མདུན་ངོས།
About Us
  • English
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

དགེ་རྒན་ ༢༡ ལ་དངུལ་ཆད་བཅད་འདུག

བོད་ཀྱི་དུས་བབ།
༢༠༡༠/༠༤/༢༣
Share on FacebookShare on TwitterShare on EmailShare on Whatsapp

རྨ་ཆུ་རྫོང་ཁུལ་གྱི་བོད་ཡིག་སློབ་འབྲིང་གི་སློབ་མ་ཚོས་རྒྱ་ནག་གཞུང་ལ་མི་འདོད་པའི་རྣམ་འགྱུར་དང་ངོ་རྒོལ་སྐད་འབོད་བྱས་པར་བརྟེན། རྒྱ་གཞུང་གིས་བོད་ཡིག་སློབ་འབྲིང་གི་དགེ་རྒན་ ༢༡ ལ་རྒྱ་སྒོར་ཁྲི་གཅིག་ནས་ཁྲི་ ༦ བར་གྱི་ཉེས་ཆད་བཅད་ཡོད་འདུག

འདི་ལོའི་ཕྱི་ཟླ་ ༣ པའི་ཚེས་ ༡༤ ཉིན་རྨ་ཆུ་རྫོང་བོད་ཡིག་སློབ་འབྲིང་གི་སློབ་མ་ཚོས་རྫོང་ཐོག་ཏུ་རྒྱ་ནག་གཞུང་ལ་ངོ་རྒོལ་སྐད་འབོད་བྱས་པར་རྐྱེན་བྱས་ཏེ། རྒྱ་གཞུང་གིས་བོད་ཡིག་སློབ་འབྲིང་གི་སློབ་གཙོ་སྐྱབས་ཆེན་བདེ་གྲོལ་དང་རྡོ་རེད། དེ་བཞིན་རྫོང་ཉེན་རྟོག་པའི་འགན་འཛིན་བཅས་གནད་ཡོད་མི་སྣ་ཁག་ཅིག་ལས་གནས་ནས་ཕྱིར་འབུད་བཏང་ཡོད་པ་དང་། གནས་ཚུལ་ཁག་ཅིག་ད་ལྟའི་ཆར་ཡང་མུ་མཐུད་བྱུང་དང་འབྱུང་བཞིན་ཡོད་སྟབས། འདི་གའི་གསར་འགོད་པས་ད་ལྟའི་གནས་ཚུལ་ཁག་ཅིག་ཐད་ཁ་པར་བརྒྱུད་རྨ་ཆུའི་སྒྲོལ་དཀར་སྐྱབས་ལགས་སུ་བཀའ་འདྲི་ཞུས་པར་ཁོང་གིས། ཉེ་ཆར་གནས་ཚུལ་བྱུང་རྗེས། དེར་ཡོད་སློབ་མ་གཙོས་སློབ་གྲྭའི་དགེ་སློབ་ཡོངས་ཀྱིས་ཁོང་ཚོར་ལས་སྣེ་ཕྱིར་སྤྲོད་བྱེད་དགོས་པའི་རེ་སྐུལ་དང་ངོ་རྒོལ་བྱས་ཡོད་ཀྱང་། རྒྱ་གཞུང་གིས་དེ་དག་ལ་ངོས་ལེན་གཅིག་ཀྱང་མ་བྱས་པར་མ་ཟད།སློབ་གཙོ་གཞོན་པ་དང་བོད་རིགས་སློབ་ཆུང་གི་བོད་ཡིག་དགེ་རྒན་དངུལ་རྭའི་སྟོབས་ལྡན་ལགས། དེ་བཞིན་རྨ་ཆུ་རྫོང་སློབ་འབྲིང་གི་སློབ་མ་ཚེ་རིང་དོན་འགྲུབ་དང་ཐུབ་བསྟན་ཉི་མ་འབོད་པ་བཅས་དགེ་སློབ་ཁག་ཅིག་རྨ་ཆུ་རྫོང་ཐོག་ཏུ་བཀག་ཉར་བྱས་ཡོད་པར་མ་ཟད། ཁོང་ཚོ་སུ་ཡིན་གསལ་ཁ་མེད་ཀྱང་། དེ་རིང་ནས་བཟུང་རྨ་ཆུ་རྫོང་འབྲིང་རིམ་མི་དམངས་ཁྲིམས་ཁང་གིས་ཁྲིམས་རྭ་འཚོགས་ཏེ་བཀག་ཉར་བྱས་ཡོད་པ་རྣམས་ལ་ཁྲིམས་ཐག་གཅོད་རྒྱུ་ཡིན་པའི་གནས་ཚུལ་ཞིག་ཀྱང་གོ་འོང་གི་འདུག  ཅེས་འགྲེལ་བརྗོད་གནང་བྱུང་།

ཡང་ཁོང་གིས་མུ་མཐུད་བརྗོད་དོན། ཉེ་ཆར་རྨ་ཆུ་རྫོང་བོད་ཡིག་སློབ་འབྲིང་གི་སློབ་མ་ཚོས་སློབ་གཙོ་དང་དགེ་རྒན་དག་ལ་ལས་སྣེ་ཕྱིར་སྤྲོད་བྱ་དགོས་པའི་ཐད། རྒྱ་ནག་གཞུང་ལ་ཡང་དང་བསྐྱར་དུ་ངོ་རྒོལ་དང་རེ་བ་བཏོན་ཡང་། གནས་ཚུལ་ལ་བཟང་ཕྱོགས་འགྱུར་བ་ཅི་ཡང་བྱུང་མེད་པར་མ་ཟད། ཉེ་བའི་བདུན་ཕྲག་ནང་སློབ་གྲྭའི་དགེ་རྒན་ ༢༡ ལ་སློབ་མ་ཚོར་འགན་མ་འཁུར་བ་དང་བཟང་ཕྱོགས་ཀྱི་སློབ་གསོ་མ་སྤྲད་པ་སོགས་ཀྱི་སྐོར་བཤད་དེ་རྒྱ་སྒོར་ཁྲི་ ༢ ནས་ཁྲི་དྲུག་བར་གྱི་ཉེ་ཆད་བཅད་ཡོད་འདུག་ལ། ད་ལྟའི་ཆར་སྔོན་ལྟར་དམག་མིའི་མཐའ་བསྐོར་ཏེ་སློབ་གྲྭར་དམ་དྲག་བྱེད་ཀྱི་མེད་ནའང་། སློབ་གྲྭའི་ནང་ནམ་རྒྱུན་གྱི་སློབ་མའི་བསླབ་བྱའི་རིགས་སློབ་སྦྱོང་བྱེད་ཀྱི་མེད་པར། དགེ་སློབ་ཡོངས་ཕྱིར་འགྲོ་བར་བཀག་སྡོམ་བྱས་ཏེ་ཁྲིམས་ལུགས་དང་ཆབ་སྲིད་ཀྱི་སློབ་སྦྱོང་སྤྲོད་ཀྱིན་ཡོད་འདུག་ཅེས་འགྲེལ་བརྗོད་གནང་བྱུང།

འབྲེལ་ཡོད་གསར་འགྱུར།

མཚོ་སྔོན་བོད་སྐད་རླུང་འཕྲིན་ཟླ་གཅིག་ལྷག་རིང་མཚམས་འཇོག་བྱ་རྒྱུའི་གསལ་བསྒྲགས། དྲ་ལམ་གྱི་པར། ༢༠༢༦།༦།༡༨
Mobile App

མཚོ་སྔོན་བོད་སྐད་རླུང་འཕྲིན་ཟླ་གཅིག་ལྷག་མཚམས་འཇོག་བྱ་རྒྱུ་ཡིན་འདུག 

ཆུ་ཚོད་ ༡༨ སྔོན་ལ།
རྒྱ་ནག་གིས་བཀག་སྡོམ་བྱས་པའི་ཨ་རིའི་དམག་དོན་དང་འབྲེལ་བའི་བཟོ་ཚོང་ཁང་ ༡༠ ཡི་ལས་རྟགས། ༢༠༢༦།༦།༢༢ པར་བོད་ཀྱི་དུས་བབ་གསར་ཁང་གིས་སྒྲིག་སྦྱོར་བྱས།
Mobile App

རྒྱ་ནག་གིས་ཨ་རིའི་རྒྱལ་སྲུང་དང་འབྲེལ་བའི་བཟོ་ཚོང་ཁང་ ༡༠ བཀག་སྡོམ་བྱས།

ཆུ་ཚོད་ ༢༠ སྔོན་ལ།
Mobile App

ཁྲིམས་ཞིབ་པ་ཆེ་བ་ཟུར་པ་ངག་དབང་འཕེལ་རྒྱལ་ལགས་སྐུ་ཚེ་འཕེན་པ་རྫོགས།

ཆུ་ཚོད་ ༢༣ སྔོན་ལ།
ཕྱི་ལོ་ ༢༠༢༧ ལོའི་རྒྱལ་ཡུམ་ཆེན་མོའི་རྐང་སྤོལ་རྩེད་འགྲན་ལ་དྭགས་བསོད་ནམས་གླིང་བོད་མིའི་གཞིས་ཆགས་སུ་འཚོག་རྒྱུ་རེད་འདུག པར་བོད་ཀྱི་དུས་བབ་གསར་ཁང་གིས་སྒྲིག་སྦྱོར་བྱས།
Mobile App

ལ་དྭགས་བསོད་ནམས་གླིང་ས་གནས་སུ་རྒྱལ་ཡུམ་ཆེན་མོའི་རྩེད་འགྲན་ཐེངས་ ༣༢ པ་འཚོག་རྒྱུ་ཡིན་འདུག

༢༠༢༦/༠༦/༡༩
སྤྱི་འཐུས་ཚོགས་གཙོ་མཆོག་གིས་སྐུ་ཞབས་རོ་བྷེ་ཊི་ཐོར་མན་ལགས་ཀྱི་ཤུལ་ལུས་ནང་མིར་ཐུགས་གསོ་གནང་། པར་བོད་ཀྱི་དུས་བབ་གསར་ཁང་གིས་བསྒྲིགས། ༢༠༢༦།༦།༡༩
Mobile App

སྤྱི་འཐུས་ཚོགས་གཙོ་མཆོག་གིས་སྐུ་ཞབས་རོ་བྷེ་ཊི་ཐོར་མན་ལགས་ཀྱི་ཤུལ་ལུས་ནང་མིར་ཐུགས་གསོ་གནང་།  

༢༠༢༦/༠༦/༡༩
Richard Gere speaks at a Tibet conference hosted by Latvian MP Juris Viļums, Chair of the Group for the Support of Tibet.
Mobile App

མི་རིགས་མཐུན་སྒྲིལ་ཡར་ཐོན་ཟེར་བར་ངོས་ལེན་མེད་པའི་གྲོས་ཆོད་འདོན་རྒྱུའི་འབོད་སྐུལ་ཞུས།

༢༠༢༦/༠༦/༡༨

མཆན། 6

  1. སྨྲ་བརྗོད་རང་དབང། says:
    ལོ་ 16 སྔོན།

    ཤ་ཁྲག་གཅིག་པའི་བྱས་རྗེས།

    ད་ལམ་ཉེར་བའི་ཆར་ཡུལ་ཤུལ་བོད་རིགས་རང་སྐྱོང་ཁུལ་དུ་ས་ཡོམ་གྱི་ཡ་ང་བའི་གོད་ཆག་བྱུང་བ་བརྟེན། རང་རིགས་སྤུན་ཟླ་ཁྲི་ཕྲག་ལས་བརྒལ་བ་རྐྱེན་ལམ་དུ་འདས་གྲོངས་སུ་གྱུར། འོན་ཀྱང་ཁོང་འདས་པོ་རྣམས་ཀྱི་ཆེད་དུ་སྤྱི་ནོར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གི་གཅོ༹ས་རིས་མིན་བླ་ཆེན་རྣམ་པ་དང་ཆོས་རྒྱུད་སོ་སོ་གདན་ས་ཁག་གི་དགེ་འདུན་འདུས་མོང་ཡོངས་ནས་བསྔོ་སྨོན་རྒྱ་ཆེར་གནང་གི་ཡོད་པ་མ་ཆ༹ད། བོད་མི་ཅ༹མ་ཟས་བ་ཡོངས་རྗོ༹གས་ཀྱི་གདུང་སེམས་མཉམ་བསྐྱེད་ཐོག་སོ་སོར་གང་ཐུབ་རོགས་རིམ་རྒྱ་ཆེར་གནང་གི་ཡོད་པར་སྨོས་ཅི་དགོས། ཡིན་ན་ཡང་ཐུགས་སྐྱོ་བའི་གནས་ཚུལ་ལྟར་ན། ས་གནས་Belgiumགནས་སྡོད་རྒྱ་གར་སྡེ་ར་རྡུན་ནས་ཡིན་པ་བོད་པའི་བུ་མོ་ཆེ༹་དབང་སྒྲོལ་མ་དང་སྐྱིད་འཇོ༹མས་གཉིས་ནས་རང་སྣང་གང་ཤར་གྱི་ཤུལ་ལུས་རྒྱ་ཆེན་མི་དམངས་ཡོངས་ལ་རྩིས་མེད་རྡོག་རིལ་བཏང་སྟེ། ཁོ་མོས་བོད་མི་རིགས་ཀྱི་ལ་རྒྱ་དོར་ནས་གླུ་གར་དགོང་ཆོ༹གས་ཅིག་གོ་བསྒྲིགས་བྱས་སྟབས། ས་གནས་སྐུ་ཆ༹བ་སྐུ་ངོ་བདེ་དོན་ལགས་ཀྱི་གཅོ༹ས་ཆོ༹གས་པ་ཁག་གི་འགན་འཇི༹ན་རྣམ་པས་ཁོ་མོ་གཉིས་ལ་གླུ་གར་དགོང་ཆོ༹གས་ཕྱིར་འཐེན་ཡོང་བའི་འབོད་བསྐུལ་བྱས་ཀྱང་ཉན་མི་འདུག།
    དེ་བརྟེན་ཤུལ་ལུས་རྒྱ་ཆེན་འབྲེལ་ཡོད་མི་མོང་ནས་གདུང་སེམས་མཉམ་བསྐྱེད་ཐོག་ཁོ་མོ་གཉིས་ལ་བསྐྱར་དུ་འབོད་བསྐུལ་བྱས་རྗེས། ཆོ༹གས་འདུ་ཐོག་ཆོ༹གས་པ་ཁག་གི་འགན་འཇི༹ན་རྣམ་པ་དང་མི་མོང་ཁ་ཤས་ངུ་འབོད་བྱེད་དགོས་པ་བྱུང་འདུག། མཐའ་མ་ཁོ་མོ་གཉིས་འུ་ཐུག་ནས་དགོང་ཆོ༹གས་ཕྱིར་འཐེན་བྱས་འདུག་པས་ཤིན་ཏུ་ངོ་མཆ༹ར་ཆེ།།

    Reply
  2. དོན་ལྡན says:
    ལོ་ 16 སྔོན།

    མདོ་སྨད་རྨ་ཆུའི་དགེ་རྒན་ཚོ་ནི་བོད་མི་རིགས་སློབ་གསོའི་གཡུལ་ས་མདུན་མའི་ཐོག་འཐབ་རྩོད་གནང་མཁན་གྱི་གདོང་འཆོང་པ་ཞིག་སོང། རྒྱ་གཞུང་གིས་ཁོང་ཚོའི་འདོད་པ་མཐུན་མིན་གྱིས་ཉེར་ཆད་བཏང་བ་དེས་དགེ་རྒན་ཚོའི་དཔལ་འབྱོར་ལ་གནས་སྐབས་གྱོང་གུན་ཕྲན་བུ་ཙམ་ལས་ཁོང་ཚོ་རང་མི་རིགས་ལ་བཅངས་པའི་ལ་རྒྱ་དང་སེམས་ཤུགས་ལ་ནམ་ཡང་གྱོང་གུན་གཏོང་ཐུབ་ཀྱི་མ་རེད།

    Reply
  3. ཨ་བཀྲ་ཤིས། says:
    ལོ་ 16 སྔོན།

    ཕྱི་རྒྱལ་ནས་བོད་ལ་རོགས་སྐྱོར་བྱ་རྒྱུ་ཡིན་ཟེར། རྒྱ་ནག་ནས་བོད་ལ་རོགས་སྐྱོར་བྱ་རྒྱུ་ཡིན་ཟེར། གང་ལྟར་དོན་ངོ་མ་རོགས་སྐྱོར་བྱ་མཁན་དེ་སུ་ཞིག་ཡིན་པ་གསལ་བཤད་དཀའ་མོ་གཅིག་རེད། ངས་བལྟས་ན་དགོན་སྡེ་ཁག་གི་གྲྭ་བཙུན་ཚོ་ངོ་མ་ཁ་དང་སེམས་ཀྱིས་རོགས་སྐྱོར་བྱེད་བཞིན་པ་དེ་ལ་ཡིད་ཆེས་བརྟན་པོར་ཡོད།
    ད་ཐེངས་འདིའི་ས་འགུལ་དོན་རྐྱེན་གྱི་གནད་དོན་དག་ལ་ཁག་བཞག་ནས་རྒྱ་བོད་གཉིས་བར་ལ་ལྟ་བ་མི་མཐུན་མཁན་གང་མང་མང་ཞིག་གི་རྩོམ་རིག་མང་པོ་སྤེལ་དང་སྤེལ་བཞིན་པ་རེད། རྩོམ་རིག་གང་མང་གཅིག་ཕྱི་རྒྱལ་ནས་ཡོང་བཞིན་པ་ཤ་སྟག་རེད། ད་སྐབས་བོད་ཡུའུ་ཧྲུའུ་ས་ཁུལ་ན་བོད་རིགས་སྤུན་ཟླ་མང་པོ་ཞིག་གི་སེམས་ཁམས་སྡུག་གི་རྒྱ་མཚོར་ལྷུང་ཡོད་པ་ཀུན་གྱིས་ཤེས་གསལ་རེད། འདི་ལྟ་བུའི་དུས་སྐབས་སུ་ང་ཚོས་ཁོང་ཚོར་སེམས་གསོ་དང་འཚོ་བ་བསྐྱར་གསོའི་ལས་འགུལ་རིགས་ལ་རྒྱབ་སྐྱོར་བྱས་ཏེ་མུ་མཐུད་སོང་ན་མཇུག་འབྲས་ཡག་སྡུག་དེ་ག་ལེར་གསལ་བོར་མཐོང་ཐུབ་པ་དང་། སྤྱིར་དོན་རྐྱེན་འདིའི་རིགས་སུ་འདོད་པས་མི་ཁེངས་པའི་གནད་དོན་གང་མང་མང་གཅིག་ཡོང་སྲིད་པ་ངོས་དོན་རེད། སྙིང་རྗེ་མེད་པའི་ས་ཡོམ་གྱིས་ཞོ་དཀྲིགས་དཀྲིགས་བྱས་ཟིན་པའི་ཡུལ་གྲུ་དེ་དུས་ཚོད་ཐུང་ཐུང་འདི་ལྟ་བུའི་ནང་དུ་བསྐྱར་གསོ་ཐུབ་རྒྱུ་ལས་སླ་བོ་ཞིག་གཏན་ནས་མ་རེད། ལྷག་པར་དུ་འདས་སོང་པའི་ནང་མི་སྤུན་ཟླའི་ཉེ་རིང་དང་སྤུན་གྲོགས་གང་མང་འཚོ་ཡོད་པ་དེ་ཚོའི་སེམས་ཁམས་བདེ་ལ་འབབ་ཐུབ་རྒྱུ་དེ་བས་དཀའ་མོ་གཅིག་རེད། རྨང་གཞི་ནས་འཇིག་རྟེན་འདི་ཡག་བཙོག་གཉིས་ཀྱིས་འཚོ་བཞིན་པའི་རླུང་ཁམས་གཙང་མ་ཞིག་གཏན་ནས་ཡོང་ཐབས་མེད་པ་དང་། འདི་ལྟར་མི་འཚོ་ཐབས་མེད་རེད། ང་ཚོའི་བྱང་སེམས་དེའི་སྙིང་བོ་ནི་འགྲོ་བ་སེམས་ཅན་ལ་ཕོག་ཐུག་མི་གཏོང་བ་གལ་ཆེན་པོ་རེད། དེའི་ནང་ནས་ད་དུང་མིའི་རིགས་ལ་ལྷག་པར་དུ་ཕོག་ཐུག་མི་གཏོང་བ་ཤིན་ཏུ་གལ་ཆེན་ནང་གི་དོན་ཆེན་རེད། ངས་འདི་ནས་མགོ་བདེ་ཡིས་བཤད་པ་ཙམ་རྩ་བ་ནས་མིན། ངོ་མ་གཡོ་ཐལ་ཆེ་བའི་སྤྱི་ཚོགས་ཤིག་ནང་འཚོ་རྒྱུ་དེ་ཧ་ཅང་དཀའ་མོ་རེད། སྔོན་ཆད་བོད་ནས་མ་འབྱོར་གོང་དུ་རྒྱ་ནག་གི་ཡག་བཙོག་དེ་གང་འདྲ་ཞིག་ཡིན་མིན་གསལ་བོ་མ་ཤེས། ད་སྐབས་རྒྱ་ནག་ཕྱོགས་ལ་མིག་འབུར་རེ་བལྟས་ཏེ་ཁ་ནས་ཁ་ལུ་འཕེན་རྐྱང་བྱས་པ་ཙམ་གྱིས་སེམས་ཁུང་གི་ན་ཟུག་དེ་སྣོན་ཐབས་ཡེ་ནས་མི་འདུག གནས་ལུགས་འདིས་ང་རང་ཉིད་འབྱོན་ཐང་མེད་པ་གཞི་ནས་ཤེས་སོང་། གང་ཡིན་ཞེས་ན་སྔོན་ཆད་བོད་ནས་སློབ་གྲྭར་འགྲོ་མྱོང་ཡོད། འོན་ཀྱང་ཕ་མ་དང་སྤུན་ཉེ་ཚོའི་ཁ་ལ་མ་ཉན་པར་སློབ་གྲྭ་མཐར་ཕྱིན་པ་ཞིག་གཏན་ནས་འགྲོ་ཐུབ་མ་སོང་། ཚོང་ལས་གཉེར་ནས་འཚོ་བ་ཡག་པོ་གཅིག་གི་རེ་བ་བཅིངས་ཏེ་དེ་ཡང་ལམ་འགྲོ་མེད་པར་དཀའ་ངལ་ལ་གདོང་ལེན་བྱ་ཐུབ་མ་སོང་། འདི་དག་ཐམས་ཅད་སོ་སོས་སོ་སོ་མུན་ནག་ལ་ལག་བརྡ་བྱས་པ་མ་གཏོགས་མི་ཡིས་སྤྲད་པའི་ལས་སྨིན་ཞིག་གཏན་ནས་མཐོང་གི་མི་འདུག གནས་ལུགས་འདི་ལྟ་བུའི་འོག་ནས་རྒྱུ་འབྲས་ཀྱི་ལམ་ཁ་དེ་མི་རང་ཉིད་ནས་འགོ་བརྩམས་དགོས་པ་ཆོས་ཉིད་ལྟ་བུ་མཐོང་གི་འདུག

    Reply
  4. སེར་སྨད་བློ་དགའ། says:
    ལོ་ 16 སྔོན།

    ད་གང་ཤེས། འཇིག་རྟེན་འདིའི་སྟེང་ཆོས་བྱས་པ་མང་ཤོས་བོད་པ་ཚང་ཡིན་གྱི་རེད་དེ། གྱོང་གུད་ཆེ་ཤོས་དང་དཀའ་ལས་ཁག་ཤོས་བོད་པ་ཚང་རེད་འདུག སྤྱིར་བཏང་བོད་པ་ཟེར་ངེས་དེ། སྡུག་གཏོགས་ཙམ་རིག་དགོས་ངེས་ཤིག་ཀྱང་མཐོང་གི་ཡོད། བོད་པ་ཚང་སྡུག་ས་ནས་དཀའ་ལས་རྒྱག་ཐུབ་མཁན་དང་སྐྱིད་ས་ནས་ནམས་ཉིན་མཚན་གཉིད་ཁུག་དགོས་མཁན་ཞིག་རེད། ཡིན་ནའང་རྨ་ཆུའི་དཔའ་བོ་ཚོ་སྙིང་ནས་རྗེས་དྲན་བྱེད་ཀྱི་ཡོད།

    Reply
  5. འཇམ་དཔལ་རྣོན་པོ་། says:
    ལོ་ 16 སྔོན།

    མདོ་སྨད་རྨོ་ཆུའི་དཔའ་བོ་ཚོ་་་

    Reply
  6. འཇམ་དཔལ་རྣོན་པོ་། says:
    ལོ་ 16 སྔོན།

    མདོ་སྨད་རྨ་ཆའི་དཔའ་བོ་ཚོ། ཁྱེད་ཚོའི་བྱས་རྗེས་དེ་དུས་ནམ་ཡང་ང་ཚོས་བརྗེད་མི་སྲིད། ཁྱེད་ཚོས་སྙིང་སྟོབས་དང་ལ་རྒྱ། ཤེས་ཡོན་དང་བསམ་བློ་ལ་དངོས་གནངས་བསྔགས་བརྗོད་ཡོད།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese