མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

ཡར་ཀླུང་སྨྱུག་ཚོགས།

བོད་ཀྱི་དུས་བབ།
༢༠༠༩/༡༡/༡༥
Share on FacebookShare on TwitterShare on EmailShare on Whatsapp

ཟླ་འདིའི་ཕྱི་ཚེས་ ༧ ཉིན་ལྷོ་ཁ་རྩེད་ཐང་གྲོང་རྡལ་གྱི་དབུས་གཙང་གསོལ་ཚིགས་ཁང་དུ། སྐབས་གཉིས་པའི་ཡར་ཀླུང་སྨྱུག་ཚོགས་ཀྱི་བགྲོ་གླེང་འདུ་ཚོགས། ཞེས་པ་དེ་སྐོང་ཚོགས་གནང་ཡོད་པ་དང་། འདུ་ཚོགས་དེའི་སྟེང་བོད་ལྗོངས་སློབ་གྲྭ་ཆེན་མོའི་དགེ་རྒན་ ༦ དང་ཞིབ་འཇུག་སློབ་མ་ ༧ ། གཞན་རང་དབང་གི་རྩོམ་པ་པོ་དང་སྙན་ངག་པ་ ༩ བཅས་ཁྱོན་བསྡོམས་རྩོམ་པ་པོ་ ༢༢ ཙམ་མཉམ་ཞུགས་བྱས་ཡོད་འདུག སྐབས་དེར་སྙན་ངག་པ་གྲགས་ཆེན་ཀརྨ་དབང་གྲགས་ལགས་ཀྱིས་བཏོན་པའི་བརྗོད་གཞི་༼ ཡར་ཀླུང་ནས་བོར་ཟིན་པའི་རང་ཉིད་འཚོལ་བ ༽ ཞེས་པའི་ཐད་བགྲོ་གླེང་གནང་ཡོད་པ་དང་། བརྗོད་གཞི་དེ་དང་འབྲེལ་ཏེ་བོད་ཀྱི་རིག་གནས་དང་ཆོས་ལུགས། སྙན་ངག ལོ་རྒྱུས། བསམ་བློ་གསར་པ་བཅས་ཀྱི་ཐད་ཚོགས་ཞུགས་པ་རེ་རེ་ནས་གཏམ་བཤད་གནང་ཡོད་འདུག

འབྱུང་འགྱུར་ཡར་ཀླུང་སྨྱུག་ཚོགས་ཀྱི་འགན་ལེན་འོག ལོ་གཅིག་རིང་གི་གྲུབ་འབྲས་ཆེ་བའི་སྙན་ངག་པ་དག་ལ་བྱ་དགའ་སྟེར་རྒྱུ་ཐག་གཅོད་བྱུང་ཡོད་པ་དང་། ཡར་ཀླུང་སྙན་པོ་དབྱངས་གྲོལ་གྱི་བྱིས་སྒྲུང་༼ རི་བོང་སྤྱང་ཀི ༽ དང་ཀརྨ་དབང་གྲགས་ཀྱི་གཙོ་གཉེར་གནང་བའི་༼ ཤམ་ཆུའི་ལང་ཚོ ༽ ཞེས་པའི་ཚགས་པར་སོགས་དཔེ་དེབ་དང་ཚགས་པར། སྙན་ངག་སོགས་བརྩམས་ཆོས་ ༡༢ ལ་སྐབས་གཉིས་པའི་ཡར་ཀླུང་སྨྱུག་ཚོགས་ཀྱི་བགྲོ་གླེང་འདུ་ཚོགས་ཀྱི་བྱ་དགའ་བསྩལ་ཡོད་འདུག དེའི་རྗེས་ན་གཞོན་རྩོམ་པ་པོ་ལྷོ་གཉལ་ཟླ་དགྲ་དང་རྒོད་རྒྱལ། ཤེའུ་ཀུན་དཔལ། ལྷོ་སྨྱོན་བློ་བཟང་དོན་གྲུབ་སོགས་ཀྱིས་སྙན་ངག་གྱེར་འདོན་སོགས་བྱས་ཡོད་འདུག

ཐེངས་འདིའི་བརྗོད་གཞི་དང་འབྲེལ་ཏེ་ཚོགས་ཞུགས་པ་ལ་ལས་རང་ཉིད་བོར་བའི་གོ་རིམ་ནི་བདེ་སྡུག་གཅིག་གི་འགྲེལ་བ་ཡིན་ཚུལ་དང་། ལ་ལས་རང་ཉིད་བོར་བའི་ཚུལ་ནི་རིག་གནས་བོར་བ་དང་དུང་ཞེན་བོར་བ། འཆར་ཡན་བོར་བ། རྣམ་རྟོག་བོར་བ་སོགས་ཡིན་སྐོར་བཤད། ཡང་ལ་ཤས་ཀྱིས་རང་ཉིད་བོར་བའི་ཚུལ་ནི་རང་ཉིད་རྩད་ནས་ཕམ་ཉེས་ཤོར་བའི་མགོ་མཇུག་ཡིན་སྐོར་དང་། ལ་ལས་རང་ཉིད་བོར་བར་གོ་བ་གཏིང་ཟབ་ལོན་ཚེ་རང་རྒྱུད་ལ་དུང་ཞེན་གྱི་རྦ་རླབས་འཕྱུར་ཚུལ་སོགས་བརྗོད་དེ། འདུ་ཚོགས་དེ་ནི་ཡར་ཀླུང་བའི་སེམས་གཏམ་གླེང་བའི་སྡིངས་ཆ་གལ་ཆེན་ཞིག་ཆགས་ཡོད་འདུག  

འབྲེལ་ཡོད་གསར་འགྱུར།

Mobile App

བུད་མེད་སྒེར་ལངས་ཐེངས་ ༦༧ པ་སྲུང་གཙི་ཞུས་སོང་།

ཆུ་ཚོད་ ༦ སྔོན་ལ།
རྟག་བརྟན་ལའི་བགྲོད་ལམ། བོད་ཀྱི་དུས་བབ་ཀྱི་པར། ༢༠༢༦།༣།༡༢
Uncategorized

ཆར་དུས་བསླེབ་རྒྱུར་ཟླ་གསུམ་ལྷག་ལས་མེད་པས་གཙུག་ལག་ཁང་གི་གཤམ་འོག་གཞུང་ལམ་ཞིག་གསོ་མ་ཐུབ་ན་འགྲོ་ལམ་རྦད་དེ་ཆད་ཉེན་འདུག

ཆུ་ཚོད་ ༧ སྔོན་ལ།
བོད་ཀྱི་ཟློས་གར་ཚོགས་པའི་ཚོགས་ཁང་དུ་རྒྱ་གར་རྒྱལ་ཡོངས་བོད་དོན་རྒྱབ་སྐྱོར་ཚོགས་པའི་ཚོགས་ཆེན་ཐེངས་བརྒྱད་པ་དབུ་འཛུགས་གནང་བཞིན་པ། ༢༠༢༦།༣།༡༢ དུས་བབ་གསར་ཁང་གི་པར།
Mobile App

སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་གིས་གལ་སྲིད་འཛམ་གླིང་ནང་ཞི་བདེ་དགོས་ན་རྒྱ་ནག་ནང་ཞི་བདེ་ཡོང་དགོས་ཞེས་གསུངས།

ཆུ་ཚོད་ ༧ སྔོན་ལ།
གསུམ་བཅུའི་དུས་དྲན་ཉིན་ཨོ་གླིང་གྲོས་ཚོགས་འོག་མའི་ནང་གྲོས་ཚོགས་འཐུས་མི་ཌི་ཝི་ཌི་སི་མི་ཐི་ལགས་ཀྱིས་བོད་དོན་ཐོག་གཏམ་བཤད་གནང་། པར་ཐད་གཏོང་ནས་བླངས།
Mobile App

ཨོ་གླིང་གྲོས་ཚོགས་ནང་བོད་དོན་ཐོག་གྲོས་འཆར་བཏོན།

ཆུ་ཚོད་ ༧ སྔོན་ལ།
རྒྱ་ནག་གིས་དྲག་གནོན་དང་། དེའི་རིགས་ལ་སྒྱུ་རྩལ་དང་གསར་འགོད་ལས་རིགས་བརྒྱུད་གདོང་ལེན་ཇི་འདྲ་བྱེད་ཀྱི་ཡོད་པའི་སྐོར་ལ་མཁས་པའི་གཏམ་བཤད་ལས་རིམ་འཚོག་བཞིན་པ། ༢༠༢༦།༣།༡༡ དུས་བབ་གསར་ཁང་གི་པར།
Mobile App

རྒྱ་ནག་གི་དྲག་གནོན་སྐོར་ལ་མཁས་པའི་གཏམ་བཤད་ཀྱི་ལས་རིམ་འཚོགས།

༢༠༢༦/༠༣/༡༡
The third plenary meeting of the fourth session of the 14th National Committee of the Chinese People's Political Consultative Conference (CPPCC) is held at the Great Hall of the People in Beijing, capital of China, March 8, 2026. (Xinhua/Cao Yiming)
Mobile App

ཕྱི་ཟླ་ ༩ པའི་བདུན་ཕྲག་བཞི་པ་དེ་མི་རིགས་མཐུན་སྒྲིལ་ཡར་སྐུལ་གྱི་བདུན་ཕྲག་ཏུ་གཏན་འབེབ་བྱ་འཆར་འདུག

༢༠༢༦/༠༣/༡༡

མཆན། 8

  1. སྐྱ་ཀ says:
    ལོ་ 16 སྔོན།

    བལྟ་ཕྱོགས་རེ་རེ་ནས་བལྟས་ཚེ་ངོ་མ་དགའ་འོས་པ་ཞིག་དང་། བལྟ་ཕྱོགས་འགའ་ཞིག་ནས་བལྟས་ཚེ་ངོ་མ་སྐྱོ་ཡོང་བ་ཞིག

    Reply
  2. གོང་དཀར་ངག་རྣམ། says:
    ལོ་ 16 སྔོན།

    དངོས་གནས་ཡར་ཀླུང་གི་དར་མ་འདི་ཚོས་ཀྱང་། རང་ཡུལ་ནས་རང་ཡུལ་གྱི་སྙིང་སྟོབས་གླེང་བར་དགའ་སྤྲོ་དང་། གསར་འགྱུར་འདི་འོས་སྦྱོར་གནང་སྙིང་དབུས་ནས་ཐུགས་རྗེ་ཆེ་ཞུ་རྒྱུ་རྗེས་སོར་དེ་ལྟར་ཡོང་བར་ཞུ།

    Reply
  3. སྨར་དྷི་ཟེར། says:
    ལོ་ 16 སྔོན།

    ཨ་ཨ་ཨ་ཨ་ཨ་ཨ་ ཐུབ་བསྟན་ལགས། ཁྱེད་རང་ལ་ཁྱོད་རང་གི་མིང་དོན་དེ་ལྟར་ཁྱོན་ནི་ལྡན་མི་འདུག ཁྱོད་ལ་ཡ་ལན་སྤྲད་པ་ལས་ང་རང་གི་དུས་ཚོད་འདི་དམ་འཛིན་གྱིས་སྒྲོ་ལར་ཨ་སྒོར་བརྒྱ་ཉིས་བརྒྱའི་ལས་དོན་ལ་འབུངས་པར་བཟང་ན་ཡང། ལ་ཞེན་གྱི་རུས་པ་ཅི་ཡང་མེད་པ་དང་བཟང་བའི་ཤེས་ཡོན་ཏིལ་འབྲུ་ཙམ་ཡང་ཁྱོད་ལ་ལྡན་མི་འདུག་ཅེས་བརྗོད་འདོད་བྱུང་། ཁྱེད་རང་གི་མིང་ལ་ཐུབ་བསྟན་ཅེས་སུས་བཏགས་པ་ཡིན་ནམ། གངས་ཅན་བླ་མས་བཏགས་པ་རེད་དམ། ཡང་ན་ཁོ་ཚེ་ཚུལ་ཁྲིམས་དང་བཀྲིས་རྒྱ་མཚོ་གཉིས་ཐུན་མོང་གི་བཏགས་པ་རེད། ངའི་ད་བར་ཁམས་པ་ལ་ཁམས་པ་ངོ་མ་དང་རྫུན་མ། ཨ་མདོ་ལ་ཨ་མདོ་ངོ་མ་དང་རྫུན་མ། དབུས་གཙང་ལ་དབུས་གཙང་ངོ་མ་དང་རྫུན་མ་ཡོད་པ་ཐོས་མ་མྱོང་། ད་ནི་ཁྱོད་མི་ངན་ཁ་ནས་གཏམ་ངན་དང་། གཏམ་ངན་ཁ་ནས་ལྟས་ངན་འབྱིན་ཚུལ་ལ་བལྟས་པ་ཡིན་ན་ཁྱེད་རང་ཡང་ལུས་སེམས་མི་བདེའི་རྩོམ་པ་པོ་དམིགས་བསལ་བ་ཞིག་ཡིན་པ་འདྲ། ངའི་དུས་ནམ་ཡང་ང་རང་གི་ངོ་མིང་སྦས་ནས་རྐུན་མ་ལྟ་བུའི་སྨྱུག་མིང་ངམ་གསང་མིང་ཞིག་གིས་འོག་ནས་བསྡད་དགོས་དོན་མེད། ད་ལྟ་ད་དུང་ཁྱེད་རང་ལ་ངའི་གདོང་གི་པར་དགོས་ན་ངའི་མཁོ་སྤྲོད་ཞུ་ཆོག ཤེས་གསལ་ཞིག་ལ། ཁྱོད་ཀྱི་ཉིན་རེའི་བཟའ་ཆས་འཐུང་ཆས་ཕྲན་བུ་རེག་པ་རྣམས་ཀྱང་གཅིག་གིས་གཅིག་ལ་བརྒྱུད་དེ་རྒྱ་གུང་ཁྲན་གྱིས་གསོ་བཞིན་པ་ཇེ་གསལ་དུ་སོང་། སྤྱི་འཐུས་ཚོ་ནི་བོད་མི་མང་གི་ངོ་ཚབ་རེད། སྤྱི་འཐུས་ལྷན་ཁང་ལྟ་བུ་ནི་༧གོང་ས་མཆོག་གིས་དབུ་ཁྲིད་པའི་བོད་གཞུང་གི་ལས་ཁུངས་ཤིག་རེད། ཁྱེད་ཀྱི་སྤྱི་འཐུས་གསེར་རྟ་ཚུལ་ཁྲིམས་ལྟ་བུ་ལ་ཁ་གཏོང་ཕོད་པ་ནི་ཡ་མཚན་རེད། རྒྱ་ནག་གི་ཆབ་སྲིད་ཀྱི་གནས་བབ་ལ་ཉི་མ་རེ་རེ་བཞིན་འགྱུར་ལྡོག་འགྲོ་བཞིན་པ་རེད། ཁྱོད་རང་གི་ད་ལྟ་ནས་བསམ་བློ་ཡག་པོ་ཐོངས། ནམ་ཞིག་ཁྱེད་རང་གི་ཨ་ཞང་འགྱུར་ལྡོག་འགྲོ་བ་དང་ཁྱོད་རང་ཡང་འགྱུར་ལྡོག་མ་འགྲོ་ཀ་མེད་རེད་དོ།།།།

    Reply
  4. བློ་གྲོས་རྒྱལ་པོ། says:
    ལོ་ 16 སྔོན།

    རྨོག་རུ་བསྟན་པ་ཟེར་བ་དང་གསེར་རྟ་ཚུལ་ཁྲིམས་འོད་ཟེར་འབོད་པ། ནོར་བུ་གླིང་ཁ་ཟེར་བ་འདིའི་རིགས་ལ་ཤེས་ཚད་དང་བསམ་བློ་ཞིག་མེད་པ་འདྲ། བཟའ་ཚང་ངན་པའི་བཟའ་སྡུག་འདྲ་བོ་ཞིག་ལས་ཁ་ནས་ཐོན་རྒྱུ་དང་ལག་ནས་ལས་རྒྱུ་མེད་པ་དེ་གང་གིས་ལན་པ་རེད། མི་འདི་ཚོའི་གྲས་ལ་དམིགས་ཏེ་ཞིབ་འཇུག་ཚོགས་ཆུང་ངམ་བགྲོ་གླེང་ཚོགས་འདུ་ཞིག་བསྐོང་རན་འདུག

    Reply
  5. ལྷོ་ཕྲུག་སྣ་བོ་ཆེ། says:
    ལོ་ 16 སྔོན།

    རྣམ་རྟོག་བོར་ལ་ཆུགས། འཆར་ཡན་ཡང་བོར་ལ་ཆུགས།
    འོན་ཀྱང་རིག་གནས་དང་དུང་ཞེན་བོར་བ་གཏན་ནས་མི་འགྲིག

    ཡུལ་ཡར་ཀླུང་ནས་བོར་སོང་བའི་ནོར་བུ་ནི་བོད་བཙན་པོའི་སྙིང་སྟོབས་དང་བསམ་བློ་ཡིན།

    ཡར་ཀླུང་། བཙན་པོ་རྒྱང་ལ་གཤེགས་ཤུལ་གྱི་དུར་ས།

    Reply
  6. བསེ་རུ། says:
    ལོ་ 16 སྔོན།

    སྐབས་གཉིས་པའི་ཡར་ཀླུང་སྨྱུག་ཚོགས་ཀྱི་བགྲོ་གླེང་འདུ་ཚོགས་བདེ་བླག་ངང་ཚོགས་ཐུབ་པར་འཚམས་འདྲི་དང་། འབྱུང་འགྱུར་བཙན་པོའི་རྒྱལ་ཐབས་འཛིན་མཁན་གྱི་སྨྱུག་ཚོགས་ཤིག་ཏུ་འགྱུར་བར་སྨོན།།

    Reply
  7. རྨོག་རུ་བསྟན་པ། says:
    ལོ་ 16 སྔོན།

    གཞིས་ལུས་རྒྱ་ཆེའི་བོད་མི་ཚོའི་སེམས་ཀྱི་ཚ་དྲོད་དང་།་་རེ་བ།་་གཅིག་བསྒྲིལ་སོགས་ལ་ང་ཚོས་མིག་དཔེ་རེ་ལྟ་ཐུབ་ན་ཧ་ཅང་བཟང་མོད།་་་འདི་ན་ཏག་ཏག་ལྡོག་ཕྱོགས་སུ་ལངས་བ་འདྲ་ཞིག་ཆགས་ཀྱིན་འདུག་་་མི་ཉག་སྐལ་བཟང་ལགས།་གཞིས་ལུས་རྒྱ་ཆེའི་བོད་མིའི་ལས་གཞི་དང་འབྲེལ་བའི་སྐོར་ལ་བསམ་ཚུལ་སྤེལ་སྐབས་ཕྱོགས་གཉིས་ལ་དགོངས་བཞེས་གནང་དགོས་པ་གལ་ཆེན་པོ་མིན་འགྲོ་བསམ་གྱིན་འདུག་་་ཨ་ཞང་ཚང་རྣམ་རྟོག་གི་བདག་པོ་རེད།་་་་ང་ཚོས་ཁོ་ཚོར་ཕན་མ་ཐོགས་པར་གནོད་བསྐྱལ་ན་ཧ་ཅང་ཕངས་པོ་རེད།་་བསམ་ཚུལ་ཙམ་ཡིན།་་ཁ་དྲོ།

    Reply
  8. མི་ཉག་སྐལ་བཟང་། says:
    ལོ་ 16 སྔོན།

    དགའ་བསུ་ཚད་མེད་དང་རྗེས་སུ་ཡི་རང་ཡོད། ཁོང་ཚོ་བོར་སོང་བ་ནི་༧གོང་ས་མཆོག་དང་བྱེས་བཞུགས་སྤུན་ཟླ་ཚོ་རེད། ཁོང་ཚོས་འཚོལ་བཞིན་པའམ་༧གོང་ས་མཆོག་དང་བྱེས་བཞུགས་སྤུན་ཟླ་ཚོ་རེད། ཉིན་དང་ལོ་ཟླ་ཞག་གིས་ཁོང་ཚོས་ང་ཚོ་འཚོལ་བཞིན་པར་ལྟོས་དང་། ང་ཚོ་བག་བྲོ་བ་དང་ལྷོད་ལྷོད་བྱེད་བཞིན་སྡོད་བའི་དུས་ཚོད་ཅིག་མིན་པ་འདྲ། སྤུན་ཟླ་ཚོ་ཡར་ལོངས་ཤིག་ལྟོས་དང་།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese