོན་ཐང་དང་བློ་ཁོག་ཡོད་པ་བཅས་ཡོན་ཏན་སྣ་མང་འཛོམས་པ།༽མ་འདུས་པའི་ཆ་སྐྱེན་ཞིག་ཁྱོད་ཀྱིས་རྙེད་མི་འདུག གང་ལྟར་ཡང་ཁྱོད་ནི་ཤེས་མེད་བཤད་ལ་དགའ། །གོས་མེད་ཤོམ་ལ་དགའ། །ཞེས་པའི་དཔེ་ལྟར་ཡིན་པའི་བབ་ཅོལ་ཅི་དགར་སྨྲོས་དང་།

    Reply
  7. ཨ་རིག་གླེན་རྒན། says:
    ལོ་ 16 སྔོན།

    གང་ལྟར་ང་ཚོས་རྩོད་གཞི་གཞིས་བཞུགས་བོད་མའི་རང་དབང་ཡིན་ལ་ཐོབ་དགོས་པའང་དེ་རེད། དེས་ན་བོད་ལ་ལོག་འདོད་མེད་མཁན་ཞིག་བཀའ་ཁྲིར་བསྐོས་མི་རུང་ཚང་མའི་གཟབ་གཟབ་བྱོས།

    Reply
  8. ཨ་རིག་གླེན་རྒན། says:
    ལོ་ 16 སྔོན།

    གང་ལྟར་ང་ཚོས་རྩོད་གཞི་གཞིས་བཞུགས་བོད་མའི་རང་དབང་ལ་ཐོབ་དགོས་པའང་དེ་རེད། དེས་ན་བོད་ལ་ལོག་འདོད་མེད་མཁན་ཞིག་བཀའ་ཁྲིར་བསྐོས་མི་རུང་ཚང་མའི་གཟབ་གཟབ་བྱོས།

    Reply
  9. ཨ་རིག་གླེན་རྒན། says:
    ལོ་ 16 སྔོན།

    བོད་ཀྱིས་ལས་དོན་གཙོ་བོ་བོད་ནང་ལ་ཁ་ཕྱོགས་དགོས་རེད།
    རྒྱུ་མཚན་དེའི་ཕྱིར་གོང་གི་འོས་མིང་ཁྲོད་ནས་རེ་བ་ཆེ་ཤོས་་འབྲོང་ཆུང་དངོས་གྲུབ་དང་རྔ་བ་ཚེ་རྒྱམ་གཉིས་རེད། གཞན་རྣམས་ལ་སེམས་ཐག་རེད་བཞག
    འོན་ཀྱང་སྡིག་ནག་པོ་ཐུག་ན་བློ་སྙན་དང་སྤེན་ཚེ་སོགས་ཀྱང་འདེམ་རྒྱུ་རེད

    Reply
  10. དགེ་བསྐོས། says:
    ལོ་ 16 སྔོན།

    སྒོ་མང་བསྟན་པའི་སེམས་ཀྱི་བཀའ་བློན་ཁྲི་བའི་འོས་མི་རྣམས་ལས། རང་ཉིད་ཀྱིས་བརྒྱ་ཆའི་བརྒྱ་ཡིས་རྒྱབ་སྐྱོར་བྱེད་ཐུབ་པ། རྔ་བ་ཚེ་རྒྱམ། འབའ་པ་སྐལ་བཟང་རྒྱལ་མཚན། སྤེན་པ་ཚེ་རིང་གསུམ་རེད། གཞན་པ་བློ་བཟང་སྙན་གྲགས་དང་ཀརྨ་དགེ་ལེགས་གཉིས་སྔོན་མ་བསྡད་ནི་རེད། བཀའ་བློན་དང་ཤེས་དྲུང་ཆེ་བསྡད་དེ་ང་ཚོར་ཁ་མིག་ཡར་ལ ་ལྟ་དགོས་སའི་བྱ་བ་ཅི་ཞིག་བྱས་སོང་། ང་ཚོས་མྱི་འདི་མོ་འདི་ད་དུང་གླེང་འོང་དུས་ངའི་མགོ་ན་ནི་ཞིག་རེད་ཡ། དེའི་འཕྲོ་མ་དག་མི་ཤེས་ཅིག་ཡིན་པར་སྨོན། གང་ལྟར་བཀའ་བློན་གྱི་འོས་གཞིའི་སྐོར་ངོ་མས་གླེང་དགོས་པ་ཞིག་རེད། ང་ཚོས་མུ་མཐུད་དུ་གླེང་།

    Reply
  11. ཨ་རིག་གླེན་རྒན། says:
    ལོ་ 16 སྔོན།

    ཨོ་་་་ད་ཡིན་ན་འགྲིག་མི་འདུག་ཨ་རིག་གླེན་རྒན་གྱིས་དྲ་གྲོགས་གཞན་མིང་ཅན་ལ་ཁོང་ཁྲོ་སླང་ནས་དུས་བབ་དྲ་ཚིག་རྦད་དེ་བརྫད་འདུག་། བོད་རིགས་དྲ་གྲོགས་རྣམས་ལ་དགོང་དག་ཞུ་ཞུ།
    གྲོགས་གཞན་མིང་ཅན་ལགས་ཀྱིས་དངོས་གནས་མ་ཤེས་བ་ཡིན་ན་སྐབས་བབ་ཀྱི་བརྗོད་གཞི་སྟེ་བཀའ་ཁྲི་དང་འབྲེལ་པའི་བོད་ཚིག་འགའི་བརྡ་དོན་ཁྱེད་ལ་ཁྲིད་ཆོག་པས་དགའ་གུས་སྔོན་བཏང་གི་སོམ་ཅིག
    བོད་ཀྱི་བཀའ་ཁྲི་ལ་འཛོམ་དགོས་པ་ལྔ་དང་ངེས་པར་འཛོམ་དགོས་པ་གསུམ་ཡོད།
    ༡ ཤེས་ཡོན། ༢ རིགས་ཞེན། ༣ ལྷག་བསམ། ༤ རང་ཚིག་ཟིན། ༥ འཇོན་ཐང་བཅས་ཡིན་དང་པོ་གསུམ་ངེས་པར་ཚང་དགོས།
    ༡ རང་ཉིད་ཀྱི་རིན་ཐང་དང་ཉེན་ཁ་ཤེས་དགོས་གཞན་གྱི་ཀུན་སྤྱོད་ཤེས་དགོས་འཁོར་ཡུག་གི་གནས་སྟངས་ཤེས་དགོས་པས་སོ།། ༢ མི་རིགས་ལ་ཞེན་པ་སྟེ་ཞེན་ཁོག་གི་སེམས་ཚོར་དྲག་པོ་ཡོད་ན་བསམ་བློ་དེའི་ཆེད་དུ་གཏོང་རྒྱུ་དངོས་དེའི་ཆེད་དང་དུས་ཚོད་དེའི་ཆེད་མདོར་ན་ཡོད་ཚད་དེའི་ཆེད་དུ་གཏོང་ཐུབ།
    ༣ ལྷག་པའི་བསམ་པའི་མ་འདང་ན་རིགས་ཞེན་ཕྱོགས་རེ་བར་གྱུར་ཚེ་ཕན་ལས་གནོད་ཆེ་འབྱུང་བ་ང་ཚོར་ཉམས་མྱོང་ཡོད་ངེས།
    ༤ ལང་ཕྱོགས་བརྟན་པོ་མེད་ན་ལས་དོན་རྒྱུན་སྐྱོང་མི་ཐུབ་ལ་སྟབས་ཉེས་ན་གཡོ་སྒྱུ་ཅན་གྱིས་ལག་ཆར་འགྱུར་སྲིད་པས་སོ།
    ༥ ལས་དོན་ཡོད་ཚད་ལ་ཡོད་དགོས་པའི་ཆ་རྐྱེན་ཞིག་ཡིན་མི་སྒེར་གྱིས་འཇོན་ལ་ཚོགས་པས་ཀྱང་འཇོན་སྐབས་རེར་སྒོར་གྱིས་ཀྱང་འཇོན་གྱིན་པའོ།
    འདི་དག་བརྡ་དོན་གཉིས་ག་རྦད་དེ་མི་འདྲ་བ་ཤེས་སོང་ངམ་གྲོགས་གཞན་མིང་ཅན་། གལ་ཏེ་ཁྱེད་ཀྱིས་གསུང་ན་ང་ཚོ་བོད་ཀྱི་བཀའ་ཁྲི་ལ་སུ་ཞིག་བསྐོས་ན་བཟང་གོང་གི་ཆ་རྐྱེན་འདི་དག་སུ་ལ་འཛོམ་འདུག་བོད་ཡིག་གི་ཆུ་ཚད་ལ་བལྟས་ན་ཁྱོད་བོད་པར་རྒྱུས་གང་འཚམ་ཡོད་འདྲ་། བསམ་པ་རྣམ་དག་གིས་བཤད་རྒྱུ་རེ་ཆེ།

    Reply
  12. Galaxy says:
    ལོ་ 16 སྔོན།

    ཨ་རིག་གླེན་རྒན། ཡང་གླེན་གཏམ་དང་བབ་ཅོལ་བཤད་འདུག གོང་དུ་རྒྱལ་རབས་ལོ་རྒྱུས་དང་ཁྲིམས་ལུགས། ལས་དོན་ལག་བསྟར་བྱེད་པར་འཇོན་ཐང་ཡོད་པ་ཞེས་སོགས་བྲིས་ཡོད་བཞིན་དུ་ད་དུང་ཁྱོད་ཀྱིས་༼གོང་གི་ཆ་རྐྱེན་ཐོག་འདི་ངེས་པར་ཏུ་སྣོན་དགོས་བར་འདོད། བོད་ཀྱི་སྲོད་རྒྱུན་རིག་གནས་དང་རྒྱལ་རབས་ལོ་རྒྱུས་འཁོར་ཡུག་བཅས་ལ་ཤེས་རྟོགས་ངེས་ཅན༽སྣོན་དགོས་སོགས་ཅི་ལ་ཟེར། མ་ཤེས་ཤེས་མདོག་དེ་འདྲ་བྱས་ན་ངོ་ཚ་བ་ལ།

    Reply
  13. Galaxy says:
    ལོ་ 16 སྔོན།

    ཨ་རིག་གླེན་རྒན། ཡང་གླེན་གཏམ་དང་བབ་ཅོལ་བཤད་འདུག གོང་དུ་རྒྱལ་རབས་ལོ་རྒྱུས་དང་ཁྲིམས་ལུགས། ལས་དོན་ལག་བསྟར་བྱེད་པར་འཇོན་ཐང་ཡོད་པ་ཞེས་སོགས་བྲིས་ཡོད་བཞིན་དུ་ད་དུང་ཁྱོད་ཀྱིས་༼གོང་གི་ཆ་རྐྱེན་ཐོག་འདི་ངེས་པར་ཏུ་སྣོན་དགོས་བར་འདོད། བོད་ཀྱི་སྲོད་རྒྱུན་རིག་གནས་དང་རྒྱལ་རབས་ལོ་རྒྱུས་འཁོར་ཡུག་བཅས་ལ་ཤེས་རྟོགས་ངེས་ཅན༽སྣོན་དགོས་སོགས་ཅི་ལ་ཟེར། མ་ཤེས་ཤེས་མདོག་དེ་འདྲ་བྱས་ན་ངོ་ཚ་བ་ལ།

    Reply
  14. Galaxy says:
    ལོ་ 16 སྔོན།

    ཨ་རིག་གླེན་རྒན། ཡང་གླེན་གཏམ་དང་བབ་ཅོལ་བཤད་འདུག གོང་དུ་རྒྱལ་རབས་ལོ་རྒྱུས་དང་ཁྲིམས་ལུགས། ལས་དོན་ལག་བསྟར་བྱེད་པར་འཇོན་ཐང་ཡོད་པ་ཞེས་སོགས་བྲིས་ཡོད་བཞིན་དུ་ད་དུང་ཁྱོད་ཀྱིས་༼གོང་གི་ཆ་རྐྱེན་ཐོག་འདི་ངེས་པར་ཏུ་སྣོན་དགོས་བར་འདོད། བོད་ཀྱི་སྲོད་རྒྱུན་རིག་གནས་དང་རྒྱལ་རབས་ལོ་རྒྱུས་འཁོར་ཡུག་བཅས་ལ་ཤེས་རྟོགས་ངེས་ཅན༽སྣོན་དགོས་སོགས་ཅི་ལ་ཟེར། མ་ཤེས་ཤེས་མདོག་དེ་འདྲ་བྱས་ན་ངོ་ཚ་བ་ལ།

    Reply
  15. Galaxy says:
    ལོ་ 16 སྔོན།

    ཨ་རིག་གླེན་རྒན། ཡང་གླེན་གཏམ་དང་བབ་ཅོལ་བཤད་འདུག གོང་དུ་རྒྱལ་རབས་ལོ་རྒྱུས་དང་ཁྲིམས་ལུགས། ལས་དོན་ལག་བསྟར་བྱེད་པར་འཇོན་ཐང་ཡོད་པ་ཞེས་སོགས་བྲིས་ཡོད་བཞིན་དུ་ད་དུང་ཁྱོད་ཀྱིས་༼གོང་གི་ཆ་རྐྱེན་ཐོག་འདི་ངེས་པར་ཏུ་སྣོན་དགོས་བར་འདོད། བོད་ཀྱི་སྲོད་རྒྱུན་རིག་གནས་དང་རྒྱལ་རབས་ལོ་རྒྱུས་འཁོར་ཡུག་བཅས་ལ་ཤེས་རྟོགས་ངེས་ཅན༽སྣོན་དགོས་སོགས་ཅི་ལ་ཟེར། མ་ཤེས་ཤེས་མདོག་དེ་འདྲ་བྱས་ན་ངོ་ཚ་བ་ལ།

    Reply
  16. Galaxy says:
    ལོ་ 16 སྔོན།

    ཨ་རིག་གླེན་རྒན། ཡང་གླེན་གཏམ་དང་བབ་ཅོལ་བཤད་འདུག གོང་དུ་རྒྱལ་རབས་ལོ་རྒྱུས་དང་ཁྲིམས་ལུགས། ལས་དོན་ལག་བསྟར་བྱེད་པར་འཇོན་ཐང་ཡོད་པ་ཞེས་སོགས་བྲིས་ཡོད་བཞིན་དུ་ད་དུང་ཁྱོད་ཀྱིས་༼གོང་གི་ཆ་རྐྱེན་ཐོག་འདི་ངེས་པར་ཏུ་སྣོན་དགོས་བར་འདོད། བོད་ཀྱི་སྲོད་རྒྱུན་རིག་གནས་དང་རྒྱལ་རབས་ལོ་རྒྱུས་འཁོར་ཡུག་བཅས་ལ་ཤེས་རྟོགས་ངེས་ཅན༽སྣོན་དགོས་སོགས་ཅི་ལ་ཟེར། མ་ཤེས་ཤེས་མདོག་དེ་འདྲ་བྱས་ན་ངོ་ཚ་བ་ལ།

    Reply
  17. རྔ་བ་དགེ་འདུན་རྒྱ་མཚོ། says:
    ལོ་ 16 སྔོན།

    སྤྱི་ཟུར་སྒོ་མང་བསྟན་པ་ལགས་ཀྱིས་བཏོན་པའི་བཀའ་ཁྲིའི་འོས་མིའི་ནང་ནས་བཀའ་ཁྲི་ཟུར་པ་བསྟན་འཛིན་རྣམ་རྒྱལ་ལགས་དང་། སྐུ་སྒེར་དྲུང་ཆེ་རྔ་བ་ཚེ་རྒྱམ། སྤྱི་འཐུས་ཚོགས་གཙོ་སྤེན་པ་ཚེ་རིང༌ལགས་བཅས་ལ་རྒྱབ་སྐྱོར་བརྒྱ་ཆ་བརྒྱ་ཐམ་པ་ཡོད།

    Reply
  18. ཡོན་ཏན says:
    ལོ་ 16 སྔོན།

    ང་ཚོས་མ་འོངས་བཀའ་ཁྲི་ཡང་ཤེས་འཇོན་གཉིས་ལྡན་ཐོགས་བོད་སྤྱི་པའི་ལས་དོན་བསྒྲུབ་པར་༧གོང་ས་མཆོག་གི་དགོངས་གཞི་དང་མཐུན་པའི་ལྷག་བསམ་ཅན་ཞིག་འཚོལ་རྒྱུ་གལ་ཤིན་ཏུ་ཆེ།།

    Reply
  19. ཨ་མའི་གཅེས་ཕྲུག says:
    ལོ་ 16 སྔོན།

    གྲ་གྲོགས་ཤེལ་དཀར་བློ་བཟང་ལགས། བཀའ་བློན་ཐུབ་བསྟན་ལུང་རིགས་མཆོག་མུ་མཐུད་བཀའ་བློན་ཐེངས་གཉིས་ཁུར་ཚར་བས་ཡིན་རྒྱུ་རེ་ཀོ།

    Reply
  20. ཨ་མའི་གཅེས་ཕྲུག says:
    ལོ་ 16 སྔོན།

    ༡ སྐུ་སྒེར་དྲུང་ཆེ་ཚེ་རྒྱམ་ལགས། ༢ བདེ་སྲུང་བཀའ་བློན་འབྲོང་ཆུངདངོས་གྲུབ་ལགས། ༣ དམིགས་བསལ་སྐུ་ཚབ་རྒྱ་རི་བློ་གྲོས་རྒྱལ་མཚན་ལགས་གསུམ་བཀའ་བློན་ཁྲི་བ་འོས་ཤོས་སུ་མཐོང།

    Reply
  21. ཤེལ་དཀར་བློ་བཟང་། says:
    ལོ་ 16 སྔོན།

    དྲ་གྲོགས་ཚོ་དང་ལྷག་དོན་སྤྱི་ཟུར་སྒོ་མང་བསྟན་པ་ལགས།
    ངས་ད་བར་ཁྱེད་ཚོའི་བསམ་ཚུལ་ཀློག་ནས་བསྡད་པ་ཡིན་འོན་ཀྱང་། ཁྱོད་ཚོས་བཀའ་བློན་ཐུབ་བསྟན་ལུང་རིགས་ལ་གོང་གི་ཆ་རྐྱེན་ག་རེ་མ་ཚང་བ་ཡིན་ནམ། ཡང་ན་ཁྱེད་ཚོས་ཁོང་གི་ལོ་རྒྱུས་མ་ཤེས་པ་ཡིན་ནམ་འོས་གཞིའི་ནང་ཟུར་ཙམ་ཡང་མི་གླེང་དོན་ཅི།།

    Reply
  22. བདེ་བ་ཅན། says:
    ལོ་ 16 སྔོན།

    ངས་གོང་དུ་བརྗོད་ཟིན་པ་ལྟར། སོ་་སོས་འདེམས་བྱར་འོས་པའི་མི་དེ་དག་གི་རྒྱབ་ལྗོངས་ལོ་རྒྱུས་དང་ད་ལྟ་བར་ལས་དོན་གང་ཞིག་གྲུབ་འབྲས་ལྡན་པ་བྱས་ཡོད་མེད་ཐད་གསལ་བཤད་དགོས་ཀྱི་འདུག་པ་མ་གཏོགས་བསམ་འཆར་བཏོན་པ་་ཚང་མ་མིང་སྟོང་པ་གཅིག་པུ་བཏོན་ན་ཡག་པོ་མི་འདུག སོ་སོས་འདེམས་པའི་མི་དེ་ཚོས་ག་རེ་བྱས་ཡོད་པ་རེད་དམ། མ་འོངས་པར་ག་རེ་བྱ་ཐུབ་པའི་ནུས་པ་ཡོད་པ་རེད་དམ།
    ་ངས་ཞེན་ཁོག་དང་འཐེན་འཁྱེར་སྤངས་བོད་གཞིས་བྱེས་གཉིས་ཀྱི་དཀའ་ངལ་སེལ་ཐུབ་པའི་མི་སྣ་ཤེས་འཇོན་དང་ལྷག་བསམ། ལོ་ནའི་ཚད་གཞི། ད་བར་གྱི་གྲུབ་འབྲས་བཅས་ཀྱི་ཐོག་ནས་ད་ལྟའི་བདེ་སྲུང་ལས་ཁུངས་ཀྱི་བཀའ་བློན་འབྲོང་ཆུང་དངོས་གྲུབ་ལས་ལྷག་པ་ད་ལྟ་མིང་བཏོན་ཐུབ་མི་འདུག་ཅེས་ཞུ་གི་ཡོད་སྟབས་ཁོང་ནང་བཞིན་འདི་དང་འདི་ཡོད་རེད། ད་བར་ཕྱག་ལས་འདི་གནང་བ་རེད་ཅེས་སུ་ལ་གསུང་རྒྱུ་མི་འདུག་པས་གང་ལྟར་ང་ཚོས་ཕྱི་ལོ་ ༢༠༡༡ ལོའི་བཀའ་ཁྲིའི་འོས་མི་དེ་འབྲོང་ཆུང་དངོས་གྲུབ་ཡིན་པ་ཁས་ལེན་བྱས་ན་ཏག་ཏག་མ་རེད་པས། ཡིན་ནའི་རང་དབང་ལུང་པ་སོང་ཙང་སོ་སོའི་འདེམས་བྱར་རག་ལུས་ཡོད་པས་གང་འདོད་པ་ཡོད་པ་དེར་འོས་བླུགས་ན་དགའ་ ཤོས་རེད། ཡིན་ན་འང་གང་ལྟར་ང་དང་ངའི་ལྟ་བ་དང་མཐུན་པའི་མི་སྣ་ཆིག་སྟོང་བཞི་རྒྱ་ཙམ་གྱི་འོས་མི་དེ་འབྲོང་ཆུང་དངོས་གྲུབ་ལ་ཕུལ་རྒྱུར་ད་ལྟའི་ཆར་ཧ་ལམ་གཏན་འཁེལ་ཚར་བ་ཡིན་དོ།།

    Reply
  23. དགེ་འདུན་རྒྱ་མཚོ says:
    ལོ་ 16 སྔོན།

    སྤྱི་ཟུར་སྒོ་མང་བསྟན་པ་ལགས་ཀྱིས་བཀའ་ཁྲིའི་འོས་མིག་བཏོན་པའི་ནང་ནས་བཀའ་ཁྲི་ཟུར་པ་བསྟན་འཛིན་རྣམ་རྒྱལ་ལགས་དང་། སྐུ་སྒེར་དྲུང་ཆེ་རྔ་བ་ཚེ་རྒྱམ་ལགས། སྤྱི་འཐུས་ཚོགས་གཙོ་སྤེན་པ་ཚེ་རིང་ལགས་བཅས་ལ་བརྒྱ་ཆ་བརྒྱ་རྒྱབ་སྐྱོར་ཡོད། ཐུགས་རྗེ་ཆེ།

    Reply
  24. དགེ་འདུན་རྒྱ་མཚོ says:
    ལོ་ 16 སྔོན།

    སྤྱི་ཟུར་སྒོ་མང་བསྟན་པ་ལགས་ཀྱིས་བཀའ་ཁྲིའི་འོས་མིའི་ནང་ནས་བཀའ་བློན་ཁྲི་ཟུར་བསྟན་འཛིན་རྣམ་རྒྱལ་ལགས་དང་། སྐུ་སྒེར་དྲུང་ཆེ་རྔ་བ་ཚེ་རྒྱམ་ལགས། སྤྱི་འཐུས་ཚོགས་གཙོ་སྤེན་པ་ཚེ་རིང་ལགས། སྤྱི་ཟུར་ཐུབ་བསྟན་བསམ་འགྲུབ་ལགས་བཅས་ལ་བརྒྱ་ཆ་བརྒྱ་རྒྱབ་སྐྱོར་ཡོད།

    Reply
  25. གནས་ཚང་། says:
    ལོ་ 16 སྔོན།

    ༡ བཀའ་བློན་ཁྲི་ཟུར་བསྟན་འཛིན་རྣམ་རྒྱལ།
    ༢ བདེ་སྲུང་བཀའ་བློན་འབྲོང་ཆུང་དངོས་གྲུབ།
    ༣ སྐུ་ཚབ་སྐལ་བཟང་རྒྱལ་མཚན།
    ༤ སྐུ་སྒེར་དྲུང་ཆེ་ཚེ་རྒྱམ།

    གོང་གི་འདི་བཞི་ཅུང་ཡག་པོ་འདུག འོན་ཀྱང་། ང་རང་གི་འཆར་གཞི་འདི་ཡིན་ཞེས་པ་ཞིག་ཁུར་ཡོང་རྒྱུ་མེད་ན་ཁག་པོ་རེད། གཞན་མང་གཙོའི་ཁ་དོག་འགྱུར་འགྲོ་གི་འདུག་ལ། མ་གཞི་ནས་རྒྱ་ནག་གཞུང་ལ་མགོ་བཏགས་ཚར་ཟིན་པའི་འབྲས་བུ་ཡིན་སྲིད་པ་ཞིག་རེད། དེ་མ་གཏོགས་འོས་མི་སོ་སོའི་ངོས་ནས་ཡར་ལངས་དགོས་ཀྱི་རེད་མ་གཏོགས་གཤམ་དུ་འདི་ཡག་པོ་འདུག་ཅེས་པ་ནི་དགོད་བྲོ་བ་ཞིག་རེད། རྩེད་མོ་ཞིག་རེད། ཡང་ཅིག་བཤད་ན། སྐུ་དྲག་གི་རྩེད་མོ་ཞིག་རེད། བཙན་བྱོལ་བོད་མིའི་ཤེས་ཚད་ཀྱིས་མ་འདང་བ་བེད་སྤྱོད་བྱེད་ཀྱིན་པའི་རྟགས་ཤིག་རེད།

    Reply
  26. ནོར། says:
    ལོ་ 16 སྔོན།

    བདེ་སྲུང་བཀའ་བློན་འབྲོང་ཆུང་དངོས་གྲུབ་ལགས་དང་སྐུ་སྒེར་དྲུང་ཆེ་ཚེ་རྒྱམ་ལགས་གཉིས་ཆེས་འོས་ཤོས་རེད། ད་དུང་སྤྱི་ཟུར་སྒོ་མང་བསྟན་པ་ལགས་ནས་སྐུ་སྙུང་ཁྱད་བསད་ཀྱིས་འོས་མི་འདི་དག་བཏོན་པར་ཐུགས་རྗེ་ཤིན་ཏུ་ཆེ།

    Reply
  27. རིག་སྨོན་ says:
    ལོ་ 16 སྔོན།

    འདིའི་སྐོར་བགྲོ་གླེང་ཡག་པོ་ཞིག་བྱེད་ཐུབ་ན་འབྲས་བུ་ཡང་ཡག་པོ་ཞིག་སྨིན་ངེས་རེད།

    Reply
  28. བདེ་བ་ཅན། says:
    ལོ་ 16 སྔོན།

    ངའི་བལྟ་ཚུལ་བྱས་ན་ཕྱི་ལོ་ཉིས་སྟོང་བཅུ་གཅིག་་ལོའི་བཀའ་ཁྲིའམ་བཀའ་ཁྲི་ཐེངས་གཉིས་པ་དེ་ལོ་ན་གཞོན་ཙམ་ཞིག་ལ་ཐོབ་རྒྱུ་དེ་ཉི་མོའི་གཉིད་ལམ་རེད། དེ་ལྟར་ཡོང་ཐབས་ཀྱང་མེད། གང་ཡིན་ཟེར་ན་འོས་་གཞིའི་ནང་སླེབས་བཞིན་པའི་ལོ་གཞོན་ཙམ་ཡིན་པ་མང་པོ་ཞིག་བཙན་བྱོལ་བོད་མིའི་འདུས་སྡོད་ཆེ་ཤོས་ཀྱི་སྤྱི་ཚོགས་དང་ཁ་བྲལ་ཏེ་ཚང་མ་ནུབ་ཕྱོགས་བདེ་ལྡན་ ཞིང་དུ་ཕེབས་ཚར་བ་རེད། ཁོང་ཚོར་སོ་སོའི་མི་རིགས་་ཀྱི་འདུས་སྡོད་ཆེ་ཤོས་ཡིན་པའི་ས་གནས་སུ་བསྡད་དེ་མི་རིགས་དེར་འཕྲད་བཞིན་པའི་དཀའ་ངལ་ལ་གདོང་ལེན་བྱ་རྒྱུའི་ནུས་པ་ལྡེང་གི་ཡོད་མ་རེད། དེ་འདྲ་སོང་ཙང་ཁོང་ ཚོས་མིང་དང་མཚན་མཐོང་་འཁུར་འདོད་པ་ལས་དཀའ་ལས་རྒྱག་མི་འདོད་པ་དང་། དཔོན་པོ་བྱེད་འདོད་པ་ལས་དམངས་ཀྱི་དཀའ་ངལ་སེལ་རྒྱུའི་ནུས་པ་དང་འདུན་པ་མེད་པ་མཚོན་གྱི་ཡོད། འོན་ཏེ་བོད་ནས་འབྱོར་ཏེ་སློབ་སྦྱོང་བྱས་པའམ་རྒྱ་གར་ནང་འཚར་ལོངས་བྱུང་སྟེ་ལོ་ངོ་མང་པོའི་རིང་གཞུང་མང་ཞབས་འདེགས་ཞུས་ཏེ་ཐེག་པ་རིམ་འཛེགས་ཀྱིས་བརྒྱུད་མྱོང་བ་དེ་ནི་མི་རིགས་དེའི་གནས་སྟངས་རྦད་དེ་མྱོང་གོམས་ཡོད་པ་མ་ཟད། དཀའ་ངལ་སེལ་རྒྱུའི་ཐད་ཐེངས་མང་པོར་གདོང་ལེན་བྱས་པའི་ཉམས་མྱོང་ཡོད་པ་དང། ཁོང་ཚོས་མི་ཚེའི་ནུས་ཤུགས་ཆེ་ཤོས་འདི་བོད་མི་རིགས་ཀྱི་ཆེད་དུ་བཏང་ཡོད་པས་མི་དེ་ཚོའི་རིགས་ལ་ཉིས་སྟོང་བཅུ་གཅིག་ལོའི་བཀའ་བློན་ཁྲི་པའི་འོས་མིར་བཞུགས་རྒྱུའི་རེ་བ་ཆེན་པོ་ཡོད། དེ་ནི་གོང་གསལ་མིང་གཞུང་བཏོན་པའི་ཁྲོད་ནས་ད་ལྟའི་བཙན་བྱོལ་བོད་གཞུང་བདེ་སྲུང་བཀའ་བློན་འབྲོང་ཆུང་དངོས་གྲུབ་གཅིག་པུ་ལས་ཡོད་མ་རེད། ཁོང་བོད་དུ་འཁྲུངས་རྗེས་རྒྱ་གར་ནང་འཚར་ལོངས་ཀྱིས་སློབ་གཉེར་གནང་བ་དང། རྒྱ་གར་ནང་འཚར་ལོངས་ཀྱིས་སློབ་མཐར་་ཕྱིན་རྗེས་༸གོང་ས་མཆོག་གི་སྐུ་ཕྱ་དང་བོད་གཞིས་བྱེས་ཀྱི་གནས་སྟངས་ཐོག་ལོ་ངོ་སུམ་ཅུ་ལྷག་གདོང་ལེན་བྱས་པའི་ཉམས་མྱོང་ཡོད་ལ། ལྷག་པར་བོད་དུ་ཐེངས་མང་པོར་དངོས་སུ་བསྐྱོད་དེ་བོད་་ཀྱི་དཀའ་གནད་སེལ་རྒྱུར་ཉམས་ཞིབ་གནང་མྱོང་ཡོད་ལ། གཞིས་ཞུགས་ཆོལ་གསུམ་འཐབ་རྩོད་པ་མང་དག་ཞིག་དང་སྔ་རྗེས་སུ་གདོང་་ཐུག་གི་བསམ་ཚུལ་བརྗེ་ལེན་དང་། དེ་དག་ལ་གདོང་ལེན་བྱས་པའི་ཉམས་མྱོང་ཡོད་ཅིང། བཙན་བྱོལ་སྤྱི་ཚོགས་ཁྲོད་་ཀྱི་དཀའ་རྙོག་མང་པོའི་བརྒྱུད་རིམ་ནང་གདོང་ལེན་བྱས་པའི་ཉམས་མྱོང་ཕུན་སུམ་ཚོགས་པོ་ཡོད་པས་ཁོང་ནི་ད་ལྟ་བཙན་བྱོལ་སྤྱི་ཚོགས་ནང་བཀའ་བློན་ཁྲི་པའི་མིང་གཞུང་བཏོན་ཟིན་པ་དང་བཏོན་འཕྲོར་ལུས་པའི་ཁྲོད་ནས་རེ་བ་ཆེ་ཤོས་ཡོད་པའི་མི་གཅིག་པུ་དེ་རང་རེད། བཙན་བྱོལ་ནང་ལས་དོན་བྱ་རིང་བོད་དུ་དངོས་སུ་ཉེན་ཁར་མ་འཛེམས་པར་གདོང་ལེན་བྱེད་པར་བསྐྱོད་མཁན་སུ་དང་སུ་ཡོད་དམ། ཧ་ཅང་ཁག་པོ་རེད། མི་རིགས་ཤིག་གི་གནད་དོན་སེལ་རྒྱུར་མི་རིགས་དེའི་གནད་དོན་དང་ལས་དོན་ཐད་ཡུན་རིང་ནས་གདོང་ལེན་དང་ནུས་པ་བཏོན་མྱོང་བའི་མི་ཞིག་དགོས་པ་ལས་ཤེས་ཡོན་ཡོད་པ་གཅིག་པུས་མི་རིགས་དེའི་དཀའ་ངལ་སེལ་མ་ཐུབ་ལ་རྒྱ་སྐད་ཤེས་པ་ཙམ་གྱིས་ཀྱང་ལམ་སེང་བོད་རྒྱའི་དཀའ་རྙོག་སེལ་མ་ཐུབ་པས་ད་ལྟའི་ཆར་ཤེས་ཡོན་དང་ལོ་ན། ལོ་རྒྱུས་ཀྱི་རྒྱབ་ལྗོངས། མི་སྣའི་འཇོན་ནུས་སོགས་ལས་ཕྱི་ལོ་ ༢༠༡༡ ལོའི་བཀའ་ཁྲི་འོས་མི་ཚད་དང་ལྡན་པའི་མི་གཅིག་ཡོད་པ་དེ་ནི་ད་ལྟའི་བདེ་སྲུང་བཀའ་བློན་འབྲོང་ཆུང་དངོས་གྲུབ་མ་གཏོགས་གཞན་ཁོང་ལ་འགྲན་ཐུབ་པའི་མི་སུ་ཡང་མི་འདུག་གོ།།

    Reply
  29. བོད། ཤ་ཁྲག་རུས་གསུམ། says:
    ལོ་ 16 སྔོན།

    ཁྱེད་ཅག་གིས་བསམ་ཚུལ་ཀློག་བཞིན་ཡོད།

    Reply
  30. རིག་འབྱུང་དོན་གྲུབ་བཀྲ་ཤིས། says:
    ལོ་ 16 སྔོན།

    ཁ་སང་སྔོན་མ་ཡང་། མདོ་སྔགས་བསྟན་འཛིན་ཞུ་བ་ཞིག་གིས། བཀའ་བློན་ཁྲི་བའི་འོས་མི་ཡིན་ཟེར་ནས་འོས་མི་འགའི་མིང་ྐློག་པ་པོ་ཚོའི་སྔོན་ལ་བཀྲམས་སོང་།
    དེ་རིང་ཡང་སྤྱི་ཟུར་སྒོ་མང་བསྟན་པ་ཞུ་བས་བཀའ་བློན་ཁྲི་བའི་འོས་མི་འགའ་འཁྱེར་ཡོང་འདུག ངེད་ཀྱིས་་ཁ་སང་སྔོན་མར་ཡང་ཞུས་བ་ཡིན།
    འོས་མི་རེ་འཁྱེར་ཡོང་རྒྱུ་འདི་དཀའ་མོ་ཞིག་མ་རེད་བསམ། ད་དུང་འདི་ལ་དགེ་མཚན་ཡོད་མེད་ཀྱང་བཤད་ཚོད་མི་འདུག འོན་ཀྱང་། རྒྱུ་མཚན་རྒྱབ་ལྗོངས་དང་བཅས་པ་ྐློག་པ་པོ་ཚོའི་སྔོན་ལ་འཇོག་ཐུབ་ན།
    ད་གཟོད་དེ་ལ་དཔྱད་རྒྱུ་དང་བསམ་རྒྱུ། བལྟ་རྒྱུ་ཚང་མ་འདུག་བསམ། དེ་མིན་མིང་འགའ་སྔོན་ལ་གཡུགས་ནས་བཞག་ན། དེས་བོད་མི་ཚོར་་བཀའ་བློན་ཁྲི་བ་འོས་འདེམས་ཀྱི་སྐོར་ལ་བློ་སྒོ་ཞིག་འབྱེད་ཐུབ་མིན་ཐེ་ཚོམ་རེད་བསམ།
    ད་དུང་མུ་མཐུད་འདི་ལྟར། འོས་མི་འགའ་འཁྲིད་ཡོང་མཁན་ཡོད་ན། ངེད་ཀྱིས་འོས་མི་རེ་རེ་ལ་རྒྱུ་མཚན་རྒྱབ་ལྗོངས་དང་བཅས་པ་འཁྱེར་ནས་ཡོང་རོགས་ཞུ་བ་ཡིན།
    འདི་ནི་ངེད་ཀྱི་བལྟ་སྟངས་ཙམ་ཡིན།

    Reply
  31. རི་བོང། says:
    ལོ་ 16 སྔོན།

    དགེ་འདུན་རབ་གསལ། སྤྱི་མཐུས་ཚོགས་གཙོ་དང་། བཀའ་བློན་གང་རུང་བྱེད་མྱོང་མཁན་ཞེས་རྒྱག་དགོས་ཀྱི་འདུག དགོང་དག་དེ་ལབ་ན་ཁྱོད་ལ་ཆ་རྐྱེན་མ་ཚང་བ་ཆགས་འགྲོ་གི

    Reply
  32. མི་ནག་ཚང་ལུང་རིགས་རྒྱལ། says:
    ལོ་ 16 སྔོན།

    ངས་བཀའ་ཁྲི་རྗེས་མ་དེའི་ཕྱོགས་ལ་སྐད་ཆ་ཞིག་བཤད་དགོས་བསམ་ནས་ཡུན་རིང་ལྷག་སོང་། ལྷག་དོན་ནི་སྐད་ཆ་འདི་ལྗིད་ཤུགས་ཆེ་དྲག་ནས་མ་རེད། ང་རང་གི་དོགས་པ་ཡིན། དགོས་མི་དགོས་ཚང་མའི་ནང་ལ་སྐེ་བསྲིང་ནས་ཅི་བྱེད་བསམ་པ་ཡིན། ངས་མི་འགྱངས་པར་བསམ་འཆར་འགའ་གྲོགས་པོ་ཚོའི་ནང་ལ་འབུལ་རྒྱུའི་ཧུར་ཐག་བྱེད་ཀྱི་ཡིན།

    Reply
  33. གཡུ.དུག་སྦྲང says:
    ལོ་ 16 སྔོན།

    1 ་ཚེ་རྒྱམ་
    2་སྤེན་པ་ཚེ་རིང
    3འབྲོང་ཆུང་དངོས་གྲུབ

    ད་བསམ་བློ་བཏང་ན་འདི་གསུམ་པོའི་གཅིག་དགའ་ནི་འདྲ་ཟིག་རེད་།

    Reply
  34. སོག་ཤོད་ལྷག་བསམ། says:
    ལོ་ 16 སྔོན།

    1བཀའ་ཟུར་ཨ་རིའི་དོན་གཅོད་བློ་བཟང་སྙན་གྲགས།
    2སྐུ་སྒེར་དྲུང་ཆེ་ཚེ་རྒྱམ།
    3སྤྱི་འཐུས་ཟླ་བ་ཚི་རིང།
    གསུམ་ཡག་ཤོས་རེད། 

    Reply
  35. ཟུར་མཁར་ says:
    ལོ་ 16 སྔོན།

    སྤྱི་ཟུར་སྒོ་མང་བསྟན་པ་ལགས་ལ་ཐུགས་རྗེ་ཆེ་ཞུ་རྒྱུ། ད་ལྟ་བར་ཐོན་པའི་འོས་གཞིའི་ཁྲོད་སྐུ་ཉིད་ཀྱི་བཏོན་པའི་འོས་གཞི་ཡག་ཤོས་མཐོང་བྱུང་། རྒྱབ་སྐྱོར་ཡོད། ཡིན་ནའང་བཀའ་ཁྲི་གཅིག་ལས་དགོས་ཀྱི་མེད་ཙང་། སྐུ་ཉིད་ཀྱིས་བསམ་ཚུལ་ལ་དེ་དག་ལས་བཀའ་ཁྲིར་སུ་འཁོད་ན་འོས་ཤོས་མཐོང་གི་འདུག་གམ།
    གུས་པའི་བསམ་པར་བསྟན་འཛིན་རྣམ་རྒྱལ་དང་ཐུབ་སྟན་བསམ་འགྲུབ། སྐལ་བཟང་རྒྱལ་མཚན། གཡུ་ཐོག་ཀརྨ་དགེ་ལེགས་བཅས་ལོ་ན་རྒས་དྲགས་པ་དང་ནུས་པ་དང་འཇོན་ཐང་བཏོན་ཚར་པ་ཡིན་ཚང་། ཡང་བསྐྱར་འཛིན་སྐྱོང་སྟེང་སླེབས་ནའང་དེ་ཙམ་དགོས་པ་མ་མཐོང་། དེ་ལས་སྤེན་པ་ཚེ་རིང་དང་བློ་བཟང་སྙན་གྲགས། རྔ་བ་ཚེ་རྒྱམ་གང་རུང་ཞིག་འཁོད་པ་ཡིན་ན་བཙན་བྱོལ་སྤྱི་ཚོགས་དང་བོད་དོན་ལ་འགྱུར་བ་ཞིག་ཐེབས་པའི་རེ་བ་ཡོད་པ་རེད་བསམ་གྱི་འདུག དྲ་གྲོགས་མཁས་དབང་རྣམ་པས་བསམ་ཚུལ་ལྷུག་པོར་གསུངས་པའི་རེ་བ་ཡོད།

    Reply
  36. ཨ་རིག་གླེན་རྒན། says:
    ལོ་ 16 སྔོན།

    མཛེས་མ་ཚེ་རིང་སྐྱིད་ཀྱིས་་་ད་ལྟའི་ང་ཚོའི་བཀའ་བློན་ཁྲི་བ་འདི་ཨ་རིའི་སྲིད་འཛིན་ལས་ཀྱང་གལ་ཆེ་་་་ཟེར་བ་འདི་དོན་སྙིང་ལྡན་པའི་བསྒྲགས་གཏམ་གསར་བ་ཞིག་རེད

    Reply
  37. དགེ་འདུན་རབ་གསལ། says:
    ལོ་ 16 སྔོན།

    གོང་གསལ་ཆ་རྐྱེན་ཁག་ལ་དོན་ཚན་གཅིག་འཕར་མ་དགོས་པ་ནི།
    ད་བར་བཀའ་བློན་བྱས་མྱོང་མཁན་ཞིག་མ་ཡིན་པ། ཞེས་པ་འདི་འཇོག་འོས།

    Reply
  38. ཨ་རིག་གླེན་རྒན། says:
    ལོ་ 16 སྔོན།

    གོང་གི་ཆ་རྐྱེན་ཐོག་འདི་ངེས་པར་ཏུ་སྣོན་དགོས་བར་འདོད། བོད་ཀྱི་སྲོད་རྒྱུན་རིག་གནས་དང་རྒྱལ་རབས་ལོ་རྒྱུས་འཁོར་ཡུག་བཅས་ལ་ཤེས་རྟོགས་ངེས་ཅན་ཡོད་ལ་དེ་དག་རིན་ཐང་ཤེས་པ་ད་ལྟའི་བོད་ནང་གི་ཕྱོགས་ཡོངས་ཀྱིས་ཛ་དྲག་གི་གནས་སྟངས་དངོས་ཤེས་པའི་ཐོག་མྱུར་སྐྱོབ་ཀྱིས་ལྷག་བསམ་ཡོད་

    Reply
  39. རི་བོང། says:
    ལོ་ 16 སྔོན།

    བཀའ་བློན་དང་སྤྱི་མཐུས་ཟུར་བ་ལོ་མང་རིང་ལས་ཀའི་ཉམས་མྱོང་ཡོད་པ་ཚོས་འགན་ཞིག་ཁྱེར་ཏེ་འདི་ལྟར་མི་རབས་གསར་བར་ལམ་སྟོན་གནང་བར་ཐུགས་རྗེ་ཆེ།

    Reply
  40. གངས་ཕྲུག says:
    ལོ་ 16 སྔོན།

    ཁང་གསར་ལགས་ནས་མི་རེ་ངོ་རེའི་ལོ་རྒྱུས་སྙིང་བསྡུས་རེ་བཀོད་པ་དེར་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན། འོས་དམིགས་སོ་སོའི་སྤྱི་ཚོགས་ཀྱི་མྱོང་བ་དང་། སྲོལ་རྒྱུན་དང་དེང་དུས་ཀྱི་ཤེས་ཡོན་གནས་ཚད། ལས་དོན་གྲུབ་འབྲས། ལྷག་བསམ་དང་གདེངས་སྤོབས། ད་དུང་སྤྱི་ཚོགས་ནང་ལབ་གླེང་ཡོད་མེད་བཅས་ལ་དཔྱིད་ཕྱིན་པའི་རྟོག་ཞིབ་དགོས་པ་གལ་ཆེར་མཐོང་།

    Reply
  41. ཁང་གསར་རྡོ་རྗེ། says:
    ལོ་ 16 སྔོན།

    སྤྱི་ཟུར་སྒོ་མང་བསྟན་པའི་འོས་ཆོས་དང་པོར་༼བོད་མིའི་སྒྲིག་འཛུགས་དང་ཆབ་སྲིད་ཐོག་ཉམས་མྱོང་ཡོད་པ༌༽ཞེས་གསལ་འདུག བློ་བཟང་སེང་གེ་འོས་གཞིའི་ཁོངས་སུ་མ་བཅུག་པའི་རྒྱུ་མཚན་ཁོང་ལ་ཆ་རྐྱེན་འདི་མ་ཚང་བས་ཡིན་སྲིད།

    འོས་གཞི་ཆ་ཚང་ཡག་པོ་འདུག ༡ བཀའ་བློན་ཁྲི་ཟུར་བསྟན་འཛིན་རྣམ་རྒྱལ་ནི་ཤེས་ཡོན་ལྡན་ལ་མཐོང་རྒྱ་ཆེ་བ། རྒྱལ་སྤྱིའི་འགྲོ་སྟངས་ཤེས་པ། དེ་སྔོན་བཙན་བྱོལ་སྤྱི་ཚོགས་ཀྱི་ཕྱག་ལས་གནད་ཆེ་མང་པོ་གནང་མྱོང་ཡོད་པ་རེད། ༸གོང་ས་མཆོག་གི་སྐུ་ཚབ་སྐལ་བཟང་རྒྱལ་མཚན་ནི་སུད་སི་དོན་གཅོད་དང་སྐུ་སྒེར་དྲུང་ཆེ་སོགས་ཕྱག་ལས་གནད་ཆེ་མང་པོ་གནང་མྱོང་ཞིང་། མཐོང་རྒྱ་དང་ཤེས་ཡོན་ཡང་ཡག་པོ་ལྡན།
    སྐུ་སྒེར་དྲུང་ཆེ་རྔ་བ་ཚེ་རྒྱམ་ནི་བོད་རྒྱ་ཡིག་རིགས་གཉིས་ལ་མཁས་ཤིང་དེ་སྔོན་བདེ་སྲུང་བོད་གནས་ཉམས་ཞིབ་ཁང་གི་འགན་འཛིན་དང་ཐའེ་ཝན་དོན་གཅོད་གནང་མྱོང་། ཁོང་གིས་བོད་གཞིས་བྱེས་གཉིས་ཀ་དང་རྒྱ་ནག་བཅས་ཀྱི་གནས་ཚུལ་ཡག་པོ་ཤེས་ཀྱི་ཡོད།
    བཀའ་ཟུར་ཨ་རིའི་དོན་གཅོད་བློ་བཟང་སྙན་གྲགས་ནི། དེ་སྔོན་མང་གཙོ་ཚོགས་པའི་ཚོགས་གཙོ་དང་བོད་ཀྱི་འགྲོ་བ་མིའི་ཐོབ་ཐང་དང་མང་གཙོ་འཕེལ་རྒྱས་ལྟེ་གནས་ཁང་གི་འགན་འཛིན། སྤྱི་འཐུས། བཀའ་བློན་བཅས་གནང་མྱོང་བའི་ཐོག དབྱིན་བོད་གཉིས་ཀ་རང་རྐྱ་འཕེར་བ་ཤེས།
    སྤྱི་འཐུས་ཚོགས་གཙོ་སྤེན་པ་ཚེ་རིང༌ནི་དེ་སྔོན་བོད་ཀྱི་གྲོས་ཚོགས་དང་སྲིད་བྱུས་ཉམས་ཞིབ་ཁང་གི་འགན་འཛིན་ལོ་མང་གནང་སྟེ་ལས་དོན་གྲུབ་འབྲས་ཐོན་པ་བྱུང་ཡོད་ལ། དབྱིན་བོད་གཉིས་ཀ་རང་རྐྱ་འཕེར་བ་ཤེས། ལྷག་པར་གཞན་ལ་འབྲེལ་ལམ་འཛིན་ཕྱོགས་ཐད་ཆེ་ཉམས་མེད་པ་དང་གཤིས་ཀ་དྲང་།
    བདེ་སྲུང་བཀའ་བློན་འབྲོང་ཆུང་དངོས་གྲུབ་ནི། སློབ་གྲྭ་ཐོན་རྗེས་བོད་ནང་གསང་བའི་སྒོ་ནས་ཉམས་ཞིབ་ཏུ་ཕེབས་མྱོང་བ་དང་། དེ་རྗེས་གཞུང་ཞབས་ལོ་མང་གནང་སྟེ་སྐུ་ཚེ་ཧྲིལ་པོར་བོད་གཞུང་གི་ཞབས་འདེགས་ཞུས་ཡོད། ཁོང་གིས་བདེ་སྲུང་དྲུང་ཆེ་གནང་རིང་ལས་དོན་གང་ཅི་ཚགས་ཚུད་དང་ལྷག་པར་སྐུ་ཕྱྭའི་སྲུང་སྐྱོབ་ཞུ་སྒོ་ཧ་ཅང་ཡག་པོ་བྱུང་ཡོད། ཁོང་གིས་བོད་དབྱིན་ཧིན་གསུམ་རང་རྐྱ་འཕེར་བ་ཤེས་ཤིང་། གཟབ་བརླིང་བརྟན་གསུམ་གནང་ཐུབ་མཁན་ཞིག་ཡིན།
    སྤྱི་ཟུར་དབྱིན་ལན་དོན་གཅོད་ཐུབ་བསྟན་བསམ་འགྲུབ་སྐོར་ངས་དེ་ཙམ་མང་པོ་མི་ཤེས།
    ཤེས་རིག་དྲུང་ཆེ་ཀརྨ་དགེ་ལེགས་ལགས་ནི། བོད་དབྱིན་ཧིན་གསུམ་དང་ཉི་ཧོང་གི་སྐད་བཅས་ལ་ཐོགས་པ་མེད་པར་མ་ཟད། སྲོལ་རྒྱུན་གྱི་ནང་ཆོས་རིག་གནས་དང་དེང་རབས་ཀྱི་ཚན་རིག་ཤེས་བྱ་སོགས་ཕྱི་ནང་ཚང་མར་མཁས། སློབ་གྲྭ་ཐོན་རྗེས་ཆོས་དབྱངས་དུས་དེབ་ཀྱི་རྩོམ་སྒྲིག་པ་དང་། དེ་ནས་ཆོས་རིག་ལས་ཁུངས་ཀྱི་ལས་བྱེད། རིམ་པས་ཉི་ཧོང་སོགས་ཀྱི་དོན་གཅོད། དེ་ནས་ཆོས་རིག་དྲུང་ཆེ། ད་ལྟ་ཤེས་རིག་དྲུང་ཆེ་གནང་མུས་རེད། མཁྱེན་རྒྱ་དང་ཕན་སེམས་ཆེ་ཞིང་ཕྱིའི་རྒྱལ་ཁབ་ཉི་ཤུ་རྩ་གྲངས་ལ་ཕེབས་མྱོང་ཡོད་འདུག

    འདི་ལྟར་བསམས་ན། ང་ཚོར་བཀའ་བློན་ཁྲི་པའི་འོས་མི་དཀོན་པའི་དཀའ་ངལ་མི་འདུག ད་ཁ་ལ་འོས་པའི་སོ་ཞིག་འདེམས་རྒྱུ་རེད།

    Reply
  42. གངས་ཕྲུག says:
    ལོ་ 16 སྔོན།

    ཉེ་སྔོན་བཀའ་ཁྲི་མཆོག་གིས་ ༢༠༡༡ ལོའི་འོས་ཤོག་སྔ་བསྣུར་གྱིས་འདི་ལོ་ཡོང་ཐབས་༧གསེར་སྙན་ཕུལ་ཡང་དགོངས་པ་མ་ཁྲོལ་བའི་བསྐོར་ཞིག་གོ་ཐོས་བྱུང་། ངས་དུས་བབ་དྲྭ་རྒྱའི་བསམ་འཆར་འདོན་ཡུལ་ཁ་ཤས་ནང་རྩོམ་སྒྲིག་པར་གནས་ཚུལ་ཞིབ་རྒྱས་ཤིག་འདོན་རྒྱུའི་རེ་བ་ཞུས་ཀྱང་རེ་བ་སྟོང་ཟད་དུ་ཕྱིན་སོང་། མཐར་སྟབས་ལེགས་ནས་ནོར་ཝེ་རླུང་འཕྲིན་ཁང་ནས་རིན་པོ་ཆེར་བཅར་དྲི་ཞིབ་རྒྱས་ཞུས་པར་ཉན་རྒྱུ་བྱུང་།

    དུས་བབ་ཐོག་ཐོན་གནས་”སྨྱོ་ནད་ཅན་ཇེ་མང་།” ཟེར་བ་དེའི་གྲས་ལས་གནས་ཚུལ་འདི་ཚོ་བལྡབ་མང་པོས་་གལ་ཆེར་བར་མཐོང་།

    རིན་པོ་ཆེའི་དགོངས་ཚུལ་དེར་དགྲ་ནག་གིས་ལོག་འགྲེལ་བྱས་པ་ཞིག་ཕ་ཡུལ་དྲྭ་རྒྱའི་ནང་ཐོན་འདུག་པས་དུས་བབ་ཀྱི་ཅང་མི་སྨྲ་བའི་རྟུལ་ཞུགས་བཟུང་སྟབས་བོད་ཡིག་ཐོག་ཀློག་འདོད་ཀྱང་དབྱིན་ཡིག་མ་ཀློག་ཀ་མེད་རེད།
    http://phayul.com/news/article.aspx?id=24937&article=China+presumes+power+struggle+in+Tibetan+PM%e2%80%99s+resignation+move

    ༧གོང་ས་༧སྐྱབས་མགོན་ཆེན་པོས་དགོངས་ཁྲོལ་མེད་པའི་རྒྱུ་མཚན་དེ་ག་རང་བཀའ་བསྩལ་འདུག །

    Reply
  43. མི་ནག་ཚང་ལུང་རིགས་རྒྱལ། says:
    ལོ་ 16 སྔོན།

    ད་ཐེངས་བློ་བཟང་སེང་གེ་ཐོ་གཞུང་ནང་དུ་བཅུག་མི་འདུག དེ་མ་གཏོགས་བཀའ་ཁྲིའི་མིང་བཏོན་ཚད་ཀྱིས་བློ་བཟང་སེང་གེ་ཞེས་སྐད་རྒྱག་གི་འདུག

    Reply
  44. ལྷ་ཆབ་སྦྱིན་པ། says:
    ལོ་ 16 སྔོན།

    སྤྱི་ཟུར་སྒོ་མང་བསྟན་པ་ལགས་ཀྱིས་བཏོན་པའི་བཀའ་བློན་འོས་མིའི་ཁོངས་ནས་བསྟན་འཛིན་རྣམ་རྒྱལ་དང་སྐལ་བཟང་རྒྱལ་མཚན། ཚེ་རྒྱམ། སྤེན་པ་ཚེ་རིང༌། འབྲོང་ཆུང་དངོས་གྲུབ་དག་ལ་རྒྱབ་སྐྱོར་བརྒྱ་ཆའི་བརྒྱ་ཡོད། གཞན་དག་མི་ཤེས། ད་ལྟ་བར་དུ་འདི་ལས་སྤུས་དག་ཅིག་མཐོང་མ་བྱུང༌།X

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese