ང་བཀའ་བློན་ཁྲི་པའི་འོས་གཞིར་ལངས་རྒྱུ་ཡིན། ཕྱི་ཟླ་དགུ་བའི་ཚེ་ཤར་ལ་ང་ལ་རྒྱབ་སྐྱོར་བྱེད་མཁན་ཚོས་སྤྱི་ཚོགས་ནང་དངོས་སུ་ཁྱབ་བསྒྲགས་བྱས་ཏེ། ང་རང་གི་ཉམས་མྱོང་དང་། ཁྱད་ཆོས། དམིགས་འདུན་གསུམ་འཁོད་ཡོད་པའི་སྦྱར་ཤོག་ཆུང་ཆུང་ཞིག་བཙན་བྱོལ་བོད་མིའི་གཞིས་ཆགས་ཁག་ཏུ་འགྲེམ་རྒྱུ་རེད། དེ་བཞིན་ང་རང་གི་ངོས་ནས་ཀྱང་བཀའ་ཁྲིའི་སྐོར་གྱི་བགྲོ་གླེང་རིགས་ལ་ཞུགས་རྒྱུ་ཡིན་ཟེར།
དེ་རིང་སྔ་དྲོ་འདི་གའི་གསར་འགོད་པ་སྦེལ་ཀོབ་མཉམ་འབྲེལ་ལས་ཁུངས་ཀྱི་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་འཕྲལ་སེལ་ཚོགས་དྲུང་ལས་ཁུངས་སུ་བཅར་ཏེ། སྤྱི་འཐུས་ཚོགས་གཙོ་སྤེན་པ་ཚེ་རིང་ལགས་སུ་བོད་གཞུང་དམངས་རྒྱལ་ཡོངས་ཚོགས་ཆེན་དང་འབྲེལ་ཏེ། ཕྱི་ལོ་ ༢༠༡༡ ལོའི་བཀའ་སྤྱིའི་འོས་བསྡུ་ཆེན་མོ་སླེབས་ལ་ཉེ་བའི་སྐབས་འདིར་བཞུགས་སྒར་ངྷ་རམ་ས་ལ་དང་ལྡི་ལི་བོད་སྒར་བསམ་ཡས་གླིང་། ལྷོ་ཕྱོགས་སྦེལ་ཀོབ་བོད་མིའི་གཞིས་སྒར་སོགས་སུ་ཚ་ཚ་འུར་འུར་གྱིས་བཀའ་བློན་ཁྲི་པའི་སྐོར་ལ་བགྲོ་གླེང་དང་། ལས་འགུལ་སྣ་ཚོགས་གོ་སྒྲིག་ཞུ་བཞིན་ཡོད་པ་དང་། གཞུང་འབྲེལ་མིན་པའི་ཚོགས་པ་ཁག་ཅིག་གི་བཀའ་ཁྲིའི་འོས་མིའི་ཁྲོད་སྐུ་ཉིད་སླེབས་ཡོད་སྟབས། སྐུ་ཉིད་སྒེར་ངོས་ནས་བཀའ་བློན་ཁྲི་པའི་འོས་གཞིར་ལངས་རྒྱུའི་ཐུགས་འདོད་ཡོད་མེད་བཅར་འདྲི་ཞུས་སྐབས་ཁོང་གིས། ང་བཀའ་བློན་ཁྲི་པའི་འོས་གཞིར་ལངས་རྒྱུ་ཡིན། ཕྱི་ཟླ་དགུ་བའི་ཚེ་ཤར་ལ་ང་ལ་རྒྱབ་སྐྱོར་བྱེད་མཁན་ཚོས་སྤྱི་ཚོགས་ནང་དངོས་སུ་ཁྱབ་བསྒྲགས་བྱས་ཏེ། ང་རང་གི་ཉམས་མྱོང་དང་། ཁྱད་ཆོས། དམིགས་འདུན་གསུམ་འཁོད་ཡོད་པའི་སྦྱར་ཤོག་ཆུང་ཆུང་ཞིག་བཙན་བྱོལ་བོད་མིའི་གཞིས་ཆགས་ཁག་ཏུ་འགྲེམ་རྒྱུ་རེད། དེ་བཞིན་ང་རང་གི་ངོས་ནས་ཀྱང་བཀའ་ཁྲིའི་སྐོར་གྱི་བགྲོ་གླེང་རིགས་ལ་ཞུགས་རྒྱུ་ཡིན། ཞེས་གསུངས་སོང་།
ཡང་ཁོང་གིས་བཀའ་འོས་གཞིར་བཞེངས་དགོས་པའི་རྒྱུ་མཚན་གསུངས་དོན། སྤྱིར་ང་རང་ལངས་ཚད་ཅུང་འཕྱི་དྲགས་ཡོད། ཐོག་མར་ང་མུ་མཐུད་སྤྱི་འཐུས་ནང་བསྡད་དེ། ཡང་བསྐྱར་ཚོགས་གཙོ་ཐོབ་རྒྱུར་རེ་བ་ཡོད་ན། སྤྱི་འཐུས་ཚོགས་གཙོ་དེ་དམངས་གཙོའི་ཀ་བ་གསུམ་གྱི་ཡ་གྱལ་ཞིག་ཆགས་ཡོད་སྟབས། ཚོགས་གཙོའི་ལས་འགན་འཁུར་བསྡད་ན་བཟང་གི་རེད་བསམ་སོང་། འོན་ཀྱང་ངས་ཉེ་ཆར་བཤད་པ་ལྟར། ང་རང་གི་སེམས་ན་རེ་བ་རྒྱག་སའི་མི་གཅིག་གཉིས་ཤིག་ཡོད། ཁོང་ཚོ་བཀའ་ཁྲིར་བཞེངས་པ་ཡིན་ན་ང་རང་མི་ལངས་བསམ་ཡོད། འོན་ཀྱང་ང་རང་གིས་རེ་བ་རྒྱག་སའི་མི་དེ་དག་ལངས་མ་སོང་། གཉིས་པ་ད་ཆར་བཀའ་བློན་ཁྲི་པའི་འོས་གཞི་མང་པོ་ཞིག་སླེབས་ཀྱིན་ཡོད་པའི་ནང་ལ་བལྟས་ཡོང་ན། སྤྱིར་ཁོང་རྣམ་པར་ངས་གུས་བརྩི་བྱེད་ཀྱི་ཡོད་ཀྱང་། ལས་ཀའི་ཉམས་མྱོང་དང་དགོངས་པ་བཞེས་སྟངས་ལ་གཞིགས་ན། ང་རང་ཡང་བཀའ་བློན་ཁྲི་པར་བཞེངས་ན་མ་འཐུས་པ་དང་། འགན་འཁུར་མ་ཐུབ་པ་མི་འདུག་སྙམ་པའི་སྤོབས་པ་ཞིག་ཡོང་གི་འདུག ཆུང་ས་ནས་བསམ་བློ་བཏང་ན་འོས་གཞིའི་གྲངས་འབོར་གྱི་གྲས་སུ་ཞུགས་ཏེ། མི་དམངས་ལ་གདམ་ཀ་ཡོད་པ་ཙམ་གྱིས་ཕན་ཆེན་པོ་ཐོགས་གི་རེད། ཚོགས་པ་སྒྲིག་འཛུགས་དང་མི་ཆེན་པོ་དེ་འདྲའི་ངོས་ནས་ད་སྔ་ང་ལ་རྒྱབ་སྐྱོར་བྱུང་མེད་ཀྱང་མང་ཚོགས་ལ་ཡིད་ཆེས་ཆེན་པོ་ཡོད། སོ་སོའི་འདོད་འདུན་དེ་སུ་ཞིག་གིས་བསྒྲུབ་ཐུབ་ཀྱི་འདུག་བསམ་པ་དེ་ལ་འོས་ལྡུག་གི་རེད། ཅེས་གསུངས་སོང་།
ཚོགས་གཙོ་སྤེན་པ་ཚེ་རིང་མཆོག་གིས་ཁོང་ ༢༠༡༡ ལོའི་བཀའ་བློན་ཁྲི་པའི་འོས་གཞིར་བཞེངས་རྒྱུའི་ལས་འཆར་གྱི་སྦྱར་ཤོག་སྟེང་ཁོ་རང་གི་ཉམས་མྱོང་གི་སྐོར་ལ་ཚན་པ་ ༡༣ བཀོད་ཡོད་པའི་ནང་། འཛིན་རིམ་དགུ་པ་ནས་བཅུ་གཉིས་བར་སྦེལ་ཀོབ་སློབ་གྲྭའི་སྤྱི་ཁྱབ་རྒན་བདག་བྱས་ཤིང་། མ་རྡི་ར་སི་མཐོ་སློབ་ཏུ་དཔལ་འབྱོར་རིག་པའི་སློབ་སྦྱོང་བྱས་རིང་། ས་གནས་རང་བདེན་ཚོགས་ཆུང་གི་དྲུང་ཆེ་དང་། བོད་དང་ནཱི་ཇི་རི་ཡའི་སློབ་ཕྲུག་མཐུན་ཚོགས་ཀྱི་དྲུང་ཆེ་ཡི་ལས་འགན་ཁུར། བོད་མི་མང་སྤྱི་འཐུས་ལྷན་ཚོགས་ནང་ལོ་ ༡༤ རིང་ཕྱག་ལས་གནང་ཞིང་། ད་ལྟ་ཚོགས་གཙོའི་ལས་འགན་འཁུར་མུས་ཡིན། བོད་ཀྱི་གྲོས་ཚོགས་དང་སྲིད་བྱུས་ཉམས་ཞིབ་ཁང་གི་ངེས་སྟོན་པ་ལོ་ ༧ རིང་བྱས་ཤིང་། རྒྱ་གར་དང་བཙན་བྱོལ་བོད་མིའི་འདུ་གནས་ཕལ་ཆེ་བར་ངོ་སྐྱོད་ཀྱིས་གཞི་རིམ་གནས་སྟངས་ལ་རྒྱུས་ལོན་བྱས། ཡུ་རོབ་དང་ཨ་རིའི་བོད་རིགས་ཚོར་རྒྱ་ཁྱབ་ཏུ་ཐུག་འཕྲད་ཀྱིས། དེ་དག་གི་གནས་སྟངས་ལ་རྒྱུས་མངའ་ཡོད། རྒྱ་གར་གྲོས་ཚོགས་འཐུས་མིའི་བོད་དོན་རྒྱབ་སྐྱོར་ཚོགས་པ་བསྐྱར་འཛུགས་དང་། གནད་ཡོད་དཔོན་རིགས་ལ་འབྲེལ་གཏུགས་བྱས་པའི་ཉམས་མྱོང་གང་ལེགས་ཡོད་ཅིང་། རྒྱལ་སྤྱིའི་བོད་དོན་རྒྱབ་སྐྱོར་ཚོགས་པའི་ཚོགས་ཆེན་ཐེངས་གཉིས་དང་། རྒྱལ་སྤྱིའི་གྲོས་ཚོགས་འཐུས་མིའི་བོད་དོན་རྒྱབ་སྐྱོར་ཚོགས་ཆེན་ཐེངས་གཉིས་གོ་སྒྲིག་བྱས། རྒྱལ་སྤྱིའི་ཚོགས་ཆེན་སྣ་མང་གོ་སྒྲིག་དང་མཉམ་ཞུགས། གཏམ་བཤད་སོགས་བྱས་མྱོང་ཡོད། རྒྱ་བལ་ནང་ཟབ་སྦྱོང་དང་སྦྱོང་བརྡར། བགྲོ་གླེང་སྣ་ཚོགས་གོ་སྒྲིག་དང་མཉམ་ཞུགས། གཏམ་བཤད་སོགས་ཐེངས་མང་བྱས་མྱོང་ལ། རྒྱ་ནག་གི་ཁྲིམས་སྒྲིག་དང་། རྒྱལ་སྤྱིའི་རང་སྐྱོང་གི་གནས་བབ་ཐོག་ལ་ཟབ་སྦྱོང་དང་བགྲོ་གླེང་མང་པོ་གོ་སྒྲིག་བྱས་ཤིང་། དབུ་མའི་ལམ་གྱི་སྲིད་བྱུས་དང་། བོད་རྒྱ་འབྲེལ་མོལ་གྱི་བརྒྱུད་རིམ་ཆ་ཚང་ལ་རྒྱུས་མངའ་ཆེན་པོ་ཡོད། ཅེས་བཀོད་འདུག
ཚན་པ་གཉིས་པ་ཁོང་རང་སྒེར་གྱི་ཐུན་མིན་གྱི་ཁྱད་ཆོས་ཁག་ ༦ ཙམ་བཀོད་ཡོད་པའི་ནང་། སྐྱ་སེར་དང་མཐོ་དམའ་རྒན་གཞོན་གྱི་དབྱེ་བ་མེད་པར་འདྲིས་གཤིབ་བདེ་ཞིང་། བཙན་བྱོལ་བོད་གཞུང་གི་ཁྲིམས་སྒྲིག་དང་འགྲོ་སྟངས། བྱེད་སྒོ་རྣམ་བཞག་ལ་ཤེས་རྟོགས་ལེགས་པ། བཙན་བྱོལ་བོད་གཞུང་གི་ལས་ཁུངས་མ་ལག་དང་བཅས་པར་མྱོང་རྒྱུས་ཟབ་པ། བོད་གཞུང་གི་སྲི་ཞུ་ལས་བྱེད་མཐོ་དམན་བར་མ་ཀུན་ལ་འབྲེལ་འདྲིས་བཟང་བ། བོད་དང་རྒྱ་ནག རྒྱལ་སྤྱི་སོགས་ཀྱི་ཆབ་སྲིད་འགྱུར་འགྲོས་ལ་ཆ་རྒྱུས་ཆེ་ཞིང་དོ་སྣང་ཟབ་པ། བོད་དབྱིན་ཧིན་གསུམ་གྱི་སྐད་ཡིག་རང་རྐྱ་འཕེར་ངེས་ཡོད་པ་བཅས་གསལ་འདུག
ཚན་པ་གསུམ་པ་དམིགས་འདུན་དང་ལས་འཆར་ཁག་ ༡༦ ཙམ་ངོ་སྤྲོད་བྱས་ཡོད་པའི་ནང་། ༧གོང་ས་མཆོག་གི་དགོངས་གཞི་ཁག་ལག་ལེན་བསྟར་རྒྱུར་ནུས་པ་རྩེ་གཅིག་ཏུ་འདོན་རྒྱུ་དང་། གཉིས་སྨན་དབུ་མའི་ལམ་གྱི་སྲིད་བྱུས་ཐོག་ཆབ་སྲིད་ཀྱི་འགྱུར་འགྲོས་དང་མཐུན་པའི་ནུས་པ་གང་ཡོད་འདོན་རྒྱུ། ཆབ་སྲིད་ཀྱི་གནད་དོན་གལ་ཆེན་ཐད་ཉམས་མྱོང་དང་ཤེས་ཡོན་ཅན་ལ་སྐབས་འཕྲལ་སོ་སོར་གོ་བསྡུར་བྱ་རྒྱུ་ཡིན་པ། བཀའ་ཤག་ཏུ་བུད་མེད་གསུམ་བསྐོ་བཞག་དང་། བཀའ་བློན་མཉམ་འདུས་ཀྱི་འགན་ཁུར་གོང་མཐོར་བཏང་སྟེ། སྤྱི་འཐུས་ལྷན་ཚོགས་དང་ནུས་པ་མཉམ་སྤུངས་ལ་འབད་འབུངས་བྱ་རྒྱུ་ཡིན། ལས་བྱེད་ཀྱི་ཕོགས་ཐོབ་དང་མཐུན་རྐྱེན་ཇེ་ལེགས་སུ་གཏོང་རྒྱུ་དང་། ལས་བྱེད་སོ་སོར་ཤེས་འཇོན་རྩལ་དུ་སྤྲུགས་པའི་གོ་སྐབས་སྤྲོད་རྒྱུ་ཡིན། གཞུང་དང་མི་དམངས་གི་འབྲེལ་ལམ་དམ་ཟབ་བཏང་སྟེ། རྒྱ་བལ་འབྲུག་གསུམ་དང་ཕྱི་རྒྱལ་ཡུལ་གྲུ་ཁག་གི་བོད་མིའི་གཞི་རིམ་སྒྲིག་འཛུགས་དང་ཚོགས་པ་ཁག་སྲ་བརྟན་དང་། དམངས་གཙོ་འཕེལ་རྒྱས་ལ་སྒོ་ཀུན་ནས་ཤུགས་རྒྱག་རྒྱུ། བོད་ནང་ཆོས་རིག་དང་ཤེས་ཡོན། འཕྲོད་བསྟེན། ཁོར་ཡུག་སྲུང་སྐྱོབ་སོགས་ཀྱི་ལས་གཞི་གང་མང་སྤེལ་རྒྱུར་ཐབས་ལམ་འཚོལ་རྒྱུ་དང་། གཞིས་བྱེས་བོད་མིའི་འབྲེལ་ལམ་གོང་མཐོར་གཏོང་ཐབས་སུ་འཕྲལ་ཕུགས་ཀྱི་འཆར་གཞི་སྣ་མང་འདིང་རྒྱུ། ཁྲིམས་ཡིག་གཏན་འབེབས་ལྟར་ཆོས་དོན་ལྷན་ཚོགས་འཛུགས་ཐབས་བྱ་རྒྱུ་དང་། གཞིས་ཆགས་ཡར་རྒྱས་གཏོང་ཐབས་སུ། ནང་སྲིད་ལས་ཁུངས་ཀྱིས་རྒྱ་ཁྱབ་ཞིབ་འཇུག་བྱེད་བཞིན་པ་དེའི་གྲུབ་དོན་གཞིར་བཟུང་། ཞིབ་ཕྲའི་ལས་འཆར་བང་བསྒྲིག་རྒྱུ་དང་། སྲོལ་རྒྱུན་སོ་ནམ་ལ་ཤུགས་སྣོན་དང་ཁྲོམ་ར་ཐབས་འཚོལ། ས་ཁང་སྒྲིག་གཞི་ལག་བསྟར་མི་ཐུབ་པའི་རིགས་བསྐྱར་བཅོས་བྱ་རྒྱུ་འཆར་ཡོད། ཅེས་དང་།
དེ་བཞིན། གཞི་རིམ་ཤེས་ཡོན་སྲིད་བྱུས་རྒྱུན་འཁྱོངས་དང་འབྲེལ། རྒྱ་ཁྱབ་ཏུ་ལག་བསྟར་ཡོང་ཐབས་དང་། བཙན་བྱོལ་བོད་མིའི་དགོས་མཁོ་དང་འཚམས་པའི་མཐོ་རིམ་ཤེས་ཡོན་སྲིད་བྱུས་གང་མྱུར་གཏན་འབེབས་དང་། རིགས་གཅིག་རྐང་འཛིན་གྱི་ཤེས་ཡོན་རོགས་རམ་མང་དུ་གཏོང་ཐབས་བྱ་རྒྱུ། དཔལ་འབྱོར་འདུ་འགོད་ཀྱི་ལས་གཞིར་བསྐྱར་ཞིབ་ཐོག བོད་མི་རང་ངོས་ནས་དང་། ཕྱི་རྒྱལ་ནས་མཐུན་འགྱུར་ཤུགས་ཆེན་ཡོང་ཐབས་བྱ་རྒྱུ་དང་། མི་མང་གི་དཔལ་འབྱོར་ཡར་རྒྱས་གཏོང་ཆེད་མཉམ་འབྲེལ། བལ་གོས་འཚོང་མཁན་ཚོར་གཞུང་ངོས་ནས་མཐུན་རྐྱེན་གང་ཐུབ་སྦྱར་རྒྱུ་དང་། ལུགས་མཐུན་ཐོག་ཕྱི་རྒྱལ་དུ་གཏོང་ཐབས་བྱ་རྒྱུ། བོད་དོན་རྒྱབ་སྐྱོར་གྱི་ནུས་པ་མཐོར་འདེགས་གཏོང་སླད། རྒྱལ་སྤྱིའི་གཞུང་འབྲེལ་དང་གཞུང་འབྲེལ་མིན་པའི་སྒྲིག་འཛུགས་དང་ཚོགས་སྡེ་ཁག་ལ་འབྲེལ་གཏུགས་ཚད་མཐོ་རུ་གཏོང་རྒྱུ། རྒྱ་ནག་སྐམ་ས་ཆེན་མོ་དང་ཕྱི་རྒྱལ་ཡུལ་ལུང་ཁག་གི་རྒྱ་མིའི་ཚོགས་སྒེར་ལ་བོད་དོན་དཀའ་གནད་ངོ་སྤྲོད་དང་མཐུན་འབྲེལ་འཛུགས་ཐབས་བྱ་རྒྱུ་ཡིན། ཕྱི་རྒྱལ་དུ་གནས་སྡོད་བོད་མི་ཚོའི་གཞི་རིམ་གྱི་དཀའ་ངལ་ཁག་སེལ་ཐབས་དང་། བོད་མིའི་ཆོས་རིག་སྐད་ཡིག་སྲུང་འཛིན་ལ་མཐུན་འགྱུར་བྱ་རྒྱུ། དེ་བཞིན། བོད་ནས་གསར་དུ་འབྱོར་བ་རྣམས་ཀྱི་དཀའ་ངལ་སེལ་ཐབས་གང་ཡོང་དང་། ལུང་ཁུག་གཞིས་ཆགས་ཁག་ཏུ་ནད་པ་བོར་འདྲེན་སོགས་ལ་སྣུམ་འཁོར་གྱི་མཐུན་འགྱུར་བསྐྲུན་རྒྱུ་བཅས་ངོ་སྤྲོད་གནང་འདུག
༼གསར་འགོད་པ་དོན་འགྲུབ་བཀྲ་ཤིས་ཀྱིས་ལྷོ་ཕྱོགས་སྦེལ་ཀོབ་བོད་མིའི་གཞིས་སྒར་ནས་སྤེལ༽
སྤྱི་མཐུས་ཚོགས་གཙོ་མཆོག་བཀའ་ཁྲིའི་འོས་གཞིར་ཕེབས་པར་དགའ་བསུ་ཞུ། འོན་ཀྱང་
འོས་ཐོབ་རྒྱུ་དཀའ་མོ་རེད།།
ཚོགས་གཙོ་མཆོག་༢༠༡༡ལོའི་བཀའ་ཁྲིའི་འོས་ཤོག་མི་ཐོབ་པ་ནི་ཁོང་དང་ང་ཚོ་ཚང་མས་ཤེས་གསལ་རེད། དེས་ན་ཁོང་ཉིད་བཀའ་ཁྲིའི་འོས་གཞིར་བཞེངས་པ་འདི་རང་ཉིད་ཀྱི་མིང་སྤྱི་ཚོགས་ལ་ཁྱབ་བསྒྲགས་གནང་ཆེད་ཡིན་ནམ། ཡང་ན་མཁས་དབང་བློ་བཟང་སེང་གེ་ཕམ་ཉེས་སུ་གཏོང་ནས་བཀས་བཀོད་རྒྱུད་འཛིན་གྱི་རིང་ལུགས་ཀྱི་དྲི་མས་གོས་པའི་ཁྱིམ་ཚང་ཆེན་མོ་རྣམས་ལ་རྒྱབ་སྐྱོར་བྱེད་ཆེད་ཡིན།
སྤེན་པཚེ་རིང་ལག་་།ཐུགས་རྗེ་གཟིགས་ཡང་རྙོག་སྒྲ་མ་བཤད་རོག་གྲོས་ཚོགས་ཐུན་བརྒྱད་པ་ལ་གཟིགས་དང་།
བསྟན་བཅོས་དང་ནི་ཐམས་ཅད་དང།ལས་ནི་ཅི་ཡང་རུང་བ་ཡི།ཇི་སྲིད་དགོས་པ་མ་སྨོས་པ།དེ་སྲིད་དུ་ནི་སུ་ཞིག་འཛིན།ཅེས་གསུངས་པ་ལྟར་སྐབས་འདིར་སྤྱི་སྒོས་ཟུར་གྱི་འདོན་བཞིན་པ་ནི་བཀའ་སྤྱིའི་སྐོར་ཤ་སྟག་ཡིན་ཡང་སོ་སོའི་བློ་ཡིས་ཐ་དད་པ།འདོད་པ་འདོད་ཚུལ་དམིགས་སུ་ཕྱེ་པ་ནང་བཞིན་གང་ཟག་སྒེས་རེ་ཟུང་གིས་གང་འདོད་དང་ཅི་འདོད་སྨྲས་པ་ནི་བློ་ཕམ་པའི་གནས་སུ་གྱར།མ་འོངས་བཀའ་ཁྲི་ནི་མི་དམངས་ལ་རག་ལས་ཡོད་པས་སོ་སོའི་ལག་ཏུ་ཡོད་མ་རེད་དྲན།ང་ཡང་བཀའ་ཁྲིའི་རྐུབ་བཏེགས་ཐོག་འགྲོ་འདོད་ཡོད་ན་ཡང་་སོ་སོར་དབང་ཆ་གང་ན་ཡོད།་སོང་ཙང་སྐུ་ངོ་མཆོག་དེ་བཞིན་རེད་སྙམ།
ངས་ནམ་ཡང་དྲན་བཞིན་པའི་བཀའ་བློན་མཆོག་ནི་དེ་རིང་འདིར་ཕེབས་པར་སྵིང་ཐག་པ་ནས་དགའ་བསུ་ཞུ་ཁྱོད་ཀྱི་ལྷག་བསམ་དང་སྙིང་སྟོབས་ལ་རྗེས་སུ་ཡི་རིང་ཡོད་ཁྱེད་ལ་མཐའ་ཅིག་ཏུ་ཡིད་ཆེས་ཡོད་མུ་མཐུན་ནས་བརྩོན་རོགས།
ཁ་ཤས་ཀྱི་ཟེར་རྒྱུ་དེ་ལ་མི་བདེན་ཟེར་རྒྱུ་མི་འདུག་གོ། །ང་ཚོ་ཁ་བའི་བུ་ཚ་མི་ཡུལ་དུ་གྱར་ཏེ་ལོ་ངོ་ལྔ་བཅུའི་ནང་བཙན་བྱོལ་གཞུང་ཞིག་གཙུག་སྟེ་ད་ལྟའི་བར་གངས་སྐྱིད་ཚོགས་ཁང་ཆེན་མོ་ཚོགས་མི་བཞི་ལྔ་ཙམ་མ་གཏོགས་སྟོང་པར་གྱུར་པའི་གནས་ཚུལ་ད་ལོའི་ཚོགས་གཙོའི་སྐབས་མ་གཏོགས་གོ་མྱོང་དང་རིག་མྱོང་མེད་དེར་བརྟེན་ཟུར་བལྟས་ལེབ་མཐོང་གི་དཔེ་རེད། བཀའ་ཁྲིའི་འོས་ཆོས་ཚང་མིན་ཁ་ནས་བཤད་པ་ལས་དོན་ལག་ལེན་འཁྱོལ་མིན་བལྟ་རྒྱུ་ལས་གང་དྲན་གང་བཤད་ལ་ཅི་འདྲ་ཞིག་བསམ་ཤིགས་བྱེད་དགོས་དེ་ནི་ཁོ་རང་འཁྱོགས་བརྗོད་དང་དཀྲུགས་ཤིང་སྐད་ཆ་མ་རེད་བསམ་ཚུལ་དང་མཐོང་ཐོས་རེད། དྲ་གྲོགས་ཁྱེད་སེམས་རྣལ་དུ་ཕབ་སྟེ་གདངས་ཞིབ་མོ་རྒྱོབ།
མ་འོངས་པའི་བཀའ་ཁྲི་ལྷག་པར་གཙོ་ཆེ་སྙམ།
བཀའ་ཁྲིའི་འོས་ཆོས་ཚང་བ་ཞིག་གིས་བཀའ་ཁྲིའི་འོས་མིར་ལངས་པ་དེ་ནི་ཁྲིམས་ཀྱི་ཐོབ་ཐང་ཡིན་པས། དེར་གང་ཟག་འགའ་རེས་མི་དགའ་བ་བྱེད་པ་ནི་ཁྲིམས་ཀྱི་གནས་ལུགས་མ་ཤེས་པའི་རྟགས་རེད། སྤེན་པ་ཚེ་རིང་ལ་འོས་ལྡུག་དང་མི་ལྡུག་དེ་རང་རང་གི་འདོད་མོས་ཡིན་པས་དེ་ལ་བཤད་རྒྱུ་ཅི་ཡང་མེད། འོན་ཀྱང་ཁྲིམས་དང་སྒྲིག་གཞི་གང་ལའང་མི་བསྟུན་པར་བཀའ་ཁྲིའི་འོས་གཞི་རྣམས་ལ་ཚིག་ངན་འཕེན་པ་དེ། བོད་ཀྱི་མི་སེར་ཞིག་གི་འགན་འཁྱེར་བ་མ་རེད། དམངས་ཀྱི་གོ་རྟོགས་འདི་ལས་མེད་ན་དམངས་གཙོ་ཡང་དག་པ་ཞིག་ཡོང་རྒྱུ་གང་ན་ཡོད། གང་ལྟར་ཡང་ང་ཚོས་རང་ལྟ་མཆོག་འཛིན་མེད་པ་དང་། ཁྲིམས་ཀྱི་དགོངས་དོན་མཐུན་པར་བཀའ་ཁྲིའི་འོས་མིར་རན་མི་རན་གྲོས་བསྡུར་བྱེད་ན་འོས་འཚམས་ཡིན། དེ་མིན་སྤྱི་ཚོགས་ནང་དཀྲུགས་ཤིང་སློང་བ་ལས་འདི་ལ་དགེ་མཚན་ཅི་ཞིག་ཡོད་དམ།
བཀུར་གུས་བོད་མི་དམངས་ཀྱི་ཚོགས་གཙོ་མཆོག་ལ་་ཐོག་མ་བཀྲ་ཤིས་་པའི་འཚམས་འདྲི་དང་མཉམ་དུ་སྐུ་ཉིད་ཀྱི་བཀའ་ཁྲིའི་འོས་གཞིར་ལངས་འདོད་ཀྱི་གཏམ་གླེང་ཐུང་ངུ་ཞིག་མཐོང་བས་དེར་དགའ་དད་སྤྲོ་གསུམ་གྱི་དགའ་བསུ་ཡོད།་ཡིན་ཡང་དེ་ནི་དམངས་ཚོགས་ལམནས་ཡོང་བ་ཡིན་ཙང་།སྐུ་ངོ་མཆོག་ལ་རེ་བ་སྟོང་ཟད་དུ་ཡིན་རྒྱུ་ུ་རེད་བསམ་གྱི་ཡོད།གང་ཡིན་སྙམ་ན་སྤྱི་ཚོགས་སུ་སྐུ་ཉིད་ལ་ཉེས་མདོག་བྱེད་མཁན་མི་ཉུང་བ་འདུག་ལ་བློ་བཟང་སེང་གེ་དང་བཀྲས་མཐོང་སོགས་ཡོད་པས་སྐུ་ཉིད་ཀྱི་ཁོང་གཉྀས་ལ་འགྲན་ཟླ་མི་ཆོག་སྙམས།་དེ་ཕྱིར་སྐུ་ཉིད་ཀྱི་སོ་སོའི་ད་ལྟའི་ལས་ཀ་མི་མཐུན་ནས་བྱེད་ན་ལེགས་སོ་སྙམ།
གུང་སེང་མ་གཏོགས་དྲྭ་ཁང་དུ་བསླེབས་མི་ཐུབ་པས་བསམ་འ༷ཆར་འདི་ཅུང་ཟད་ཕྱི་དྲགས་སོང་།
འོན་ཀྱང་མཚམས་འདི་ནས་གཟིགས་མཁན་རྣམས་ཀྱིས་ཐོག་མར་མཐོང་བ་ཡིན་ཙང་།
ངས་འབྲི་འགོ་འཛུགས་རྒྱུ་ཡིན། ངའི་ངོས་ནས་ཚོགས་གཙོ་ཁྱེད་རང་བཀའ་ཁྲིར་རེ་བ་གཏན་ནས་མེད། འོན་ཀྱང་། ཁྱེད་རང་བཀའ་ཁྲིའི་འོས་གཞི་ལངས་པར་དགག་པ་རྒྱག་གིན་མིན།
གང་ཡིན་ཅེ་ན། ཁྱེད་རང་གི་ཐོབ་ཐང་རེད་ལ། ཁྱེད་རང་གི་མངོན་འདོད་ཀྱང་རེད།
སྤྱི་བཏང་མང་པོ་མང་པོ་ཞིག་གིས། གྲོས་ཚོགས་ཚགས་ཚུད་དགོས་ན་གྲོས་ཚོགས་ཀྱི་འཐུས་མི་
ཡག་པོ་དགོས་པ་དང་། དེ་ལས་ཀྱང་གལ་ཆེན་བར་དྲང་བདེན་དང་གཟུར་གནས་ཀྱི་ཚོགས་གཙོ་ཞིག་
དགོས་པར་གཟིགས་ནས། ཁྱེད་རང་ཡང་བསྐྱར་ཚོགས་གཙོར་རེ་བ་ཤུགས་ཆེན་བྱེད་བཞིན་འདུག་ལ།
དེ་བཞིན་ངས་ཀྱང་ཐེངས་མང་ཡང་ཡང་དཔྱད་ཞིབ་བྱས་འབྲས་ཁྱེད་རང་ལས་ལྷག་པའི་ཚོགས་གཙོ་
ཞིག་མ་མཐོང་པས། ད་དུང་ཡང་བསྐྱར་ཁྱེད་རང་ཚོགས་གཙོར་རེ་བ་ཤུགས་ཆེན་བྱེད་བཞིན་ཡོད།
གནད་དོན་འདིར་གཟིགས་ཏེ་་་་དྲྭ་གྲོགས་ཡོངས་ནས་ཚོགས་གཙོ་མཆོག་བཀའ་ཁྲི་དང་ཡང་བསྐྱར་
ཚོགས་གཙོ་གཉིས་གང་དགའ་ཐུགས་བསམ་ནན་པོ་རེ་གནང་རོགས་ཞུ་ཞུ།།
ཚོགས་གཙོ་ལགས་གང་ཉིད་བཀའ་བློན་ཁྲི་པའི་འོས་གཞིར་ལང་པ་ནི་རྗེས་སུ་ཡི་རང་ཞུ་རྒྱུ་ཞིག་མི་འདུག་བློ་རིག་པས་དཔྱད་དེ་སོ་སོ་རྐུབ་སྟེག་གང་འདྲ་ཞིག་གི་སྟེང་དུ་སྡད་ཡོད་པ་དང་སྡད་པ་ལྟར་ལས་དོན་ཚགས་ཚུད་བྱུང་མིན་བསམ་ཞིག་བྱས་ཡོད་དམ ? དེ་སྔོན་གངས་སྐྱིད་ཚོགས་ཁང་ཆེན་མོ་གཏོང་སང་སང་ཟོད་དེ་གཞི་བྱེས་བོད་མའི་སེམས་ཁམས་ལ་རྨ་ཁ་ཆགས་པ་དེ་ཁྱེད་ཀྱི་རྐུབ་སྟེག་ཁ་མར་ཁོར་ཏེ་འགྱིང་ཉམ་གྱི་འཇོན་ཐང་དེ་ཙམ་ཞིག་ལས་མེད་པར་ད་དུང་བཀའ་བློན་ཁ྄ི་པའི་འོས་གཞིར་ཞུགས་རྒྱུ་ཞེས་པའི་སྐད་སང་ངུར་སྒྲ་དེ་མ་ལྡིར་ན་ཅང་མཛེས་ཉམ་ཆེ། མ་འཇོན་འཇོན་ཏོག་རྒྱལ་པོའི་ཁྱི་ར་ལས། འཇོན་པའི་རྒྱལ་པོའི་རྒྱལ་གཞིས་ཟིན་ན་དགའ་ཞེས་བོད་ཀྱི་གཏམ་དཔེ་ལྟར་འཇོན་ཚོད་ཀྱི་ལས་ལ་འཇུག་ན་དགའ། རྩམ་ཟན་ཚོ་གཉན་ཁྲང་གི་དུས་ཚོད་དང་བསྟུན་ཏེ་ལྷག་བསམ་གྱིས་གོས་གྱོན་ཏེ་བཀའ་བློན་ཁྲི་པ་འདེམས་ཐོན་གནང་རོག །
ཚོགས་གཙོ་མཆོག་ལ་མཚམས་འདྲི་ཞུ།
བཀའ་བློན་ཁྲི་བའི་འོས་མི་ལངས་པ་འདི་ལ་རྗེས་སུ་ཡིད་རང་ཡོད། མ་ཟད་ད་དུང་འོས་ཐོབ་ཡེ་ལ་རེ་བ་ཡོད། མི་ངན་འགའ་ཞིག་གིས་ཁ་ངན་ཚིག་ངན་བརྗོད་ན་ཡང་གནད་འགག་གང་ཡང་ཡོད་མ་རེད། གང་ཡིན་ཟེར་ན་ཁོང་ཚོ་དྲ་རྒྱ་ནང་དུ་ཉིན་ཐག་པ་དཀྲུགས་ཞིན་རྐྱང་ཀྱང་བཟོ་འདུག་མཁན་ཞིག་རེད། དཔེར་ན་ཁྱི་སྨྱོན་པ་འདྲ།
མ་འོངས་པ་རྒྱབ་སྐྱོར་ཡོད།
དང་སེང་དང་བླང་བྱེད་མཁན་ཇེ་མང་རེད། འདི་ཡག་རྟགས་ཤིག་ཡིན་ཁ་ཚོད་ཆོད་ཀི འདི་ནི་འགྲན་རྩོད་ཞིག་ཡིན་མིན་གང་ཡིན་ཡང་དགའ་དགོས་པ་ཞིག་རེད་ལྷག་དོན་མི་འཇོན་ལྡན་ཚོ་ལངས་ན་དགའ་དགོས་པ་ཞིག་ལས་གང་ན་ཡོད།
སྐུ་ཉིད་བཀའ་ཁྲིར་བྱོན་པ་ཤིན་ཏུ་ལེགས་སོ།འོས་ཤོག་མ་ནོར་བ་བླུགས་ངེས་ཡིན།
དང་སེང་དང་བླང་བྱེད་མཁན་ཇེ་མང་རེད། འདི་ཡག་རྟགས་ཤིག་ཡིན་དང་འགྲན་རྩོད་ཞིག་ཡིན་ལ་བརྟགས་དཔྱད་ཡག་པོ་བྱེད་དགོས་རེད་ད། བོད་པ་ཚོ།།
དང་བླངས་ཐོགས་ལས་ཀ་བྱེད་ཀྱི་ཡིན་ཟེར་མཁན་ག་ཚོད་ཡོད་ཀྱང་ཡག་པོ་རེད། དེ་ཡང་ཡར་རྒྱས་ཀྱི་རྣམས་པ་རེད། ཡིན་ཡང་མི་མང་ནས་འདེམས་ཀ་མ་ནོར་བ་གནང་རྒྱུ་དེ་གལ་ཆེན་པོ་རེད།
ཚོགས་གཙོ་མཆོག་ལ་འཚམས་འདྲིའི་བཀྲ་ཤིས་བདེ་ལེགས།
འདི་ལྟར་བཀའ་ཁྲིའི་མིར་ལངས་པ་ནི་ཧ་ཅང་གཟི་བརྗིད་དང་རྗེས་སུ་ཡི་རང་བྱེད་འོས་པ་ཞིག་རེད། རྒྱབ་མདུན་ལ་མི་གསལ་བའི་གསང་བ་མེད་པར་ཐད་ཀར་འོས་མིར་ལངས་པ་ནི་ཧ་ཅང་དགའ་འོས་པ་ཞིག་ཡིན་ང་ཚོའི་ངོས་ནས་ཀྱང་འདེམས་རྒྱུ་མ་ནོར་བ་ཞིག་བྱེད་ངེས་ཡིན།
མཐར་སྐུ་ཉིད་ཀྱི་འདོད་དོན་ཡིད་བཞིན་འགྲུབ་པའི་སྨོན་འདུན་ཡོད།
ཁོ་ལ་བཀའ་བློན་གྱི་གོ་ས་མ་ཐོབ་པས་བཀའ་ཁྲིའི་འོས་ཐོབ་ཁག་པོ་རེད། ལོ་ཤས་སྔོན་ལ་བཀའ་ཁྲིའ་ཕྱག་རོགས་ལ་དགག་བྱ་བྱུང་ནས་ཁོ་ལ་མ་ཐོབ་པ་ཤེས་གསལ་རེད། ཀློ་བུར་་ཏུ་བཀའ་ཁྲི་འདུག་གི་ཡིན་ཟེར་འདིའི་རྒྱབ་ན་བསམ་གདོང་བླ་མ་ཡོད་སྲིད་པ་ཞིག་རེད། དེ་ཡིན་ན་ཁོ་ལ་འོས་ཐོབ་ཉེ་བ་ཡིན་སྲིད།
ཧར་གདོང་ཨ་འཇིགས་ལགས། ཁྱེད་ཀྱིས་གསལ་བཤད་དང་སྦྲགས་མིང་འདོགས་ཆ་ཚང་བཀོད་པར་ཡག་བྱུང་ཟེར་རྒྱུ། མིང་མཐར་ཤད་ཡོད་མེད་ཀྱི་ཁྱད་པར་ཙམ་ལས་མེད་པའི་ཨ་འཇིགས་གཉིས་སླེབས་བྱུང༌། དུས་དེ་ནས་བཟུང༌། ངས་དྲ་ཐོག་ལ་སླེབས་སྔ་གཞུག་ཙམ་བཤད་ནས་ཁྱེད་རང་གི་མིང་དེ་ཕྱིར་འཐེན་གནང་རོགས་ཞེས་ཞུས་ན་བསམ་མོད། དེ་ཡང་དེ་འདྲའི་བདེ་བོ་ཞིག་མ་རེད། བྱས་ཙང༌། ངས་ཀྱང་ཅི་ཞིག་བརྗོད་དགོས་མ་ཤེས་པར་བསྡད་ཡོད།
དེ་མིན་རྐང་རྗེན་པ་ཞེས་ངའི་ཟིན་བྲིས་ཀྱི་མིང་མཁུར་མཁན་ཞིག་ཀྱང་བྱུང་མོད། ཉེ་ལམ་ཕལ་ཆེར་མེད་པ་འདྲ། གལ་སྲིད་ཡོད་ན་དེས་ཀྱང་འདི་ལྟར་བསམ་བློ་ཞིག་གཏོང་རོགས་ཞུ།
ཚོགས་གཙོ་མཆོག་ལ་མཚམས་འདྲི་ཞུ།
བཀའ་བློན་ཁྲི་བའི་འོས་མིའི་ཁོངས་ལངས་མཁན་ཅི་ཙམ་མང་བ་དེ་ཙམ་གྱིས་ང་
ཚོའི་བཀའ་ཁྲིའི་སྐོར་ལ་མཐོང་ཐོས་དོན་གནས་ཀྱི་མི་མང་དུ་ཕྱིན་པ་རེད།
དྲ་གྲོགས་ཚོས་ཕྱོགས་ཞེན་གྱི་མིག་ཤེར་མི་གྱོན་པར་རྒྱ་ཆེ་བའི་མི་མང་གི་མངོན་
འདོད་ལ་ཕྱོགས་དེ་དཔྱད་པ་བྱེད་རོགས་ཞུ།
བླ་མ་སད་མཁན་གྱི་མི་ཞིག་གི་མ་འོངས་པ་བོད་མི་མང་གི་འགོ་ཁྲིད་གནང་ཐུབ་ཀྱི་ཡོད་དང་ཁོང་གི་བོད་མི་མང་གི་སྤྱི་འཐུས་གྲོས་ཚོགས་འཛིན་སྐྱོང་ཡག་པོ་གནང་མི་པར་ལ་བཀའ་ཁྲི་གནང་རྒྱུ་ལ་རྗོནཐང་ཞིག་ཡོད་དམ། འོན་ཀྱང་ང་རང་ཚོ་བོད་མི་རྣམས་ཀྱི་རང་ཉིད་འགོ་ཁྲི་བསྐོས་པ་བསམ་གཞི་གནང་དགོས་ཆེ། ང་རང་ཚོ་བོད་མི་རྣམས་ཀྱི་འགོ་ཁྲི་བསྐོས་ཐུབ་ཙམ་གྱི་ག་ལ་འགྲིགས། རང་གི་བསྐོས་པའི་འགོ་ཁྲིའི་བཀའ་དང་ལས་དོན་གནང་ཕྱོགས་ལ་ཙ་འཛིན་གནང་ཐུབ་ཀྱི་རེད་དམ། དེ་དག་བསམ་གཞི་བྱེད་དགོས་པ་ཤིན་ཏུ་གལ་ཆེའོ།
མ་སྐུལ་དྭང་བླང་གི་ཐོག་ནས་མ་འོངས་འབྱུང་འགྱུར་གྱི་བཀའ་བློན་ཁྲི་པའི་འོས་གཞིར་ཕེབས་མཁན་གྱི་མི་སྣ་དེ་དག་གི་ད་སྐབས་ཅི་བཤད་ལ་མི་ཉན་པར་པར་འདས་ཟིན་པའི་དུས་སྐབས་ནང་ཁོང་ཅག་གིས་བོད་གངས་ཅན་ལྗོངས་ཀྱི་བསྟན་པ་ཆབ་སྲིད་ལ་ཀྱི་ཞབས་འདེགས་དང། མགོ་ནག་བོད་མིའི་བདེ་དོན་གྱི་ལས་དོན་ཅི་བྱས་ལ་བརྟག་ནས་འོས་ཤོག་བླུགས་ཤིག།