མདུན་ངོས།
About Us
  • English
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

གཞི་རྒྱ་ཆུང་ངུ་ནས་ཆེན་པོའི་བར་འཕེལ་རྒྱས་བྱུང་ཡོད།

བོད་ཀྱི་དུས་བབ།
༢༠༡༠/༠༩/༠༣
Share on FacebookShare on TwitterShare on EmailShare on Whatsapp
འདི་གའི་གསར་འགོད་པས་རྒྱལ་སྤྱིའི་བོད་རིག་པའི་ཚོགས་འདུའི་སྐོར་ལས་འཕྲོས་ཏེ། ནོར་གླིང་བོད་ཀྱི་རིག་གཞུང་ཞིབ་འཇུག་ལྟེ་གནས་ཀྱི་འགན་འཛིན་དང་སྤྱི་ཁྱབ་རྩོམ་སྒྲིག་པ་རྡོ་རྗེ་དབང་ཕྱུག་ལགས་སུ་བཅར་འདྲི་ཞིག་ཞུས་སྐབས།  ཁོང་གིས། ང་ལ་མཚོན་ན་ཚོགས་འདུ་འདིར་སྔ་རྗེས་ཐེངས་གསུམ་ལ་ཞུགས་པའི་མྱོང་ཚོར་ཟབ་ཤོས་ལྟ་བུ་ནི། བརྗོད་གཞི་ཡིན་ནའང་འདྲ། ཞིབ་འཇུག་ཐབས་ལམ་ཡིན་ནའང་འདྲ། ཆེན་པོ་ནས་ཆུང་ངུ་དང་། ཆུང་ངུ་ནས་ཞིབ་ཚགས་པོའི་ལུགས་ཀྱི་ཞིབ་འཇུག་ཐབས་ལམ་ལ་འཇུག་མཁན་ཇེ་མང་ནས་ཇེ་མང་དུ་འགྲོ་ཡི་འདུག་ཅེས་གསུངས།
 

དྲི་བ། རྒྱལ་སྤྱིའི་བོད་རིག་པའི་ཞིབ་འཇུག་སྐོར་གྱི་སྤྱི་ཡོངས་ཀྱི་གནས་ཚུལ་ངོ་སྤྲོད་གནང་རོགས།

 

ལན། རྒྱལ་སྤྱིའི་བོད་རིག་པའི་ཞིབ་འཇུག་པའི་ཚོགས་འདུ་འདི་ཐོག་མར་ཕྱི་ལོ་ ༡༩༧༧  ལོ་ནས་འགོ་འཛུགས་གནང་བ་དང་། དེ་ནས་རིམ་པས་རྒྱུན་མཐུད་དེ་ད་ལོའི་བར་ཁྱོན་བསྡོམས་ཚོགས་ཆེན་ཐེངས་བཅུ་གཉིས་འཚོགས་ཐུབ་ཡོད་པ་རེད། ཚོགས་འདུ་འདིའི་སྐོར་གྱི་འཕེལ་རིམ་ལ་བལྟས་ན། ཐོག་མའི་གཞི་རྒྱ་ཆུང་ངུ་ནས་རིམ་པས་གཞི་རྒྱ་ཆེན་པོའི་བར་འཕེལ་རྒྱས་བྱུང་ཡོད་པ་དང་། ཐོག་མའི་གནས་སྐབས་ནས་དུས་ཡུན་གང་འཚམ་རིང་རྒྱལ་སྤྱིའི་སྟེང་བོད་རིག་པར་དོ་སྣང་དང་སློབ་གཉེར། ཉམས་ཞིབ་བཅས་བྱེད་མཁན་གྱི་སྤྱི་ཚོགས་དང་ཕྱིར་སྡོད་བོད་རིགས་མཁས་པ་དང་ཉམས་ཞིབ་པའི་རིགས་ཁོ་ན་ལས། བོད་ནང་བཞུགས་པའི་མཁས་པ་དང་ཉམས་ཞིབ་པ་དག་ལ་ནི་རྒྱ་ནག་གཞུང་གིས་ཚོགས་ཞུགས་ཀྱི་གོ་སྐབས་སྤྲད་མེད་ནའང་། རིམ་པས་འགྱུར་བ་ཐེབས་ཏེ་བོད་ཕྱི་ནང་གི་མཁས་པ་དང་ཉམས་ཞིབ་པ་མང་པོ་ལྷན་འཛོམས་ཀྱི་གོ་སྐབས་རྩ་ཆེ་ཤོས་ལྟ་བུའི་ཚོགས་འཛོམས་ཀྱི་ངོ་བོར་འཕེལ་རྒྱས་སོང་ཡོད་པ་ཞིག་ཆགས་ཡོད།

 ཚོགས་པའི་གཏན་འཁེལ་ལྟར་ན། ལོ་གསུམ་རེའི་ནང་ཚོགས་འཛོམས་ཐེངས་རེ་དང་། ལོ་གསུམ་ནས་འཚོག་མ་ཐུབ་ནའང་། ལོ་བཞིའི་ནང་ངེས་པར་ཐེངས་གཅིག་འཚོགས་ཐུབ་པ་དགོས་རྒྱུ་ནི་གཏན་འབེབས་འདྲ་བོ་རེད། ཚོགས་འདུ་རང་གི་རྣམ་པ་ནི། ཚོགས་ཞུགས་པ་ཚང་མས་རང་རང་གི་རྩོམ་ཡིག་སྒྲོག་སྦྱང་དང་གཏམ་བཤད། དེ་རྗེས་དྲི་བ་སླེབས་རིགས་ལ་ལན་འདེབས་བཅས་ཀྱི་རྣམ་པ་ནས་བགྲོ་གླེང་བྱ་སྲོལ་དང་ལྡན་པ་ཞིག་རེད། ཚོགས་འདུར་ཞུགས་མཁན་ཚོགས་ཐེངས་རེ་རེ་བཞིན་འཕེལ་རྒྱས་འགྲོ་བཞིན་ཡོད་པ་དང་ཕྱོགས་མཚུངས། ཚོགས་ཁང་གི་རྣམ་པའང་རྒྱ་ཆེ་རུ་ཕྱིན་ཏེ། ལོ་རྒྱུས། ཡུལ་སྲོལ། ཆོས་ལུགས། གེ་སར་ཞིབ་འཇུག་སོགས་སྡེ་ཚན་ཁག་མང་དུ་དབྱེ་བ་དང་འབྲེལ་ནས་ཚོགས་ཁང་ཆེ་ཆུང་བཅུ་གྲངས་ནང་དུས་ཚོད་གཅིག་ལ་མི་གྲངས་བཅུ་གྲངས་ཀྱིས་བགྲོ་གླེང་བྱེད་པ་ཞིག་ཡིན་སྟབས། སོ་སོས་ཉན་འདོད་པའི་བརྗོད་གཞི་དེ་གང་ན་གླེང་གི་ཡོད་མེད་ལ་བལྟས་ནས་འགྲོ་བ་ལས། ཚོགས་ཞུགས་པ་ཚང་མའི་བགྲོ་གླེང་ལ་ཉན་ཐུབ་ཐབས་མེད་པ་ཞིག་རེད། རྩོམ་ཡིག་གི་རྣམ་པ་ཆ་ཚང་ནི། རྒྱལ་སྤྱིའི་བོད་རིག་པའི་རྩོམ་ཡིག་ཕྱོགས་བསྒྲིགས་ཀྱི་དེབ་དང་། ཡང་ན། ཚོགས་ཐེངས་རེ་རེའི་སྐབས་ལ་རྩོམ་ཡིག་ཉིང་བསྡུས་ཆེད་བསྒྲིགས་ཀྱི་འཁོར་ཐག་སོགས་འགྲེམས་ཀྱི་ཡོད་པ་ལས་གཞི་ནས་ཤེས་རྟོགས་ཐུབ་པ་ཞིག་ཆགས་ཡོད་པ་ལས། ཚོགས་འདུར་ཞུགས་པ་ཙམ་གྱིས་མཁས་པ་དང་ཞིབ་འཇུག་པ་ཚང་མའི་རྩོམ་ཡིག་དང་བགྲོ་གླེང་ལ་གོ་སྐབས་ལེན་ཐུབ་པ་ཞིག་ཆགས་ཀྱི་མེད།

 གོ་སྐབས་རྩ་ཆེ་ཤོས་ནི། བོད་རིག་པར་ཞིབ་འཇུག་གནང་མཁན་གྱི་མཁས་པ་དང་ཉམས་ཞིབ་པ་མང་པོར་འབྲེལ་འདྲིས་དང་། ཕན་ཚུན་རྒྱུས་ལོན་བྱེད་པ་བརྒྱུད་ནས་མཉམ་འདུས་ཀྱི་ནུས་པ་སྤེལ་བའི་གོ་སྐབས་དང་། ལྷག་ཏུ་བོད་ཕྱི་ནང་གི་མཁས་པ་དང་ཉམས་ཞིབ་པ་ཚོར་མཚོན་ན། ལོ་གསུམ་དང་ཡང་ན་ལོ་བཞི་རེའི་ནང་ལྷན་འཛོམས་ཀྱི་གོ་སྐབས་ཤིག་ཆགས་ཀྱི་ཡོད་སྟབས། ཕན་ཚུན་བསམ་བློ་བརྗེ་རེས་དང་། ལྟ་ཚུལ་སྤེལ་རེས་སོགས་ལ་ནི་གོ་སྐབས་འདི་ཧ་ལས་པའི་རྩ་ཆེན་པོ་འདྲ་ཞིག་ཆགས་ཡོད་པ་རེད། 

 

རྒྱལ་སྤྱིའི་བོད་རིག་པའི་ཞིབ་འཇུག་ཚོགས་པའི་གཞུང་འབྲེལ་གཏན་འབེབས་ཀྱི་སྐད་ཡིག་ནི། བོད་ཀྱི་སྐད་ཡིགའཇར་མན་སྐད་ཡིགཧྥ་རན་སིའི་སྐད་ཡིགདབྱིན་ཇིའི་སྐད་ཡིག་བཅས་བཞི་ལས་དེ་ལས་བརྒལ་བའི་སྐད་ཡིག་གང་ཡང་ངོས་ལེན་མེད་པ་ཞིག་རེད།

 

དྲི་བ། ཚོགས་འདུ་འདིར་ཚོགས་ཞུགས་པ་མགྲོན་འབོད་དང་མཉམ་ཞུགས་ཀྱི་བརྒྱུད་རིམ་ཇི་ལྟར་རེད།

 

ལན། ཚོགས་འདུ་འདིར་ཚོགས་ཞུགས་ཚོགས་མིའི་ཆ་རྐྱེན་ཟེར་ནའང་འདྲ། ཚོགས་པའི་ངོས་ནས་མགྲོན་འབོད་ལབ་ནའང་འདྲ། འབབ་ས་དེ་བོད་ཀྱི་ཆོས་དང་རིག་གཞུང་དར་སྤེལ་དང་། སྲུང་སྐྱོབ་ཀྱི་ལས་རིགས་གཉེར་མཁན་རིགས་ལ་མགྲོན་འབོད་དང་། ཚོགས་ཞུགས་ཀྱི་གོ་སྐབས་འབུལ་གྱི་ཡོད་པ་ཞིག་ཆགས་ཡོད་པ་རེད། འགྲོ་ལུགས་ལ། ཚོགས་ཞུགས་པ་གང་རུང་ཞིག་གིས་ཞུ་སྙན་ཕུལ་བ་ཡིན་ན། དེར་ཚོགས་མི་རྒན་པའམ་དེ་སྔར་ཚོགས་ཞུགས་མྱོང་མཁན་ཞིག་གི་རྒྱབ་གཉེར་རམ། ཡང་ན། ཚོགས་ཆུང་གང་འོས་ནས་བསྐྱར་ཞིབ་ཅིག་བརྒྱུད་དགོས་པ་སོགས་འགྲོ་སྟངས་རིགས་ཁ་ཤས་ཤིག་ཡོད་པ་འདྲ། ཡིན་ནའང་། དེའི་སྐོར་ང་ལ་གསལ་པོ་ཞིག་ཞུ་ཡག་མེད། གང་ལྟར། མདོར་བསྡུས་ནས་བཤད་ན། མགྲོན་འབོད་བྱེད་ཀྱི་ཡོད་པའི་རིགས་གཅིག་དང་། སྙན་ཞུའི་ལམ་ནས་འཛུལ་ཞུགས་ཀྱི་རིགས་གཉིས་ནང་ཚང་མ་ཚུད་ཀྱི་ཡོད་པ་རེད། ཚོགས་ཞུགས་ཀྱི་ཆ་རྐྱེན་ནི། ལོ་རྒྱུས་མདོར་བསྡུས་རེ་དང་། རྩོམ་ཡིག་གི་ནང་དོན་གནད་བསྡུས་རེ་ཚོགས་པའི་ལམ་སྟོན་བཞིན་ཕུལ་ན། ནས་ཚོགས་ཞུགས་ཀྱི་གོ་སྐབས་སྤྲོད་འོས་མིན་གྱི་ཐག་གཅོད་བྱེད་ཀྱི་ཡོད་པ་ཞིག་ཆགས་ཡོད་པ་རེད། རྩོམ་ཡིག་གི་ནང་དོན་གནད་བསྡུས་དེ། དེ་སྔར་ཚོགས་ཞུགས་མྱོང་མཁན་ཡིན་ན།བསྡུས་པ་ཞིག་གིས་འཐུས་ཀྱི་ཡོད་པ་དང་། གསར་ཞུགས་པ་ཞིག་ཡིན་ན་ནི། དེ་ལས་རྒྱས་ཙམ་ཞིག་དགོས་པའི་ཁྱད་པར་ཡོད་པ་རེད། ཚོགས་མི་ཆགས་པའི་རྗེས་ཀྱི་གནས་ཚུལ་ནི། ཐེངས་དང་པོར་ཞུགས་མཁན་ཞིག་ཡིན་ན་ནི། ཚོགས་པའི་རྒྱུན་ལས་གསར་འདེམས་ལ་འོས་ཤོག་འཕེན་པ་དང་། ཡང་ན། འོས་གཞིར་ཞུགས་པའི་ཐོབ་ཐང་མེད་པར། ཚོགས་ཞུགས་ཞུས་རིམ་བཞིན་ཚོགས་མིའི་ཐོབ་ཐང་ཆ་ཚང་ལོངས་སུ་སྤྱོད་ཆོག་གི་ཡོད་པ་འདྲ་ཞིག་རེད།

 

དྲི་བ། ཁྱེད་རང་ཐེངས་གསུམ་ལ་རྒྱལ་སྤྱིའི་བོད་རིག་པའི་ཞིབ་འཇུག་ཚོགས་འདུ་འདིར་ཞུགས་པ་བརྒྱུད། ཁྱེད་རང་སྟེང་ནས་དེའི་དགེ་སྐྱོན་གང་མཐོང་བྱུང་།

 

ལན། ང་ལ་མཚོན་ན། ཚོགས་འདུ་འདིར་སྔ་རྗེས་ཐེངས་གསུམ་ལ་ཞུགས་མྱོང་མཁན་ཞིག་ཡིན། ཐེངས་གསུམ་གྱི་མྱོང་ཚོར་དེ་མྱོང་ཚོར་མ་འདྲ་བ་རེ་རེ་ཆགས་ཀྱི་འདུག དེ་བཞིན་རྒྱལ་སྤྱིའི་བོད་རིག་པའི་ཆེད་རྩོམ་ཕྱོགས་བསྒྲིགས་ཀྱི་དེབ་ཕྲེང་དེ་ཚོ་ལྟ་ཀློག་ཞུས་ན། དེ་བས་ཀྱང་མྱོང་ཚོར་མ་འདྲ་བ་རེ་སྟེར་བ་འདྲ་ཞིག་རེད། མྱོང་ཚོར་ཟབ་ཤོས་ལྟ་བུ་ནི། བརྗོད་གཞི་ཡིན་ནའང་འདྲ། ཞིབ་འཇུག་ཐབས་ལམ་ཡིན་ནའང་འདྲ། ཆེན་པོ་ནས་ཆུང་ངུ་དང་། ཆུང་ངུ་ནས་ཞིབ་ཚགས་པོའི་ལུགས་ཀྱི་ཞིབ་འཇུག་ཐབས་ལམ་ལ་འཇུག་མཁན་ཇེ་མང་ནས་ཇེ་མང་དུ་འགྲོ་ཡི་འདུག་སྟབས། དེ་སྔར་སྤྱི་བམ་གྱི་གླེང་སྲོལ་ལས། དེང་སང་ནི་དོན་དག་གམ་བརྗོད་གཞི་གཅིག་རང་ལ་འཇུས་ནས་ཞིབ་འཇུག་བྱེད་མཁན་ཇེ་མང་དུ་སོང་དང་འགྲོ་བཞིན་པ་དང་། དེ་བཞིན་ཞིབ་འཇུག་གི་ཐབས་ལམ་དེ་ཡང་། ལུང་དང་ལུང་གཏུགས་ནས་གཞན་གྱི་བཤད་རྗེས་འབྲངས་པ་ཙམ་དུ་མ་བསྡད་པར། ས་གནས་ཤིག་གི་ཡུལ་སྲོལ་ལ་ཞིབ་འཇུག་བྱེད་པར་མཚོན་ན། ཡུལ་དེར་དངོས་སུ་བསྐྱོད་ནས་ལམ་བར་གྱི་གནས་ཚུལ་ལམ་མཐོང་ཐོས་དང་། ས་གནས་རང་ནས་ཞིབ་འཇུག་གི་འབྲས་སུ་མཉམ་སྤེལ་བྱེད་པ་ལྟ་བུས་མཚོན། གནས་ཚུལ་ལམ་བརྗོད་གཞི་གང་རུང་དཔྱད་མཐར་བསྐྱེལ་བ་ལ་ཁ་ཕྱོགས་ནས་འདུག་པ་ནི་ཡར་རྒྱས་ཀྱི་རྣམ་པ་ཞིག་རེད་ལ། རིམ་པས་བོད་རིག་པར་ཞིབ་འཇུག་གི་རྣམ་པ་འདིས་བོད་རིག་པ་དར་ཁྱབ་ལ་སྔར་ན་མེད་པའི་གྲུབ་འབྲས་ཤིག་ཐོན་རྒྱུ་ཡིན་པའི་ཚོར་བ་ཤུགས་ཆེ་སྤྲོད་ཀྱི་འདུག

 

དྲི་བ། ཐེངས་འདིར་བོད་གཞིས་བྱེས་གཉིས་ཀྱི་ཤེས་ལྡན་མི་སྣ་མང་བོ་མཉམ་དུ་འཛོམས་ཡོད། སྐུ་ཉིད་ཀྱིས་བོད་གཞིས་བྱེས་གཉིས་ཀྱི་ཤེས་ཡོན་པ་རྣམས་ལ་ཧེ་བག་འདྲ་མཐོང་གི་འདུག་གམ།གལ་སྲིད་འདུག་ན་ཆོས་དང་སྲིད། ཤེས་ཡོན། འཚོ་གནས་སོགས་གང་དུ་ཧེ་བག་འདུག་སྙམ།

 

ལན། བོད་གཞིས་བྱེས་གཉིས་ཀྱི་ཤེས་ཡོན་པ་ལྷན་འཛོམས་ཀྱི་གོ་སྐབས་ནི་ད་རེས་ཙམ་མ་རེད། ཚོགས་འདུ་འདི་ཐོག་མར་འགོ་འཛུགས་ནས་གནས་སྐབས་གང་འཚམ་རིང་རྒྱ་ནག་གཞུང་གིས་བོད་ནང་གི་མཁས་པ་དང་ཉམས་ཞིབ་པ་ཚོར་ཚོགས་ཞུགས་གོ་སྐབས་སྤྲད་མི་འདུག་མ་གཏོགས། དེ་རྗེས་ནས་རིམ་པས་འགྱུར་བ་ཐེབས་ཏེ། བོད་ནང་གི་མཁས་པ་དང་ཉམས་ཞིབ་པ་ཉུང་ངུ་ཞིག་ལ་ཚོགས་ཞུགས་ཀྱི་གོ་སྐབས་རག་པ་ནས། ཉེ་བའི་ཚོགས་ཐེངས་ཁ་ཤས་ཤིག་གི་རིང་ལ་བོད་ནས་ཕེབས་མཁན་བརྒྱད་ཅུ་ཡས་མས་མཉམ་ཞུགས་གནང་ཐུབ་པ་བྱུང་ཡོད། ཡིན་ནའང་། ཁོང་ཚོའི་འགྲོ་འདུག་དེར་གནས་དུས་གང་དུའང་སྟངས་འཛིན་དང་ལྟ་རྟོག་བྱེད་མཁན་ཡོད་ཡོད་པ་འདྲ་ཞིག་རེད། ཤེས་གསལ་ལྟར་ན། བོད་ནང་ནས་ཕེབས་མཁན་ཚོར་མཚོན་ན། ཐོག་མར་སྲིད་གཞུང་ནས་འགྲོ་བསྐྱོད་ཆོག་པའི་ཆོག་མཆན་མེད་པ་ཡིན་ན། ཚོགས་ཞུགས་ཐུབ་ཐབས་མེད་འདུག དེ་ནས་བོད་ཕྱི་ནང་གི་ཤེས་ཡོན་པའི་བར་ལ་ཧེ་བག་ག་རེ་མཐོང་སོང་ཞེས་དྲིས་པ་ཡིན་ཙང་། དེའི་སྐོར་ནས་རོབ་ཙམ་ཞུས་པ་ཡིན་ན། ད་རེས་ཀྱི་ཚོགས་འདུའི་སྐབས་བོད་ནས་ཕེབས་མཁན་ཁག་ཅིག་དང་ལྷན་དུ་ལྟ་ཚུལ་དང་བསམ་ཚུལ་བརྗེ་རེས་བྱས་པ་ཡིན། བོད་ནས་ཕེབས་མཁན་ཞིག་གིས།ག་དུས་ཡིན་ནའང་།ང་ཚོ་བོད་རིག་པའི་ཚོགས་ཐོག་ནས་མཇལ་སྐབས། བྱེས་སྡོད་བོད་མིའི་ཁྲོད་ནས་ཕེབས་མཁན་མང་ཆེ་བ་ནི། སློབ་སྦྱོང་བོད་ནས་བྱས་ཏེ་རྒྱ་གར་ནང་ཕྱིན་མཁན་རྐྱང་རེད། རྒྱ་གར་རང་ནས་སྐྱེས་ཤིང་འཚར་ལོངས་བྱུང་བའི་ཁྲོད་ནས་ཕེབས་མཁན་ཧ་ཅང་ཉུང་ཉུང་རེད། རེ་གཉིས་ཤིག་ལས་མི་འདུགདེ་ག་རེ་བྱས་པ་རེད་ཅེས་ཚུར་དྲིས་ཡོང་གི་འདུག དྲི་བ་འདིའི་ཐད་ནས་བསམ་བློ་བཏང་སྟེ། བོད་ཕྱི་ནང་གི་ཤེས་ཡོན་པའི་གནས་སྟངས་བསྡུར་ན། ཆོས་དང་སྲིད། ཤེས་ཡོན་བཅས་ཀྱི་ཐད་ནས་བསྡུར་གཞི་ཞིག་ཡོད་པ་རེད་དྲན་གྱི་མི་འདུགའཚོ་གནས་ཀྱི་ཐད་ནས་རང་དབང་ཡོད་མེད་ཀྱི་ཁྱད་པར་ཞིག་ཏན་ཏན་ཡོད་པ་རེད། དཔེར་ན། ལོ་རྒྱུས་ཉམས་ཞིབ་པ་ཞིག་ལ་མཚོན་ནས་བཤད་ན། བྱེས་སྡོད་པས་ནི་རང་དབང་གི་སྒོ་ནས་ཉམས་ཞིབ་བྱས་ཆོག་གི་ཡོད་ནའང་། བོད་ནང་སྡོད་མཁན་ཚོས་ནི་རྒྱ་ནག་གཞུང་གིས་བོད་དོན་ལ་ལྟ་སྟངས་དང་། བོད་ཀྱི་ལོ་རྒྱུས་ལ་རྒྱ་གཞུང་གི་ཆབ་སྲིད་དགོས་མཁོའི་འགྲེལ་བཤད་རྒྱག་སྟངས་ཀྱི་ར་སྐོར་ལས་བརྒལ་བའི་ཉམས་ཞིབ་གྲུབ་འབྲས་བཏོན་པ་ཡིན་ན། དེ་མཚམས་ནས་དཀའ་ངལ་མང་པོ་ཞིག་ཡོང་གི་ཡོད་པ་རེད།

 

དྲི་བ། ང་ཚོའི་སྤྱི་ཚོགས་ལ་ཕྱོགས་ཡོངས་ནས་ཁ་ཚ་དགོས་གཏུགས་སུ་གྱུར་པ་ནི་ཤེས་ལྡན་མི་སྣ་གསོ་སྐྱོང་དགོས་པ་དེ་རེད། གནད་དོན་འདིའི་ཐད་རྒྱལ་སྤྱིའི་བོད་རིག་པའི་ཞིབ་འཇུག་སྟེང་ཕེབས་པའི་ཤེས་ཡོན་པ་ཚོས་ལྟ་ཚུལ་དང་དོ་ཁུར་ཇི་འདྲ་བྱེད་ཀྱིན་འདུག

 

ལན། སྤྱི་ཚོགས་གང་འདྲ་ཞིག་ལ་མཚོན་ནའང་། ཤེས་ལྡན་མི་སྣ་སྐྱེད་བསྲིང་བྱེད་པ་ནི། རྒྱལ་ཁབ་དང་མི་རིགས་ཀྱི་དབྱེ་མཚམས་མེད་པར་གཙིགས་འཛིན་བྱེད་ཀྱིན་པ་ཞིག་རེད། གནད་དོན་འདིའི་ཐད་བོད་རིག་པའི་ཞིབ་འཇུག་པ་ཚོས་དོ་སྣང་མ་འདྲ་བ་ཞིག་བྱེད་ཀྱི་ཡོད་མེད་བཤད་ཚོད་ཐིག་པ་ཞིག་མ་རེད་དེ། ཡིན་དགོས་རྒྱུའི་ཆ་ནས་བཤད་ན།ཉམས་མྱོང་གསར་པ་དང་། ལྟ་ཚུལ་གསར་པ། ཐབས་ལམ་གསར་པ་སྤེལ་རེས་བཅས་བརྒྱུད་ནས། བོད་རིག་པའི་གནས་སྟངས་འདི་ལོ་རེ་བཞིན་ཡར་རྒྱས་འགྲོ་བ་ལ་དོ་ཁུར་བྱེད་ཀྱི་ཡོད་པ་རེད་འདོད། རྒྱལ་སྤྱིའི་བོད་རིག་པའི་ཚོགས་མི་ཚོར་མཚོན་ན། བརྒྱ་ཆ་བརྒྱ་རེད་ཞུ་ཕོད་ས་མ་རེད་དེ། བོད་རིག་པར་དགའ་མོས་དང་། དད་མོས། དོ་སྣང་ལྡན་མཁན་གྱི་སྤྱི་ཚོགས་ཤིག་ཡིན་སྟབས། ཁོང་ཚོའི་ལྟ་སྟངས་ནི་ཚད་མཐོ་པོ་ཞེ་དྲག་རེད། ཤེས་ལྡན་མི་སྣ་བསྐྱེད་བསྲིང་གི་ཐད་ནས་བཤད་ན། རྒྱ་གར་ནང་བོད་པ་ཡིག་རྨོངས་པ་ཧ་ཅུང་ཉུང་བ་ནས་མེད་པ་ལྟ་བུ་ཡིན་པའི་གནས་སྟངས་འདིར་བོད་ནས་ཕེབས་མཁན་ཚོས་བསྔགས་བརྗོད་ཆེན་པོ་གནང་གི་འདུག ཁོང་ཚོས་རེ་བ་འདོན་པའི་ཐད་ནས་བཤད་ན། རྒྱ་གར་ནང་འཚར་ལོངས་བྱུང་བ་ཚོས། བོད་ཡིག་གི་ལམ་ནས་ཞིབ་འཇུག་ལས་རིགས་གཉེར་མི་ཐུབ་པའི་དབང་དུ་བཏང་ནའང་། དབྱིན་ཡིག་གི་ལམ་ནས་བོད་རིག་པར་ཞིབ་འཇུག་ཁྱབ་ཁོངས་འདིར་དབྱིན་ཡིག་བེད་སྤྱོད་གཏོང་མཁན་ཚོ་དང་ལྷན་དུ་དཔུང་བ་མཉམ་ཞིབ་ཀྱིས་བོད་རིགས་ཚོགས་མིའི་གྲངས་འབོར་འཕེལ་རྒྱས་ལ་ཕན་པ་སྒྲུབ་ཐུབ་པ་བྱུང་ན། གཅིག་ནས་དབྱིན་ཡིག་གི་ལམ་ནས་བོད་རིག་པར་འབྲེལ་འདྲིས་ཡོང་གི་རེད་ལ། གཉིས་ནས་ཅི་སྟེ་ཆེན་པོ་ཞིག་མ་ནུས་ཀྱང་བོད་ནས་ཡོང་མཁན་ཁོ་རང་ཚོར་སྐད་སྒྱུར་གྱི་ཐད་ནས་དཀའ་ངལ་མེད་པ་ཞིག་བྱུང་བ་ནའང་། དེ་ཡང་དགོས་རྒྱུ་ཞིག་རེད་ཅེས་བཤད་མཁན་ལོ་རེར་ཇེ་མང་ཡིན་པའི་རྣམ་པ་མངོན་གསལ་དོད་པོ་རེད།

 

དྲི་བ། ཚོགས་ཐོག་གཏམ་བཤད་རིགས་ལས་འདས་པའི་ལོ་རྒྱུས་རང་བཞིན་ཐད་ཀྱི་ཞིབ་འཇུག་དང་འབྱུང་འགྱུར་བོད་མིའི་རྩ་དོན་ཐད་ཀྱི་ཞིབ་འཇུག་གཉིས་ལས་ཕྱོགས་གང་གི་ཐད་ལ་གླེང་གཞི་ཤུགས་ཆེར་འགྲོ་གི་འདུག གླེང་གཞི་བྱེ་བྲག་པ་དེའི་ཐད་ལ་གཏམ་བཤད་ཤུགས་ཆེར་སླེབས་པ་དེར་སྐུ་ཉིད་ཀྱིས་སྤྱི་ཡོངས་ནས་དེའི་རྒྱབ་ལྔོངས་ལ་ལྟ་ཚུལ་ཇི་འདྲ་ཡོད།

 

ལན། ཚོགས་ཐེངས་བཅུ་གཅིག་པ་འཇར་མན་དུ་འཚོགས་སྐབས།བོད་ནས་ཕེབས་མཁན་ལོ་རྒྱུས་རང་ལ་ཆེད་ལས་སམ་ཉམས་ཞིག་བྱེད་མཁན་ཞིག་དང་ལྷན་དུ་དུས་ཡུན་གང་འཚམ་རིང་སྐད་ཆ་བཤད་རྒྱུ་བྱུང་། དེ་དུས་ཁོས་རང་གི་ལྟ་ཚུལ་བརྗོད་གསལ་ལ། ཁོ་རང་ལ་མཚོན་ན། ལོ་རྒྱུས་ཉམས་ཞིབ་ཀྱི་ལས་རིགས་ལ་འཇུས་ནས་ལོ་ངོ་ཉི་ཤུ་བརྒལ་བ་འགྲོ་བཞིན་ཡོད། ཡིན་ནའང་། གནའ་བོའི་ལོ་རྒྱུས་སྐོར་ལ་ཞིབ་འཇུག་བྱས་བསྡད་པ་ལས། ཉེ་རབས་ཀྱི་ལོ་རྒྱུས་ལ་ཉམས་ཞིབ་ཐད་ལག་པ་བསྲིངས་ཐུབ་ཀྱི་མི་འདུགརྒྱ་ནག་གཞུང་གིས་བོད་ཀྱི་ལོ་རྒྱུས་ལ་མཚམས་ཚིགས་ཤིག་བཟོས་ཡོད་པ་རེད། ཆབ་སྲིད་འཐབ་རྩོད་ཀྱི་དགོས་མཁོའམ་རྒྱབ་རྟེན་གྱི་ཆེད་དུ། བོད་ཀྱི་ལོ་རྒྱུས་ལ་གླེང་མཚམས་དང་ས་མཚམས་ཤིག་བཟོས་ཡོད་པ་ཡིན་དུས། སོ་སོའི་འདོད་མོས་གླེང་སློང་ཙམ་ཡང་མི་ཆོག་པ་དང་། སོ་སོའི་ལྟ་ཚུལ་གླེང་བ་ཡིན་ན།དཀའ་ངལ་འཕྲད་གཞིའི་རིགས་ལ་རྩ་བ་རང་ནས་ལག་པ་འཆང་གི་མེད་ཅེས་བཤད་སོང་།

 
གསར་འགོད་པ། ཨ་རིག་འགྱུར་མེད་དང་བནྡེ་སྐྱབས།

འབྲེལ་ཡོད་གསར་འགྱུར།

Some Chinese students celebrate graduation in New York. Photo: IC
Mobile App

རྒྱ་ནག་དང་འབྲེལ་འདྲིས་ཡོད་པའི་ཨ་རིའི་སློབ་ཆེན་ཁག་ལ་རོགས་དངུལ་སྤྲོད་ལེན་མི་ཆོག་པའི་ཁྲིམས་འཆར་བཏོན།

ཆུ་ཚོད་ ༤ སྔོན་ལ།
Volker Türk, High Commissioner for Human Rights, welcomes the journalist at the Palais Wilson. 17 October 2022. UN photo by Violaine Martin
Mobile App

གྲངས་ཉུང་མི་རིགས་ཀྱི་ཐོབ་ཐང་རྩིས་མེད་གཏོང་བའི་སྲིད་ཇུས་རྣམས་མཚམས་འཇོག་དགོས་པ་ནན་བརྗོད་གནང་།

ཆུ་ཚོད་ ༧ སྔོན་ལ།
མཚོ་སྔོན་བོད་སྐད་རླུང་འཕྲིན་ཟླ་གཅིག་ལྷག་རིང་མཚམས་འཇོག་བྱ་རྒྱུའི་གསལ་བསྒྲགས། དྲ་ལམ་གྱི་པར། ༢༠༢༦།༦།༡༨
Mobile App

མཚོ་སྔོན་བོད་སྐད་རླུང་འཕྲིན་ཟླ་གཅིག་ལྷག་མཚམས་འཇོག་བྱ་རྒྱུ་ཡིན་འདུག 

༢༠༢༦/༠༦/༢༢
རྒྱ་ནག་གིས་བཀག་སྡོམ་བྱས་པའི་ཨ་རིའི་དམག་དོན་དང་འབྲེལ་བའི་བཟོ་ཚོང་ཁང་ ༡༠ ཡི་ལས་རྟགས། ༢༠༢༦།༦།༢༢ པར་བོད་ཀྱི་དུས་བབ་གསར་ཁང་གིས་སྒྲིག་སྦྱོར་བྱས།
Mobile App

རྒྱ་ནག་གིས་ཨ་རིའི་རྒྱལ་སྲུང་དང་འབྲེལ་བའི་བཟོ་ཚོང་ཁང་ ༡༠ བཀག་སྡོམ་བྱས།

༢༠༢༦/༠༦/༢༢
Mobile App

ཁྲིམས་ཞིབ་པ་ཆེ་བ་ཟུར་པ་ངག་དབང་འཕེལ་རྒྱལ་ལགས་སྐུ་ཚེ་འཕེན་པ་རྫོགས།

༢༠༢༦/༠༦/༢༢
ཕྱི་ལོ་ ༢༠༢༧ ལོའི་རྒྱལ་ཡུམ་ཆེན་མོའི་རྐང་སྤོལ་རྩེད་འགྲན་ལ་དྭགས་བསོད་ནམས་གླིང་བོད་མིའི་གཞིས་ཆགས་སུ་འཚོག་རྒྱུ་རེད་འདུག པར་བོད་ཀྱི་དུས་བབ་གསར་ཁང་གིས་སྒྲིག་སྦྱོར་བྱས།
Mobile App

ལ་དྭགས་བསོད་ནམས་གླིང་ས་གནས་སུ་རྒྱལ་ཡུམ་ཆེན་མོའི་རྩེད་འགྲན་ཐེངས་ ༣༢ པ་འཚོག་རྒྱུ་ཡིན་འདུག

༢༠༢༦/༠༦/༡༩

མཆན། 5

  1. བསྟན་འཛིན་ཆོས་རྒྱལ says:
    ལོ་ 16 སྔོན།

    ཡག་པོ་གསུང་འདུག
    དེའི་དེབ་དང་ཀློག་བརྙེན་དེ་ཚོ་གང་ནས་ར་་་་་
    དྲ་རྒྱའི་ཇོག་ནས་བལྟ་ཐུབ་བམ།

    Reply
  2. GYAMTSO says:
    ལོ་ 16 སྔོན།

    སྐུ་ཞབས་ལགས། རྡ་སར་རང་བཞུགས་སྟེ་ལོ་ནས་ལོ་བཙན་བྱོལ་སྤྱི་ཚོགས་ནང་ལ་རིག་གཞུང་གི་ཕྱོགས་སུ་ཞབས་འདེགས་མི་དམན་པ་ཞུ་བཞིན་འདུག་པས་སྔགས་བརྗོད་དང་རྗེས་སུ་ཡི་རང་ཡོད། ཐུགས་རྗེ་ཆེ།

    Reply
  3. འབྲོང་བུ་ཟླ་བ། says:
    ལོ་ 16 སྔོན།

    རྒྱལ་སྤྱིའི་བོད་རིག་པར་ཞིབ་འཇུག་གི་ལམ་བུ་འདི་ཇེ་ཡག་ཏུ་འགྲོ་བཞིན་པ་དང། ཞིབ་འཇུག་པའི་ཐབས་ལམ་ཡང་ཆེ་བ་དང་ཆུང་བ། ཆུང་བ་ནས་ཞིབ་ཚགས་སུ་འགྲོ་བཞིན་པ་འདི་དགའ་དགོས་པའི་གནས་ཤིག་རེད། ད་དུང་བཙན་བྱོལ་གྱི་ཤེས་ཡོན་པའི་སྡེ་ལ་རེ་བ་དང་འབོད་སྐུལ་ཞིག་འཁུར་ཡོང་བར་ཡང་དགའ་ནས་ཡོད། ཁྱེད་རྣམ་པར་ཐུགས་རྗེ་ཆེ།

    Reply
  4. འཇམ་དཔལ་རྣོན་པོ། says:
    ལོ་ 16 སྔོན།

    ཁྱེད་ཀྱི་དྲི་བ་དང་དྲིས་ལན་ཁག་ཞིབ་ཏུ་བཀླགས་ཟིན་པ་ཡིན། ཡག་པོ་ཞེ་དྲག་བྱུང་འདུག་དགའ་བསུ་ཡོད།

    Reply
  5. འཇམ་དཔལ་རྣོན་པོ། says:
    ལོ་ 16 སྔོན།

    སྐུ་ཞབས་རྡོ་རྗེ་དབང་ཕྱུག་ལགས་སུ་བཀྲ་ཤིས་བདེ་ལེགས་ཞུ། ཁྱེད་ཀྱིས་ལེགས་བཤད་ཀྱི་སྐྱེས་དང་བཅས་ནུབས་ཕྱོགས་སུ་མཁས་པའི་བགྲོ་གླེང་ལ་ཕེབས་པར་སྙིང་ཐག་པ་ནས་རྗེས་སུ་ཡི་རང་ཞུ། ཁྱེད་ཀྱི་དྲི་བདང་་དྲིས་ལན་ཁག་ཞིབ་ཏུ་བསླགས་པ་ཡིན། དངོས་གནས་ཡག་པོ་གསུངས་འདུག

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese