མདུན་ངོས།
About Us
  • English
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

བཙོན་ཟུར་འཇམ་དཔལ་རྒྱ་མཚོ་ལགས་འདས་གྲོངས།

བོད་ཀྱི་དུས་བབ།
༢༠༡༠/༠༥/༢༦
Share on FacebookShare on TwitterShare on EmailShare on Whatsapp

འདི་གའི་གསར་འགོད་པས་བོད་ཀྱི་དགུ་བཅུ་གསུམ་ལས་འགུལ་ཚོགས་པ་ནས་ཤེས་རྟོགས་བྱུང་བ་ལྟར་ན། ཟླ་འདིའི་ཕྱི་ཚེས་ ༡༡ ཉིན་ཅན་ངྷི་སྒར་གྱི་ PGA ཞེས་པའི་སྨན་ཁང་ནང་བོད་ཀྱི་ཆབ་སྲིད་བཙོན་ཟུར་འཇམ་དཔལ་རྒྱ་མཚོ་ལགས་མཁལ་ནད་ཀྱི་དབང་གིས་འདས་གྲོངས་སུ་གྱུར་ཡོད་འདུག

ཁོང་ཕ་ཡུལ་ལྷ་རྩེ་རྫོང་མང་ཕུ་ཤང་ཕུ་གྲོང་ཚོར་ཞེས་པར་ཞིང་པའི་ཁྱིམ་ཚང་ཞིག་ཏུ་སྐྱེས་ཤིང་། རང་ལོ་ ༨ ནས་ ༡༡ བར་གྲོང་ཚོའི་སློབ་གྲྭར་ཕྱིན། རང་ལོ་ ༡༦ བར་ཁྱིམ་ཚང་ནང་ཞིང་ལས་བྱས། དེའི་རྗེས་མང་གར་དར་རྒྱས་གླིང་དགོན་པར་ཆོས་སྒོར་ཞུགས་ཏེ་ཚོགས་ཀྱི་འདོན་རྟ་དབྱངས་གསུམ་ལ་སྦྱངས། རང་ལོ་ ༢༥ སྟེང་དགོན་པ་དང་ཤང་ཆོས་ཚོགས་ལས་ཁུངས་ནས་དགོངས་འཁྲོལ་ཐོབ་པ་ལྟར། བོད་གཞིས་ཀྱི་གདན་ས་ཆེན་མོ་སེ་ར་ཐེག་ཆེན་ཆོས་གླིང་དུ་ཟུར་བཞུགས་ཀྱིས་ལོ་ ༧ རིང་ཚད་མ་རིག་པར་སློབ་གཉེར་བྱས། ཕྱི་ལོ་ ༡༩༩༦ ནང་དར་རྒྱས་གླིང་དགོན་པར་རྒྱལ་གཅེས་ཆོས་གཅེས་ཀྱི་སློབ་གསོའི་ལས་འགུལ་ཞིག་སྤེལ་ནས་ལྷ་རྩེ་རྫོང་གི་ལས་དོན་ཚོགས་ཆུང་ནས་ཁོང་ལ་ཕྱིར་རང་དགོན་དུ་ལོག་དགོས་པའི་ཡི་གེ་བསླེབས་ནའང་། ཁོང་གིས་དང་ལེན་མ་བྱས་པར་བརྟེན་ཁོང་གི་ནང་མིར་ཁོང་ལ་ཁ་པར་དང་ཡིག་འབྲེལ་བྱེད་དགོས་པ་མ་ཟད། མྱུར་ཏུ་ཕྱིར་རང་དགོན་དུ་འབོད་འགུགས་བྱེད་དགོས་སྐོར་བརྗོད་འདུག སློབ་གསོའི་ལས་འགུལ་དེ་ནི་༧གོང་ས་མཆོག་ལ་སྐུར་འདེབས་ཞུ་རྒྱུ་དང་བོད་རྒྱ་ཁོངས་ཡིན་ཚུལ་ཁས་ལེན་དགོས་པའི་སྐོར་ཡིན་པ་ཤེས་རྟོགས་བྱུང་སྟབས། ཁོང་ཕྱིར་རང་དགོན་དུ་མ་ཕེབས་པར་མུ་མཐུད་དེ་སེ་ར་དགོན་པར་བཞུགས། ༡༩༩༨ ལོར་སེ་ར་དགོན་དུའང་རྒྱལ་གཅེས་ཆོས་གཅེས་ཀྱི་སློབ་གསོའི་ལས་འགུལ་སྤེལ། ལས་འགུལ་དེ་ལོ་གཅིག་རིང་སྤེལ་རྗེས་རྒྱ་གཞུང་གིས་མང་ཚོགས་ཚོར་སེ་ར་དགོན་པའི་གྲྭ་བཙུན་རྣམས་ནི་རྒྱལ་གཅེས་ཆོས་གཅེས་ཀྱི་གྲྭ་བཙུན་ཡིན་པ་དང་། རྒྱ་ཕྱོགས་ནས་སྤེལ་བའི་ལས་འགུལ་དེ་ལེགས་འགྲུབ་བྱུང་ཚུལ་སོགས་ཀྱི་དྲིལ་བསྒྲགས་བྱས་སྟབས། ཁོང་གིས་རྒྱ་གཞུང་གིས་མི་བདེན་རྫུན་བསྒྲིགས་ཀྱིས་འཁྱོགས་བཤད་དེར་ལན་འདེབས་བྱེད་ཆོག རས་དཀར་པོ་རིང་བོ་ཞིག་གི་སྟེང་དུ་བོད་ཀྱི་རྒྱལ་དར་ཞིག་བྲིས་ཏེ། ༡༩༩༩ ལོའི་ཟླ་ ༣ ཚེས་ ༩ མཚན་མོར་སེ་ར་དགོན་གྱི་རྒྱལ་སྒོའི་ནུབ་ཀྱི་ཁང་པ་ཞིག་གི་སྟེང་དུ་ཆུ་མཛོད་ཆེན་པོ་ཞིག་ཡོད་པའི་སྟེང་བཙུགས།

༢༠༠༡ ལོའི་ཟླ་ ༢ ཚེས་ ༩ མཚན་གྱི་དགོང་མོའི་ཆུ་ཚོད་ ༡༡ ཙམ་ལ་ཁོང་གིས་༧གོང་ས་མཆོག་གི་བཀའ་སློབ་ཅིག་ལ་ལྐོག་ཉན་བྱེད་སྐབས་ཉེན་རྟོག་པས་བཟུང་སྟེ། ཁོང་གི་གྲྭ་ཤག་སྔོག་བཤེར་སྐབས་༧གོང་ས་མཆོག་གི་བཀའ་སློབ་སྐོར་གྱི་འཁོར་ཐག་འགའ་དང་དེ་སྔོན་༧གོང་ས་མཆོག་ལ་ཕུལ་བའི་བསྔོ་རྟེན་གྱི་བྱུང་འཛིན། ༧གོང་ས་མཆོག་གི་སྐུ་པར་བཅས་ཅ་དངོས་ཁག་ཅིག་ཉེན་རྟོག་པའི་ལག་ཏུ་ཚུད། བཙོན་ཁང་ནང་ཚབས་ཆེའི་རྡུང་རྡེག་དང་མནར་གཅོད་བཏང་བཏང་མཐར། ལྷ་ས་འབྲིང་རིམ་མི་མང་ཁྲིམས་ཁང་གིས་དུས་བཀག་བཙོན་འཇུག་ལོ་གཉིས་དང་ཆབ་སྲིད་དབང་ཆ་ལོ་གཅིག་འཕྲོག་རྒྱུའི་ཁྲིམས་ཐག་བཅད་དེ། དགུ་ཚ་བཙོན་ཁང་ནང་ཟླ་དགུར་བཅུག་རྗེས་གྲྭ་གཞི་བཙོན་ཁང་ནས་བསྐྱལ། ༢༠༠༣ ལོའི་ཟླ་ ༢ ཚེས་ ༨ ཉིན་གློད་གྲོལ་ཐོབ་ནའང་། བཙོན་གྲོལ་སྐབས་བཙན་ཁང་ནང་བྱུང་བའི་དངོས་བྱུང་གི་ལོ་རྒྱུས་རྣམས་མི་སུལའང་བཤད་མི་ཆོག་པ་དང་། ས་ཆ་གཞན་ལ་འགྲོ་དགོས་བྱུང་ཚེ་གྲོང་ཚོ་དང་ཤང་གི་སྤྱི་བདེ་ལས་ཁུངས་བརྒྱུད་ཆོག་མཆན་འཐོབ་དགོས་པ་སོགས་ལུས་སེམས་གཉིས་ཀར་བསུན་བཙེར་སྣ་ཚོགས་བྱུང་སྟབས་ ༢༠༠༤ ལོར། ཁོང་གཅིག་པུར་ལྷ་ས་ནས་ཤར་གངས་ལ་བརྒྱུད་ སྐྱབས་བཅོལ་དུ་ཕེབས་དགོས་བྱུང་སྟེ་ཤེས་རབ་དགའ་ཚལ་སློབ་གླིང་ནས་སློབ་སྦྱོང་གནང་མྱོང་ཡོད་འདུག

བཙོན་ཁང་དུ་བཞུགས་རིང་ཉེན་རྟོག་པས་ཚབས་ཆེའི་རྡུང་རྡེག་ཕོག་སྟེ་མཁལ་མ་ནད་པ་ཆགས་ཡོདསྟབས། ཟླ་སྔོན་མའི་ཕྱི་ཚེས་ ༡༡ ཉིན་ཅན་ངྷི་སྒར་ PGA སྨང་ཁང་ནང་མཁལ་ནད་ཀྱི་དབང་གིས་འདས་གྲོངས་སུ་སོང་ཡོད་འདུག

གསར་འགོད་པ། ཨ་རིག་འགྱུར་མེད།

འབྲེལ་ཡོད་གསར་འགྱུར།

བོད་རིག་པའི་ཆེད་མཁས་པ་དང་མཚོ་སྔོན་མི་རིགས་སློབ་ཆེན་གྱི་དགེ་རྒན་ཆེན་མོ་ཟུར་བ་རྒན་བདེ་མཆོག་ལགས། པར་བོད་ནང་གི་དྲ་ལམ་ནས་བླངས། ༢༠༢༦།༧།༡༧
Mobile App

བོད་རིག་པའི་མཁས་དབང་བདེ་མཆོག་ལགས་སྐུ་གྲོངས།

ཆུ་ཚོད་ ༡༨ སྔོན་ལ།
རྒྱ་ནག་གཞུང་གིས་བོད་མགོ་ལོག་ཁུལ་དུ་ཆབ་སྲིད་སློབ་གསོ་སྤྲོད་བཞིན་པ། བོད་ཀྱི་དུས་བབ་གསར་ཁང་གི་པར།
Mobile App

ཉིན་གྲངས་ ༡༧ ནང་བོད་དུ་བྱུང་བའི་ཆོས་དང་ཆབ་སྲིད་ཀྱི་གནས་ཚུལ་ཁག་ཅིག

ཆུ་ཚོད་ ༢༡ སྔོན་ལ།
China completes building a fifth new border defence village few km from Arunachal border
Mobile App

རྒྱ་ནག་གཞུང་གིས་རྒྱལ་སྲུང་མཐའ་མཚམས་ཀྱི་གྲོང་ཚོ་ལྔ་པ་དེ་འཛུགས་སྐྲུན་བྱས་ཚར་ཡོད་ཟེར།

༢༠༢༦/༠༧/༡༧
Chinese officials celebrate the 70th anniversary of the invasion of Tibet at Potala Palace in Lhasa, Tibet. Photograph: Xinhua/Rex/Shutterstock
Mobile App

རང་སྐྱོང་གི་འཁྲུལ་སྣང་། བོད་པ་ཚོས་དངོས་ཡོད་ལ་གདོང་ལེན་བྱ་དགོས་པའི་རྒྱུ་མཚན།

༢༠༢༦/༠༧/༡༦
དཀར་མཛེས་ཁུལ་སྐྱེས་ཁམས་ཁོར་ཡུག་ཚན་པའི་འགན་འཛིན་ཟུར་བ་དཀོན་མཆོག དྲ་ལམ་གྱི་པར།
Mobile App

དཀར་མཛེས་ཁུལ་སྐྱེ་ཁམས་ཁོར་ཡུག་ཚན་པའི་འགན་འཛིན་ཟུར་བ་དཀོན་མཆོག་ལ་ཞིབ་བཤེར་བྱེད་ཀྱིན་འདུག

༢༠༢༦/༠༧/༡༦
Tibetan monks hold a ceremony to mourn the death of Tibetan activist Lobga Rangzen in Liberty Square in Taipei last night. Lobga Rangzen set himself on fire outside the UN headquarters in New York on July 2 in protest of China’s occupation of Tibet and Beijing’s Ethnic Unity and Progress Promotion Law, which went into effect on July 1.
Photo: Tu Chien-rong, Taipei Times
Mobile App

 བོད་མི་མང་སྤྱི་འཐུས་ཚོགས་གཞོན་མཆོག་གིས་རང་བཙན་བློ་དགའ་ལགས་སུ་གདུང་སེམས་མཉམ་སྐྱེད་ཞུས།

༢༠༢༦/༠༧/༡༦

མཆན། 15

  1. lobsang says:
    ལོ་ 16 སྔོན།

    དངོས་གནས་ཡིད་སྐྱོ་བའི་གནས་ཚུལ་རེད་ ངའི་རྨོང་འཆར་འགའ་ཞུ་འདོད་བྱུང་ བཙན་བྱོལ་གྱི་ཚོགས་སྡེ་ཁག་གིས་ལད་པ་རེད་བསམ་ གང་ཡིན་ཟེར་ན་བཙོན་པ་ཟུར་པ་བཞུགས་སའི་མཐའ་སྐོར་གྱི་སྨན་ཁང་ཁག་ལ་འབྲེལ་བ་བཙུགས་ནས་ གལ་སྲིད་དེར་སྡེབ་སྐྱོན་གྱིས་མི་གྲོངས་གྲབས་ཡོད་པའི་མིའི་མཁལ་མ་སློང་རྒྱུའི་ལས་འཆར་ལ་འབད་ན་ཁོང་གི་སྲོགས་ཨེ་འགྲོ་དགོས་སྙམ་ གལ་སྲིད་ལས་འཆར་འདི་ལྟ་བའི་སྤལ་ནས་ཡང་ཐབས་ཤེས་མེད་པ་ཆགས་པ་ཡིན ན་ གནས་ཚུལ་ཐ་དད་རེད་་ དེ་མིན་་ཐབས་སྐྱོ་བ་རེད་

    Reply
  2. ཅོ་རི་ཉི་མ། says:
    ལོ་ 16 སྔོན།

    རྒྱ་གར་གྱི་སྨན་ཁང་ཁག་གི་ནང་དུ་ལོ་ཆུང་བ་རྣམས་གཤག་བཅོས་བྱེད་དུས་ངེས་པ་ཏུ་གཟབ་གཟབ་བྱེད་ན་མ་གཏོགས་སྨན་པ་ཁག་གིས་མཁལ་མ་ཙོང་གི་ཡོད་པར་རེད།

    སྔོན་མ་རྒྱ་གར་གྱི་སྨན་པ་ཞིག་གིས་མི་མང་པོའི་མཁལ་མ་བཏོན་ནས་ཕྱི་ཚོང་བྱས་རྐྱེན་བལ་ཡུལ་དུ་བྲིས་ནས་སླེབས་པར་རེད།
    བལ་ཡུལ་ཉེན་རྟོགས་པས་འཛིན་བཟུང་བྱས་ནས་ཕྱིར་རྒྱ་གར་ལ་རྩིས་སྤྲོད་བྱས་པར་གསར་འགྱུར་ཁག་ཏུ་སྟོན་སོང།

    ང་རང་ཚོ་སྐྱབས་བཅོལ་བ་རྒྱབ་རྩ་མེད་མཁན་རྣམས་ཀྱི་གཟབ་གཟབ་མ་བྱེད་ན་མཁལ་མ་ཤོར་ཡོང།

    Reply
  3. ཅོ་རི་ཉི་མ། says:
    ལོ་ 16 སྔོན།

    དངོས་གནས་བསམ་བློ་ཡང་གཏོང་རེ་བྱེད་དུས་དངོས་གནས་བློ་ཕམ་ཡོང་ཁུ། དཔེར་ན་སུད་སི་ལྟ་བུའི་སྨན་ཁང་ནང་དུ་མཁལ་མ་བརྗེ་པོ་རྒྱག་རྒྱུ་ལས་སླ་པོ་རེད། སྙིང་བརྗེ་པོ་རྒྱབ་ནས་ནས་སྲོག་འགོ་ཐོན་ཡོད་ཡང་གོ་རྒྱུ་ཡོད།

    ཨ་རིག་འགྱུར་མེད་ལགས་འདས་པ་པོར་གཤག་བཅོས་བྱས་འདུག་གམ། མཁལ་མ་གཅིག་པོའི་ནད་ཀྱིས་རྐྱེན་པས་འདས་སོང་བ་རེད་འདུག་གམ།

    དངོས་གནས་ཕམ་སོང། དངོས་གནས་ཕམ། ནུབ་ཕྱོགས་སུ་ཕེབས་མ་ཐུབ་པར་དངོས་གནས་ཕམ་སོང། འགྱོད་པ་རྟ་ཡིས་མ་ཟིན་ཟེར་འདིར་རང་རེད་སྙམ།

    Reply
  4. ཅོ་རི་ཉི་མ། says:
    ལོ་ 16 སྔོན།

    གལ་སྲིད་དཔའ་པོ་འཇམ་དཔལ་རྒྱ་མཚོ་ལགས་སྲིད་བཙོན་པའི་མིང་ཐོག་ནས་སུད་སི་ལྟ་བུ་ལ་ཕེབས་ཐུབ་ཡོད་ན་སྨན་བཅོས་ཧ་ཅང་ཡག་པོ་ཡོད་པས་ཚེ་སྲོག་སྐྱོབ་ཐུབ་ཀྱི་རེད་སྙམ།
    ད་འགྱོད་པ་སྐྱེས་ཀྱང་ཅི་ཕན། ་རྗེས་སུ་དེ་འདྲ་མི་ཡོང་བའི་སྨོན་ལམ་ཡོད།

    Reply
  5. ཅོ་རི་ཉི་མ། says:
    ལོ་ 16 སྔོན།

    ང་རང་ཚོས་རང་མིའི་སྲོག་སྐྱོར་མི་ཐུབ་པ་འདི་ནི་མི་ཚེའི་ནང་གི་སྡུག་བསྔལ་ཆེ་ཤོས་རེད། དགྲ་དམར་པོའི་མདུན་དུ་ཡར་ལངས་བྱས་པ་ནི་རང་སྲོག་བོད་ཀྱི་དོན་དུ་ཕུལ་བ་དང་གཅིག་པ་གཅིག་རྐྱང་རེད།

    འཐབ་བསམ་ཀྱང་དཔང་གིས་མི་ཐུབ།
    རྩོད་བསམ་ཀྱང་རིག་ལམ་མི་འགྲོ
    བཤད་བསམ་ཀྱང་ཁྲིམས་ལུགས་མི་བརྩི།
    གཏོར་བསམ་ཀྱང་སྟོབས་ཀྱིས་མི་འདང།

    དགྲ་དམར་པོའི་སྟོབས་ཤུགས་ཉམ་པར་ཤོག
    གཞུང་དམར་པོ་ཁ་འཐོར་ཡོང་བ་ཤོག
    བོད་མི་རིགས་སྲོག་འགོ་ཐོན་པར་ཤོག
    བོད་གངས་ཅན་རང་དབང་ཐོབ་པར་ཤོག

    བཙན་བྱོལ་ནང་གི་བོད་མི་ཚོ་ལ་ནུས་པ་མེད་པར་ཤེས་པའི་ཐོག་ནས་རང་སྲོག་གཅེས་སྐྱོང་གནང་རོགས་ཞེས་རེ་འབོད་བྱེད་བཞིན་ཡོད།

    Reply
  6. བསྟན་འཇམ says:
    ལོ་ 16 སྔོན།

    འཕགས་མཆོག་མིག་མི་འཛུམ་གྱིས་རྗེས་བཟུང་ནས །
    གང་ཞིག་རིགས་དྲུག་ཁབ་ཏུ་ཡོད་མཆིས་ན།
    སླར་མུ་གངས་ཀྱི་དྭངས་མའི་བརྩེ་ཞགས་ལ །
    འུ་ཅག་གཅིག་ཏུ་སྦྲེལ་བའི་སྙིངགཏམ་གླེང ་།

    Reply
  7. Afrah says:
    ལོ་ 16 སྔོན།

    Oh! Allah. There is no god but He, the Living, the Self-subsisting, Eternal. No slumber can seize Him nor sleep. His are all things in the heavens and on earth. Who is there can intercede in His presence except as He permitteth? …
    I pray in you and requesting that take soul of my countrys’ real hero to your own seat, ALLAH!

    Reply
  8. བྲག་འགོ་དཀོན་མཆོག་དར་རྒྱས། says:
    ལོ་ 16 སྔོན།

    མྱ་ངན་གུས་རྩི་ཞུ་
    བོད་ཀྱི་དཔའ་རྒོད་འདི་སྐྱེ་བ་རྗེས་མར་རང་བཙན་ཐོབ་ཚར་རྗེས་ཞིག་ལ་བོད་དུ་སྐྱེ་བར་ཤོགས

    Reply
  9. ཁང་གསར་རྡོ་རྗེ། says:
    ལོ་ 16 སྔོན།

    དཔའ་བོ་འདིའི་རིགས་ནི་བོད་མི་རིགས་སུ་སྐྱེས་པའི་སྐྱེས་གོ་ཆོད་པ་རེད། ང་ཚོ་བོད་མི་རིགས་འདི་རྩ་མེད་དུ་མ་སོང་བར་གནས་པ་འདི་དཔའ་རྒོད་འདི་དང་འདི་འདྲ་བ་ཚོའི་དྲིན་རེད། གུས་འདུད་ཡོད།

    ཡང་བསྐྱར་བོད་ཀྱི་དཔའ་བོ་ངར་མ་ཞིག་ཏུ་འཁྲུངས་པར་ཤོག

    Reply
  10. མི་ཆུང་། says:
    ལོ་ 16 སྔོན།

    གསར་འགོད་པ་ལགས། ཐུགས་རྗེ་ཆེ། གསར་འགྱུར་འདི་རིགས་གླེང་རིན་ཡོད། སྤྱིར་རྒྱལ་གཅེས་པ་ཁོ་རང་མཁལ་མ་གཉིས་ཀ་གཅོང་ཅན་དུ་གྱུར་ཏེ་མཁལ་མ་གཅིག་བརྗེ་སྤོར་རྒྱག་དགོས་ཐུག་འདུག ད་རེས་ཁོང་གྲོངས་ཁར་སྔར་རྒྱུན་བཞིན་མཁལ་མ་གཅིག་གིས་ལས་ཀ་བྱེད་ཀྱི་འདུག་ཟེར།

    འོན་ཀྱང་། ཁོང་གྲོངས་རྐྱེན་དེ་སྙིང་དང་ཅུང་འབྲེལ་བ་ཡོད་པར་བརྗོད། ཁོང་མ་གྲོངས་གོང་ཙམ་ནས། སྨན་བཅོས་གཅིག་ཙམ་གྲུབ་ཟིན་མ་ཐག ཁོ་རང་གང་མགྱོགས་ཡར་རྡ་སར་མ་ཕྱིན་ན། འཕྲོད་བསྟེན་ནས་སྨན་རིན་ལ་དཀའ་ངལ་བཟོ་གི་རེད་ཅེས། ཅན་དྷི་གར་ནས་སེམས་འཚབ་བྱེད་ཀྱི་འདུག་ཅེས་བརྗོད། གང་ལྟར་ཁོང་ན་གཞོན་གཅིག་ནས། བོད་མི་རིགས་ཀྱི་ཆེད་དུ་བཙོན་དུ་ཚུད། དེ་ནས་ལུས་པོ་གས་ཤིག་ཁོག མཐར་ཅན་དྷི་གར་དུ་འདས་དེ་ལྟར་ཁུ་སིམ་མེར་གྲོངས་པ་རེད།

    Reply
  11. karma dorje says:
    ལོ་ 16 སྔོན།

    འཇམ་དཔལ་རྒྱ་མཚོ་ལགས་སོགས་ལ་སྨོན་པ།

    བསྟན་དང་བསྟན་འཛིན་ཆབ་སྲིད་རང་རིགས་སླད། །
    གཅེས་པའི་ལུས་སྲོག་ལོངས་སྤྱོད་ཡོངས་བཏང་སྟེ། །
    དཀའ་བ་བརྒྱ་ཕྲག་བསྒྲུབས་པའི་སྐྱེ་བོ་རྣམས། །
    གྲུ་འཛིན་མགོན་དེས་ཐུགས་རྗེས་སྐྱོང་བར་མཛོད། །

    Reply
  12. བྱམས་རྒྱལ། says:
    ལོ་ 16 སྔོན།

    སྡེ་་་་་་་་་་་་་་་བདེ་ལ་བཅོས་རོགས་

    Reply
  13. བྱམས་རྒྱལ། says:
    ལོ་ 16 སྔོན།

    སྐུ་ཞིང་བཤེགས་འཇམ་དཔལ་རྒྱ་མཚོ་ཁྱེད་།
    བུ་ང་ཡི་སྙིང་ལ་རྟག་ཏུ་ཡོད་།
    སླར་ཁ་བ་རི་པའི་སྡེ་སྡུག་དོན་།
    ཁྱེད་སླར་ཡང་འབྱོན་པའི་སྨོན་ལམ་འདེབས།།
    འཕགས་མཆོག་མཁྱེན་མཁྱེན་
    མིག་ཆུ་ཤོར་བཞིན་བྲིས་

    Reply
  14. མགོ་རུལ། says:
    ལོ་ 16 སྔོན།

    བསྟན་དང་བསྟན་འཛིན་ཆབ་སྲིད་རང་རིགས་སླད། །
    གཅེས་པའི་ལུས་སྲོག་ལོངས་སྤྱོད་ཡོངས་བཏང་སྟེ། །
    དཀའ་བ་བརྒྱ་ཕྲག་བསྒྲུབས་པའི་སྐྱེ་བོ་རྣམས། །
    གྲུ་འཛིན་མགོན་དེས་ཐུགས་རྗེས་སྐྱོང་བར་མཛོད། །

    Reply
  15. གཅན་བཟོད་རྒྱམ། says:
    ལོ་ 16 སྔོན།

    མི་ལུས་སྐྱེ་ཞིང་སྐྱེ་བ་ཐམས་ཅད་དུ།།
    ངན་སོང་ངན་འགྲོ་ལེགས་པར་ལྟུང་བ་ཡི།།
    སྐྱེ་གནས་རྣམས་སུ་ནམ་ཡང་མི་སྐྱེ་ཞིང་།།
    དལ་འབྱོར་ཚང་བའི་མི་ལུས་ཐོབ་པར་ཤོག།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese