མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

བོད་ཡིག་ལེགས་བཅོས་ཀྱི་བགྲོ་གླེང་ལ་བལྟས་རྗེས། བུ་ཆུང་ཚེ་རིང་།

བོད་ཀྱི་དུས་བབ།
༢༠༡༠/༠༤/༠༩
Share on FacebookShare on TwitterShare on EmailShare on Whatsapp

བུ་ཆུང་ཚེ་རིང་།

ཟླ་ ༤ ཚེས་ ༧ ཉིན་གྱི་ཨ་རིའི་བོད་སྐད་རླུང་འཕྲིན་གྱི་བརྙན་འཕྲིན་ལས་རིམ་ཀུན་གླེང་ཐོག་”བོད་ཡིག་ལེགས་བཅོས་”གླེང་གཞིའི་ཐོག་བཀའ་བསྡུར་གནང་བ་དེ་བལྟས་རྗེས་གུས་པར་ཚོར་བ་འདི་འདྲ་བྱུང་།

ཐོག་མར་བཀའ་བསྡུར་དེ་དུས་ལ་བབ་པ་རེད། དེང་སང་གི་སྤྱི་ཚོགས་གནས་སྟངས་འགྱུར་བ་ཕྱིན་ཡོད་པ་དང་། འཕྲུལ་ཆའི་རིགས་ཡར་རྒྱས་འགྲོ་རྐྱེན་གློག་ཀླད་སོགས་ལ་བོད་ཡིག་བེད་སྤྱོད་བྱེད་རྒྱུའི་གོ་སྐབས་མང་དུ་ཕྱིན་པའི་དུས་རེད། ཁོར་ཡུག་དེར་བརྟེན་བོད་མི་གཞོན་སྐྱེས་མང་པོས་བོད་ཡིག་ལ་ཐུགས་སྣང་གསར་པ་ཞིག་ཡོང་གི་ཡོད། དེའི་དཔེ་མཚོན་གཅིག་ནི་དྲ་རྒྱའི་ཐོག་ཟིན་བྲིས་དང་འཕྲུལ་སྒྲའི་༼ཊི་ཝི་ཊར་༽ ཐོག་བོད་ཡིག་བེད་སྤྱོད་གནང་མཁན་ཉིན་རེ་བཞིན་མང་དུ་འགྲོ་ཡི་ཡོད།

ཀུན་གླེང་ཐོག་སྐུ་མགྲོན་བསྟན་འཛིན་བདེ་སྐྱིད་ལཌ་དང་བསོད་ ནམས་རྒྱལ་མཚན་ལགས་གཉིས་ནས་སོ་སོའི་དགོངས་པ་བཞེས་ཕྱོགས་དེ་གསལ་པོ་བཟོས་གནང་སོང་། བསྟན་འཛིན་བདེ་སྐྱིད་ལགས་ནས་གཞོན་སྐྱེས་ཚོས་བོད་ཡིག་བེད་སྤྱོད་ལེགས་པ་ཡོང་ཆེད་འབྲི་སྟངས་ལ་འགྱུར་བ་བཏང་ནས་ཚིག་དབར་བར་སྟོང་འཇོག་རྒྱུ་བཟོ་གནང་དགོས་འདུག་གསུངས། ཁོང་གིས་གསུངས་པ་དེ་ནི་དེང་དུས་ཕྱིའི་སྤྱི་ཚོགས་ནང་འཚར་ལོངས་བྱེད་བཞིན་པའི་བོད་མི་གཞོན་སྐྱེས་བོད་ཡིག་ལ་ཐུགས་སྣང་ཡོད་མཁན་ཞིག་གི་དགོངས་ཚུལ་རེད། ཁོང་གིས་གསུངས་པ་དེ་འདྲ་བྱུང་བ་ཡིན་ན་བོད་ཡིག་ཀློག་བདེ་རུ་འགྲོ་རྒྱུ་ཡིན་པ་གསལ་པོ་རེད། བསོད་ནམས་རྒྱལ་མཚན་ལགས་ནས་འགྱུར་བ་དེ་འདྲ་བཏང་དགོས་པ་མི་འདུག་གསུངས་པ་དེ་ནི་སྔར་སྲོལ་འགྲོ་ལུགས་གཞིར་བཞག་ནས་གསུངས་ཀྱི་ཡོད་འདུག

ངའི་བསམ་པར་ཕྱོགས་གཉིས་ཀའི་བསམ་བློ་དང་མཐུན་པ་དང་བོད་ ཡིག་སློབ་སྦྱོང་བྱེད་རྒྱུར་ཕན་པ་ཡོང་རྒྱུར་བར་སྟོང་བཞག་རྒྱུའི་འགྲོ་ལུགས་དེ་ལམ་སེང་སྤྱི་ཡོངས་སུ་བེད་སྤྱོད་གནང་རྒྱུའི་ཚབ་ཏུ་བོད་ཡིག་སློབ་དགེ་ཚོས་དམའ་རིམ་སློབ་ཕྲུག་ཚོར་སློབ་ཕྲིད་གནང་སྐབས་ལམ་སྟོན་ཆེད་བེད་སྤྱོད་གནང་འགོ་བཙུགས་པ་ཡིན་ན་ཕན་ཐོགས་ཡོད་སྲིད་།
ཕྲུ་གུ་ཆུང་ཆུང་ཚོར་སློབ་ཚན་གང་ཞིག་སློབ་སྐབས་གོ་བདེ་པོ་བཟོ་རྒྱུ་དེ་གཙོ་བོ་རྩིས་པའི་ལུགས་སྲོལ་དེ་ང་རང་གི་བུ་ཨ་རིའི་སློབ་གྲར་ འགྲོ་བཞིན་པའི་ཉམས་མྱོང་ནས་ཚོར་གྱི་འདུག དཔེར་ན་དམའ་རིམ་འཛིན་གྲའི་ནང་སློབ་ཕྲུག་ཚོས་གོ་བ་ལེན་ཐུབ་མིན་དེར་གལ་ཆེ་བ་ རྩིས་ནས་ཡི་གེ་བྲིས་སྐབས་དག་ཆ་སོགས་ལམ་སྲོལ་དང་མ་མཐུན་བར་ནོར་གྱི་ཡོད་ཀྱང རྒན་ལགས་ནས་སྣང་མེད་བཞག་གི་འདུག

དེ་འདྲ་སོང་དམའ་རིམ་དུ་བོད་ཡིག་སློབ་སྦྱོང་བྱེད་སྐབས་བར་སྟོང་བཞག་ནས་གོ་བདེ་རུ་འགྲོ་བ་ཡིན་ན་དེ་འདྲ་གནང་ཐུབ་ན་ཡག་པོ་ཡོད་ཀྱི་རེད།
སྤྱི་ཚོགས་ནང་བར་སྟོང་བཞག་རྒྱུ་དེ་ལམ་སེང་ཁས་བླངས་ཁག་པོ་ཡིན་པ་དེ་ད་རེས་ཀུན་གླེང་ལས་རིམ་ཐོག་ཞལ་པར་གནང་མཁན་ཚོའི་དགོངས་ཚུལ་ནས་གཟིགས་ཐུབ།

ངའི་ བསམ་པར་ ལམ་སྲོལ་ བཟོ་ཆེད་ ཐོག་མར་ ཐུགས་སྣང་ ཡོད་མཁན་ འགའ་ཞིག་ ནས་ ཚོད་ལྟའི་ ཐོག་ནས་ ཟིན་བྲིས་ སམ་ གསར་ཤོག་ ཤིག་འགྲོ་ལུགས་ དེ་འདྲའི་ ཐོག་ནས་ བཏོན་པ་ ཡིན་ན་ དེར་ སྤྱི་ཚོགས་ ནས་ དོ་སྣང་ ཡོང་བར་ ཕན། མཐའ་མ་ སྐད་ གང་ཞིག་ གི་ འགྲོ་ལུགས་ ལ་ འགྱུར་བ་ འགྲོ་བར་ མང་ཚོགས་ ནས་ མོས་མཐུན་ གང་འདྲ་ ཡོད་མིན་ ལ་ རག་ལས་ ཡོད་།

དེ་རིང་ཞོགས་པ་གུས་པས་འཕྲུལ་སྒྲའི་༼ཊི་ཝི་ཊར་༽ཐོག་ཨ་རིའི་ རྩོམ་པ་པོ་ཨེ་ལེན་སྒ་ལ་སི་སྒོ་ཡི་གསུང་ཞིག་ལུང་འདྲེན་བྱས་པ་ཡིན། དེ་ནི་”འགྱུར་བ་ཚང་མ་འཕེལ་རྒྱས་མིན། འགུལ་སྐྱོད་ཐམས་ཅད་མདུན་སྐྱོད་མིན།” ལུང་འདྲན་དེ་བྱེད་སྐབས་ཀུན་གླེང་ཐོག་བཀའ་བསྡུར་དེ་འདྲ་ཞིག་ཡོང་གི་ཡོད་པ་ཚོད་དཔག་མེད། འོན་ཀྱང་ད་ལྟའི་འགྱུར་བ་དེ་ནི་འཕེལ་རྒྱས་ཕྱོགས་སུ་ཡིན་པ་དང་འགུལ་སྐྱོད་དེའང་མདུན་སྐྱོད་ཕྱོགས་སུ་ཡིན་པ་ཚོར་གྱི་འདུག

རྩོམ་ཡིག་འདི་ནི་ཁོང་གི་མོས་མཐུན་ལྟར་འདིར་བཀོད་པ་ཡིན།

འབྲེལ་ཡོད་གསར་འགྱུར།

TTT
Mobile App

རྒྱ་ནག་གཞུང་གིས་བོད་ནང་ལག་བསྟར་བྱེད་བཞིན་པའི་དྲག་གནོན་གྱི་སྲིད་ཇུས་ཁག་ལ་མཐའ་གཅིག་ཏུ་ངོ་རྒོལ་ཡོད།

ཆུ་ཚོད་ ༣ སྔོན་ལ།
Daily Hunt གསར་ཁང་གི་པར།
Mobile App

རྒྱ་ནག་གིས་ཨི་རན་ལ་གསང་བའི་ངང་དམག་མཚོན་གྱི་རོགས་འདེགས་བྱས་འདུག

ཆུ་ཚོད་ ༣ སྔོན་ལ།
TTTT
Mobile App

སྲིད་སྐྱོང་མཆོག་གིས་བོད་དོན་རྒྱབ་སྐྱོར་བ་ཞིག་གི་ནང་མིར་ཐུགས་གསོ་གནང་།

ཆུ་ཚོད་ ༧ སྔོན་ལ།
This picture taken and released by Taiwan’s Central News Agency (CNA) on April 7, 2026, shows Kuomintang Chairperson Cheng Li-wen (R) arriving in Shanghai Hongqiao International Airport. Taiwan's main opposition leader landed in China on Tuesday for a rare visit aimed at building cross-strait "peace", as the government warns Beijing will seek to stop US arms sales to the democratic island. (Photo by Lu Chia-jung / Central News Agency (CNA) / AFP) / Taiwan OUT - Macau OUT - China OUT / HONG KONG OUT
RESTRICTED TO EDITORIAL USE - MANDATORY CREDIT "AFP PHOTO / Central News Agency (CNA) Photo" - NO MARKETING - NO ADVERTISING CAMPAIGNS - DISTRIBUTED AS A SERVICE TO CLIENTS
Mobile App

ཐའེ་ཝན་གྱི་ཕྱོགས་འགལ་ཚོགས་པའི་ཚོགས་གཙོ་རྒྱ་ནག་ཏུ་ཕྱིན་འདུག

༢༠༢༦/༠༤/༠༧
tttt
Mobile App

ཨོ་གླིང་བོད་ཀྱི་གཞོན་སྐྱེས་ཆིག་སྒྲིལ་ལུས་རྩལ་འགྲན་ཚོགས་ཐེངས་བཅུ་བཞི་པ་དེ་འཚོག་འཆར་འདུག

༢༠༢༦/༠༤/༠༧
TTT
Mobile App

རྒྱལ་ཚོགས་ཀྱི་མདུན་དུ་ཆུ་ཚོད་དགུ་བཅུའི་རིང་ཟས་བཅད་ངོ་རྒོལ་བྱེད་བཞིན་འདུག

༢༠༢༦/༠༤/༠༧

མཆན། 98

  1. ཅོ་རི་ཉི་མ། says:
    ལོ་ 16 སྔོན།

    ཨ་མའི་བུ་ཆུང་ཚེ་རིང་ལགས།

    བོད་ཡིག་གི་བར་རུ་བར་སྟོང་འཇོག་དགོས་ཟེར་བའི་གནད་དོན་གཙོ་བོ་བོད་ཡིག་ཀློག་སླ་བ་དང་ཤེས་སླ་བའི་ཆེད་དུ་འདིར་གླེང་ཡོང་གི་ཡོད་རེད། དེར་ཡིན་དུས་དང་པོ་བོད་པའི་གཞོན་སྐྱེས་ཚོའི་བོད་ཡིག་ཡག་པོ་མི་ཤེས་པའི་རྒྱུ་མཚན་དང་བོད་མི་རིགས་ཀྱི་སྐད་ཡིག་འདིར་ཡར་རྒྱས་འགྲོ་མི་ཐུབ་པའི་རྩ་བ་ག་པར་ཐུག་འདུག་པར་རྙེད་དགོས། ང་ཅོ་རིའི་བསམ་ཚུལ་བཤད་ན་བོད་མི་གཞོན་སྐྱེས་ཚོའི་བོད་ཡིག་ཡག་པོ་མ་ཤེས་པ་དང་བོད་ཡིག་ཡར་རྒྱས་འགྲོ་མི་ཐུབ་པའི་རྒྱུ་མཚན་ནི།
    1.བོད་ཡིག་འདིར་བོད་མི་རྣམས་ཀྱི་དངོས་ཡོད་མི་ཚེའི་འཚོ་བ་དང་ཧ་ཅང་ཁ་ཐག་རིང་ཞིང་དེང་རབས་གསར་པའི་འཚོ་བའི་དགོས་མཁོ་སྒྲུབ་མི་ཐུབ་པ་དང་གཅིག
    2.གཉིས་ནས་བོད་ཀྱི་སྐད་ཡིག་ནང་དུ་དེང་རབས་གསར་པའི་རིག་གནས་མང་པོ་མེད་པ་དང་བོད་ཀྱི་གཞོན་སྐྱེས་མང་པོ་ཞིག་གིས་རང་གི་འཚོ་བ་དང་འབྲེལ་བ་མེད་པའི་སྐད་ཡིག་ཅིག་ལ་འགྱུར་དུས་སྣང་མེད་དུ་མི་འཇོག་དཀའ་མེད་ཡིན་པ་ཐལ། དགོས་མཁོ་མེད་པའི་ཕྱིར།

    3.འཛམ་གླིང་འདིའི་སྟེང་གི་རྒྱལ་ཁབ་མི་འདྲ་བ་རེ་ལ་སྐད་ཡིག་མི་འདྲ་བ་མང་པོ་ཡོད་པའི་ནང་དུ་ང་རང་ཚོའི་བོད་ཀྱི་སྐད་ཡིག་འདིར་བསླབ་དཀའ་ལས་ཁག་པོ་ཞིག་རྩ་བ་ནས་མིན། རྒྱ་ཡིག་ལྟ་བུར་མཚོན་ན་ཧ་ཅང་བསླབ་ཁག་པོ་ཡོད་པར་མ་ཟད་འབྲི་འདོན་དང་བསྡུ་འདོན་ཟེར་བ་མེད་པར་བརྗེད་ན་བརྗེད་གཅིག་བརྗེད་འགྲོ་བ་སོགས་དཀའ་ལས་ཁག་པོ་མང་ནའང་རྒྱ་མིའི་ཚོའི་བེད་སྤྱོད་བྱེད་བཞིན་ཡོད།

    4.ཁང་གསར་རྡོ་རྗེ་ལགས་སུ་ཞུ་དོན་དུ་བོད་ཡིག་ཚིག་གི་གཅད་མཚམས་བར་སྟོང་འཇོག་ནས་བྲིས་པ་ཡིན་ན་ཚིག་གི་བཅད་སྟངས་ཡག་པོ་ཤེས་མཁན་ཚོའི་བྲིས་པ་དེར་མི་ཤེས་མཁན་ཚོས་ཀློག་སླ་དང་དོན་གོ་སླ་བ་ཡོད་པར་བདེན་པ་རེད། ཡིན་ནའང་ཚིག་གི་བཅད་མཚམས་ཡག་པོ་མི་ཤེས་མཁན་ཚོའི་བར་སྟོང་འཇོག་ནས་བྲིས་པ་དེར་ཤེས་མཁན་ཚོས་དོན་མི་གོ་བ་ཞིག་ལ་འགྱུར་ངེས་ཡིན། དེ་འདྲ་ཡིན་དུས་བོད་ཡིག་ལ་བར་སྟོང་འཇོག་པ་འདིའི་ཕན་པ་ལས་གནོད་པ་མང་བའི་སྣང་མེད་དུ་གཏོང་ན་བསམ།
    བོད་མི་རྣམས་ཀྱི་བོད་ཡིག་ཡག་པོ་མི་ཤེས་པ་དང་བོད་ཡིག་ཡར་རྒྱས་མི་འགྲོ་བའི་རྒྱུ་མཚན་འདིར་ཐུག་ཡོད་ན་ཡིན་ཡིན། དེར་མིན་དོན་མེད་བོད་ཡིག་ལ་འགྱུར་གཏོང་དགོས་མདོག་བཤད་ན་རྒྱུ་མཚན་མི་འདུག་ཞུ་རྒྱུ་ཡིན།

    Reply
  2. སྟག་སྨྱོན། says:
    ལོ་ 16 སྔོན།

    ༼ང་ཚོས་ཅི་བྱས་ཐམས་ཅད་མང་ཚོགས་ཀྱི་འཚོ་བ་སྔར་བས་བདེ་སྐྱིད་ལྡན་པ་ཞིག་ཡོང་བའི་འགན་སྲུང་ཐུབ་པའི་ཆེད་དུ་ཡིན། ཞེས་པའི་བོད་སྐད་ཀྱི་བརྗོད་པ་འདི། དབྱིན་སྐད་ནང་བྲིས་ན། ཕལ་ཆེར་ Everything we do, we do to ensure that the people live a happier life. ཅེས་འབྲི་གི་རེད། ཡག་པོ་བསྡུར་དང་ཁྱད་པར་ག་རེ་འདུག དབྱིན་སྐད་ཀྱི་སྟོིང་ཆ་དེས་ནུས་པ་ཅི་ཐོན་འདུག༽ ཞེས་ཁང་སར་གྱིས་མི་འབྱོར་བའི་དཔེ་མང་པོ་དྲངས་ནས་ལན་བརྒྱབ་ཚོད་མེད་པ་བཟོ་གི་འདུག་ཀྱང་ཕྲན་ཙམ་བཤད་ཆོག། བོད་ཚིག་༼ང་ཚོས་ཅི་བྱས་ཐམས་ཅད་མང་ཚོགས་ཀྱི་འཚོ་བ་སྔར་བས་བདེ་སྐྱིད་ལྡན་པ་ཞིག་ཡོང་བའི་འགན་སྲུང་ཐུབ་པའི་ཆེད་དུ་ཡིན།༽ འདི་ནང་ཚིག་མཛོད་ནང་མི་རྙེད་པའི་མིང་གཅིག་ཡོད་མ་རེད། ཁྱེད་ཀྱིས་ཚེག་ཁྱིམ་གཅིག་རེ་རེ་བཞིན་དག་ཡིག་ནང་བཙལ་ན་མི་རྙེད་མི་སྲིད། འོན་ཀྱང་མི་ཤེས་བཞིན་དུ་ཚེག་ཁྱིམ་གཉིས་གསུམ་གང་འདོད་དུ་བསྲེ་སྦྱོར་བྱས་ནས་བྲིས་ན་རྙེད་མི་ཐུབ། དཔེར་ན་༼ཚོས༌ཅི། བྱས་ཐམས། ཅད་མང་།༽ འདི་ལྟར་ཚེག་ཁྱིམ་གཉིས་གསུམ་ཨུ་ཚུགས་ཀྱིས་གང་བྱུང་བསྲེས་ནས་བཙལ་ན་མི་རྙེད། འོན་ཀྱང་ཚེག་ཁྱིམ་རེ་རེ་བཞིན་ཁྱེད་ཀྱིས་ཨིན་ཡིག་ལ་འགྲེལ་བཤད་བརྒྱབ་པ་ནང་བཞིན་བཙལ་ན་མི་རྙེད་པ་མི་སྲིད། དཔེར་ན་ ཚོས། ཅི། བྱས། ཐམས། ཅད། མང་། བྱས་བཙལ་ན་གསལ་ལརེ་རྙེད་ཐུབ། དཔེར་ན་ཨིན་ཡིག་ལའང་གཅིག་མཚུངས་རེད། བོད་ཡིག་ནང་གི་ཚེག་ཁྱིམ་རེ་རེའི་དོད་ལྟ་བུའི་མིང་ཚིག་རྐྱང་བ་རེ་རེ་བཙལ་མ་རྙེད་པ་མེད། དཔེར་ན་ that དང་ the ལྟ་བུ་རྐྱང་བ་ཚིག་མཛོད་ནང་རྙེད་ཐུབ། འོན་ཀྱང་ that the གཉིས་གཅིག་མིན་འགྲོ་བསམ་ནས་མཉམ་དུ་སྦྱར་དེ་བཙལ་ན་ནམ་ཡང་མི་རྙེད་པ་རེད། དཔེ་མི་འབྱོར་བ་མང་པོ་བྲིས་ནས་མིའི་ཆུ་ཚོད་འཕྲོ་མ་བརླག་རོགས།

    Reply
  3. བཟོད་པ་ལྷ་རྩེ། says:
    ལོ་ 16 སྔོན།

    སྤྱི་ལོ་ 1959 ནས་ 1980་ བར་རྒྱ་དམར་གྱིས་བཀོད་འཇུས་འོག་བོད་ཡིག་གི་ཚིག་ཕྲད་མང་པོ་ཉེས་མེད་གནས་དབྱུང་བཏང་བ་ནི་དེའི་སྐབས་ཀྱི་ཀློག་དེབ་དང༌། རྩོམ་ཡིག གཞུང་འབྲེལ་ཚགས་ཤོག་དག་ལས་ཤེས། འོན་ཀྱང་བོད་ཀྱི་ལ་རྒྱ་ལྡན་པའི་མཁས་དབང་དག་སྐུ་འདྲིན་ལས་སླར་ཡང་ཚིག་ཕྲད་དེ་དག་བོད་ཡིག་གི་གསར་ཤོག་དང༌། དུས་དེབ་དག་ཏུ་འཚོ་གནས་ཐུབ་ཙམ་བྱུང་ཡོད། འོན་ཀྱང་བཙན་བྱོལ་ནང་བོད་ཡིག་གི་ཚེགས་ཆབ་བར་སྟོང་བཞག་ན་ཀློག་བདེ་དང་བསྒྱུར་བཅོས་དང་ཁ་སྐོང་བྱེད་ཟེར་ན་ནི་ཡོད་པོ་མེད་པོར་གཏོང་བ་དང༌། ད་ར་ཆུ་འཁུར་གཏོང་བའི་རྣམ་ཐར་ཡིན།

    གངས་ལྗོངས་རིག་གནས་ས་འོག་གཏེར་གྱི་གཉེན།
    རིན་ཐང་མི་ཤེས་གངས་ཕྲུག་ཀླད་མེད་འགས།
    བག་ཚ་མེད་པར་མེས་པོར་སྨད་པ་དང༌།
    གཞན་ལ་འགྲམ་ཆུ་ལྡངས་བ་ཨ་རེ་བླུན།

    གངས་ཅན་པ་ཡི་ལས་དབང་མཐའ་ལ་ཐུག
    དབྱངས་གསལ་སོ་བཞི་བཙོན་རྭར་ཚུད་ལ་ཉེ།
    ཚེགས་དང་ཕྲད་ཀྱི་སྲོག་འགོ་མཐོན་དཀའ་བས།
    གངས་རིའི་ལྷ་མོས་མྱུར་དུ་སྐྱབས་སུ་གསོལ༎།

    Reply
  4. རྭ་རྒྱ་བློ་དབང་། says:
    ལོ་ 16 སྔོན།

    སྐུ་ཞབས་ཁང་གསར་ལགས་ཀྱིས་དཀའ་ངལ་དེ་སྔར་ནས་ཡོད་པའི་དཔེ་མཚོན་གསལ་སྟོན་གནང་བ་ནི། ལྟར་སྣང་ཞིག་ཏུ་ངོས་འཛིན་བྱེད་ཀྱི་ཡིན། བོད་ཡིག་འདི་གནའ་ནས་བཟུང་ཚིག་མཚམས་བཅད་པའི་ཡི་གེ་ཞིག་ཡིན་དབང་དུ་བཏང་ཡང་གཏམ་རྒྱུད་འདི་འདྲ་འབྱུང་ངེས་ཡིན་པ་མ་ཟད། མ་གཞི་ནས་པོ་པོ་ཏཱ་ལ་ལྟ་བུ་ནི་བརྒྱ་ལམ་ན་གཅིག་ཙམ་ལས་མེད་ལ། ལྔ་ག་ཤི་སོགས་ནི་གཅོད་མཚམས་ཀྱི་གནད་དོན་མིན་པར་གདངས་མ་དག་པའི་གནད་དོན་ཡིན། གཅིག་ནས་སྔ་དང་ལྔའི་འདོགས་ཡིག་ནོར་སོ་འབྱུང་ཡོད་ཀྱང་སྲིད། འདི་ལྟར་བསམ་ན་གཅོད་མཚམས་ཀྱིས་མི་ཆོག་པར་སྔ་དང་ལྔ། རྟ་དང་ལྟ། སྣ་དང་རྣ། སྟག་དང་ལྟག གཟིག་དང་གཟིགས་སོགས་གྲངས་ལས་འདས་པའི་སྒྲ་མཚུངས་རྣམས་ཀྱང་སྒྱུར་དགོས་པས་བརྩོན་པ་དོར་བའི་ཁ་ལྕེ་ཅན་ང་ཚོས་ལྕོག་པ་ཞིག་ག་ལ་ཡིན།
    གཉིས་སུ་༡༩༥༩ སྔོན་གྱི་བོད་མི་ཕལ་མོ་ཆེ་ཡིག་རྨོངས་ཡིན་པ་ཤིན་ཏུ་བདེན་མོད། ཁོང་ཚོར་ལྷན་སྐྱེས་ཀྱིས་ཐོབ་པའི་བོད་མིའི་སྐད་གཤིས་དང་། ཁྱད་གཞི་ཁྱད་ཆོས་སྦྱོར་སྟངས་སོགས་རྩམ་དྲི་མར་དྲི་བྲོ་བའི་བོད་སྐད་ཆུ་རྒྱུག་པ་ལྟར་བཤད་ནས་འོང་བའི་ཁྲོད། པོ་པོ་ཏཱ་ལ་ལྟ་བའི་བཤད་རྒྱུན་ཤིན་ཏུ་ཉུང་བ་རེ་ལས་ཤུལ་དུ་བཞག་མེད། དེའི་ཕྱིར་བོད་སྐད་བསླབ་རྒྱུ་ནི་གོམས་པ་དང་པོའི་བོད་ཡིག་སློབ་མཁན་ཚོའི་འཇུག་ངོགས་དམ་པ་དང་། རྩོམ་མཁན་དུ་རློམ་པ་ཚོས་ཀྱང་བོད་གཤིས་ལྡན་པའི་ངག་གི་ཆོས་ཉིད་ལ་ཡང་ཡང་ཞིབ་འཇུག་བྱེད་དགོས་པ་ལས། ཡི་གེའི་བར་སྟོང་ཙམ་གྱིས་ཅི་ཡང་མི་ནུས་སོ། །

    Reply
  5. སྟག་སྨྱོན། says:
    ལོ་ 16 སྔོན།

    ༡༽ བསྲེ་རུ་ལགས། སྔོན་མ་ནང་བཞིན་ཟིན་བྲིས་འབྲི་རྒྱུའི་དུས་ཚོད་སོགས་ཀྱི་ཆ་རྐྱེན་མེད་པས་བརྗོད་གཞི་འདི་ཐོག་འདང་ངེས་འབྲི་ཐུབ་མིན་ཐེ་ཚོམ་རེད། མཆན་འདི་ཙམ་ཡང་ཡང་བྲེལ་བྲེལ་གྱིས་འབྲི་གི་ཡོད། ད་ལྟ་རང་ལ་ཀུན་གླེང་ཁ་ཕྱེ་ནས་སྐད་ཡིག་ལེགས་བཅོས་ཟེར་བའི་ཀུན་གླེང་དེ་ཉན་ཙམ་བྱས་པ་དང་། བུ་མོ་དེའི་བཤད་སྟངས་མཐོང་བ་དང་སེམས་ཤུགས་ཆགས་སོང་། བུ་མོ་དེར་བོད་ཡིག་གི་སྐད་ཡིག་གང་འདྲ་སེ་ལེགས་བཅོས་གཏོང་དགོས་མིན་བསམ་ཚུལ་བཤད་རྒྱུའི་ཐོབ་ཐང་མི་འདུག བོད་ཡིག་ལེགས་བཅོས་གཏོང་སྟངས་བོད་ཡིག་ལེགས་པོ་ཤེས་མཁན་ཞིག་གིས་མ་གཏོགས་བཤད་མི་ཐུབ་པ་གསལ་ཐག་ཆོད་ཀྱི་ཆོས་ཉིད་རེད། གལ་སྲིད་བཤད་པ་ཡིན་ནའང་ཧམ་པ་ཙམ་ལས་རྒྱུ་མཚན་ལྡན་པ་དང་་ཁྲིམས་མཐུན་གྱི་སྐད་ཆ་ཆགས་མི་ཐུབ། བོད་ཡིག་སྐྱོ་ཤོས་ཞིག་ལ་བོད་ཡིག་ལེགས་བཅོས་གཏོང་སྟངས་སྐད་ཆ་དྲིས་པ་ཀུན་གླེང་ཚང་གིས་བོད་ཡིག་བརྙས་བཅོས་བྱས་པ་ཞིག་རེད། དེའི་ཕྱིར་སྐད་ཡིག་ལེགས་བཅོས་གཏོང་སྟངས་སྐད་ཆ་འདྲི་ས་ནོར་འདུག གལ་སྲིད་བོད་ཡིག་ལ་ཉམས་ཆགས་གཏོང་སྟངས་འདྲི་གི་ཡོད་ན་དག་དག་བུ་མོ་མཛེས་མ་དེ་ནོར་མི་འདུག

    ༢༽ སྐད་ཡིག་ལེགས་བཅོས་གཏོང་སྟངས་ངེས་པར་དུ་སྐད་ཡིག་ལ་མཁས་པ་ཚོའི་འོས་འགན་ཞིག་ཡིན་པ་ལས། ཡི་གེ་ཀློག་སྟངས་ཙམ་ཡང་མི་ཤེས་པ་ཚོའི་འོས་སུ་བབ་པ་ཞིག་གཏན་ནས་མ་རེད།

    ༣༽ བོད་ཡིག་ཀློག་མི་ཤེས་མཁན་ཚོའི་ཆེད་དུ་བར་མཚམས་བཞག་ནས་བྲིས་ཚེ་ཕན་གྱི་ཡོད་ན། འོ་ན་ཕྱི་རྒྱལ་ན་བོད་སྐད་ཡག་པོ་གོ་མི་ཐུབ་མཁན་གྱང་མང་བས། དེ་ཚོའི་ཆེད་དུའང་་བོད་སྐད་བཤད་སྟངས་ལའང་ལེགས་བཅོས་བཏང་སྟེ། སྐད་ཆ་ཚིག་གཅིག་བཤད་པ་དང་དབུགས་རེ་བཏང་ནས་ངལ་གསོ་རེ་བརྒྱབ། ཡང་སྐད་ཆ་ཚིག་གཅིག་རེ་བཤད་པ་དང་དབུགས་བཏང་ནས་ངལ་གསོ་ཆུང་ཆུང་རེ་བརྒྱབ་ཏེ་བར་མཚམས་འཇོག་འཇོག་གི་བཤད་ན་ཉན་མཁན་གྱིས་གོ་སླ་བ་དང་། བཤད་མཁན་ལ་ཐང་མི་ཆད་པས་དེས་ཀྱང་བོད་སྐད་ལེགས་བཅོས་ལ་ཕན་གྱི་མེད་འགྲོ། མདོ་དོན་ནུབ་ཕྱོགས་ན་བོད་སྐད་མི་གོ་མཁན་ཡང་མང་བས་དེའང་བོད་སྐད་བཤད་སྟངས་མ་འགྲིག་པའམ་བཤད་སྟངས་རྗེས་ལུས་ཡིན་པའི་སྐྱོན་མིན་འགྲོ། གད་མོ་ཤོར་ཡ་རེད། དེ་ལས་བོད་པ་ཚོའི་ངོ་གདོང་སྣ་ལེབ་མིག་ཆུང་གཟུགས་ལེབ་འདི་ཡང་ནུབ་ཕྱོགས་སུ་མཛེས་པོ་མེད་པའི་རྗེས་ལུས་ཀྱི་གདོང་དབྱིབས་ཤིག་རེད་འདུག འདི་ལ་cosmetic surgery བྱས་ནས་ནུབ་ཕྱོགས་ཀྱི་གདོང་དབྱིབས་བཟོ་ཐུབ་ན་མི་རིགས་ལ་ལེགས་བཅོས་ཆེན་པོ་ཞིག་རེད་མི་འདུག་གམ། བུ་མོ་དེར་འདི་ཡང་འདྲི་རོགས།

    ༤༽ བོད་སྐད་ལེགས་བཅོས་བྱེད་འདོད་ན་བོད་སྐད་ལེགས་པོ་ཤེས་མཁན་ཞིག་ངེས་པར་དགོས་པ་ལས། རྩམ་པ་བརྫི་མི་ཤེས་མཁན་ཞིག་ལ་རྩམ་པ་བརྫི་སྟངས་སྐད་ཆ་དྲིས་ན་མགོ་རྙོག་བཟོ་སྤྱད་དང་གླེང་རྙོག་ཡོང་ལྷག་སྤྱད་ཙམ་རེད། རྗེས་སུ་འབྲི་མི་དགོས་ན་ཆུ་ཚོད་འཕྲོ་བརླག་གཏོང་གི་མིན།

    Reply
  6. ཁང་གསར་རྡོ་རྗེ། says:
    ལོ་ 16 སྔོན།

    དོན་གྱི་ཤིང་འབྲས་ཚིག་གི་སྡོང་པོར་བརྟེན།།
    ཚིག་གི་སྡོང་པོ་མཚམས་འབྱེད་རྩ་བར་འབྲེལ།།
    མཚམས་འབྱེད་རྩ་བ་བྲལ་བའི་སྐད་ཡིག་ཀུན།།
    ལེགས་སྦྱར་ཤིང་སྐམ་རྗེས་སུ་འགྲོ་ཉེན་ཡོད།།

    Reply
  7. ཁང་གསར་རྡོ་རྗེ། says:
    ལོ་ 16 སྔོན།

    དང་པོ་འདི། ངས་དཀའ་ངལ་འདི་སྔོན་ནས་ཡོད་ཚུལ་བཤད་པ་དེ་སྐྱག་རྫུན་རེད་གསུངས་འདུག དཀའ་ངལ་འདི་གནའ་ནས་མེད་པར་ད་ལྟ་གློ་བུར་དུ་ཡོང་དོན་མེད། སྔོན་མ་ནས་ཡོད་པའི་རྟགས་སུ། ང་ན་ཚ་མེད། གཡག་རྔ་དཀར་ཤི་སོང་། ཞེས་པའི་འཕྲིན་ཡིག་དེ། ང་ན། ཚྭ་མེད། གཡག་ལྔ་གར་ཤི་སོང་། ཞེས་གོ་ལོག་ཆེན་པོ་ཐེབས་པའི་གཏམ་བརྒྱུད་དེ་ཡོང་དོན་མེད་ལ། ཕོ་བྲང་ཆེན་པོ་པོ་ཏ་ལ། ཞེས་པ་དེ། ཕོ་བྲང་ཆེན། པོ་པོ། ཏ་ལ། ཞེས་བཀླགས་པའི་མཚར་གཏམ་དེ་ཡང་འབྱུང་དོན་མེད། གཏམ་བརྒྱུད་འདི་གཉིས་ཀ་ ༡༩༥༩ སྔོན་གྱི་གཏམ་བརྒྱུད་རེད། བོད་ནང་ལ་བྱུང་བའི་སྐད་ཆ་རེད། འདི་དག་གིས་དཀའ་ངལ་འདི་སྔ་མོ་ནས་ཡོད་པ་བསྟན་གྱིན་ཡོད།
    དོན་གྱི་དབང་དུ་བྱས་ནའང་། ༡༩༥༩ གོང་དུ་བོད་མིའི་ནང་གི་བརྒྱ་ཆ་ ༦༠ ཡན་ཡིག་རྨོངས་པ་དང་ཕྱེད་ཡིག་རྨོངས་པ་ཡིན་པས། དཀའ་ངལ་འདི་མི་ཡོང་བའི་རྒྱུ་མཚན་ག་ལ་ཡོད།

    སྟག་སྨྱོན་གྱིས། མགར་གྱི་ལོ་རྒྱུས་དེ་ཚོ་ལོ་རྒྱུས་སྨྲ་བར་མ་གཏོགས་འབྲེལ་བ་མེད་ཚུལ་གསུངས་འདུག དེ་འདྲ་རང་ཨེ་ཡིན། ངས་འདིར་དཔེ་མཚོན་ཙམ་དུ་ཞུས་པ་རེད། སྤྱིར་བཏང་བཙན་བྱོལ་ནང་ལ་འཛིན་གྲྭ་དྲུག་པ་ཡན་ནས་སྲིད་དོན་རྒྱལ་རབས་དང་སྲིད་དོན་རྒྱལ་རབས་ཀྱི་སྙིང་དོན་སྦྱོང་དགོས་མི་འདུག་གམ། དཔེ་མཚོན་དེ་དང་འདྲ་བ་དེང་སྐབས་མང་པོ་རེད། དཔེར་ན། ན་མེ་བླ་ཁང་ཚེ་རིང། ལྷབ་ཕྱུག་གེ་ཟླ་བ་ལྟ་བུ་ཡོད་རེད།

    དེ་ནས་ངས་བོད་ཡིག་གི་གཅོད་མཚམས་ཀྱི་དཀའ་ངལ་འདི་དབྱིན་སྐད་དང་འབྲེལ་བ་བཟོ་འདོད་མེད། འོན་ཀྱང་སྟག་སྨྱོན་གྱིས་དབྱིན་སྐད་དང་སྦྱར་ཡོང་གི་འདུག
    ད་ཁྱེད་ཀྱི་འདོད་པ་བཞིན་དབྱིན་སྐད་དང་སྦྱར་ཏེ་རྩ་བའི་གནད་འགག་ཅིག་བཤད། མང་པོ་ཞིག་གིས་ཤོད་མཁན་གྱི་ཁ་སྟབས་ལ་བལྟས་ཏེ་ལམ་སེང་ཁས་ལེན་གནང་རྒྱུ་མིན་པ་ཤེས་ཀྱང་། གཟུ་བོར་གནས་པའི་ཀློག་པ་པོ་ཁ་ཤས་ཡོང་སྲིད་པ་རེད། དེ་ཚོ་ལ་བསམས་ནས་འབྲི་གི་ཡོད།

    ང་ཚོས་ཅི་བྱས་ཐམས་ཅད་མང་ཚོགས་ཀྱི་འཚོ་བ་སྔར་བས་བདེ་སྐྱིད་ལྡན་པ་ཞིག་ཡོང་བའི་འགན་སྲུང་ཐུབ་པའི་ཆེད་དུ་ཡིན། ཞེས་པའི་བོད་སྐད་ཀྱི་བརྗོད་པ་འདི། དབྱིན་སྐད་ནང་བྲིས་ན། ཕལ་ཆེར་ Everything we do, we do to ensure that the people live a happier life. ཅེས་འབྲི་གི་རེད། ཡག་པོ་བསྡུར་དང་ཁྱད་པར་ག་རེ་འདུག དབྱིན་སྐད་ཀྱི་སྟོིང་ཆ་དེས་ནུས་པ་ཅི་ཐོན་འདུག

    བོད་ཡིག་གི་ཚིག་ཕྲེང་དེ་བར་མཚམས་མེད་པར་བྲིས་པའི་དབང་གིས། རྨང་གཞི་ཡག་པོ་མེད་པ་ཞིག་གིས་ཀློག་སྐབས། ང་ཚོས༌ཅི། བྱས་ཐམས། ཅད་མང་། ཚོགས་སྔར་བས། ཞེས་བཀླགས་ཏེ་གོ་རྒྱུ་མེད་པར་གྱུར་སྲིད་པ་རེད། དེ་ནས་ཚིག་མཛོད་ནང་། ཅད་མང་དང་། བྱས་ཐམས། འཚོལ་གྱི་རེད། བཙལ་ནའང་རྙེད་ཀི་མ་རེད། དེ་ང་ཚོའི་དཀའ་ངལ་རེད།
    དབྱིན་སྐད་ནང་། མིང་ཚིག་གམ་ཕྲད་རེའི་མཇུག་ལ་བར་སྟོང་རེ་བཞག་ཡོད་པ་དེའི་གཅོད་མཚམས་མ་ཤེས་པའི་དབང་དུ་བཏང་རུང་། རང་རེ་བོད་ཡིག་གི་དཔེ་མཚོན་གོང་དུ་ཞུས་པ་ལྟར་མིང་ཚིག་སྔ་ཕྱི་གཉིས་ལས། སྔ་མའི་ཕྱེད་ཕྱི་མའི་ཕྱེད་དང་སྦྱར་ཏེ་ཀློག་ནོར་ཤོར་བ་ལྟ་བུ་ནམ་ཡང་ཡོང་གི་མ་རེད། ཚིག་གང་ཞིག་ཀློག་མ་ཤེས་པ་བྱུང་བའམ། ནང་དོན་མ་ཤེས་ཚེ། དེའི་དག་ཆ་ངོས་བཟུང་སྟེ་ཚིག་མཛོད་ནང་འཚོལ་ཐུབ་ཀྱི་ཡོད། ཚིག་མཛོད་ནས་གོ་དོན་དང་སྒྲ་གདངས། གཅོད་མཚམས་ཚང་མ་ཤེས་ཀྱི་ཡོད། མདོར་ན་དབྱིན་ཡིག་ཀློག་སྐབས་གཅོད་མཚམས་ནོར་ན་ཡང་དག་ཆ་ནོར་གྱི་མ་རེད། གཅོད་མཚམས་ནོར་ན་ཡང་། མིང་ཚིག་སྔ་མའི་ཆ་ཤས་ཕྱི་མ་དང་། མིང་ཚིག་རྗེས་མའི་ཆ་ཤས་སྔ་མ་གཉིས་སྦྱར་ཏེ་བཀླགས་པ་ལྟ་བུ་ནམ་ཡང་མི་འབྱུང་བ་རེད། ཁོང་ཚོའི་བར་སྟོང་གི་ནུས་པ་དེ་རེད།
    ད་ལྟའི་བོད་ཡིག་ནི་དེ་ལྟར་མ་རེད། གཅོད་མཚམས་ནོར་ཉེན་ཆེན་པོ་རེད། གཅོད་མཚམས་ནོར་བ་དེ་གཅོད་མཚམས་ནོར་བ་ཙམ་མ་རེད། གོང་དུ་བཤད་པ་ལྟར། གཅོད་མཚམས་ནོར་བ་ལ་བརྟེན་ནས་ཅད་མང་དང་། བྱས་ཐམས། ལྟ་བུ་བོད་སྐད་ནང་གོ་དོན་རྩ་བ་ནས་མེད་པ་དེ་འདྲ་ཐོན་ཡོང་གི་རེད། མ་གོ་བའི་སྐབས་སུ་དེ་ཚོའི་གོ་དོན་ཚིག་མཛོད་ནང་འཚོལ་གྱི་རེད། ཚིག་མཛོད་ནང་ཚིག་དེ་ཚོ་མེད་སྟབས། མགོ་བོ་སྔར་བས་རྨོངས་འགྲོ་གི་རེད། དཀའ་ངལ་འདི་རེད། ཁྱད་པར་འདི་རེད།
    དཀའ་ངལ་འདི་རྩ་བ་ནས་མེད་ན་ཡག་ཤོས་རེད། འོན་ཀྱང་དཀའ་ངལ་ཡོད་ན། སེལ་ཐབས་ཡོད་མེད་མིན་གཟིགས་དགོས། སེལ་ཐུབ་པ་ཞིག་ཡིན་ན་མ་སེལ་བར་བཞག་ནས་ཆོ་ག་རེ་ཡོད་རེད།

    ངས་ཚིག་ངན་འདྲ་ཤོར་འདུག་ན་དགོངས་སེལ་ཞུ་གི་ཡིན།

    Reply
  8. སྟག་སྨྱོན། says:
    ལོ་ 16 སྔོན།

    ཚིག་གི་གཅོད་མཚམས་དོན་གྱི་སྟོན།།
    དོན་གྱི་གནད་རྣམས་མིང་གིས་སྟོན།།
    མིང་ཚིག་ཁྲི་འབུམ་བརྩོན་པས་སྦྱོངས།།
    ཀློག་དང་གཅོད་མཚམས་ཙམ་སྦྱངས་ནས།།
    མཁས་པའི་གོ་འཕང་འདོད་པ་གླེན།།

    Reply
  9. སྟག་སྨྱོན། says:
    ལོ་ 16 སྔོན།

    ཁང་སར་ལགས། ཨིན་ཡིག་གི་ཚིག་མཛོད་ཀློག་མྱོང་མི་འདུག་དྲོན་སོང་ངམ། ཁྱེད་རང་གི་བཤད་ཐབས་སྐྱོ་བོ་དེ་ཚོར་འདི་ལན་བྲིས་ན་ཆུ་ཚོད་འཕྲོ་བརླག་རེད་མོད། དུས་ཚོད་བྱུང་ན་ཟིན་བྲིས་ཤིག་འབྲི་སྲིད།
    ༼དཔེར་ན་ཡིག་རྙིང་ནང་གི་མིང་《མགར་ཁྲི་འབྲིང་བཙན་བྲོད་》ཅེས་པ་དེ། གཅོད་མཚམས་གང་ཡིན། མགར་དེ་རུས་མིང་ཡིན་པ་དང་། ཁོང་གི་ཕའི་མིང་ལ་མགར་སྟོང་བཙན་ཡུལ་བཟུང་ཟེར་བ་སོགས་ཆ་རྒྱུས་མེད་ན། ཡི་གེ་རང་ལ་བལྟས་ཏེ་གཅོད་མཚམས་མི་ཤེས་པ་དེ་ང་ཚོའི་དཀའ་ངལ་རེད། ༽ཁྱེད་ཀྱི་བསམ་སྟངས་སྐྱོ་བོ་འདི་མཐོང་བ་དང་ང་ཡང་འུ་ཐུག་ཡོང་གི་འདུག དཔེར་ན་ 《མགར་ཁྲི་འབྲིང་བཙན་བྲོད་》ལོ་རྒྱུས་ཤེས་མཁན་ཞིག་གིས་ཤེས་པ་ལས། ལོ་རྒྱུས་མི་ཤེས་མཁན་ཞིག་ལ་ཚིག་འདི་འདྲ་འབྲེལ་བ་མེད་པས་ཀློག་སྟངས་ཀྱི་གཅོད་མཚམས་མིག་བསྟན་ནའང་དག་པོ་ཀློག་མི་ཐུབ། དེའི་ཕྱིར་ལོ་རྒྱུས་ལ་ལོ་རྒྱུས་ཚིག་མཛོད། སྨན་ལ་སྨན་གྱི་ཚིག་མཛོད། ཚན་རིག་ལ་ཚན་རིག་ཚིག་མཛོད། ཆབ་སྲིད་ལ་ཆབ་སྲིད་ཀྱི་ཚིག་མཛོད། ཆོས་ལ་ཆོས་ཀྱི་ཚིག་མཛོད་སོགས་ཤེས་བྱ་བྱེ་བྲག་པ་རེ་ལ་དམིགས་བསལ་གྱི་ཚིག་དང་ཚིག་མཛོད། དམིགས་བསལ་དགེ་རྒན་ལོགས་སུ་ཡོད་པ་རེད།
    ཁྱེད་ཀྱིས་ལོ་རྒྱུས་དང་ཚན་རིག་སོགས་ཀྱི་མིང་ཚིག་ཡོངས་རྫོགས་ཡི་གེ་ཀློག་སྟངས་དང་དེའི་གཅོད་མཚམས་ཀྱི་ཐོག་ནས་ཤེས་འདོད་པ་གླེན་འདང་རང་རེད། ཁྱེད་ཚོར་དཀའ་ངལ་འཕྲད་དོན་དེ་རེད།

    Reply
  10. འཇིགས་བྲལ་བསྟན་འཛིན། says:
    ལོ་ 16 སྔོན།

    བོད་ཡིག་ཤེས་དགོས་ན་བོད་ཡིག་གི་ཀློག་སྟངས་དང་། དེ་འབྲེལ་གྱི་འབྲི་སྟངས། བེད་སྤྱོད་ཀྱི་ཁོར་ཡུག་བཅས་གནད་དོན་གསུམ་ལ་ཐུག་ཡོད་ལ།

    ཀློག་སྟངས་ལ་མཚོན་ན། ཡི་གེ་སོ་སོའི་སྒྲ་གདངས་དག་པར་སློབ་པ་འདི་ཡིན་ལ། འདིའི་ཐད་ཕྱི་ལོ་ ༢༠༠༩ ལོར་སྨོན་ལམ་བོད་ཀྱི་ཐུན་མོང་སྐད་གདངས་ལྟ་བུ་གཞི་ལ་བཞག་ནས་ཀློག་བསླབ་ན་བོད་སྐད་ཀྱི་སྒྲ་གདངས་དག་ཅིང་གཙང་བ་དང་། གོ་བདེ་ཞིང་སྣར་སྙན་པའི་ཁྱད་ཆོས་ལྡན་པ་མ་ཟད། རིམ་གྱིས་བོད་ཀྱི་སྤྱི་སྐད་ཅིག་འགྲུབ་པའི་མཐུན་རྐྱེན་དུ་འགྱུར་ངེས། ཐེངས་འདིའི་ཚིག་གི་གཅོད་མཚམས་དང་འབྲེལ་བའི་རྙོག་གླེང་འདི་བོད་ཡིག་གི་རྨང་གཞིའི་འགྲོ་སྟངས་ཆགས་མེད་པའི་སྡུག་སྐད་ཅིག་རེད།
    ཡི་གེ་འབྲི་སྟངས་ལ་མཚོན་ན། བོད་ཡིག་གི་འབྲི་སྲོལ་མ་ཕྱི་དབུ་ཅན་རང་བསླབ་ན་དཔེ་དེབ་ཡོངས་ལ་ཁྱབ་པའི་བོད་ཡིག་ངོས་ཟིན་པ་དང་། ཀློག་མགྱོགས་པའི་ཁྱད་ཡོང་རྒྱུ་ཡིན་ལ། དེ་མིན་འཁྱུག་ཡིག་དང་སྐོང་ཡིག་སོགས་འབྲི་སྲོལ་ཤེས་ན་ལེགས་པའི་ཆ་ཡིན་ཀྱང་དུས་དེབ་དང་། གསར་ཤོག བརྙན་དེབ། སྒྲུང་དེབ། སྙན་དེབ། རྒྱལ་རབས། ཆོས་འབྱུང་། ནང་ཆོས། དྲྭ་རྒྱ་སོགས་སུ་སྤྱོད་པ་ཧ་ཅང་ཉུང་བས་ཁོར་ཡུག་ཧ་ལམ་མེད། དེ་བས་བོད་ཡིག་དབུ་ཅན་རང་གི་འབྲི་ཐབས་བསླབ་ན་འཕྲལ་ཕུགས་གཉིས་ཀར་ཕན།

    བེད་སྤྱོད་ཀྱི་ཁོར་ཡུག་ནི། བཙན་བྱོལ་ལྟ་བུའི་ནང་ཡུལ་དུས་ཀྱི་གནས་བབ་ལ་ཐུག་ཡོད་པས་ང་ཚོས་འདི་ཞེས་བརྗོད་ཀྱང་འཚོ་བ་ལག་ལེན་གྱི་ཁྲོད་དུ་གནས་སྐབས་འགྱུར་བ་ཡོང་རེ་ཡོད་པར་མ་མཐོང་མོད། བོད་ནང་ལྟ་བུར་མཚོན་ན་བོད་ས་རང་དུ་ཡིན་སྟབས་ཁོར་ཡུག་གི་ཆ་རྐྱེན་ཇེ་བཟང་དུ་གཏོང་ཐབས་རེ་འཚོལ་རྒྱུ་མེད་དམ་སྙམ།
    དེ་ནས་ཁང་གསར་རྡོ་རྗེ་ལགས་ཀྱིས་བཤད་པ་བཞིན་ཕྱིའི་རྒྱལ་ཁབ་ཀྱི་མི་མིང་དང་། ས་མིང་སོགས་ཀློག་བདེ་དང་འབྲི་བདེ་མེད་པར་བརྗོད་པ་ལ་རྒྱུ་མཚན་ངེས་ཅན་འདུག་པས། འདིའི་ཐད་ཀྱང་ཀློག་ཐབས་ཀྱི་ཚིག་མཛོད་རེ་བསྒྲིགས་ཐུབ་ན་ཡག་པོ་ཡོང་ངེས་སྙམ། འོན་ཀྱང་གཞི་རྩའི་བོད་ཡིག་ཀློག་སྟངས་དང་འབྲེལ་ནས་གླེང་དུས་ཕྱི་རྒྱལ་མི་སེར་གཅིག་གིས་བོད་ཡིག་ཐོག་མར་སྦྱོང་གི་ཡོད་པ་ལྟ་བུའི་ཚོར་སྣང་ཡོང་གི་འདུག བཙན་བྱོལ་བོད་ཕྲུག་ཚོ་འདི་འདྲ་རང་མེད་མོད། གཙོ་བོ་ཁོ་རང་ཚོའི་དོ་སྣང་ལ་ཐུག་ཡོད།

    འགྱུར་བ་ཐམས་ཅད་ཡར་རྒྱས་མིན། གང་ཡིན་ཟེར་ན་འགྱུར་སྟངས་ལ་བལྟས་ནས་ཡར་རྒྱས་ཡིན་མིན་ཐག་གཅོད་དགོས་པའི་གནད་དོན་ཞིག་རེད། བོད་ཡིག་ལ་མཚོན་ན་འགྱུར་སྟངས་འདི་ནི་ཐུན་མིན་སྤྱི་སྐད་ཀྱི་རྣམ་པ་ཡིག་ཐོག་ཏུ་ཡོད་པ་འཐོར་ཞིག་ཏུ་འགྲོ་རྒྱུའི་གོམས་སྟབས་ཤིག་མིན་ནམ་སྙམ་གྱི་འདུག དེ་ཡང་རྒྱུ་མཚན་མེད་པ་ཞིག་ཡིན་ན་འགྲིག་གི་རེད།

    Reply
  11. ཤིང་རྟ། says:
    ལོ་ 16 སྔོན།

    དྲ་རྒྱ་ཆེད་ལས་པ་ལགས། ང་ཚོའི་རང་མགོ་རང་གིས་གཡོག་ནས་ངོ་བསྟོད་ཁོ་ནར་ཕྱོགས་པ་ལས། རང་གཞན་ཀུན་གྱི་སྐྱོན་ལ་མཛུབ་གུ་བཙུགས་ཏེ་བཅོས་བསྒྱུར་བྱ་རྒྱུ་ཧ་ཅང་གལ་ཆེ་སྙམ་མོ།།

    Reply
  12. རྭ་རྒྱ་བློ་དབང་། says:
    ལོ་ 16 སྔོན།

    ཁང་གསར་རྡོ་རྗེ་ལགས་ཀྱིས། བོད་ཡིག་འབྲི་སྐབས་བར་སྟོང་མ་བཞག་ན་ཀློག་མི་བདེ་བ་དང་། དཀའ་ངལ་དེ་མི་རབས་མི་རབས་སུ་འཕྲད་པར་བཤད་པ་ནི་རྦད་དེ་སྐྱག་རྫུན་དུ་ངོས་འཛིན་བྱེད་ཀྱི་ཡིན།
    རྒྱུ་མཚན་ནི་ང་རང་ཡང་རང་ལོ་དྲུག་ཙམ་ནས་བོད་ཡིག་སྦྱངས་ཤིང་། ཕྱིར་འདང་རེ་བརྒྱབ་ན་དཀའ་ངལ་ཆེ་ཤོས་དེ་དབྱངས་ཡིག་བཞིའི་སྒྲ་གདངས་ལ་སྐོར་ལ་འཕྲད་མྱོང་བ་ལས། ཚིག་གི་གཅོད་མཚམས་ལ་དུས་ནམ་ཡང་དཀའ་ངལ་འཕྲད་མ་མྱོང་། གྲོགས་པོ་རེ་འགར་སྐད་ཆ་དྲིས་པས་ཀྱང་གཅིག་མཚུངས་ཀྱི་ཉམས་མྱོང་ལས་བྱུང་མི་འདུག
    ཚིག་མཚམས་གཅོད་སྟངས་ཐད་ཀྱི་དཀའ་ངལ་འཕྲད་ས་རེ་གཉིས་ཡོད་པ་ནི་དངོས་བདེན་རེད། དེའི་རིགས་ནི་དབྱིན་ཇི་བ་དང་རྒྱ་མི་སོགས་ཕྱི་མི་བོད་ཡིག་སློབ་མཁན་ཚོ་རེད། དབྱིན་ཇི་བ་ཚོས་བོད་ཡིག་གི་ཚིག་མཚམས་གཅོད་སྟངས་རེ་གཉིས་ནི་དགོད་བྲོ་བ་ཞིག་ཡིན། དེའི་རིགས་མང་པོ་གོ་མྱོང་།
    སྤྱིར་བཏང་བོད་སྐད་བཤད་སྟངས་ལ་གོམས་འདྲིས་མེད་ན་བོད་ཚིག་གཅོད་སྟངས་ཀྱང་ཁག་པོ་ཡིན། དེ་ནི་བོད་ཡིག་ཙམ་མ་ཟད་ཡིག་རིགས་ཡོངས་རྫོགས་གཅིག་གྱུར་ཡིན་སྣང་སྟེ། ང་ལ་མཚོན་ན་དབྱིན་ཡིག་གི་ཚིག་གཅོད་སྟངས་ཐད་ཀྱི་མགོ་རྙོག་དེ་ནམ་ཡང་སེལ་དཀའ་བ་ཞིག་རེད།
    དེ་མིན་བོད་ཡིག་གི་མཉེན་ཆས་བཟོ་སྒྲིག་གི་ཐད་ལ་བར་སྟོང་བཞག་ན་དགེ་མཚན་གྱི་ཆ་ཅུང་ཙམ་ཡོད་པ་འདྲ་སྟེ། བར་སྟོང་གཞི་ལ་བཞག་པའི་དབྱིན་ཇིའི་བརྡ་སྤྲོད་རྟོག་དཔྱོད་ཀྱི་རིགས་ལམ་དེ་ང་ཚོར་དཔེ་འགེབས་བྱེད་ཆོག་པ་ཞིག་རེད་སྙམ། འོན་ཀྱང་ང་ཚོས་དོན་མེད་ཀྱི་རྙོག་གླེང་མང་པོ་འདི་སྤངས་ནས་དཀའ་ངལ་ཁྱད་གསོད་ཀྱི་ཧུར་བརྩོན་དང་ཞིབ་འཇུག་བྱས་ན་བོད་ཡིག་རང་ལ་དཔགས་པའི་བརྡ་དག་རྟོག་པའི་ལས་རིམ་ཞིག་རྙེད་ངེས་ཡིན།

    Reply
  13. ཁང་གསར་རྡོ་རྗེ། says:
    ལོ་ 16 སྔོན།

    ཡ། ད་འབྲི་མཁན་མི་འདུག ལས་ཀ་ཞིག་ལ་འགྲོ་རན་སོང་། རྗེས་སུ་དུས་ཚོད་བྱུང་ན་ཡོང་གི་ཡིན།

    ༡༽ གཙོ་བོ་དེ། གཅོད་མཚམས་ཀྱི་དཀའ་ངལ་འདི་ཆེ་ཆུང་ལ་མ་ལྟོས་པར་འདུག་གམ་མི་འདུག

    ༢༽ འདུག་ན། དཀའ་ངལ་སེལ་ཐབས་ཤིག་བྱས་ན་གང་འདྲ་འདུག ཡིན་གཅིག་བསྟན་འཛིན་བདེ་སྐྱིད་ཀྱིས་བཤད་པ་ནང་བཞིན་བྱེད་དགོས་མ་རེད། ཐབས་ལམ་གཞན་ག་རེ་ཡོད་རེད།

    ༣༽ བོད་ཡིག་གཏིང་ཟབ་སྦྱོང་དགོས་ཟེར་བ་དེ་ཐབས་ལམ་མ་རེད། བོད་ཡིག་གཏིང་ཟབ་སྦྱོང་བ་ལ། ཀློག་བདེ་པོ་ཞིག་བཟོས་ན་ཕན་གྱི་རེད་པ། ཀློག་ད་ལྟ་ལས་བདེ་བ་ཞིག་ཡོང་སྲིད་ཀི་རེད་པ།

    Reply
  14. ཁང་གསར་རྡོ་རྗེ། says:
    ལོ་ 16 སྔོན།

    དབྱིན་ཡིག་ལ་གཅོད་མཚམས་ཀྱི་དཀའ་ངལ་དེ་ཡོད་ཀྱང་། དཀའ་ངལ་དེ་སེལ་ཐབས་སྒོ་ཀུན་ནས་བྱས་འདུག དཔེར་ན། དབྱིན་ཡིག་གི་ཚིག་མཛོད་སྤྱི་དང་ལས་དང་པོ་བའི་ཚིག་མཛོད་དེ་ཚོའི་ནང་། གཅོད་མཚམས་དང་། དབྱིན་ཡུལ་གྱི་སྒྲ་གདངས་འདོན་ཚུལ། ཨ་རིའི་སྒྲ་གདངས་འདོན་ཚུལ་ཚུན་ནས་བཀོད་ཡོད། དེ་ཡང་ཐབས་ཤེས་གསུམ་བཀོལ་འདུག
    ༡༽ བསྟན་འཛིན་བདེ་སྐྱིད་ཀྱི་ཐབས་ལམ་དེ་སྤྱད་ཡོད། དཔེར་ན། ཨིང་ཁའི་ཊར་དབྱིན་སྐད་ཚིག་མཛོད་ལ་ཆ་བཞག་ན། Understanding ཞེས་པའི་དབྱིན་ཇིའི་ཚིག་དེ་ un·der·stand·ing ཞེས་གཅོད་མཚམས་སུ་བར་སྟོང་བཞག་སྟེ་བཀོད་འདུག

    ༢༽ ཐབས་ཤེས་གཉིས་པ་ནི། དབྱིན་ཇིའི་ཚིག་རེའི་མཇུག་ཏུ། རྒྱལ་སྤྱིའི་སྒྲ་གདངས་མཚོན་ཡིག་ International Phonetic Alphabet ཞེས་པ་དེ་བཀོད་འདུག

    ༣༽ ཚིག་མཛོད་མང་པོ་ཞིག་གི་མཉམ་དུ་མིང་ཚིག་རེ་རེ་བཞིན་གྱི་སྒྲ་གདངས་ཉན་ཐུབ་པའི་ཆ་རྐྱེན་བསྐྲུན་ཡོད།

    དེ་མིན། སྔོན་འགྲོ་དང་འཛིན་གྲྭ་དང་པོ་དེ་ཚོའི་ནང་དུ། དགེ་རྒན་གྱིས་ཡི་གེ་སློབ་དུས་གཅོད་མཚམས་ལ་བར་སྟོང་བཞག་ནས་སློབ་ཀྱི་འདུག

    དེ་ཡན་གཅིག་ཡིན།

    དེ་ནས་དབྱིན་སྐད་ལ་བར་སྟོང་བཞག་འདུག་ན། ང་ཚོས་འཇོག་དགོས་པ་དང་། དབྱིན་སྐད་ལ་བཞག་མི་འདུག་ན་ང་ཚོས་འཇོག་མི་དགོས་པ་དེ་འདྲ་མ་རེད། དབྱིན་ཇིའི་བར་སྟོང་དེ་གཅོད་མཚམས་སམ་ཚིག་མཚམས་ཀྱི་བར་སྟོང་མ་རེད། མིང་ངམ་ཚིག་གམ། ཕྲད་རེའི་བར་གྱི་སྟོང་ཆ་ཞིག་རེད། རང་རེའི་ཚེག་དང་འདྲ་ཙམ་རེད། དེས་མཐའ་གཅིག་ཏུ་གཅོད་མཚམས་ཤེས་པའི་ངེས་པ་མེད།

    བོད་ཡིག་ཡི་གེ་རེ་རེའི་སྒྲ་འདོན་སྟངས་ཤེས་པར་དཀའ་ངལ་དེ་ཙམ་མེད། དེ་བཞིན་མིང་དང་ཚིག་གི་ཆ་ཤས་རེ་རེའི་སྒྲ་འདོན་པར་ཡང་དཀའ་ངལ་མེད། ཀློག་པའི་སྐབས་ཀྱི་དཀའ་ངལ་གཙོ་བོ་དེ། དཔེར་ན་ཡིག་རྙིང་ནང་གི་མིང་《མགར་ཁྲི་འབྲིང་བཙན་བྲོད་》ཅེས་པ་དེ། གཅོད་མཚམས་གང་ཡིན། མགར་དེ་རུས་མིང་ཡིན་པ་དང་། ཁོང་གི་ཕའི་མིང་ལ་མགར་སྟོང་བཙན་ཡུལ་བཟུང་ཟེར་བ་སོགས་ཆ་རྒྱུས་མེད་ན། ཡི་གེ་རང་ལ་བལྟས་ཏེ་གཅོད་མཚམས་མི་ཤེས་པ་དེ་ང་ཚོའི་དཀའ་ངལ་རེད། དཀའ་ངལ་དེ་གཞན་དག་ལ་ཡོད་དང་མེད་ཀྱི་སྐད་ཆ་མི་འདུག ང་རང་ཚོ་ལ་དཀའ་ངལ་དེ་ཡོད་རེད། དེ་སེལ་ཐབས་འདུག་གམ་མི་འདུག སེལ་ཐབས་བྱས་ན་སྐྱོན་ག་རེ་འདུག དེ་ཚོ་དགོངས་པ་བཞེས་དགོས།

    Reply
  15. དབྱངས་བུ། says:
    ལོ་ 16 སྔོན།

    ཡར་རྒྱས་དང་འགྱུར་བ་ཁ་གཡར་ནས་རང་ཉིད་དང་རང་གི་ཉེ་འཁོར་མི་རྣམས་ལ་ལས་སླ་བྱུས་ཀྱི་མི་རིགས་ཀྱི་ཐུན་མོང་མ་ཡིན་པའི་རིག་གཞུང་གི་ཡ་རྒྱལ་ཡི་གེ་འབྲི་སྟངས་ལ་འགྱུར་་བ་གཏོང་དགོས་ཚུལ་གསུངས་པ་དེ་ལ་དགོས་པ་རྒྱུ་མཚན་རིག་པ་དང་ལྡན་པ་ཡོད་ན་ཚན་རིག་རྗེས་སུ་འབྲངས་པའི་དུས་རབས་ཀྱི་མི་སུས་ཀྱང་ཁས་བླངས་དུ་རུང་ཀྱང། དུས་རྒྱུན་ནས་བོད་ཡིག་ལ་དོ་སྣང་མེད་པར་ཕྱི་རྒྱལ་གྱི་ཡུལ་གོམས་གཤིས་ལུགས་ཁོ་ནར་དུས་ཚོད་ཕལ་ཆེ་བ་གཏོང་མཁན་བུ་ཆུང་ཚེ་རིང་གི་བུ་དང། བསྟན་འཛིན་བདེ་སྐྱིད་ལགས་ལྟ་བུས་དེ་ལྟར་བཤད་པ་ནི་རང་དང་རིགས་མཚུངས་པའི་མི་རྣམས་ཀྱི་ཁེ་ཕན་ལ་བལྟས་པ་ལས་རིགས་གཞུང་ལ་ཕན་པའི་བསམ་བློ་ཞིག་ཨེ་ཡིན་སྙམ། མདོར་ན་དྲ་གྲོགས་བསེ་རུས་གསུངས་པའི་གནས་ཚུལ་ལས་འདས་པས་རྒྱས་པར་ཞུ་མི་དགོས་སྙམ་མོ།།

    Reply
  16. བསེ་རུ། says:
    ལོ་ 16 སྔོན།

    སྟག་སྨྱོན་ལགས་ཀྱིས་སྔོན་མ་ཡང་སུམ་རྟགས་ཀྱི་གཞུང་ན་ཀི་སྒྲ་ཆད་པ་ཡིན་ནམ། ཞེས་པའི་བགྲོ་གླེང་ཞིག་གནང་མྱོང་ལ། དེ་རིང་ཡང་འདིར་མགོ་མཚུངས་ཀྱི་རིགས་པས་གསར་བཤད་འདིར་རིགས་པའི་ཐོག་མདའ་རྣོན་པོ་ཞིག་བསྣུན་རྩིས་ཡོད་དམ།།

    Reply
  17. སྟག་སྨྱོན། says:
    ལོ་ 16 སྔོན།

    dictionary མིང་འདི་ཡང་མི་ཤེས་མཁན་ལ་ཀློག་ཁག་པོ་ཡོད། དེ་ན་ dic, tio, na, ry འདི་ལྟར་བར་སྟོང་བཞག་ནས་སམ། ཡང་ན་ dic་ tio་ na་ ry་ ཞེས་བོད་ཡིག་ཚེག་དང་བར་སྟོང་བཞག་ན་ཡག་པོ་ཡོང་ས་རེད་དམ། ཕྲུ་གུ་ཆུང་ཆུང་ཚོར་ཨིན་ཡིག་གི་མིང་ཚིག་རིང་པོ་རྣམས་ཀློག་རྒྱུར་དཀའ་ངལ་ཆེ་བས་ཨིན་ཡིག་ཀྱང་འདི་ལྟར་་བྲིས་ན་ཡག་པོ་ཡོང་ས་མ་རེད་དམ།

    Reply
  18. བསེ་རུ། says:
    ལོ་ 16 སྔོན།

    དྲ་གྲོགས་སྟག་སྨྱོན་ལགས།
    ཁྱེད་ཀྱིས་གསུངས་པར་རྒྱུ་མཚན་འདུག ངས་ཀྱང་ད་ལྟའི་གསར་བཤད་དེར་མོས་མཐུན་བྱེད་ཐུབ་ཀྱི་མི་འདུག ད་ལྟའི་གསར་བཤད་དེ་ལས་ཀྱང་གལ་ཆེ་བ་བོད་ཀྱི་བརྡ་སྤྲོད་གཞུང་ནས་མ་བསྟན་པའི་རིགས་གང་མང་ཞིག་བོད་ཀྱི་སྐད་ཡིག་ཁྲོད་སྟོང་ཆ་ཁ་སྐོང་བྱེད་དགོས་པ་མང་པོ་ཞིག་ལྷག་ཡོད་པ་རེད། དཔེར་ན་མིང་གི་གྲུབ་སྟངས་ཀྱི་རྣམ་གཞག་ལྟ་བུ་ང་ཚོས་ངེས་པར་དུ་ཐུགས་སྣང་དགོས་པ་ཞིག་རེད་སྙམ།།

    Reply
  19. བསེ་རུ། says:
    ལོ་ 16 སྔོན།

    ཨ་རིག་འགྱུར་མེད་ལགས།
    ངས་ཀྱང་དེ་བཞིན་འདོད་ཀྱིན་ཡོད།
    ང་ཚོས་བོད་ཀྱི་སྐད་ཡིག་ལ་སྒྱུར་བཅོས་གཏོང་དགོས་པ་བདེན་ན་ཡང་།
    ཁོ་མོའི་གསུངས་སྟངས་ལ་མོས་མཐུན་མེད། ཀུན་སློང་ལ་ལྷད་མེད་ཀྱང་ཐོག་མ་ནས་ཉིད་ནས་བོད་ཡིག་འབྲི་ཀློག་གོམས་འདྲིས་ཐེབས་ངེས་ཤིག་སྦྱངས་ན། ད་ལྟའི་དགོངས་ཚུལ་འདི་ཁོ་མོ་རང་ཉིད་ལ་ཡང་ཡོང་ཐབས་མེད་པ་དང་ཡོང་མི་ཤེས་པ་ཞིག་མ་རེད་དམ།
    ལྷག་པར་ཚིག་གི་གཅོད་མཚམས་མི་ཤེས་པའི་དཀའ་ངལ་འདི་བོད་ཡིག་གི་སྦྱོང་མཁན་ལས་དང་པོ་བ་ཚོར་མ་གཏོགས་འཕྲད་མི་སྲིད་པ་ཞིག་རེད། ལས་དང་པོ་བ་ཚོའི་དཀའ་ངལ་དངོས་གནས་སེལ་འདོད་ན། གཞི་རྩའི་བོད་ཡིག་གི་གནས་ཚད་ཡར་རྒྱས་གཏོང་ཐབས་ལ་བགྲོ་གླེང་བྱ་དགོས་པ་ལས། འདི་རིགས་གཞན་དཔེ་ཚུར་ལེན་བྱས་པ་ཙམ་གྱིས་ཡར་རྒྱས་དང་སྔོན་ཐོན་རེད་ཅེས་བསྔགས་བརྗོད་བྱ་ཐབས་བྲལ་བ་ཞིག་རེད།
    ཁོ་མོས་གླེང་སློང་གནང་བ་ལ་བརྟེན་ནས་དྲ་གྲོགས་མི་ཉུང་བ་ཞིག་ལ་བགྲོ་གླེང་གི་སྒོ་མོ་ཕྱེ་བ་དེ་ནི་ཁོང་གི་གྲུབ་འབྲས་ཤིག་ཀྱང་རེད་སྙམ།།

    Reply
  20. སྟག་སྨྱོན། says:
    ལོ་ 16 སྔོན།

    ཨིན་ཡིག་ལས་རྦད་དེ་བོད་ཡིག་ཀློག་བདེ་བ་ཡོད་རེད། བོད་ཡིག་ནང་ཡི་གེ་མང་པོ་འདུས་པའི་མིང་ངམ་ཚེག་ཁྱིམ་ལ་སྒྲའང་གཅིག་ལས་མེད། དཔེར་ན་བོད་ལྟ་བུ་རེད། པ་ཨོ་ད་ཞེས་མིང་ངམ་ཚེག་ཁྱིམ་གཅིག་ནང་སྒྲ་དུམ་བུ་མང་པོ་མངོན་གསལ་མེད་པར་ཡི་གེ་མང་པོ་སྦྱར་ནས་མཐུན་མོང་གི་སྒྲ་རྡོག་རྡོག་གཅིག་གྲུབ་ཡོད་རེད། དབྱིན་ཡིག་ནང་ TIBET མིང་ལ་མཚོན་ན། Ti, be, t ཞེས་མིང་གཅིག་གམ་ཚེག་ཁྱིམ་གཅིག་ནང་སྒྲ་དུམ་བུ་གསུམ་མ་འདྲེས་ཀློག་དགོས་། ཨིན་ཡིག་ཡག་པོ་མི་ཤེས་མཁན་ཞིག་ལ་མཚོན་ན་ཀླག་སྟངས་དེ་དཔེ་ཁག་པོ་རེད། བྱས་ཙང་ Ti be t ཞེས་བར་སྟོང་རིང་པོ་བཞག་ནས་ཀློག་བདེ་རུ་བཟོ་ཁུལ་བྱས་ན་འགྲིག་གམ། ཡང་མི་ཤེས་མཁན་ལ་ Government ལྟ་བུའང་གཅོད་མཚམས་མི་ཤེས་པའི་དཀའ་ངལ་འཕྲད་ངེས་རེད། བྱས་ཙང་དེ་ལའང་ Go vern ment ཞེས་བར་སྟོང་བཞག་ནས་བྲིས་ནས་ཀློག་བདེ་རུ་བཏང་ཁུལ་བྱས་ན་མཛེས་པོ་འདུག་གམ། བྱས་ཙང་དང་པོ་ནང་དོན་ཤེས་པར་བྱེད་རྒྱུ་དཀའ་ངལ་སེལ་ཐབས་ངོ་མ་དེ་རེད།
    དུས་ཚོད་བྱུང་ན་ཟིན་བྲིས་རྒྱས་ཙམ་འབྲི་ཆོག

    Reply
  21. སྟག་སྨྱོན། says:
    ལོ་ 16 སྔོན།

    ཨིན་ཡིག་ལས་རྦད་དེ་བོད་ཡིག་ཀློག་བདེ་བ་ཡོད་རེད། བོད་ཡིག་ནང་ཡི་གེ་མང་པོ་འདུས་པའི་མིང་ངམ་ཚེག་ཁྱིམ་ལ་སྒྲའང་གཅིག་ལས་མེད། དཔེར་ན་བོད་ལྟ་བུ་རེད། པ་ཨོ་ད་ཞེས་མིང་ངམ་ཚེག་ཁྱིམ་གཅིག་ནང་སྒྲ་དུམ་བུ་མང་པོ་མངོན་གསལ་མེད་པར་ཡི་གེ་མང་པོ་སྦྱར་ནས་མཐུན་མོང་གི་སྒྲ་རྡོག་རྡོག་གཅིག་གྲུབ་ཡོད་རེད། དབྱིན་ཡིག་ནང་ TIBET མིང་ལ་མཚོན་ན། Ti, be, t ཞེས་མིང་གཅིག་གམ་ཚེག་ཁྱིམ་གཅིག་ནང་སྒྲ་དུམ་བུ་གསུམ་མ་འདྲེས་ཀློག་དགོས་། ཨིན་ཡིག་ཡག་པོ་མི་ཤེས་མཁན་ཞིག་ལ་མཚོན་ན་ཀླག་སྟངས་དེ་དཔེ་ཁག་པོ་རེད། བྱས་ཙང་ Ti be t ཞེས་བར་སྟོང་རིང་པོ་བཞག་ནས་ཀློག་བདེ་རུ་བཟོ་ཁུལ་བྱས་ན་འགྲིག་གམ། ཡང་མི་ཤེས་མཁན་ལ་ Government ལྟ་བུའང་གཅོད་མཚམས་མི་ཤེས་པའི་དཀའ་ངལ་འཕྲད་ངེས་རེད། བྱས་ཙང་དེ་ལའང་ Go vern ment ཞེས་བར་སྟོང་བཞག་ནས་བྲིས་ནས་ཀློག་བདེ་རུ་བཏང་ཁུལ་བྱས་ན་མཛེས་པོ་འདུག་གམ། བྱས་ཙང་དང་པོ་ནང་དོན་ཤེས་པར་བྱེད་རྒྱུ་དཀའ་ངལ་སེལ་ཐབས་ངོ་མ་དེ་རེད།
    དུས་ཚོད་བྱུང་ན་ཟིན་བྲིས་རྒྱས་ཙམ་འབྲི་ཆོག

    Reply
  22. སྟག་སྨྱོན། says:
    ལོ་ 16 སྔོན།

    ངས་ཀུན་གླེང་ནང་ལྟ་རྒྱུའི་ཆ་ཚོད་མ་བྱུང་ཡང་། ཕྱིའི་རྒྱལ་ཁབ་ཁག་ནས་འཚར་ལོངས་བྱུང་བའི་ཕྲུ་གུ་ཚོར་བོད་ཡིག་ཀློག་རྒྱུར་དཀའ་ངལ་ཡོད་པ་བེདན་པ་རེད། འོན་ཀྱང་དཀའ་ངལ་དེ་བར་སྟོང་བཞག་མ་བཞག་གི་ཁྱད་པར་གྱི་དཀའ་ངལ་འཕྲད་པ་རེད། དེ་ནི་སྤྱི་ཚོགས་དང་ལས་ཀའི་ནང་བོད་ཡིག་བེད་སྤྱོད་ཡོད་མེད་ལ་ཐུག་ཡོད་པ་རེད། ཕྱིའི་སྤྱི་ཚོགས་ནང་བོད་ཡིག་སློབ་རྒྱུ་དེ་བེད་སྤྱོད་མེད་པའི་དཀའ་ངལ་འཕར་མ་ཞིག་རེད། དེའི་ཕྱིར་ལས་རིགས་སྣ་ཚོགས་ནང་བོད་ཡིག་བེད་སྤྱོད་དང་དགོས་མཁོ་ཡོད་པ་ཇི་ལྟར་བྱེད་དགོས་མིན་ལ་བསམ་བློ་གཏོང་རྒྱུ་དེ་གལ་ཆེན་པོ་རེད།
    ལས་ཀ་དང་འཚོ་བའི་ནང་བཀོལ་སྤྱོད་མེད་སྟབས་སྦྱང་ན་དཀའ་སྣང་ཆེ་བ་དང་ཤེས་ན་བེད་སྤྱོད་ཆུང་བ་འདི་སེལ་དགོས་པའི་དཀའ་ངལ་དང་པོ་དེ་རེད། བར་སྟོང་ཙམ་གྱིས་ཁྱད་པར་ཡོང་གི་མ་རེད། བར་སྟོང་བཞག་ནས་ཀློག་བདེ་རུ་འགྲོ་བའི་དབང་དུ་བཏང་ཡང་དོན་གོ་བ་ལ་བར་སྟོང་གིས་ཕན་མི་ཐོག དོན་མ་གོ་ན་ཀློག་མི་ཤེས་པ་དང་ཀློག་ཤེས་ན་ཕན་ཐོག་མེད་རེད། བོད་ཡིག་ཀློག་མཚམས་གཅོད་མི་ཤེས་པའི་དཀའ་ངལ་དེ་གཙོ་བོ་ནང་དོན་མ་གོ་བའི་དབང་གིས་བྱུང་བ་རེད། ནང་དོན་གོ་མཁན་ཞིག་ལ་གཅོད་མཚམས་ཀྱི་དཀའ་ངལ་ཡོང་མི་སྲིད། ནང་དོན་མི་གོ་མཁན་ཞིག་གིས་ཡག་པོ་ཀློག་མི་ཤེས་པ་དང་ཀློག་ཤེས་ནའང་བེད་སྤྱོད་མེད།

    Reply
  23. རང་བཙན་གཙང་མ། says:
    ལོ་ 16 སྔོན།

    ང་རང་ཚོ་དང་སྐད་ཡིག་གཅིག་པ། འབྲུག་པ་ཚོས་ག་འདྲ་གནང་གི་ཡོད་དམ།

    Reply
  24. རང་བཙན་གཙང་མ། says:
    ལོ་ 16 སྔོན།

    གཅོད་མཚམས་འདི་ལ་དཀའ་ངལ་འདུག སྐད་ཡིག་གཞན་དག་ལའང་དཀའ་ངལ་ཡོད་རེད། ང་རང་ཚོའི་མི་སྣ་གྲགས་ཅན་དཔེར་ན། མི་ལ་རས་པ་ལྟ་བུའི་མིང་ལ་ཆ་བཞག་ན། མི། ལ་རས་པ། ཞེས་ཀློག་མཁན་ཡོད་རེད། དེ་ མི་ལ། རས་པ། ཞེས་ཀློག་དགོས་པ་ཤེས་སྟངས་དེ། མི་གཞན་པའི་ཁ་ནས་ག་རེ་ཟེར་གྱི་འདུག་བལྟ་རྒྱུ་རེད་འདུག་མ་གཏོགས། ཡི་གེ་རང་གི་སྒང་ནས་ཤེས་ཀི་མི་འདུག དབྱིན་ཇིའི་སྐད་ལའང་དཀའ་ངལ་དེ་འདུག དཀའ་ངལ་ཡོད་པ་འདི་སེལ་ཐུབ་ན་ཡག་པོ་འདུག འོན་ཀྱང་བར་སྟོང་བཞག་ན་ཁྱད་མཚར་འདྲ་ཞིག་འདུག ཐབས་ཤེས་གཞན་དག་མེད་དམ།

    Reply
  25. ནགས་མེ། says:
    ལོ་ 16 སྔོན།

    ཁྱོད་ཚོས་བོད་སྐད་ཡིག་ལ་དོ་སྣང་དང་ལེགས་བཅོས་བྱ་རྒྱུའི་བསམ་བློ་ཡོད་པ་ཧ་ཅང་ཡག་པོ་རེད། འོན་ཏེ་ཁྱོད་ཚོས་བརྗོད་ཀྱིན་པའི་སྐད་ཆ་དེ་ནི་བོད་ཡིག་རང་སྟེང་ན་ཡོད་པའི་སྐྱོན་ཆ་མ་རེད། དེ་ཕལ་ཆེ་བ་གང་ཟག་རང་ངོས་ཀྱི་སྐྱོན་ཆ་རེད། དངོས་གནས་དྲང་གནས་ཀྱིས་བོད་སྐད་ཡིག་ཇི་སྲིད་བར་གནས་ན་བསམ་པའི་ལྷག་བསམ་ཡོད་ན། དེང་དུས་འཕྲུལ་རིགས་གཙོ་བྱས་པའི་མིང་བརྡ་འདི་ཚོ་བོད་སྒྱུར་བྱ་རྒྱུ་ལས་གལ་ཆེ་བ་ཅི་ཡང་མེད་ལ། རེ་ཞིག་བསྒྱུར་ཟིན་པ་དེ་དག་སློབ་སྦྱོང་བྱས་ཏེ་ཉིན་རེའི་འཚོ་བའི་ནང་སྤྱོད་རྒྱུ་འདི་ལས་དགག་དགོས་ཆེ་བ་ཞིག་བརྒྱ་བྱིན་རྒན་པོས་མིག་སྟོང་བགྲད་ནས་བལྟས་ཀྱང་མཐོང་མི་སྲིད།

    Reply
  26. ཁང་གསར་རྡོ་རྗེ། says:
    ལོ་ 16 སྔོན།

    ད་ལྟ་ཡར་ལངས་པ་དང་དུས་བབ་བཀླགས་སྐབས། རྩོམ་འདི་མཐོང་བྱུང་། མཆན་རྣམས་ཀྱང་རོབ་ཙམ་བཀླགས་པ་ཡིན། གཅིག་བཤད་འདོད་བྱུང་།

    ༡༽ དཀའ་བ་ཞིག་སླ་རུ་བཏང་ན་ཚང་མས་ཧབ་བགད་བྱེད་པ་འདི་རེད། སླ་བ་ཞིག་དཀའ་རུ་བཏང་ནས་བཤད་ན། ཚང་མས་ཧང་སངས་སངས་བྱེད་ཀི་རེད། དེ་མི་སྤྱི་དང་ལྷག་པར་བོད་པའི་ཁྱད་ཆོས་འདྲ་བོ་རེད།

    ༢༽ བུ་མོ་བསྟན་འཛིན་བདེ་སྐྱིད་ཀྱིས་བཤད་པའི་དཀའ་ངལ་འདི་དངོས་ཡོད་དཀའ་ངལ་རེད། མི་རབས་ནས་མི་རབས་བར་འཕྲད་མྱོང་བའི་དཀའ་ངལ་རེད་མ་གཏོགས། ད་ལྟ་གཞི་ནས་འཕྲད་ཡོང་བ་དེ་འདྲ་མ་རེད། བུ་མོ་ཞིག་གིས་འཇོན་ནའང་འདྲ། མ་འཇོན་ནའང་འདྲ། གང་ལྟར་སོ་སོའི་རྣམ་དཔྱོད་བེད་སྤྱོད་བྱས་ཏེ། དཀའ་ངལ་སེལ་ཐབས་ཀྱི་བསམ་འཆར་ཞིག་འཁྱེར་ཡོང་བ་འདི་ལ་བསྔགས་བརྗོད་ཞུ་དགོས་རེད། ཐ་མ་ལག་ལེན་བྱེད་དང་མི་བྱེད་སྤྱི་ཚོགས་ཀྱིས་དང་ལེན་བྱེད་མིན་ལ་རག་ལས་པ་རེད།
    སྔོན་མ་བོད་ལ་བོད་ཀྱི་སྐད་ཡིག་མ་གཏོགས་སྐད་ཡིག་གཞན་པ་ངེས་པར་སྦྱོང་དགོས་མ་རེད། དེང་སྐབས་སྐད་ཡིག་གཞན་དག་མ་སྦྱངས་རང་སྦྱང་རེད། དེ་དང་མཉམ་དུ་སྔོན་མ་ནང་བཞིན་སྲོལ་རྒྱུན་དང་ཐག་ཉེ་བོར་གནས་ཐུབ་ཀྱི་མེད། ཐུབ་དགོས་རེད་ཅེས་བཤད་ནའང་ཐུབ་ཐབས་ཁག་པོ་རེད། དེའི་ཐོག་སྔོན་མ་གོ་ཐོས་མེད་པའི་ས་མིང་དང་མི་མིང་དེ་ཚོ་ཡང་བོད་ཡིག་ནང་འབྲི་དགོས། ས་མིང་མི་མིང་གསར་པ་དེ་ཚོ་བོད་ཡིག་ནང་འབྲི་སྐབས་དེ་ཚོའི་གཅོད་མཚམས་གང་ཡིན་བོད་ཡིག་མཁས་པ་ཚོས་ཀྱང་ཤེས་དཀའ་བ་རེད། དཔེར་ན། བྷེར་ཀྲི་ཤི་ཀོ་ལོམ་བྷི་ཡ་ལྟ་བུ་བྲིས་ན། གཅོད་མཚམས་ག་པར་བྱེད་དགོས་རེད། འདིའི་གཅོད་མཚམས་ཇི་ལྟར་ཤེས་ཀི་རེད། ཤེས་ཀྱི་མི་འདུག་ན། ཤེས་ཐབས་ཤིག་བྱུང་ན་ལེགས་པ་མི་འདུག་གམ།

    ༣༽ དངོས་ཡོད་གནས་ཚུལ་བཤད་ན། ཤར་ཙོང་ཁ་པ་བློ་བཟང་གྲགས་པ་ལ་ན་མོ། ཞེས་པའི་ཚིག་ཕྲེང་འདི། ཤར་ ཙོང་ཁ་པ་ བློ་བཟང་ གྲགས་པ་ ལ་ ན་མོ་ཞེས་ཀློག་དགོས་པ་ཡི་གེ་རང་སྟེང་ནས་ཤེས་ཐབས་མེད། དེ་ནི་མཚན་ལ་བློ་བཟང་གྲགས་པ་ཟེར་བའི་སྐྱེས་ཆེན་དེ། བོད་ཤར་རྒྱུད་མདོ་སྨད་ཙོང་ཁའི་ཡུལ་དུ་འཁྲུངས་པའི་གོ་རྟོགས་གཅིག་དང་སྦྲེལ་ཏེ་ཀློག་ཚུལ་ཤེས་དགོས་པ་རེད། དེ་མིན་ ཤར་ཙོང་། ཁ་པ་བློ། བཟང་གྲགས། པ་ལ། ན་མོ། །ཞེས་བཀླགས་ན་ཀློག་ཚུལ་དེ་ནོར་བ་ཡི་གེ་རང་སྟེང་ནས་ཤེས་མི་ཐུབ། འདི་དཀའ་ངལ་ཞིག་རེད། དངོས་ཡོད་ཀྱི་དཀའ་ངལ་ཞིག་རེད། ལྷག་པར་དུ་མི་རིགས་གཞན་གྱི་མིང་གོ་དོན་མི་སྟོན་པ་དཔེར་ན། བྷིལ་ཁི་ལིན་ཊོན། ལྟ་བུ་ལ་ཆ་བཞག་ན། མིང་དེ་ཐོག་མར་ཀློག་མཁན་ཞིག་གིས། བྷིལ་ཁི། ལིན་ཊོན་ཞེས་བཀླགས་དགོས་སམ། བྷིལ། ཁི་ལིན། ཊོན་ཞེས་བཀླགས་དགོས་སམ། དེ་མིན་གཅོད་མཚམས་གཞན་ཞིག་བྱེད་དགོས་མིན་ཤེས་ཀྱི་མ་རེད། དེར་བརྟེན་འདི་ཚོ་དཀའ་ངལ་ཞིག་མ་རེད་ཅེས་བཤད་ན་འགྲིག་གི་མ་རེད།

    ༤༽ དཀའ་ངལ་དེ་འདྲ་ཞིག་ཡོད་ན། སེལ་ན་ཡག་གི་རེད་དམ་མ་རེད། ཀློག་པ་པོ་ལ་ཀློག་སྟབས་བདེ་བ་བྱུང་ན། གནད་དོན་ཆེན་པོ་ཞིག་རེད། ཐ་ན་སྔོན་སྲོལ་དེ་བརྒྱ་ཆ་བརྒྱ་འགྲིགས་ཡོད་ནའང་། དེ་ལས་སླ་བ་དང་སྟབས་བདེ་རུ་གཏོང་ཐུབ་ན་ལེགས་ཆ་རེད། གཞན་ཡང་དཀའ་ངལ་འདི་དང་མཉམ་དུ་བོད་ཡིག་མཉེན་ཆས་བཟོ་ཚུལ་ལའང་འབྲེལ་བ་ཡོང་སྲིད་པ་རེད། དེ་ཚོར་དགོངས་བཞེས་གནང་དགོས།
    དཀའ་ངལ་འདི་དཀའ་ངལ་དངོས་ཡོད་ཡིན་པ་དང་། སེལ་ན་ལེགས་པ་ཡོད་ན། སེལ་ཐབས་ད་ལྟ་བསྟན་འཛིན་བདེ་སྐྱིད་ཀྱིས་གསུངས་པ་དེ་ལག་བསྟར་བྱེད་དམ། དེ་མིན་གྱི་ཐབས་ལམ་ག་རེ་འདུག དེ་ཚོ་དགོངས་བཞེས་ཐུབ་ན་ཡག་པོ་འདུག་མ་གཏོགས། བོད་ཡིག་རྐྱང་པའི་སྤྱི་ཚོགས་ཤིག་གི་ནང་ལ་བསྡད། རང་སྟེང་ལ་དཀའ་ངལ་ཞེ་དྲག་མ་འཕྲད་པ་ཙམ་རྒྱུ་མཚན་དུ་བྱས་ནས་གཞན་གྱི་བསམ་འཆར་ལ་མཐོང་ཆུང་དང་རྡོག་རོལ་དུ་བཏང་ན་ཡག་པོ་མ་རེད། ད་ཕྱིན་བོིད་ཡིག་ནང་ཕྱི་རྒྱལ་གྱི་ས་མིང་མི་མིང་འབྲི་རྒྱུ་དེ་ཇེ་མང་དུ་འགྲོ་གི་རེད་མ་གཏོགས་ཇེ་ཆུང་དུ་འགྲོ་གི་མ་རེད། བོད་ཕྲུག་ཚོ་ལ་རང་གི་མ་སྐད་སྦྱོང་བའི་གོ་སྐབས་དེ་ཡང་སྔོན་མ་ནང་བཞིན་དུས་ཚོད་རིང་པོ་ཡོང་དཀའ་བ་རེད།

    འདི་ལྟར་ལབ་དུས། ངས་འདི་མཐའ་གཅིག་ཏུ་ལག་ལེན་བསྟར་དགོས་རེད་ཟེར་གྱི་མེད། འོན་ཀྱང་གཅོད་མཚམས་མི་ཤེས་པའི་དཀའ་ངལ་ཡོད་པ་དེ་ཁས་ལེན་དགོས་ཟེར་གྱི་ཡོད། དེ་སེལ་ཐུབ་པ་ཞིག་ཡིན་ན་སེལ་དགོས་ཟེར་གྱི་ཡོད།

    Reply
  27. འབྲོག་རུ་ཆོས་གྲགས། says:
    ལོ་ 16 སྔོན།

    ངའི་བསམ་ཚུལ་ཡིན་ན། བོད་ཡིག་གི་བར་སྟོང་འཇོག་ཚུལ་ཟེར་བ་ལས། བོད་ཡིག་གི་ཚིག་མཚམས་གཅོད་ཚུལ་ཞེས་ལབ་ན་མི་མང་གིས་གོ་བདེ་བར་མཐོང་། ཚིག་གི་གཅོད་མཚམས་ཀྱི་ཐད་ནས་བོད་ཡིག་གི་ཚིག་བཅད་མ་གཏོགས། བཅད་ལྷུག་སྤེལ་མའི་ཐད་ངེས་གཏན་ཞིག་ཡོད་པ་མ་རེད། དེར་བརྟེན། ཚིག་གྲུབ་རིང་བོ་དེ་དག་གིས་བོད་ཡིག་སློབ་མཁན་རྣམ་ལ་དཀའ་ངལ་ཞིག་སྤྲད་ཀྱིན་ཡོད་པའི་སྣང་བ་བྱུང་།

    བསྟན་འཛིན་བདེ་སྐྱིད་ལགས། བོད་ཡིག་གི་བར་སྟོང་ཞེས་བ་དང་བོད་ཡིག་གི་ཚིག་གི་གཅོད་མཚམས་གཉིས་ལ་ཁྱད་པར་ཆེན་པོ་ཡོད་པས། རྗེས་ཕྱོགས་སྐད་ཆ་བཤད་དུས་གཟབ་གཟབ་གནང་རོགས་ཞེས་ཞུ་འདོད་བྱུང་།

    Reply
  28. ཤིང་རྟ། says:
    ལོ་ 16 སྔོན།

    རོགས་སྐྱོར་དང་ཞལ་འདེབས་ཙམ་གྱི་འཚོ་བར་བརྟེན་པའི་རང་ཅག་གངས་ཅན་པ་རྣམས་ཀྱིས་གཞན་ལ་ངོམ་ཆོག་པ་ནི། མཛད་རྗེས་ལ་གསེར་མདོག་འབར་བའི་སྔོན་བྱོན་ཕ་མེས་ཚོའི་ ཤུལ་བཞག་གི་རིག་གཞུང་བཟང་པོ་འདི་གཅིག་པུ་རེད། དེ་དག་གི་མ་ཕྱི་ནི་བརྡ་སྤྲོད་པའི་གཞུང་ལུགས་འདི་ཁོ་ན་ཡིན། འདི་ཉམས་རྒུད་དུ་གྱུར་ན་བོད་ཀྱི་རིག་གཞུང་གཞན་དག་ཀྱང་ ཉམས་རྒུད་དུ་འགྱུར་བ་ནི་སུས་ཀྱང་ཤེས་ནུས། དེར་ཡང་དུས་དེབ་དང་ཚགས་པར་སོགས་ བོད་ཡིག་ཆེད་ལས་པ་འགའ་རེས་བོད་ཀྱི་བརྡ་སྤྲོད་པའི་གཞུང་དང་མི་བསྟུན་པ་ཡུལ་སྐད་ཕྱོགས་རེ་བར་བསྟུན་ཏེ་བོད་སྤྱི་ལ་ཁྱབ་པའི་སྐད་ཡིག་རྒྱང་འཕུད་བཏང་བ་དང་། མ་ཟད་བརྡ་སྤྲོད་པའི་ གཞུང་ལའང་བརྙས་བཅོས་དང་མཐོང་ཆུང་བྱེད་པ་ནི། བོད་ཀྱི་སྐད་ཡིག་གི་སྲོག་དབུགས་གཅོད་པའི་གཤེད་མ་ཞིག་སྟེ། དེའང་དཔེ་མཚོན་ཙམ་ཞུས་ན། དེང་དུས་ལྷ་ས་ནས་འདོན་སྤེལ་བྱེད་པའི་བོད་ཀྱི་རྩོམ་རིག་སྒྱུ་རྩལ་ ཞེས་པའི་དུས་དེབ་དེ་མིང་གྲགས་ཆེ་ཤོས་དང་ཁྱབ་ཆེ་ཤོས་ཡིན་ཀྱང་དེའི་ནང་དུ་མི་སྣའི་ངོ་སྤྲོད་དང་སྒྲུང་རྕོམ་གྱི་སྐབས་སུ། ཁོང་ནི་གྲོང་ཁྱེར་ཁྲེང་ཀོན་ཆུས་དོ ན་གཅོད་ཁང་ཏང་ཨུད་ཀྱི་ཨུ་ཡོན་དང་ཞེས་པ་དང་ཏང་ཀྲི་པུའི་ཧྲུའུ་ཅི། ཁྲེང་ཀོན་ཆུས་ཀྱི་ཀུང་སི་ཞེས་པ་སོགས་རྒྱ་སྐད་ཀྱི་བཙན་འཛུལ་འོག་ཏུ་བོད་ཀྱི་སྐད་ཡིག་ཉམས་རྒུད་བཏང་དང་གཏོང་བཞིན་པ་རེད། འདི་ཕྱོགས་ནས་སྐད་རིགས་གཞན་ལ་བསྟུན་ཏེ། ཀི་ལོ་མི་ཊ། སྦ་སེ། ཀྲི་ཀ་སི། ཀྲེག་སི་ཞེས་པ་སོགས་འདི་འདྲ་བོའི་ཡིག་རྫོབ་མང་པོ་བྲིས་ན། བོད་ཀྱི་སྐད་ཡིག་དུམ་བུ་ཆད་དེ་མཐའ་མར་འཇའ་བཞིན་ཡལ་བའི་ཉེན་ཁ་ཤིན་ཏུ་ཆེ་སྟེ། དཔེར་ན་འབྲུག་ཡུལ་གྱི་ཡི་གེ་ ༡༩༩༠ ལོའི་ཡས་མས་སུ་བོད་ཡིག་དང་གཅིག་མཚུངས་ཡིན་པས་སྐད་ཐོག་ནས་གོ་བརྡ་མ་ཕྲོད་ཀྱང་ཡིག་ཐོག་ནས་འཕྲོད་ཐུབ། འོན་ཀྱང་ད་སྐབས་ཁོ་རང་ཚོའི་སྐད་དང་བསྟུན་གང་ཐུབ་ཀྱིས་བོད་ཡིག་འབྲི་སྲོལ་ལམ་ལུགས་གསར་གཏོད་བྱས་ཡོད་པས། འབྲུག་པའི་སྐད་ལ་ཆ་རྒྱུན་མེད་ན་སུས་ཀྱང་གོ་དཀའ། དེ་དག་དཔེ་བརྗོད་དུ་ཅུང་ཟད་བཀོད་པ་ གཤམ་གསལ། ཀ་རྩོམ་ཞིག་ལས། ཨ་ལས་འབྱུང་བའི་ན་ཟུག་རྐྱབ་དོ་བཟུམ། །ཧ་ལས་སི་སི་ཁྱོད་ཀྱིས་མ་མཛད་པར། །ཨ་རོགས་བཟང་མོ་ཁྱོད་ཀྱི་བུ་ང་ལུ། །ཧ་ཅང་དམ་ཚིག་མདུད་ཕོད་མ་འབྲལ་མས། །ལ་དང་ལུངམ་གྱི་རྒྱབ་ཁར་ཨིན་རུང་ར། །ར་གིས་ཕྱུ་གུ་སྐྱོང་བཟུམ་འབག་སྟེ་ཡོད། །ན་ཆུང་རྟག་པར་སྡོད་ནི་མེདཔ་ལས་བརྟེན། །ད་རེས་ང་དང་ཅིག་ཁར་འཕྱདཔ་ད་ལུ། །ཐ་སྐར་ཟླཝ་ལུ་ང་བཅས་གཉིས་ཀུ་ད ། །ཏ་ཟིག་གནས་སྐོར་མཇལ་བ་འགྱོ་གེ་སྨོ། །ཞེས་སོགས་བྲིས་ཡོད། དེ་དག་ལས། རྐྱབ་ཅེས་པ་ནི། རྒྱག་གི་དོན་དང་། བཟུམ་ནི། མཚུངས་གསལ་གྱི་སྒྲ་དང་། ཨིན་རུང་ར་ནི། ཡིན་ནའང་། འབག་ནི། ཁྱེར་ཞེས་པའི་དོན་ཡིན། དེ་དག་རྫོང་ཁའི་ཚིག་མཛོད་ལས་བཏུས། གཞན་ཡང་ཚིག་ལྷུག་ཅུང་ཟད་འགོད་ན། ༼ དེ་སྦེ་འབདན་ ག་ཅི་བཤད་ནི་སྨོ་ཟེར་བ་ཅིན་ ངེས་པ་བསྐྱེད་ཚུལ་དུམ་གྲ་ཅིག་སླབ་ནི་ཨིན། སྟོན་པའི་གསུང་གི་ཧིང་པོ་རྟེན་འབྱུང་ཨིན། གནམ་མེད་ས་མེད་རྟོགས་དཀའ་བའི་གནས་ཨིན་༽ཞེས་སོགས་བྲིས་ཡོད་དེ་དང་དེ་འདྲའི་ཡིག་རྫོབ་ལུང་ཕྲན་འགའ་རེའི་སྐད་དང་བསྟུན་ཏེ་བྲིས་ན་བོད་ཀྱི་སྐད་ཡིག་དུམ་བུར་ཆད་དེ་མཐའ་མ་འཇའ་བཞིན་ཡལ་བའི་ཉེན་ཁ་ཆེ་བས། བོད་ཡིག་བསྒྱུར་བཅོས་དང་ལེགས་བཅོས་གང་ཡིན་ཀྱང་མཚམས་འཇོག་བྱས་ན་མི་ལེགས་སམ།

    Reply
  29. ཤིང་རྟ། says:
    ལོ་ 16 སྔོན།

    རོགས་སྐྱོར་དང་ཞལ་འདེབས་ཙམ་གྱི་འཚོ་བར་བརྟེན་པའི་རང་ཅག་གངས་ཅན་པ་རྣམས་ཀྱིས་གཞན་ལ་ངོམ་ཆོག་པ་ནི། མཛད་རྗེས་ལ་གསེར་མདོག་འབར་བའི་སྔོན་བྱོན་ཕ་མེས་ཚོའི་ ཤུལ་བཞག་གི་རིག་གཞུང་བཟང་པོ་འདི་གཅིག་པུ་རེད། དེ་དག་གི་མ་ཕྱི་ནི་བརྡ་སྤྲོད་པའི་གཞུང་ལུགས་འད%E

    Reply
  30. ཤིང་རྟ། says:
    ལོ་ 16 སྔོན།

    རོགས་སྐྱོར་དང་ཞལ་འདེབས་ཙམ་གྱི་འཚོ་བར་བརྟེན་པའི་རང་ཅག་གངས་ཅན་པ་རྣམས་ཀྱིས་གཞན་ལ་ངོམ་ཆོག་པ་ནི། མཛད་རྗེས་ལ་གསེར་མདོག་འབར་བའི་སྔོན་བྱོན་ཕ་མེས་ཚོའི་ ཤུལ་བཞག་གི་རིག་གཞུང་བཟང་པོ་འདི་གཅིག་པུ་རེད། དེ་དག་གི་མ་ཕྱི་ནི་བརྡ་སྤྲོད་པའི་གཞུང་ལུགས་འདི་ཁོ་ན་ཡིན། འདི་ཉམས་རྒུད་དུ་གྱུར་ན་བོད་ཀྱི་རིག་གཞུང་གཞན་དག་ཀྱང་ ཉམས་རྒུད་དུ་འགྱུར་བ་ནི་སུས་ཀྱང་ཤེས་ནུས། དེར་ཡང་དུས་དེབ་དང་ཚགས་པར་སོགས་ བོད་ཡིག་ཆེད་ལས་པ་འགའ་རེས་བོད་ཀྱི་བརྡ་སྤྲོད་པའི་གཞུང་དང་མི་བསྟུན་པ་ཡུལ་སྐད་ཕྱོགས་རེ་བར་བསྟུན་ཏེ་བོད་སྤྱི་ལ་ཁྱབ་པའི་སྐད་ཡིག་རྒྱང་འཕུད་བཏང་བ་དང་། མ་ཟད་བརྡ་སྤྲོད་པའི་ གཞུང་ལའང་བརྙས་བཅོས་དང་མཐོང་ཆུང་བྱེད་པ་ནི། བོད་ཀྱི་སྐད་ཡིག་གི་སྲོག་དབུགས་གཅོད་པའི་གཤེད་མ་ཞིག་སྟེ། དེའང་དཔེ་མཚོན་ཙམ་ཞུས་ན། དེང་དུས་ལྷ་ས་ནས་འདོན་སྤེལ་བྱེད་པའི་བོད་ཀྱི་རྩོམ་རིག་སྒྱུ་རྩལ་ ཞེས་པའི་དུས་དེབ་དེ་མིང་གྲགས་ཆེ་ཤོས་དང་ཁྱབ་ཆེ་ཤོས་ཡིན་ཀྱང་དེའི་ནང་དུ་མི་སྣའི་ངོ་སྤྲོད་དང་སྒྲུང་རྕོམ་གྱི་སྐབས་སུ། ཁོང་ནི་གྲོང་ཁྱེར་ཁྲེང་ཀོན་ཆུས་དོ ན་གཅོད་ཁང་ཏང་ཨུད་ཀྱི་ཨུ་ཡོན་དང་ཞེས་པ་དང་ཏང་ཀྲི་པུའི་ཧྲུའུ་ཅི། ཁྲེང་ཀོན་ཆུས་ཀྱི་ཀུང་སི་ཞེས་པ་སོགས་རྒྱ་སྐད་ཀྱི་བཙན་འཛུལ་འོག་ཏུ་བོ

    Reply
  31. ནམ་མཁའ་བསྟན་འཛིན། says:
    ལོ་ 16 སྔོན།

    སྤྱིར་སྐད་ཡིག་གང་ཞིག་ཡིན་ཀྱང་དུས་རབས་ཀྱི་འགྱུར་དང་བསྟུན་ནས་ལེགས་བཅོས་གཏོང་དགོས་བ་ཆོས་ཉིད་ཡིན་ལ། དུས་རབས་མང་པོ་དང་ལོ་རབས་བརྒྱ་ཕྲག་ལྷག་གི་ཡར་སྔོན་ལ་སྡིང་མི་དགོས་བར་ཉེ་་བའི་ལོ་རབས་་འགར་ཕྱིར་མིག་བལྟས་ཀྱང་སྐད་ཡིག་མང་པོའི་ནང་འབྲི་སྟངས་དང་ཚིག་གི་དག་ཆ་སོགས་ལ་འགྱུར་གཏོང་བཞིན་ཡོད་པ་མིག་མཐོང་ལག་ཟིན་པ། དཔེར་ན་འཇར་མན་སྐད་ཡིག་དང་སྔོན་ཆད་་photographyལྟ་བུ་ལ་དེང་སང་fotography ལྟ་བུ་མཐོང་རྒྱུ་མང་པོ་འདུག་ཀྱང་། འདི་ཐམས་ཅད་འགྱུར་བ་གཏོང་བྱའི་སྐད་ཡིག་རང་གི་སྒང་ལ་མཁས་བ་དང་ཆེད་ལས་བས་ཞིབ་འཇུག་བྱས་ཏེ་འགྱུར་བ་བཏངས་བ་ཞིག་ཡིན་མོད། ཀུན་གླེང་ལས་ཚན་དུ་བསྟན་འཛིན་བདེ་སྐྱིད་ལགས་ཀྱིས་གླེང་བཞིན་པ་འདི་མཐོ་རིམ་གྱི་ཆེད་ལས་བ་དང་བོད་ཀྱི་སྐད་ཡིག་ལ་བྱང་ཆུབ་པའི་གྲས་ནས་བྱུང་བའི་བསམ་ཚུལ་ཞིག་མ་ཡིན་པར་བོད་ཡིག་གི་ཀློག་འདོན་བྱེད་ཐུབ་ཙམ་པའི་སྤྱི་ཚོགས་ནས་བྱུང་བའི་དཀའ་ངལ་ཞིག་ཡིན་སྟབས་འགྱུར་བ་འདི་ཡག་རྟགས་ཞིག་ཏུ་མ་མཐོང་། འདིར་དཔེ་མཚོན་ཞིག་བཀོད་ན་ལོ་འགའི་ཡར་སྔོན་ཞིག་རྡ་སའི་སྒྲོལ་མ་ཟ་ཁང་དུ་བོད་པའི་ཁྱིམ་ཚང་ཞིག་གིས་བྱིས་བའི་སྐྱེས་སྐར་གཏོང་སྐབས་བྱིས་པའི་མིང་ཤོག་བྱང་ཞིག་གི་སྟེང་བྲིས་ཏེ་རྩིག་པའི་ངོས་ལ་འགེལ་སྐབས་ཁོ་ཚོའི་མི་འགས་གྲོས་བསྡུས་བྱས་ཏེ་དེ་རིང་ནི་བཀྲ་ཤིས་བ་དང་རྟེན་འབྲེལ་ཅན་ཉིན་མ་ཡིན་སྟབས་བྱིས་བའི་མིང་བཀྲ་ཤིས་བསམ་འགྲུབ་ཞེས་བ་བཀྲ་ཤིས་བསམ་འགྲིབ་ཅེས་བྲིས་ན་ལེགས་པར་མཐོང་། ཞབས་ཀྱུ་ལས་ཀི་གུ་རྟེན་འབྲེལ་ཡག་པར་འདུག་ཅེས་བཟོ་བཅོས་རྒྱབ་པ་ལྟ་བུ་རེད། སྤྱིར་རྟེན་འབྲེལ་མཚོན་བྱེད་ཞིག་ཡིན་འགྲུབ་ཞེས་བྲིས་ན་མི་ལེགས་པར་འགྲིབ་ཅེས་ན་ག་ལ་ལེགས། སྤྱིར་གོང་གི་རྩོམ་ཡིག་འདིའི་དགོངས་གཞི་ལྟར་ཕྲུ་གུ་ཚོར་དམའ་རིམ་ནས་བོད་ཡིག་ལ་བར་སྟོང་བཞག་ཏེ་བསླབས་ན་ཕྱིས་སུ་སྔོན་ཆད་དཔར་བསྐྲུན་བྱས་ཟིན་པའི་བོད་པའི་དཔེ་དེབ་དག་ཉིན་ཞིག་མེ་སྲེག་གཏོང་རྒྱུ་ལས་བེད་སྤྱོད་ཅི་ཅང་མེད་པར་འགྱུར་སྲིད།

    Reply
  32. བློ་བཟང་། says:
    ལོ་ 16 སྔོན།

    བསྟན་འཛིན་བདེ་སྐྱིད་ལགས་རིག་གནས་གསར་རྗེས་ཅན་གྱི་ཡང་སྲིད་ཡིན་པ་ཐག་ཆོད། རྒྱལ་བའི་བཀའ་བསྟན་འགྱུར་དང་། རིག་པའི་གཞུང་ལུགས་ཀུན་ཀྱང་ཁོང་གིས་གསུང་པ་ལྟར་བཅོས་དགོས་སམ། དེ་ཡིན་ན་སྡེ་དགེ་པར་ཁང་ཆེན་མོར་ཤིང་པར་ཡོངས་རྫོགས་གསར་དུ་བསྐོས་རོགས་གནང་། དཔེར་ན། ཁྱོད་ རང་ ག་ པར་ འགྲོའི་ ཡིན།

    Reply
  33. གནས་ཚང་། says:
    ལོ་ 16 སྔོན།

    སྐུ་ཚབ་བུ་ཆུང་ཚེ་རིང་ལགས་སུ༼མིང་དོན་མཚུངས་པའི་རང་སྐྱོང༽ནས༼མིང་དོན་མི་མཚུངས་པའི་བོད་ཡིག༽ཅིག་བསྐྲུན་འདུན་ཡོད་དོན་ཅི། འདི་གཉིས་ལ་འབྲེལ་བ་ཅི་ཞིག་ཡོད་དམ། ད་རེས་ཡང་བསྐྱར་མཁས་དབང་ཚོར་དགོངས་བསྐོར་མི་ཞུ་ཐབས་མེད་ཆགས་སོང་།

    Reply
  34. བོན་རྒྱ་བསྟན་འཛིན་རབ་རྒྱས། says:
    ལོ་ 16 སྔོན།

    དཔེར་ན།
    དེ་རིང རྡ་ས་ནས འཁྲུག་རྩོད བྱུང་བ་རེད། དེ ཁྱོན་ནས ཡག་པོ མི་འདུག རྗེས་མ དེ་འདྲ མི་ཡོང་བའི རེ་བ་ཡོད།

    མི་ཆོག་རྒྱུ་མེད་ཀི།

    Reply
  35. རྒྱ་རྡེའུའི་དགེ་འདུན། says:
    ལོ་ 16 སྔོན།

    ༄༅།། འདི་འབྲི་ཐང་གཉིས་པ་ཡིན
    ཐང་ཆད་སོང་།

    བོད་ཡིག་ལེགས་བཅོས་ཀྱི་འགྲོ་གླེང་ལས་བསྒྱུར་བཅོས་ཀྱི་འགྲོ་གླེང་ཞེས་འབོད
    ལེགས་པའི་ཆ་ཞིག་གླེང་རྒྱུ་མེད་པའམ་མ་བཤད་པས་སོ།
    གང་ལྟར་བར་སྟོང་བཞག་ན་བོད་ཡིག་ཁ་འཐོར་ཞིག་ལས་དེ་ལ་ལེགས་ཆ་མི་འདུག་པ་མ་ཟད་གཞན་གྱི་ལད་བཟློས་ལྟ་བུ་ཞིག་དང་རང་ཉིད་ནས་བོད་ཡིག་གི་བཅུད་མྱོང་མ་ཐུབ་པ་ཞིག་ཅང་རེད
    སྟབས་བདེ་གྱུར་ཚད་ཡར་རྒྱས་ཞིག་མ་རེད་འདོད
    དེ་ལས་ད་དྲག་ཅན་སོགས་འགའ་ཞིག་སྤྱོད་མི་བདེ་བའི་རིགས་ལ་བསྒྱུར་བཅོས་བྱས་ན་མི་བཟང་ངམ།། དེ་ཡང་བསྒྱུར་བཅོས་ལས་ལེགས་བཅོས་ཡིན་པ་བཤད་དཀའ་བ་ཞིག་རེད

    Reply
  36. མི་ཆུང་། says:
    ལོ་ 16 སྔོན།

    རེད་རེད། ད་དུང་དེང་དུས་ཀྱི་གཞོན་སྐྱེས་ཁོང་དང་འདྲ་བ་རྣམས་ཀྱི་སླད། བོད་ཡིག་ཀློག་བདེ་ཆེད་དུ་བཅོས་རྒྱུ་མང་པོ་ཡོད།

    ༡》 བོད་ཡིག་བར་ཐག་འཇོག་རྒྱུ།
    ༢》 བོད་ཡིག་གི་བར་ཚེག་མེད་པར་བཟོ་རྒྱ།
    ༣》 བརྩེགས་པ་ཡང་ཀློག་དཀའ་བས་ཕྱིར་འབུད་གཏོང་རྒྱུ།
    ༤》 སྔོན་འཇུག་དང་ཡང་འཇུག་གཉིས་ཀྱང་དགོས་པ་མེད་པས་
    རྒྱང་འབུད་གཏོང།
    ༥》 བོད་མིང་དེ་ཚོ་ཀློག་དཀའ་བས་དབྱིན་མིང་དུ་བཅོས་རྒྱུ།
    ༦》 རིམ་གྱིས་དེང་གི་སོག་ཡིག་ལྟར། བོད་ཡིག་ཡིག་གཟུགས་དེ་ཉིད་འབྲི་བདེ་ཆེད་དབྱིན་ཡིག་ཏུ་བསྒྱུར་རྒྱུ།

    གཞིས་བཞུགས་སྤུན་ཟླ་ཚོ། སྙིང་རྗེ། མགོ་རྨོངས་ཚོ། མཁྲེགས་འཛིན་ཚོ། རྗེས་ལུས་ཚོ། བསམ་མེད་ཚོ། ཀླད་རྙིང་ཚོ། ས་འདི་ནས་རང་ཉིད་ཀྱི་སྤྱི་ཚོགས་དང་གནས་བབ་ལ་བསྟུན་ནས་ཁྱེད་ཚོར་སྡིགས་མོ་བྱེད་ཀྱིན་འདུག ས་འདི་ནས་རང་ཉིད་ཀྱིས་མ་ཤེས་དུས། རྒྱ་ཁ་གཅིག་ཆོད་བྱེད་ཀྱི་འདུག ཁྱེད་ཚོས་རྔུལ་དང་ཟུངས་ཁྲག་སྤྱད་ནས་ཁྱེད་ཚོར་ཅི་ཞིག་རེག་སོང་ངམ།

    Reply
  37. ཤེལ་དཀར་བློ་བཟང་། says:
    ལོ་ 16 སྔོན།

    དུས་ཀྱི་འགྱུར་བ་དང་བསྟུན་ཏེ་ལེགས་བཅོས་དང་སྟབས་བདེ་བཟོ་རྒྱུ་ཚད་ལྡན་ཞིག་ཡོད་ན་བསྔགས་བརྗོད། འོན་ཀྱང་འཕྲལ་ཕུགས་གཉིས་ལས་གནས་སྐབས་ཕན་པ་ལྟར་སྣང་ཡང་ཕུགས་ལ་གནོད་པའི་རང་བཞིན་ཅན་ཞིག་ལེགས་བཅོས་བྱེད་ཁུལ་བྱས་ན་ཡག་པོ་མེད། དཔེར་ན་ད་ལྟ་ང་ཚོས་སྤྱོད་བཞིན་པའི་བོད་ཡིག་འདི་ཡིག་རྨོངས་སེལ་བའི་བོད་ཆོལ་ཁ་གསུམ་གྱི་བོད་མི་གང་འདྲ་ཞིག་གིས་ཀྱང་བཀོལ་སྤྱོད་བྱེད་ཐུབ། ཡིན་ནའང་བོད་ཡིག་འདི་སུམ་རྟགས་དང་མཐུན་པར་བེད་སྤྱོད་བྱས་ན་གོ་དཀའ་ལ་འབྲི་དཀའ་བ་འདུག་ཅེས་རང་རང་གི་ཁ་སྐད་དང་མཐུན་པར་སྤྱད་ན་ལེགས་བཅོས་ཡིན་ཁུལ་བྱས་ན་ནམ་ཞིག་བོད་ཡིག་གིས་བོད་ཆོལ་ཁ་གསུམ་ལ་ཁྱབ་མི་ཐུབ་པར་འགྱུར་མི་སྲིད་པ་མ་རེད་སྙམ།
    བུ་མོ་་བསྟན་འཛིན་བདེ་སྐྱིད་ལཌ་ཀྱིས་བསམ་ཚུལ་གསུངས་པ་ཡག་པོ་རེད། འོན་ཀྱང་སྔོན་གྱིས་མཁས་པས་གསུངས་པའི་ཚེག་དང་བཤད་ལས་ལྷག་པའི་བར་སྟོང་རྐྱང་པས་ཅི་ལ་ཕན། ཕལ་ཆེར་ཚེག་དང་བཤད་ཀྱི་བྱེད་ལས་མ་ཤེས་པས་ལན་པ་རེད།

    Reply
  38. རུ་གསར་ཚང་། says:
    ལོ་ 16 སྔོན།

    བོད་ཡིག་ཡར་རྒྱས་གཏོང་དགོས་ཀྱི་འདུག་ཟེར་བ་འདི་དག་གིས་དོན་དངོས་ཐོག་ཡར་རྒྱས་གཏོང་གི་ཡོད་དང་གཏོར་བཤིག་གཏོང་གི་ཡོད་བཤད་དཀའ། གོང་ནས་འཇིགས་བྲལ་གྱིས་མཆན་འདེབས་མཁན་དང་ཟིན་བྲིས་སྤེལ་མཁན་མཁས་པ་དང་སློབ་སྦྱོང་ཡོད་ཟེར་མཁན་རྣམས་ཀྱིས་༼ཀི་གི་ཁུ་༽ཟེར་བའི་ཁ་སྐད་ཐམས་ཅད་བྲིས་ཡོང་གི་འདུག་ཟེར། ཁྱོད་ཀྱིས་ཟིན་བྲིས་དང་མཆན་གྱི་ནང་ལ་ཁ་སྐད་བྲིས་མཐོང་ཐུབ་ནས་བོད་གཞུང་དཔེ་མཛོད་ཁང་གིས་བཏོན་པའི་དེང་དུས་བོད་སྐད་ཡིག་དང་། དེང་དུས་བོད་ཀྱི་བརྡ་སྤྲོད་ཟེར་བ་སོགས་བོད་བརྡ་སྤྲོད་རིག་པའི་འགྲོས་དང་མི་མཐུན་ཞིང་། བོད་ཀྱི་ཐ་སྙད་ནང་རྩ་མེད་པའི་ཐ་སྙད་སོགས་བཀོལ་སྤྱོད་ཀྱིས་དེབ་ཕྲེང་མང་བཏོན་པ་མི་མཐོང་ཡ་མཚན་རེད། དེབ་དེ་དག་གི་ནང་རིག་གནས་གསར་བརྗེའི་སྐབས་རྒྱ་ནག་གིས་བོད་ཀྱི་བརྡ་སྤྲོད་ལ་གཏོང་བཤིག་བཏང་སྟེ་བྱེད་འབྲེལ་གྱི་ཕྲད་ཚང་མའི་ཚབ་ཏུ་གི་དང་གིས་གཅིག་པུས་འཐུས་པར་བྱས་ཡོད་པ་རྒྱུན་འཛིན་བྱས་ཡོད། ད་མང་པོ་བཤད་དགོས་དོན་མི་འདུག མདོར་བསྡུས་ནས་བཤད་བོད་ཡིག་ཡར་རྒྱས་གཏོང་དགོས་འདུག་ཟེར་བ་དེ་དག་གིས་བོད་ཡིག་གཏོར་བཤིག་གཏོང་འདོད་རེད་ཟེར་ན་ཡང་མ་འགྲིག་པ་མི་འདུག

    Reply
  39. བསྟན་འཛིན་ཚེ་འཚོ། says:
    ལོ་ 16 སྔོན།

    བཤད་ཆོག་ཆོག་རེད་བསམ་བཞིན་གང་དྲན་བཤད་མཁན་ནི་འགན་མེད་པའི་རྟགས་རེད། བསྟན་འཛིན་བདེ་ཆེན་ལགས་ཀྱི་གསུངས་བ་ནི་བསམ་ཚུལ་ཞིག་ཀྱང་རེད་ལ་གཏོང་བཤིག་ཀྱང་རེད། ཉིན་ཤེས་རྗེས་ནས་ཁྱེད་ཚོས་བཤད་པ་དེ་འདྲ་ཞིག་ངས་བཤད་མེད་ཟེར་ངེས་ཡིན། བུ་ཆུ་ལགས་ཀྱི་བརྗོད་བཞིན་པ་དེ་ཡང་ལྟ་བ་ཡང་དག་ཞིག་ཁྱོན་ནས་མ་རེད།

    Reply
  40. ཉི་འབུམ། says:
    ལོ་ 16 སྔོན།

    འགྱུར་བ་ཐམས་ཅད་ཡར་རྒྱས་མིན། འདི་སྡོམ་ཞིག་རེད། འགྱུར་བ་ཐམས་ཅད་ཡར་རྒྱས་མིན་པ་འདིས་གང་དྲན་དྲན་བྱེད་མི་ཉན། འགྱུར་བ་གཏོང་རྒྱུ་གལ་ཆེན་པོ་ཡིན་པ་ནང་བཞིན་རང་གི་གནས་བབས་ངོས་ཟུན་པ་འདི་ཡང་གལ་ཆེ།

    Reply
  41. རྭ་རྒྱ་བློ་དབང་། says:
    ལོ་ 16 སྔོན།

    བོད་ཡིག་དྲིན་ཅན་པོ་ད་གཙབ་རལ་དུ་གཏོང་བའི་དུས་ལ་སླེབས་པ་འདྲ། ངས་ཀྱང་གཙབ་སྟངས་ཤིག་བཤད། ལྷག་བཅས་རྣམས་ལས་ཏེ་གཅིག་བུ་མ་གཏོགས་མི་དགོས། ལག་ལེན་ནང་མི་སྤྱོད་པའི་འབྱེད་སྡུད་ཀྱི་དང་སྒྲ་བརྩེགས་མ་རྣམས་ལ་དཔེར་བརྗོད་འབྲིར་འཇུག་མི་དགོས། ནི་ཡིག་དགར་བ་ལས་རྒྱང་འབུད་གཏོང་དགོས། བྱེད་གཉིས་ཀར་གི་གིས་མ་གཏོགས་མི་དགོས། ད་དྲག་གི་གོ་འཕང་གཏན་མེད་དུ་གཏོང་དགོས། དེའི་འཕྲོར་ཨ་ལགས་དོར་ཞི་དང་། དཔའ་རིས་སངས་རྒྱས། ལྕགས་ཐར་འབུམ་བཅས་ཀྱི་བྱ་ཚིག་གི་སྐོར་རྣམས་ལེགས་སྒྲིག་གིས་ཚིག་མཛོད་གསར་པ་ཞིག་བཟོས་བཞག་ན་དེ་གས་འགྲིག ད་དུང་ཕྲལ་བ་ལས་ཧིན་རྡུའི་ཡི་གེ་ལྟར་ཐ་སྙད་ཚོམ་བུ་རེ་རེ་བཞིན་མགོ་ཐིག་གི་སྦྲེལ་བཞག་ན་དེ་མཛེས། དེ་ལྟར་བྱས་ན་བོད་ཡིག་སྦྱོང་མི་དགོས་པར། བོད་ཡིག་གིས་ཚུར་བསླབ་ཡོང་། དེ་ཙམ་གྱིས་ཆོག་པ་གྱིས།

    Reply
  42. འཇམ་མགོན། says:
    ལོ་ 16 སྔོན།

    ང་ཚོ་ཚང་མའི་དགོངས་བཞེས་གནང་དགོས་པ་ཞིག་ལ་བོད་ཡིག་ཡར་བསྐྱེད་མ་ཕྱིན་པར་ཉམས་ཆག་འགྲོ་བཞིན་པ་འདི་ཚེག་ཁྱིམ་ཞིབ་ཚགས་ནས་མ་འགྲིག་པ་ཞིག་ཏུ་འགྲོ་བཞིན་ཡོད་ན། ལོ་ངོ་བརྒྱ་ཕྲག་གཅིག་ལ་བོད་ཡིག་འདི་འདི་ལྟར་དར་ཁྱབ་བྱས་ནས་ཡོང་མ་རེད་དམ། སྐབས་དེ་དག་ལ་བོད་ཡིག་ཚིག་མཚམས་གཅོད་སྟངས་ཁག་པོ་བྱུང་ཡོད་ན་བོད་ཡིག་སྔ་ས་ནས་ཤི་ཚར་བ་རེད། བོད་ཡིག་ཀློག་སྟངས་མ་ཤེས་པ་དེ་རང་ཉིད་ལ་ཡིག་རྩ་དེ་ཙམ་མ་བྱུང་བ་ལས་བར་སྟོང་འཇོག་དགོས་པའི་དོན་ཞིག་ཁྱོན་ནས་མིན། འདི་ལྟར་བརྗོད་མཁན་ཚོས་རང་ཉིད་བོད་ཡིག་ལ་དགའ་ཞེན་མེད་པ་དང་མ་ཤེས་པའི་དབང་དང་། གཞན་གྱི་ཡི་གེ་ལ་དཔེ་བླངས་ནས་འདི་ལྟར་བྱས་ན་ཡག་པོ་འདུག་བསམ་པའི་སྣང་བ་ནོར་འཁྲུལ་ཅན་ཞིག་བྱུང་བ་རེད། འོ་ན་དབྱིན་ཡིག་ནང་མིང་གཅིག་ཡིག་འབྲུ་བཅུ་གསུམ་ལས་ལྷག་ཡོད་པ་དེ་རྣམས་ཁོ་ཚོས་སྦྱོར་ཀློག་ཐུབ་ན་བོད་ཡིག་ལ་དེ་ལྟ་བུ་ཡིག་འབྲུ་ཞིག་མེད། འདི་ཚང་མ་གཞན་ཞིག་སྦྱང་ན་སླ་བོ་ཡོད་པའི་སྣང་བ་ཞིག་འཆར་བཞིན་པ་ནི་གཞན་སྐད་ཀྱི་བཙན་འཛུལ་དེ་རྒྱ་ཁྱབ་ཏུ་ཕྱིན་པའི་ཤན་ཡིན། བོད་ཡིག་ད་ལྟ་ཉམས་རྒུད་དུ་འགྲོ་བཞིན་པ་ནི་སྤྱི་ཚོགས་ཟིང་ཟིང་གི་འཕྲུལ་རིགས་ཀྱི་རྐྱེན་དང་གཙོ་བོ་སློབ་གྲྭ་ཁག་གི་བོད་ཡིག་དགེ་རྒན་གྱི་སྐྱོན་ཞིག་ཀྱང་ཡོད་ལ། ལྷག་དོན་སྤྱི་ཚོགས་རིགས་གནས་དང་ཚན་རིག་ལ་སོགས་དམའ་རིམ་ནང་བོད་ཡིག་ཐོག་སློབ་བཞིན་བོད་པས་བསླབ་མཁན་ཚང་མ་བསྟན་འཛིན་བདེ་སྐྱིད་ནང་བཞིན་གྱི་བོད་ཡིག་ཏོག་ཙམ་ལས་མི་ཤེས་པའི་དགེ་རྒན་ཤ་སྟག་ཞིག་བྱུང་བ་དེས་ཀྱང་ལན་བཞིན་ཡོད། ལྷག་དོན་བོད་མིའི་སློབ་གྲྭ་ཚང་མའི་ནང་བོད་ཡིག་ཞེས་ཁ་ཙམ་གྱིས་ལབ་གླེང་ཞིག་ལས་མགོ་སློབ་སྤྱི་ནས་བར་དགེ་རྒན་བར་ཚང་མའི་དབྱིན་ཡིག་ཐོག་ཤུགས་སྣོན་རྒྱག་བཞིན་པའི་རྣམ་པ་དེས་བོད་ཡིག་གི་མཐོང་ཆུང་དུ་བཏང་བས་ཡིན།

    Reply
  43. ཉི་འབུམ། says:
    ལོ་ 16 སྔོན།

    བསྟན་བདེ་སྐྱིད་ལགས་ཀྱི་བསམ་ཚུལ་ལ་མཚོན་ན། སོ་སོའི་ངོས་ནས་སྒུར་སྐྱོག་
    ཅིག་གི་རྣམ་པ་དང་། སེམས་ཤུགས་ཀྱིས་དྲངས་པའི་ཚོར་སྣང་རྐྱེན་པོ་ཞིག་དང་། གཞོན་སྐྱེས་ཡོན་ཏན་པ་ཞིག་གི་ངོ་བོ་ལ་ངོས་འཛིན་བྱས་ནས་དཔྱད་ཡོད།
    དགེ་བསོད་ནམས་རྒྱལ་མཚན་ལགས་ཀྱིས་བསམ་ཚུལ་ལའང་རྒྱུ་མཚན་མང་དུ་ཡོད་པ་མཐོང་ཐུབ། ཡིན་ཡང་རང་ལས་བར་ཐག་རིང་བའི་སྐད་ཡིག་གི་འགྲོས་དང་།
    གནས་བབས་ལ་གཞིགས་ན་ཁ་བྲལ་བའི་འབྲི་སྟངས་འདི་ཡིས་ཀློག་བདེ་ཆགས་པ་
    དངོས་འབྲེལ་རེད། དེ་བཞིན་གསར་བཟོའི་སྐོར་དང་། སྡེབ་སྦྱོར་གྱི་སྐོར་ཡང་མི་
    ཉུང་བ་ཞིག་ཡོད་པར་ངེས།

    Reply
  44. ཨ་རིག་འགྱུར་མེད། says:
    ལོ་ 16 སྔོན།

    བོད་ཡིག་ལ་ལེགས་བཅོས་གཏོང་ཆོག་གི་རེད། དུས་རབས་ཀྱི་དགོས་མཁོ་དང་བསྟུན་ཏེ་གཏོང་ཆོག་གི་རེད། དེ་ལ་དགག་བྱ་ཁྱོན་ནས་བྱེད་ཀྱིན་མེད།

    ཡིན་ནའང་། བུ་མོ་བསྟན་འཛིན་བདེ་སྐྱིད་ཀྱིས་གསུངས་པ་ལྟར་བར་སྟོང་འཇོག་རྒྱུའི་ཐད་དུ་ང་ལ་བསམ་ཚུལ་ཞིག་ཡོད། ངས་ཁོ་མོས་སྤེལ་བའི་རྩོམ་ཡིག་ཀློག་སྐབས་དང་ཉེ་སྔོན་གྱི་ཀུན་གླེང་སྐབས་ཀྱི་བགྲོ་གླེང་སོགས་གང་ལ་བལྟས་ཀྱང་། དེ་ནི་བོད་ཡིག་ལ་སྡུག་རུས་མ་བརྟེན་པར་སླ་ལམ་ཞིག་སྤྱད་དེ་ཤེས་འདོད་བྱེད་ཀྱིན་པའི་འཁྲུལ་སྣང་ཞིག་ལས་ཡོང་གི་འདུག

    འཛམ་གླིང་གི་སྐད་ཡིག་གང་ཡིན་རུང་སླ་ལམ་ཞིག་བརྒྱུད་ནས་སྦྱང་ཆོག་རྒྱུ་ན་འགྲོ་བ་མིའི་རིགས་ཐམས་ཆད་སྐད་བཅུ་སྨྲ་བ་དང་སྐད་ཉི་ཤུ་སྨྲ་བ་སོགས་ཡིན་རྒྱུ་རེད་ལ། སྔོན་གྱི་དུས་སུ་སྐད་གཉིས་སྨྲ་བའི་ལོ་ཙྭ་བ་ཞེས་དགོང་ལ་འཇོག་པ་དང་། དེང་སྐབས་སྐད་གསུམ་སྨྲ་བའི་ལོ་ཙྭ་བ་ཞེས་བསྟོད་པའི་མཐེ་བོང་བགྲེངས་པའི་དགོས་པ་མི་འདུག

    ངས་ཐེངས་འགར་དཔེ་མཚོན་བཀོད་དེ་བརྗོད་པ་ཡིན། དཔེར་ན་ངས་བུད་མེད་ཅིག་ལ་ང་ཁྱོད་ལ་དགའ་ཟེར་བ་དེ། བར་སྟོང་བཞག་ནས་བྲིས་ཏེ་ཀློག་ན་ངག་ལྐུག་པའི་མི་ཞིག་གིས། ང་ ཁྱོད་ ལ་ དགའ་ ཞེས་ཀློག་དགོས། དེ་ལྟར་ཡིན་ན་གསར་འགྱུར་ཀློག་པ་ཞིག་གིས་གསར་འགྱུར་ཀློག་སྐབས། དེ་ རིང་ ངྷ་ ས་ ནས་ འཁྲུག་ རྩོད་ བྱུང་ འདུག ཅེས་བཀླག་ཚེ་ཉུང་མཐར་ཡང་དུས་ཡུན་སྐར་མ་གཅིག་ནང་དུ་བཤད་ཐུབ་པའི་གསར་འགྱུར་ཞིག་དུས་ཡུན་སྐར་མ་གཉིས་ལ་གནར་དགོས། ད་དུང་བོད་ཡིག་སྦྱོར་ཀློག་མི་བདེ་བས་སླ་ལམ་བརྒྱུད་ནས་སྦྱོང་གི་ཡིན་ཟེར་མཁན་ཚོར་མཚོན་ན་དབྱིངས་ཡིག་བཞི་དང་ར་མགོ་ལ་མགོ ས་མགོ་སོགས་མགོ་ཅན་རྣམས་ཀྱང་གདོན་དུ་གྲུབ་ཡོད། དེ་ཚོ་ཡང་ཁ་དགྲམ་དགོས། དེ་ལ་ཐབས་ལམ་གཅིག་ལས་མེད། ས་གནས་ལྟ་བུ་ཞིག་འབྲི་སྐབས་ས་རྐྱང་པ་ཡིན་སྟབས་ ༼ ས་ ༽ ཞེས་བྲིས་ན་ཆོག་ཡང་། སྒོ་ཞེས་འབྲི་སྐབས་ས་ཡིག་རྩུབ་ན་རྟགས་གང་རུང་ཅན་ཞིག་འཇོག་དགོས། དཔེར་ན་ ༼ ས༡ ༽ དེའི་རྗེས་ ༼ གོ༢ ༽ བྲིས་ཏེ། རྟགས་དང་བོ་གཉིས་པ་གཉིས་ཀྱིས་ས་ཡིག་རྐྱང་པའི་རྗེས་ཀྱི་ག་ན་རོ་ཅན་དེ་ ༼ སྒོ་ ༽ ཡིན་པར་སྟོན་དགོས། དེ་ལྟར་བྱས་ན་སླ་བརྒྱུད་རྒྱུའི་ཚབ་ཏུ་སྔར་ལས་ཀྱང་དཀའ་ཁག་ཆེ་རུ་བཏང་བ་ཞིག་ཡིན།

    གང་ལྟར་ཡང་། ངས་མདོར་བསྡུས་ཏེ་བཤད་འདོད་པ་ནི། བོད་ཡིག་ལ་ལེགས་བཅོས་བྱེད་རྒྱུ་ཟེར་ན་དང་ལེན་བྱེད་ཐུབ་ཀྱང་། ད་ལྟའི་བྱེད་ཐབས་འདིར་དང་ལེན་བྱེད་ཐུབ་ཀྱི་མི་འདུག དེ་ནི་ནམ་རྒྱུན་བོད་ཡིག་བྱང་ཆུབ་པའི་མི་ཞིག་གིས་ད་ལྟའི་བོད་ཡིག་གི་གནས་བབ་ངོ་མ་དེ་ངོས་བཟུང་ནས་བསྒྱུར་བཅོས་གཏོང་གི་ཡིན་ཟེར་ན་རབ་རེད། ཡིན་ནའང་། བོད་ཡིག་མ་སྦྱང་བ་དང་མི་ཤེས་མཁན་ཞིག་གིས་རང་གི་མི་ཤེས་པ་དེ་གཞི་བྱས་ཏེ་ལེགས་བཅོས་བྱ་རྒྱུ་ཡིན་ཟེར་ན་སྐྱོན་རེད། དེ་གནད་དོན་ངོ་མ་དེ་ཡང་རེད།

    དཔེར་ན། ཁམས་དང་ཨ་མདོའི་ཕྱོགས་ཀྱི་ཁ་སྐད་ནང་ཡོད་པའི་སྐད་ཆ་ཚིག་འགའ་ཡིག་ཐོག་ཏུ་དབབ་ཐུབ་ཀྱི་མེད། ང་ཚོའི་ཕ་ཡུལ་དུ་ཕོ་ཉུལ་བྱེད་དུ་ཕྱིན་པའི་དོན་ལ་ ༼ ཝ་གཏགས་ ༽ ཟེར་བ་ལས་ཕོ་ཉུལ་མི་ཟེར། སྐབས་འདིའི་ཝ་གཏགས་ཞེས་པའི་ཝའི་སྒྲ་དགངས་ཁ་སྐད་ཅི་བཞིན་ཡོང་མེད་ཐོག་བོད་ཡིག་ཐ་སྙད་ནང་མིང་ཚིག་འདི་ལྟ་བུ་ཞིག་མེད། དེ་དང་འདྲ་བར་བོད་ཕྱི་ནང་གཉིས་དང་། མདོ་དབུས་ཁམས་གསུམ་ན་འདི་ལྟར་ཡིག་ཐོག་ཏུ་དབབ་མི་ཐུབ་པའི་ཐ་སྙད་མང་བོ་ཡོད། སྔར་ཀ་མད་སུམ་བཅུས་སྟོན་ཐུབ་པའི་བོད་ཀྱི་སྐད་ནང་དུ་དེང་སྐབས་སྣོན་འཕྲི་བྱས་ན་མ་གཏོགས་སྟོན་མི་ཐུབ་པའི་ཐ་སྙད་ཀྱང་གང་འཚམ་ཡོད། དེ་ཚོ་ལེགས་བཅོས་བྱེད་ཐུབ་ན་རབ་རེད།

    འདི་ནི་བགྲོ་གླེང་བ་ཙམ་ཡིན།

    མཇུག་མཐར་དགའ་སྤོབས་ཀྱིས་བརྗོད་འདོད་པ་ཞིག་ཡོད་པ་ནི། བྱེས་སྐྱེས་ཚོའི་ཁྲོད་དུ་བོད་ཡིག་སྦྱང་རྒྱུའི་སྡུག་རུས་བསྟེན་འདོད་མེད་ཀྱང་། མ་སྦྱང་ན་འགྲིག་གི་མེད་པའི་ལྟ་ཚུལ་ཡོང་བཞིན་པ་དེས་བོད་ཡིག་གི་ཚེ་སྲོག་སྔར་བས་ཀྱང་རྒྱས་བཞིན་པ་དང་། ནམ་ཞིག་བོད་ཡིག་བོད་སྐད་མ་ཤེས་ན་བོད་མིའི་སྤྱི་ཚོགས་ཀྱི་མི་ཞིག་ཏུ་ཚུད་ཐབས་མེད་པ་ཤེས་སོང་བས་རེད། དེ་ཡག་པོ་རེད། ང་ལ་མཚོན་ན་འདི་ལས་སྐྱིད་ཅིག་མི་འདུག

    Reply
  45. རྭ་རྒྱ་བློ་དབང་། says:
    ལོ་ 16 སྔོན།

    བར་སྟོང་འཇོག་པ་དེར་ཡང་ཚོད་ལྟ་བྱེད་ཆོག་པ་དང་། གཙོ་བོ་གཞོན་ནུ་ཚོའི་ཁམས་དང་བསྟུན་པའི་བཀླག་བྱ་མང་ཙམ་དགོས་གལ་ཆེ་ཨང་།

    Reply
  46. རྭ་རྒྱ་བློ་དབང་། says:
    ལོ་ 16 སྔོན།

    ངས་མི་གཞན་གྱི་ངག་བརྒྱུད་ནས་བསྡོམས་རྩིས་ཤིག་གོ་མྱོང་། དེང་སྐབས་བོད་ནང་གི་ལོ་ཉེར་ལྔ་མན་གྱི་གཞོན་ནུ་རྣམས་ཁག་གསུམ་ལ་བགོས་ན། དབུས་གཙང་དུ་བོད་སྐད་ཀྱི་རྨང་གཞི་ངག་ལ་མ་བྱང་བས་བརྒྱ་ཆ་ལྔ་བཅུའི་ཡན་ཟིན་པ་དང་། ཁམས་ཕྱོགས་སུ་བརྒྱ་ཆ་བརྒྱད་ཅུའི་ཡན་ཟིན་ཡོད། མདོ་སྨད་དུ་བརྒྱ་ཆ་ཉི་ཤུའི་ཡན་ཟིན་ཡོད་ཟེར། བསྡོམས་གྲངས་འདི་བདེན་པ་ཡིན་ཕྱིན། རྩ་བའི་དཀའ་ངལ་ཀྱང་འདི་རང་ལ་ཐུག་འདུག་སྟེ། བྱེས་ནས་སྐྱེས་པའི་ཕྲུ་གུ་ཚོའི་ངག་ལ་བོད་སྐད་རྣམ་དག་ཅིག་འཇགས་མེད་པ་དང་། མིང་བརྡ་དང་། དབྱངས་འགྲོས། གོ་རིམ་ཚུན་ཆད་སྔར་མེད་གསར་བྱུང་གི་སྐད་ལུགས་ཤིག་ཏུ་གྲུབ་འདུག རྒྱུ་མཚན་མང་པོ་མི་བཤད། དོ་སྣང་ཅན་ཚོར་མྱོང་བས་འགྲུབ་ནུས། རྩ་བའི་དཀའ་ངལ་བོད་སྐད་ཀྱི་གཤིས་ཁམས་ངག་ནས་བརླགས་སོང་བས་བོད་ཡིག་གི་གཅོད་མཚམས་ཀྱང་ངག་ལ་བདེ་མོ་ཞིག་མི་ཡོང་བ་དེ་ཡིན།

    Reply
  47. འཇིགས་བྲལ་བསྟན་འཛིན། says:
    ལོ་ 16 སྔོན།

    བོད་ཡིག་གི་བརྡ་སྤྲོད་ལ་ལེགས་བཅོས་ཡིན་དང་གཏོར་སྐྱོན་གང་ཡིན་རུང་༼གི་ཀི་ཁུ་༽ ཟེར་བའི་ཁ་སྐད་ཐམས་ཅད་ཡིག་ཐོག་ཏུ་འབྲི་བའི་གསར་ཁང་དང་། སྙན་ངག་པ་ཡིན་ཟེར་མཁན་མང་ལ། འདི་ཚོ་བོད་ཡིག་ཡར་རྒྱས་ཀྱི་རྟགས་ཤིག་ཡིན་ངེས་པས་དགའ་བར་མཛོད།

    Reply
  48. འཇིགས་བྲལ་བསྟན་འཛིན། says:
    ལོ་ 16 སྔོན།

    བོད་ཡིག་ཡར་རྒྱས་འགྲོ་བའི་རྨང་གཞི་ངོ་མ་ནི་ཀློག་སློབ་སྟངས་དེ་ཡིན་ལ། གལ་ཏེ་ཀློག་བསླབ་པའི་སྐབས་སུ་ཡག་པོ་ཞིག་བསླབ་ཡོད་ན་ཡི་གེར་འབྲི་བའི་དུས་སུ་དག་ཆར་རང་བཞིན་གྱིས་དོ་སྣང་ཡོང་བ་དང་། ཀློག་པའི་དུས་སུ་ཚིག་གི་གཅོད་མཚམས་ཤེས་པ་སོགས་བོད་ཡིག་གི་རྨང་གཞིའི་འགྲོ་ལུགས་ཤིག་རེད་དྲན།

    ལུང་པ་གང་རུང་ཞིག་གིས་ཀློག་སློབ་སྟངས་དེ་ཁ་སྐད་ཀྱི་གདངས་ལྟར་བསླབ་ཡོད་ན་ཡི་གེར་ཡང་དེ་མཚུངས་འབྲི་བའི་དཔེ་མཚོན་མང་ལ། ཀློག་དུས་སུ་ཡང་ཁ་སྐད་ཀྱི་གདངས་ལ་འཐེན་ནས་ཀློག་ཡོང་།

    Reply
  49. མི་ནག་ཚང་ལུང་རིགས་རྒྱལ། says:
    ལོ་ 16 སྔོན།

    དཀའ་ངལ་ངོ་མ་ངོས་ཟིན་རྒྱུ་གལ་ཆེན་པོ་རེད།

    རྩོད་གཞི་གཙོ་བོ་ཡང་། དཀའ་ངལ་ངོ་མ་དེ་བར་སྟོང་འཇོག་རྒྱུ་དེ་ཡིན་མིན་གྱི་གནད་ལ་ཐུག་འདུག་པ་མ་གཏོགས། བོད་ཡིག་ལ་ལེགས་བཅོས་གཏོང་མི་ཆོག་པ་དང་། ལེགས་བཅོས་གཏོང་རྒྱུ་མེད་པ་མ་རེད།

    དཀའ་ངལ་གང་ཡིན་ངོས་མ་ཟིན་གོང་ལ་སུས་ཀྱང་ཁ་ཚོན་མ་གཅོད། ད་ནི་དཀའ་ངལ་གང་ཡིན་གྱི་རྩོད་པའི་མགོ་སློང་རོགས།

    Reply
  50. འཇིགས་བྲལ་བསྟན་འཛིན། says:
    ལོ་ 16 སྔོན།

    བོད་ཡིག་ལ་བར་སྟོང་བཞག་ནས་ཀློག་ན་ཟེར་དུས་བོད་ཡིག་གི་ཚེག་དང་། ཤད་སོགས་བོད་ཡིག་རང་ལ་ཡོད་པའི་བར་མཚམས་གཅོད་བྱེད་ཀྱི་བརྡ་སྤྲོད་བྱེད་ཀྱི་ཐུན་མིན་རིག་པ་འདི་དག་ཐོག་མར་མེད་པ་བཟོ་དགོས་པས་ཁས་ལེན་ཐུབ་པ་མི་འདུག་ལ། ཁྱོད་ནས་བར་སྟོང་དང་ལྷན་དུ་ཡོད་པའི་དཔེ་བྲིས་པའི་ནང་ཚེགས་བཞག་པ་ནི་ཁོང་ཚོས་ཅི་བརྗོད་བཞིན་པ་ཏག་ཏག་མ་གོ་བའི་གཏམ་ཙམ་དུ་ཟད་ལ། སེམས་ཚོར་ཞིག་གི་ངོས་ནས་བཤད་ན། ཁ་སང་བོད་ཡིག་གི་སྐོར་ལ་གཏམ་བཤད་གནང་མཁན་ཚོས་བོད་སྐད་གཙང་མ་ཞིག་ཤོད་ཐུབ་ཀྱི་ཨེ་འདུག

    ཡིན་ནའང་བོད་ཡིག་འདི་ཤེས་ཐུབ་པ་ཞིག་བྱེད་དགོས་སྙམ་ན་བོད་འབྲི་ཀློག་དང་བེད་སྤྱོད་ཀྱི་ཁོར་ཡུག་རྒྱ་ཇེ་ཆེར་གཏོང་དགོས་སྙམ། འགྱུར་བ་ཐམས་ཅད་ཡར་རྒྱས་མིན། གང་ཡིན་ཟེར་ན་འགྱུར་སྟངས་ལ་བལྟས་ནས་ཡར་རྒྱས་ཡིན་མིན་ཐག་གཅོད་་དགོས་པའི་གནད་དོན་ཞིག་རེད། བོད་ཡིག་ལ་མཚོན་ན་འགྱུར་སྟངས་འདི་ནི་ཐུན་མིན་སྤྱི་སྐད་ཀྱི་རྣམ་པ་ཡིག་ཐོག་ཏུ་ཡོད་པ་འཐོར་ཞིག་ཏུ་འགྲོ་རྒྱུའི་གོམས་སྟབས་ཤིག་རེད། གལ་ཏེ་དེ་ཡང་ཡར་རྒྱས་ཤིག་ཡིན་ན་འགྲིག་གི་རེད།

    Reply
རྩོམ་ཡིག་སྔ་མ།

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese