མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

ཞི་མོལ་སྐོར་གྱི་ཚོགས་འདུ།

བོད་ཀྱི་དུས་བབ།
༢༠༡༠/༠༦/༠༨
Share on FacebookShare on TwitterShare on EmailShare on Whatsapp

བོད་རྒྱ་ཞི་མོལ་ལས་དོན་ཚོགས་ཆུང་གི་ཚོགས་འདུ་ཐེངས་ ༢༢ པ་དེ་བཞུགས་སྒར་ངྷ་སར་འཚོགས་མགོ་ཚུགས་ཡོད་པ་རེད།

ཕྱི་ཚེས་ ༨ ཉིན་བོད་གཞུང་དྲ་རྒྱའི་སྟེང་སྤེལ་བའི་གནས་ཚུལ་ལྟར་ན། བོད་རྒྱ་ཞི་མོལ་ལས་དོན་གྲ་སྒྲིག་ཚོགས་ཆུང་གི་ཚོགས་འདུ་དེ་བཞུགས་སྒར་དུ་ཉིན་གཉིས་རིང་འཚོགས་རྒྱུ་ཡིན་པ་དང་། བཀའ་ཁྲི་ཟམ་གདོང་རིན་པོ་ཆེ་མཆོག་གིས་ཚོགས་འདུའི་གཙོ་སྐྱོང་གནང་ཡོད་པ་རེད། ཚོགས་འདུའི་སྟེང་དུ་༧གོང་ས་མཆོག་གི་དམིགས་བསལ་སྐུ་ཚབ་རྒྱ་རི་བློ་གྲོས་རྒྱལ་མཚན་ལགས་དང་སྐལ་བཟང་རྒྱལ་མཚན་རྣམ་གཉིས་ཚུད་པའི་ཚོགས་མི་རྣམས་འཛོམས་ཡོད་པ་རེད།

ཐེངས་སྔོན་མའི་ཚོགས་འདུ་དེ་ནི་ལོ་འདིའི་ཕྱི་ཟླ་ ༣ པའི་ནང་དུ་འཚོགས་ཡོད་ལ། དེའི་སྔོན་གྱི་ཕྱི་ཟླ་ ༡ པོའི་ཚེས་ ༢༦ ནས་ ༣༡ བར་དུ་༧གོང་ས་མཆོག་གི་སྐུ་ཚབ་རྣམ་པ་པེ་ཅིན་དུ་ཕེབས་ཏེ་བོད་རྒྱ་འབྲེལ་མོལ་ཐེངས་དགུ་བ་བྱས་ཡོད་ལ། སྐབས་དེར་སྐུ་ཚབ་རྣམ་པས་རྒྱ་ནག་གི་དཔོན་རིགས་ཚོར་མི་རིགས་ས་ཁོངས་རང་སྐྱོང་གི་བསམ་འཆར་ཡིག་ཆ་དེར་གསལ་བཤད་དོན་ཚན་བདུན་ཅན་ཞིག་ཕུལ་ཡོད་པ་རེད།

བོད་རྒྱ་ཞི་མོལ་གྱི་ལས་དོན་ཚོགས་ཆུང་ནི་བཀའ་ཤག་གི་འཛིན་སྐྱོང་འོག་ ༡༩༩༩ ལོར་བཙུགས་ཏེ་ད་བར་ལོ་ ༡༡ འགོར་ཡོད་པ་རེད།

གསར་འགྱུར་འབྲི་མཁན། ལུང་རིགས་རྒྱལ།

འབྲེལ་ཡོད་གསར་འགྱུར།

Farmers in Tibet: In the first seven months of this year over 500,000 rural Tibetan labourers have been pushed into military-style training centres.AP
Mobile App

རྒྱ་ནག་གཞུང་གིས་བོད་མི་རྣམས་ལ་བཙན་གྱིས་ངལ་རྩོལ་བྱེད་དུ་འཇུག་གི་ཡོད་པའི་སྙན་ཐོ་བཏོན།

ཆུ་ཚོད་ ༢ སྔོན་ལ།
རྒྱ་ནག་པེ་ཅིན་ནས་ཡིན་པའི་ཁྲིམས་རྩོད་པ་ཏུང་ཕུང་ལགས་ཀྱིས་བོད་ཀྱི་མཚོ་སྔོན་པོའི་འབྲོག་ཁུལ་ནས་གནས་ཚུལ་སྤེལ་བ། ཁོང་གི་བརྙན་ལམ་གྱི་པར།
Mobile App

འབྲོག་མང་བཙན་གྱིས་གནས་སྤོར་བཏང་བ་དང་གུན་གསབ་སྤྲོད་ཀྱི་མེད་པ་སོགས་ཀྱི་གནད་དོན་ལ་རོགས་རམ་བྱེད་ཀྱི་འདུག

ཆུ་ཚོད་ ༥ སྔོན་ལ།
Mobile App

བལ་བཟའ་ཁྲི་བཙུན་བལ་ཡུལ་གྱི་ལོ་རྒྱུས་མི་སྣའི་ཁོངས་སུ་འཇུག་དགོས་པའི་རེ་སྐུལ་ཞུ་བཞིན་འདུག

ཆུ་ཚོད་ ༦ སྔོན་ལ།
༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ནས་དགེ་འདུན་པ་ཞལ་གྲངས་ ༥༤ ལ་བསྙེན་རྫོགས་ཀྱི་སྡོམ་པ་སྩལ། སྐུ་པར་དགའ་ལྡན་ཕོ་བྲང་གི་བརྙན་ནས་བླངས། ༢༠༢༦།༡།༢༢
༸གོང་ས་མཆོག གསར་འགྱུར།

དགེ་འདུན་པ་ཞལ་གྲངས་ ༥༤ ལ་དགེ་སློང་གི་སྡོམ་པ་བསྩལ། 

༢༠༢༦/༠༡/༢༢
*As of December 1, 2025 | Total imprisoned: 330 journalists. Chart: Charles SpicerSource: The Committee to Protect Journalists
Mobile App

འདས་ལོར་འཛམ་གླིང་ནང་གསར་འགོད་པ་བཙོན་འཇུག་བྱེད་མཁན་སྡུག་ཤོས་དེ་རྒྱ་ནག་རེད་འདུག

༢༠༢༦/༠༡/༢༢
རྒྱ་གར་ལྷོ་ཕྱོགས་དགའ་ལྡན་ཤར་རྩེ་ཐོས་བསམ་ནོར་གླིང་གྲྭ་ཚང་དུ་བོད་ཀྱི་མཐོ་རིམ་སློབ་མའི་ཚོགས་ཆེན་སྐབས་བཅོ་བརྒྱད་པ་མགོ་འཛུགས་གནང་། ༢༠༢༦།༡།༢༡-༢༦  པར་ཚོགས་ཆུང་གིས་འདི་གར་མཁོ་སྤྲོད་གནང་།
Mobile App

བོད་ཀྱི་མཐོ་རིམ་སློབ་མའི་ཚོགས་ཆེན་ཐེངས་བཅོ་བརྒྱད་པ་དེ་འཚོག་གི་འདུག 

༢༠༢༦/༠༡/༢༢

མཆན། 9

  1. སྨར་དྷཱིཿཟེར། says:
    ལོ་ 16 སྔོན།

    ད་གྲོས་བྱས་ཡ་གང་ཡང་ལྷག་མེད་བོད་རང་སྐྱོང་སྤྲོད་རོགས་ལབ་ཚ་རེད་དེ་ལས་ལྷག་པའི་དམིགས་གསལ་གྲོས་མོལ་གང་ཡང་བྱ་རྒྱུ་མེད་དོ།

    Reply
  2. སྟག་སྨྱོན། says:
    ལོ་ 16 སྔོན།

    རྒྱ་རི་བླ་མས་ག་ལེར་བོད་ཀྱི་ས་ཆ་མི་ཆུང་ཞིག་༡༩༥༡སྔོན་ལ་རྒྱ་ཁོངས་རེད་ཟེར་བར་བོད་མི་ཚོས་ངོས་ལེན་ཐོབ་རྒྱུར་གོམ་པ་རིམ་སྤོས་ཀྱིས་ཐུགས་བརྩོད་གནང་གི་ཡོད་པ་རེད།

    Reply
  3. སེར་ལྷོ་བློ་བཟང་རྒྱ་མཚོ། says:
    ལོ་ 16 སྔོན།

    བོད་རྒྱ་ཞི་མོལ་གྱི་ཚོགས་འདུ་ཐེངས་༢༢པ་འཚོགས་བཞིན་པ་དེར་བསྔགས་བརྗོད་དང་མོས་གུས་ཡོད།
    བོད་རྒྱ་གཉིས་ཀྱི་དཀའ་རྙོག་སེལ་བ་ལ་དབུ་མའི་ལམ་གྱི་ཐབས་ཇུས་འདི་བརྒྱུད་ནས་སེལ་ཐུབ་པ་མ་གཏོགས་ཐབས་གཞན་གང་གིས་ཀྱང་སེལ་ཐབས་མེད་པ་༧གོང་ས་མཆོག་གིས་མ་འོངས་མངོན་གཟིགས་ཀྱིས་ལམ་སྟོན་གནང་བ་ཞིག་ཡིན་སྟབས་མཇུག་བསྐྱང་ཐུབ་པར་བྱ་རྒྱུ་གལ་འགངས་ཆེ་བར་མཐོང་། བཙན་བྱོལ་སྤྱི་ཚོགས་ཁྲོད་༧གོང་ས་མཆོག་གི་དགོངས་གཞི་ཟབ་མོ་རྣམས་དཔྱོད་ཤེས་ལམ་ནས་དཔོག་ཐུབ་མཁན་སློབ་དཔོན་ཆེན་མོ་མཁས་དབང་ཟམ་གདོང་རིན་པོ་ཆེ་ཉིད་ལས་གཞན་སུ་ཡང་མེད། དེ་ཙམ་དུ་མ་ཟད་འདས་མ་ད་གསུམ་གྱི་ཆབ་སྲིད་ཀྱི་འཕོ་འགྱུར་དང་། གནའ་དེང་གི་རིག་གནས་དག་ལ་རྒྱུས་མངའ་ཆེ་སྟབས་ཁོང་གིས་སྣེ་ཁྲིད་པའི་བོད་རྒྱ་ཞི་མོལ་གྱི་ལས་དོན་ཐད་སྔ་ཕྱི་ཙམ་མ་གཏོགས་གྲུབ་འབྲས་འབྱུང་བའི་ཡིད་ཆེས་ཡོད། དེར་བརྟེན་སློབ་དཔོན་མཆོག་བཀའ་ཁྲིའི་ལས་དུས་རྫོགས་མཚམས་སུ་༧གོང་ས་མཆོག་གི་དམིགས་བསལ་སྐུ་ཚབ་ཏུ་ཕེབས་ཐུབ་ན་ཕན་འབྲས་ཆེན་པོ་འབྱུང་བར་སེམས།
    ང་ཚོའི་སྤྱི་ཚོགས་འདི་ལ་སྔ་མོ་ནས་ནད་ཡམས་ཤིག་གིས་བཟུང་ཡོད། གང་ཟག་ཞིག་གིས་བྱ་བཟང་པོ་ཞིག་སྒྲུབ་སྐབས་དེ་ལ་སྐྱོན་འཚོལ་བའི་མིག་ཟུང་རྣོ་ཞིང་། དོན་མཐུན་གྱི་ལས་དོན་སྒྲུབ་གང་ཞིག་སྒྲུབ་ཀྱང་ལེགས་གསོལ་བྱེད་རྒྱུའི་ཚབ་ཏུ་སོ་སོའི་ནུས་ཤུགས་ལ་དཔག་པའི་འགོག་རྐྱེན་བྱེད་པ་ནི་ང་ཚོའི་མི་རིགས་ཀྱི་ནད་རྙིང་རེད། ནད་ཡམས་དེའི་ངན་འབྲས་སུ་འདི་ལྟ་བུའི་གོད་ཆག་བྱུང་དང་འབྱུང་བཞིན་ཡོད། འདི་ནི་གང་ཟག་དེའི་ལས་ཀའི་ངོ་བོ་དང་གྲུབ་འབྲས་བཟང་ངན་མི་དཔྱོད་པར་གང་ཟག་སྒེར་ལ་སྐྱོན་ཕྲན་བུ་རེ་ཡོད་ན་ཁ་སྣོན་འདེབས་ཅི་ཐུབ་དང་སྐྱོན་མེད་ཀྱང་སྒྲོ་འདོགས་སྣ་ཚོགས་ཀྱི་ལམ་ནས་ནུས་མེད་དུ་གཏོང་གིན་པ་འདི་མི་རིགས་ཀྱི་སྐྱོ་གནས་ཉམ་ང་བ་ཞིག་ཅི་ལ་མིན།
    ཉེ་རབས་ལོ་རྒྱུས་ཁྲོད་ལམ་དབུ་མ་ལ་གྲུབ་འབྲས་མེད་རབས་དང་། ཞི་མོལ་ལ་དོན་སྙིང་དབེན་ཚུལ་སྣ་ཚོགས་ཤིག་ཤོད་ཀྱིན་འདུག་ནའང་། ལས་དོན་འདི་ནམ་ཡང་འཐུས་ཤོར་བཏང་མི་ཉན། གལ་སྲིད་བོད་རྒྱ་ཞི་མོལ་གྱི་ལམ་བུ་འགག་པ་ཡིན་ན་ང་ཚོས་ནུས་པ་ཅི་ཡང་འདོན་མི་ཐུབ་ལ། དེ་ལས་ལྷག་པའི་ཐབས་ཤེས་གང་ཡང་རེག་གི་མ་རེད་འདོད། དེ་ནི་སྔ་ལོ་དང་འདི་ལོི་གཉིས་ཀར་མང་མོིས་ཀྱི་ལམ་དབུ་མ་བདམས་པ་དང་། ནམ་རྒྱུན་སྤྱི་ཚོགས་ནང་དུ་སྐད་ཆ་འདྲ་མིན་སྣ་ཚོགས་ཤོད་མཁན་དག་དང་། སོ་སོའི་ལངས་ཕྱོགས་གཞི་འཛིན་ས་མེད་ཀྱང་གཡམ་རྒྱུག་ཟེར་ཟློས་པ་དག་གིས་ཀྱང་ཅི་ཡང་བཤད་དུ་མ་སྤོབས་པས་སོ། གཞུང་འབྲེལ་མིན་པའི་ཚོགས་པ་ཁག་ཅིག་ལ་སོ་སོའི་ལངས་ཕྱོགས་བརྟན་པོ་ཡོད་པ་དང་། མི་རིགས་ཀྱི་ཆེད་དུ་དཀའ་ངལ་ཁྱད་བསད་ཀྱིས་ལས་འགུལ་རབ་དང་རིམ་པར་སྤེལ་བ་ལ་དགའ་སྤོབས་བྱེད་འོས་ཀྱང་། སོ་སོའི་གནས་བབ་དང་། དུས་ཚོད་ཀྱི་འཕོ་འགྱུར་སོགས་ལ་ཞིབ་ཏུ་བསམས་ནས་ལངས་ཕྱོགས་མ་ནོར་བར་བྱེད་རྒྱུ་ནི་གལ་ཆེན་ནང་གི་དོན་ཆེན་རེད། མི་རིགས་ཤིག་གི་ཆག་འཇིགས་ཐོག་ཏུ་འབབ་འོང་དུས་དངོས་ཡོད་ཁེ་ཕན་ལ་གཞིགས་པ་མ་གཏོགས་རིགས་ཞེན་དང་སེམས་ཤུགས་ཙམ་གྱིས་དུས་དང་འཚམས་པའི་གྲུབ་འབྲས་ཐོན་པར་དཀའ། དཀའ་རྙོག་འདི་རྒྱལ་ཁབ་དང་མི་རིགས་ཀྱི་འཐབ་རྩོད་ཅིག་ཡིན་སྟབས་དུས་ཚོད་ནར་འགྱང་འགྲོ་སྲིད་མོད། ཡིན་ནའང་ང་ཚོའི་ངོས་ནས་རེ་བ་མ་ཟད་པ་དང་ཡིད་ཆེས་མ་བརླགས་པའི་ངང་ནས་ལས་འགུལ་མཇུག་བསྐྱང་ངེས་པར་བྱ་དགོས། ང་ཚོས་རྒྱ་ནག་མི་དམངས་སྤྱི་འཐུས་རྒྱལ་ཁབ་ཀྱི་རྩ་ཁྲིམས་ནང་དུ་འཁོད་ཀྱིན་པའི་མི་རིགས་ས་ཁོང་རང་སྐྱོང་གི་ཐོབ་ཐང་རྩོད་ཀྱིན་ཡོད་སྟབས་སྔ་ཕྱི་ཙམ་ལས་གྲུབ་འབྲས་ངེས་པར་འབྱུང་བར་སེམས། ཁྲིམས་ཀྱི་དབང་བསྒྱུར་བྱེད་ཀྱིན་པའི་རྒྱལ་ཁབ་ཞིག་ཡིན་ཕྱིན་རྩ་ཁྲིམས་ནང་དུ་འཁོད་ན་སྔ་ཕྱི་མ་གཏོགས་ལག་བསྟར་བྱེད་པར་ངེས། དེ་ལྟར་མ་བྱས་ཚེ་འཛམ་གླིང་སྟོབས་ཆེན་རྒྱལ་ཁབ་དང་མི་མང་གི་མདུན་དུ་དཔུང་པ་མཉམ་གཤིབ་ཀྱིས་ལངས་པའི་སྤོབས་པ་ཡལ་རྒྱུ་ལས་གཞན་གང་ཡང་མེད། དེའི་གནས་ལུགས་རྣམས་རྒྱ་ནག་དཔོན་རིགས་ཀྱིས་མཐོང་ཡང་ཧན་མི་རིགས་ཀྱི་བསམ་བློ་བ་དང་རྩོམ་པ་པོ་རྣམས་ཀྱིས་ཤེས་དང་ཤེས་མུས་ཡིན་པ་གསལ་པོ་རེད།
    ད་ཆ་ང་ཚོར་ཡོད་འོས་པ་དང་མེད་དུ་མི་རུང་བ་ནི་ཆིག་སྒྲིལ་གྱི་སྟོབས་ཤུགས་ཡིན། དེས་ན་མི་རེས་སྐད་ཆ་རེ་དང་ཟློག་ཕྱོགས་ཀྱི་བསམ་བློ་མི་འཁྱེར་བར་ཚང་མས་བློ་སེམས་གཅིག་མཐུན་གྱིས་ལམ་དབུ་མར་ཤར་བསྐྱོད་བྱས་པ་ཡིན་ན་དཀའ་རྙོག་འདི་མྱུར་དུ་སེལ་ཐུབ། དེའི་རྒྱུ་མཚན་གང་ཡིན་ཞེ་ན། བོད་རྒྱའི་དཀའ་རྙོག་སེལ་བ་ལ་ངེས་པར་གྲོགས་གཞན་ལ་བརྟེན་དགོས། དེ་ཡང་རྒྱ་མི་རིགས་ལ་མ་བརྟེན་པར་དཀའ་རྙོག་འདི་ནམ་ཡང་སེལ་མི་ཐུབ། དེའི་སྟབས་ཀྱིས་རྒྱ་མི་རིགས་དང་མཐུན་ལམ་ཇེ་བཟང་ཐོག་ནས་ཞི་མོལ་རྒྱུན་བསྐྱང་བྱས་པ་ཡིན་ན་བོད་རྒྱ་མི་རིགས་གཉིས་ཀྱི་མཛའ་མཐུན་གྱི་སྒུལ་ཤུགས་ལས་གཉིས་སྨན་དབུ་མའི་ལམ་གྱི་ཕུགས་བསམ་མངོན་འགྱུར་ཐུབ་པ་གདོན་མི་ཟའོ།

    Reply
  4. ཤེལ་དཀར་བློ་བཟང་། says:
    ལོ་ 16 སྔོན།

    བོད་རྒྱ་ཞི་མོལ་ལས་དོན་ཚོགས་ཆུང་གི་ཚོགས་འདུ་ཐེངས་ ༢༢ པ་དེ་བཞུགས་སྒར་ངྷ་སར་འཚོགས་མགོ་ཚུགས་ཡོད་པར་དགའ་བསུ་ཡོད།
    འཇིག་རྟེན་ཁ་དཔེར། དོན་ཆེན་འགྲུབ་པར་ངང་རིང་དགོས། ཞེས་པ་ལྟར།
    ང་ཚོ་ཚང་མས་འདོད་ཐག་ཐུང་ཐུང་མི་བྱེད་པར་མིག་འགྱངས་བསྲིང་དགོས།
    ནམ་ཞིག་ང་ཚོར་འབྲས་བཟང་ཞིག་ཡོང་ངེས་རེད།

    Reply
  5. ཚེ་རིང་། says:
    ལོ་ 16 སྔོན།

    བོད་རྒྱ་ཞི་མོལ་བྱུང་སྟེ་མི་རིགས་འདྲ་མཉམ་བྱུང་ན་དགའ་འོས་མོད། ཉེ་སྔོན་ཧོང་ཀོང་གི་ཏའོ་ཝེ་གསར་ཁང་གིས་༸གོང་ས་མཆོག་ལ་བཅར་འདྲི་གནང་སྐབས། གསར་འགོད་པ་དེས། རྒྱ་ནག་གི་མི་རིགས་རང་སྐྱོང་སྲིད་ཇུས་ནི་མི་རིགས་ས་ཁོངས་རང་སྐྱོང་མ་ཡིན་པར། འཚོ་བའི་དགོས་མཁོ་དང་བསྟུན་ནས་མི་རིགས་སོ་སོ་གཞི་སྤོ་འཁོར་བསྐྱོད་ཀྱིས་གྲུབ་པའི་འདུས་བསྡོད་ཁོར་ཡུག་དང་བསྟུན་ནས་འགྱུར་འགྲོས་རང་བཞིན་དང་འཁོར་བསྐྱོད་ཀྱི་རང་ཅན་དེ། མི་རིགས་ཀྱི་འགུལ་བསྐྱོད་དང་འགྲོགས་ནས་འགྲོ་བཞིན་པའི་མི་རིགས་རང་སྐྱོང་ཞིག་ཡིན་པའི་སྐོར་འགྲེལ་བརྗོད་བྱས་སོང་ལ། དེ་བཞིན་དུ་ཉེ་སྔོན་བོད་ལྗོངས་ཆ་འཕྲིན་གྱི་རྒྱ་ཡིག་དྲ་ངོས་སུའང་རྒྱ་ནག་གི་མི་རིགས་རང་སྐྱོང་ཟེར་བ་གང་འདྲ་ཞིག་ཡིན་མིན་སྐོར་ལ་དེར་མཚུངས་ཀྱི་འགྲེལ་བརྗོད་རྩོམ་ཡིག་ཅིག་ཀྱང་སྤེལ་འདུག ༼དཔེར་ན། བོད་པ་གང་མང་ཞིག་རྒྱ་ནག་གི་ས་གནས་གང་རུང་ཞིག་ཏུ་འཚོ་བའི་དགོས་མཁོས་དབང་གིས་རིམ་བཞིན་མཉམ་འདུས་བྱུང་སྟེ་ཚད་ངེས་ཅན་གྱི་མི་རིགས་འདུས་སྡོད་ཚོགས་སྡེ་ལྟ་བུ་ཞིག་ཏུ་གྲུབ་རྗེས་དེ་གར་མི་རིགས་རང་སྐྱོང་སྲིད་ཇུས་ལག་སྟར་བྱེད་དགོས་པ་དང་། དེ་བཞིན་དུ། གལ་སྲིད་མི་རིགས་གཞན་ཞིག་བོད་ཀྱི་ས་ཆ་གང་རུང་ཞིག་ཏུ་གནས་སྤོ་མཉམ་འདུས་བྱུང་ཚེ་དེ་གར་མི་རིགས་དེར་རང་སྐྱོང་སྲིད་ཇུས་འཛུགས་དགོས་པ་ལྟ་བུ་རེད། ༽ འདི་ནི་ཁ་རྒྱུན་ལ༼གནམ་གུང་ཁྲན་ཏང་དང་ས་གུང་ཁྲན་ཏང་༽ཟེར་བ་ལྟར་རེད། འདིས་གཙོ་བོ་གྲངས་ཉུང་མི་རིགས་ས་ཁུལ་དུ་རྒྱ་རིགས་གནས་སྤོ་བྱས་ཏེ་མི་སེར་སྤེལ་ཡུལ་ཏུ་སྒྱུར་བར་མྱུར་བསྐྱོད་གཞུང་ལམ་ཡངས་མོ་ཞིག་ཕྱེ་ཡོད་པ་མ་ཡིན་ནམ། གལ་སྲིད་རང་སྐྱོང་འདི་འདྲ་ཞིག་ངོས་ལེན་གནང་བ་ཡིན་ན། མི་འགྱངས་པར་བོད་ཀྱང་ནང་སོག་ལྟར་འགྱུར་རྒྱུ་གདོན་མི་ཟའོ། བཙན་བྱོལ་བའི་ཁ་རྒྱུན་ལྟར་༼སྤྱང་པོ་བྱས་༽ན་མ་གཏོགས་གཡོ་བསླུ་མི་འབྱུང་པའི་ངེས་པ་མི་འདུག་པས་ན། གཞུང་དམངས་གཉིས་ཀྱིས་བློ་གཟུ་བོར་གནས་རྒྱུ་གལ་ཆེ་གི།

    Reply
  6. ངག་དབང་རབ་རྒྱས། says:
    ལོ་ 16 སྔོན།

    ཉེ་བའི་དུས་ཡུན་ཐུང་ཐུང་ནང་བོད་རྒྱ་ཞི་མོལ་ལས་དོན་ཚོགས་ཆུང་ཐེངས་གཉིས་ཙམ་འཚོགས་སོང༌། ཕལ་ཆེར་དོན་ཆེན་ཞིག་ལ་ཐག་གཅོད་བྱེད་ཀྱི་ཡོད་ཚོད་རེད། ནམ་ཞིག་མཁས་དབང་ཟམ་གདོང་རིན་པོ་ཆེ་མཆོག་བཀའ་ཁྲིའི་ལས་དུས་རྫོགས་རྗེས། ཚོགས་ཆུང་འདིའི་ལས་དོན་ཁག་ཇི་ལྟར་སྐྱོང་ཐུབ་ཡོང་བསམ་པའི་བློ་དོགས་རེ་ཡོང་གི་འདུག ཁོང་གི་བཀའ་ཁྲི་ལས་དུས་རྫོགས་རྗེས་རྒྱ་གཞུང་གིས་ངོས་ལེན་བྱས་ན། བོད་རྒྱ་ཞི་མོལ་སྐུ་ཚབ་ཚོགས་ཆུང་གི་སྣེ་ཁྲིད་མཁན་བྱེད་ན་འོས་ཤིང་འཚམས་པ་དང་ཞི་མོལ་གྱི་ལས་དོན་ཁག་དོན་ཕན་ལྡན་པ་ཡོང་རྒྱུ་ཉག་གཅིག་རེད། དེ་ལྟར་ཡོང་བར་ང་ཚོ་བོད་མི་ཡོངས་ཀྱིས་ཤུགས་བརྒྱབ་དགོས་པའི་དུས་ལ་སླེབས་འདུག ད་ཕན་མི་བཅུའི་རིང་རྒྱ་ཕྱོགས་ནས་ངོས་ལེན་ཇི་ལྟར་བྱས་མིན་ལ་མ་བལྟོས་པར་རང་ཕྱོགས་ནས་མ་ལན་མ་འགྱོད་མེད་པ་བྱས་སོང་བསམ་བསམ་དང༌། དེ་ཚོ་ཚང་མ་ད་ལྟའི་བཀའ་ཁྲི་མཆོག་གི་ཐབས་ཇུས་ལ་བརྟེན་ནས་བྱུང་ཡིན་པ་མཁྱེན་གསལ་རེད།

    Reply
  7. གཅན་ཚ་དཔལ་ལྡན། says:
    ལོ་ 16 སྔོན།

    ཡང་སྐུ་ཚབ་ཚོ་འགྲོ་རྒྱུ་ཡིན་ནི་མིན་ནམ།

    Reply
  8. བོན་རྒྱ་བསྟན་འཛིན་རབ་རྒྱས། says:
    ལོ་ 16 སྔོན།

    ད་ཅི་ཞྀག་གྲོས་བྱེད་རྒྱུ་ཡིན་ནམ། ཕལ་ཆེར་སྟབས་བདེ་བོའི་སྒོ་ནས་རྒྱ་འོག་འཛུལ་སྟངས་ཤིག ཡང་ན་བོད་རིགས་ཡོངས་ལ་མིང་དོན་མཚུངས་པའི་ས་ཁོངས་རང་སྐྱོང་ཡོང་ཐབས་ཀྱི་བསམ་འཆར་ལ་ཡང་འགྲེལ་ཞིག་རྩོམ་འཆར་ཡིན་ནམ

    Reply
  9. ནད་པ says:
    ལོ་ 16 སྔོན།

    ༸ གོང་ས་སྐྱབས་མགོན་ཆེན་པོའི་བླ་ན་མེད་པའི་དབུ་ཁྲིད་འོག་བཙན་བྱོལ་བོད་གཞུང་ཁཀའ་ཤག་ནས་འཛིན་སྐྱོང་འོག་བོད་རྒྱ་ཞི་མོལ་གྱི་ལས་དོན་ཚོགས་ཆུང་ཞིག་གསར་འཛུགས་བསྐྱངས་གནང་མཛད་པ་དེ་ཧ་ཅང་གི་གལ་གནད་ཆེ་བ་རྩ་དོན་ཞིག་རེད།

    དཔལ་ལྡན་མི་དབང་བཀའ་ཁྲི་ཟམ་དོང་རིན་པོ་ཆེ་མཆོག་གིས་ཚོགས་འདུའི་གཙོ་སྐྱོང་གི་ཐུགས་འགན་བཞེད་ནས་ཚོགས་གཙོ་ལྷན་རྒྱས་མཉམ་འཛོམས་གནང་ནས་གྲོལ་མོལ་མཛད་བཞིན་ཡོད་པ་དེ་གཏམ་བཟང་པོ་ཞིག་རེད།

    ང་ཚོར་ཁ་གསབ་བྲལ་བའི་ཕམ་ཉེས་ཚབས་ཆེན་ཞིག་ཤོར་བ་དེ་ཡང་ཆབ་སྲིད་ཀྱི་ལོ་རྒྱུས་ཁྲོད་ཤོར་བའི་སྐྱོན་གནད་ཅིག་ཡིན་ལ་ད་ལྟ་ང་ཚོས་བློ་རིགས་དྭངས་མོས་གཟབ་ནན་བྱས་ཏེ་གང་མགྱོགས་ཅི་མགྱོགས་སུ་བོད་རྒྱ་ཞི་མོལ་ཡོང་རྒྱུར་གཙོ་གནད་དུ་བཟུང་དགོས།

    དེ་ཡང་༸ གོང་ས་མཆོག་གི་ཐུགས་དགོངས་དང་། བཙན་བྱོལ་བོད་གཞུང་གི་མཛད་ཇུས། བོད་རྒྱ་ཞི་མོལ་གྱི་ཁོར་ཡུག་བཅས་ལ་འགལ་རྐྱེན་དང་གེགས་བར་མི་ཡོང་སླད་ཚང་མས་ཆབ་སྲིད་ཀྱི་དཀྱིལ་འཁོར་གཅིག་གི་ནང་དུ་རྒྱ་བོད་མཐུན་སྒྲིལ་གྱི་འབྲེལ་ལམ་རྩ་བར་འཛིན་ཏེ་རང་གཞན་ཚང་མས་དགོངས་པ་ཡིད་གཟབ་གནང་གལ་ཆེ་བའི་དུས་བབ་ཅིག་རེད།

    དེ་འདྲ་ཞིག་བྱུང་ཚེ་དེ་ནི་རྒྱ་ནག་མི་དམངས་སྐྱི་མཐུན་རྒྱལ་ཁབ་ཀྱི་སྟོབས་ཤུགས་དང་རྒྱལ་ཁ་ཞིག་ཡིན་ལ་བོད་མི་རིགས་ཀྱི་བདེ་སྐྱིད་དང་རྒྱལ་ཁ་ཞིག་ཀྱང་ཡིན།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese