མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

བོད་ནས་གསར་དུ་འབྱོར་བ་ཁག་ཅིག་གིས་དཀའ་ངལ་ཞུ་གཏུག

བོད་ཀྱི་དུས་བབ།
༢༠༡༠/༡༡/༢༦
Share on FacebookShare on TwitterShare on EmailShare on Whatsapp

 

ཉེ་ཆར་རྒྱ་གར་ལྷོ་ཕྱོགས་བོད་མི་གཞིས་སྒར་དུ་བོད་གཞུང་དམངས་རྒྱལ་ཡོངས་ཚོགས་ཆེན་ཐེངས་དང་པོ་ཚོགས་པའི་གོ་སྐབས་དང་བསྟུན་ཏེ། སྤེལ་ཀོབ་བོད་མིའི་གཞིས་གྲོང་ཁག་ཏུ་ཚོང་ལས་གཉེར་གྱིན་པའི་བོད་ནས་གསར་དུ་འབྱོར་བ་སྐོར་ཞིག་གིས་སྤྱི་འཐུས་ཚོགས་གཙོ་གཞོན་གཉིས་བརྒྱུད་མི་གྲངས་ ༡༢༦ ཙམ་གྱིས་ས་རྟགས་བརྒྱབ་ཡོད་པའི་སྙན་ཞུ་ཞིག་ཚོགས་ཆེན་སྟེང་ཕུལ་འདུག སྙན་ཞུ་དེའི་ནང་དོན། སྦེལ་ཀོབ་ཁུལ་གྱི་བོད་ནས་གསར་དུ་ཕེབས་མཁན་མང་པོ་ཞིག་ལ་ས་ཞིང་དང་སྡོད་ཁང་སོགས་ཀྱི་ཐོབ་ཐང་རག་གི་མེད་པ་མ་ཟད། ཐ་ན་གཞིས་ཆགས་ནང་གི་མི་ཁོངས་ལ་ཡང་ཚུད་ཐུབ་ཀྱི་མེད་པའི་དཀའ་ངལ་མང་པོ་ཞིག་ཡོད་སྐོར་བཀོད་འདུག

སྙན་ཞུ་དེའི་ནང་དོན་དངོས་ནི། ཕྱི་ལོ་ ༡༩༧༠ ཡས་མས་ནས་བོད་གཞིས་བྱེས་གཉིས་བར་གཉེན་འཕྲད་འགྲོ་འོང་གི་སྒོ་ཕྱེས་ཏེ། གཞིས་བྱེས་ངོ་འཕྲད་ཀྱི་གོ་སྐབས་བྱུང་། སྐབས་དེ་ནས་བཟུང་བཙན་བྱོལ་བོད་གཞུང་དམངས་ལ་རེ་ལྟོས་བྱས་ཏེ་ཧི་མ་ལ་ཡི་རི་བོ་བརྒྱུད་བཙན་བྱོལ་དུ་ཡོང་མཁན་ཉིན་རེ་བཞིན་ཇེ་མང་དུ་ཕྱིན་ཡོད། དེ་དག་བཙན་བྱོལ་བོད་གཞུང་དམངས་ཀྱི་ལྟ་སྐྱོང་འོག་སློབ་འཇུག་དང་དགོན་སྡེ་ཁག་ཏུ་གཏོང་གནང་མཛད་ཡོད་ཀྱང་། སློབ་གྲྭ་ཁག་ནས་ཐོན་པའི་སློབ་ཕྲུག་གིས་མཚོན་པའི་མང་པོ་ཞིག་ལ་ཆབ་སྲིད་ཀྱི་གནད་དོན་དབང་གིས་ཕྱིར་ཕ་ཡུལ་དུ་ལོག་ས་མེད་པ་ཆགས་ཡོད་ལ། བཙན་བྱོལ་ནང་འཚོ་བ་སྐྱེལ་རྒྱུར་འཚོ་རྟེན་དང་ས་ཞིང་ཅི་གང་མེད་པ་མ་ཟད། ཐ་ན་སྡོད་ཁང་ཙམ་ཡང་མེད་སྟབས། ཡ་ང་བའི་དཀའ་ངལ་མི་ཉུང་བ་ཞིག་ཕྲད་དང་འཕྲད་ཀྱིན་ཡོད།

བོད་པ་སྐྱབས་བཅོལ་དུ་ཐོག་མར་འབྱོར་སྐབས་རྒྱ་གར་གཞུང་གིས་གནང་བའི་ས་ཆ་དེ་དག་མི་སྒེར་ལ་གནང་བ་ཡིན་ནམ། ༧གོང་ས་མཆོག་གིས་དབུ་འཁྲིད་པའི་བཙན་བྱོལ་བོད་གཞུང་ལ་གནང་བ་ཡིན་གསལ་བོ་བྱུང་ན་བསམ་གྱི་འདུག གང་ཡིན་ཞེ་ན། གཞིས་ཆགས་ཁག་ལ་མཚོན་ན་ཁྱིམ་མི་ཡོངས་རྫོགས་ཕྱི་རྒྱལ་ཁག་ཏུ་ཕྱིན་ཚར་ཡང་། ས་ཁང་མུ་མཐུད་བདག་འཛིན་དང་ཉོ་ཚོང་བྱེད་བཞིན་ཡོད། གསར་འབྱོར་བ་ཞིག་གཞིས་ཆགས་ཤིག་ལ་གཉེན་སྒྲིག་བྱས་ཀྱང་། གཞིས་ཆགས་ཀྱི་ཐོབ་ཐང་གཏན་ནས་རག་གི་མེད་པ་མ་ཟད། ཁྱོད་ལ་གྲོང་སྡེའི་ཐོབ་ཐང་མེད་པས་ཐུགས་འགན་བཞེས་མི་དགོས་ཚུལ་བཤད་དེ། གྲོང་སྡེའི་འཐུས་མི་དང་སྤྱི་མིའི་དབང་ཚད་སྤྲོད་ཀྱི་མེད་ལ། ཐ་ན་རྐང་རྩེད་སྤོ་ལོ་རྩེད་རྒྱུ་ཚུན་ལ་བཀག་འགོག་བྱེད་ཀྱིན་ཡོད།

སྤྱོད་ཚུལ་འདི་དག་བཙན་བྱོལ་བོད་གཞུང་གིས་བཟོས་པའི་སྒྲིག་གཞི་ཞིག་ཡིན་ནམ། ཡང་ན་ས་གནས་ལས་བྱེད་ཁག་ཅིག་གིས་རང་བཟོ་བྱས་པ་རེད། གང་ལྟར་གཞིས་ཆགས་ཀྱི་ཐོབ་ཐང་གཡུགས་ཏེ། ཕྱི་རྒྱལ་གྱི་མི་སེར་ཆགས་ཟིན་པ་ཚོར་མུ་མཐུད་སྔར་གྱི་ས་ཞིང་བདག་གི་ཡོད་དམ། གལ་ཏེ་བདག་གི་མེད་ན་དེ་ལུགས་དང་། བདག་གི་ཡོད་ན་དེ་མཐུན་གྱིས་བོད་ནས་༧གོང་ས་མཆོག་དང་བཙན་བྱོལ་བོད་གཞུང་ལ་རེ་བ་བརྒྱབ་ནས་ཡོང་བའི་གསར་འབྱོར་བ་ཚོས་མི་ཚེ་གང་བོར་ཁང་པ་གཡར་ནས་འདུག་མི་དགོས་པ་ཞིག་དང་། བཙན་བྱོལ་བོད་མི་སྤྱི་མཚུངས་ལྟར་མི་ཚེ་སྐྱེལ་ཐབས་ཀྱི་བདག་སྐྱོང་ཞིག་ངེས་པར་གནང་སྐྱོང་ཡོང་བའི་རེ་བ་ཞུ་བཞིན་ཡོད། བཙན་བྱོལ་བོད་གཞུང་གིས་བོད་མི་ཚང་མར་བདག་སྐྱོང་བྱེད་སྟངས་གཅིག་མཚུངས་ལས་གསར་རྙིང་གི་དབྱེ་བ་མེད་ན། གསར་འབྱོར་བ་དཀའ་ངལ་ཅན་དག་ལ་དེ་ལུགས་ཀྱི་བདག་སྐྱོང་ལམ་སྟོན་ནུས་ལྡན་ཞིག་གནང་སྐྱོང་ཡོང་པ་མཁྱེན། ཞེས་བཀོད་འདུག

 

གསར་འགོད་པས་ཞུ་ཡིག་དེ་འབྲི་མཁན་བཀྲ་ཤིས་དོན་གྲུབ་བཙལ་ཏེ། སྙན་ཞུ་དེ་འདྲ་ཞིག་འབྲི་དགོས་པའི་རྒྱུ་མཚན་དང་། དངོས་ཡོད་གནས་སྟངས་གང་འདྲ་ཡིན་མིན་བཅར་འདྲི་ཞུས་པར་ཁོས་ངོ་སྤྲོད་གནང་དོན། ངས་སྔོན་མ་ནས་འདིའི་སྐོར་གྱི་དཀའ་ངལ་མང་པོ་ཞིག་མཐོང་གི་ཡོད། ཉིན་ཞིག་གྲོང་སྡེ་དང་པོའི་ནང་ལཱེང་ཧྥིན་བཙོང་མཁན་ཀརྨ་ཟེར་བ་ཞིག་ཡོད་པ་ཁོ་ལ་འདིའི་སྐོར་བཤད་དེ། ངེད་གཉིས་སྙན་ཞུ་འདི་འདྲ་ཞིག་འབྲི་རྒྱུ་བྱས་པ་ཡིན། བྲིས་ཚར་རྗེས་ནང་དོན་ལ་ཁོང་ཚོས་ཞིབ་འཇུག་བྱས་པ་རེད། སྐབས་དེར་མི་མང་པོ་ཞིག་གིས་ངེད་གཉིས་ཀྱི་སྙན་ཞུ་དེ་ལ་རྒྱབ་སྐྱོར་ཡོད་ཟེར། དེ་ནས་ང་ཚོ་མི་ ༤ གྲོང་སྡེ་ཁག་ཏུ་ཕྱིན་ཏེ་སྙན་ཞུ་དེའི་ནང་དོན་ལ་འདོད་པ་ཡོད་མེད་དང་། ཡོད་ན་ས་ཡིག་རྒྱག་བཅུག་པ་ཡིན། གྲོང་སྡེ་ཚང་མའི་ནང་འགྲོ་མ་ཐུབ་ཀྱང་ས་ཡིག་ ༡༢༦ ཙམ་བྱུང་སོང་། ཞེས་བརྗོད་བྱུང་།

ཁོས་མུ་མཐུད་དུ་ཁོ་རང་སྒེར་གྱི་ལོ་རྒྱུས་སྐོར་བརྗོད་དོན། ང་རང་སྒེར་ལ་མཚོན་ན་དཀའ་ངལ་མེད། གང་ཡིན་ཟེར་ན། སྤྱིར་ངའི་ཕ་ཡུལ་རྫ་ཆུའི་ཁ་བ་ཡིན། ༡༩༩༦ ལོར་རྒྱ་གར་དུ་ཡོང་སྟེ་གསོག་སྒར་སློབ་གྲྭར་ཞུགས་པ་ཡིན། ལོ་གཉིས་བསྡད་རྗེས་ལྷོ་ཕྱོགས་ལ་ཡོང་སྟེ་བཀའ་བརྒྱུད་དགོན་པ་ནས་ཚེམ་བུ་བརྒྱབ་པ་དང་། རིམ་གྱིས་གཞིས་ཆགས་གསར་པ་གྲོང་སྡེ་བཅུ་གསུམ་པའི་བུ་མོ་ཞིག་དང་མཉམ་དུ་འཚོ་བ་བསྐྱལ་བ་ཡིན། ༢༠༠༦ ལོར་ང་རང་གི་བཟའ་ཟླ་གྲོངས་སོང་། ང་མུ་མཐུད་དུ་མོ་རང་གི་ས་ཆའི་ཐོག་ལ་ཁང་པ་བརྒྱབ་སྟེ་བསྡད་ཡོད། འདི་དག་ངའི་སྐྱེས་དམན་གྱི་གཉེན་ཉེ་ཚོའི་བཀའ་དྲིན་ཡིན། འོན་ཀྱང་ངས་སྙན་ཞུ་འདི་འདྲ་ཞིག་འབྲི་དོན། ང་བོད་པ་ཞིག་ཡིན་པ་དང་། ངས་འདིའི་སྐོར་གྱི་དཀའ་ངལ་མང་པོ་ཞིག་ཡོད་པ་མཐོང་བཞིན་དུ་སྣང་མེད་བཏང་ན་འགྲིག་གི་མ་རེད། སོ་སོར་དཀའ་ངལ་མེད་ཀྱང་གཞན་གྱི་དཀའ་ངལ་ལ་མ་བཟོད་པར་བྲིས་པ་ཡིན། ཡང་སྙན་ཞུ་འདི་བརྒྱུད་དེ་གླེང་ཕྱོགས་འདྲ་མིན་བཟོ་བ་དང་། སྙན་ཞུའི་ནང་དོན་ལ་མཚོན་མདོག་སྣ་ཚོགས་བྱུག་ན་འགྲིག་གི་མ་རེད། མི་མང་གིས་སྙན་ཞུའི་ནང་དུ་གང་བཀོད་ཡོད་པ་དེ་ལ་ཞིབ་ཚགས་ཀྱིས་གཟིགས་ཏེ་ས་རྟགས་བསྐྱོན་པ་རེད། ཅེས་ངོ་སྤྲོད་གནང་བྱུང་།

 

གོང་གི་གནད་དོན་དེའི་ཐད་གསར་འགོད་པ་སྦེལ་ཀོབ་ལུགས་ཟུང་བསམ་འགྲུབ་གླིང་ས་གནས་མགོ་འཛིན་མགོ་མགོན་པོ་བཀྲ་ཤིས་ལགས་སུ་ཐུག་འཕྲད་བྱས་ཏེ། གསར་འབྱོར་བ་ཚོའི་དཀའ་ངལ་དེ་དག་མཁྱེན་རྟོགས་ཡོད་མེད་དང་། མཁྱེན་རྟོགས་ཡོད་ན་སེལ་ཐབས་གང་འདྲ་གནང་གི་ཡོད་མེད་བཅར་འདྲི་ཞུས་པར་ཁོང་གིས། བོད་ནས་གསར་དུ་ཕེབས་མཁན་གཞིས་ཆགས་དང་ས་ཁང་མེད་པའི་མི་བརྒྱ་སྐོར་ཞིག་གིས་སྙན་ཞུ་ཞིག་བྲིས་འདུག དེའི་ནང་ས་ཆ་དང་ཁང་པའི་དཀའ་ངལ་སྐོར་བཀོད་འདུག གནད་དོན་འདིའི་ཐོག་ལ་ཚོགས་གཞོན་རྒྱ་རི་སྒྲོལ་མ་མཆོག་ས་གནས་མགོ་འཛིན་ལས་ཁུངས་ལ་བཅར་ཏེ། དཀའ་ངལ་འདི་རིགས་ལ་བདག་པོ་ཇི་ལྟར་རྒྱག་གི་ཡོད་མེད་བཀའ་འདྲི་གནང་སོང་ལ། བོད་ནས་གསར་དུ་ཕེབས་མཁན་ཚོ་གཞིས་ཆགས་ཀྱི་མི་ཁོངས་སུ་ཚུད་ཐབས་བྱ་དགོས་པའི་སྐོར་གྱི་ལམ་སྟོན་ཡང་གནང་སོང་། མ་འོངས་པར་ང་ཚོས་བོད་ནས་གསར་དུ་ཕེབས་མཁན་ཚོ་གཞིས་ཆགས་ཀྱི་མི་ཁོངས་སུ་ཚུད་ཐབས་བྱ་རྒྱུ་ཡིན། ཅེས་དང་།

གནད་དོན་གཉིས་པ་ཁོང་ཚོས་ས་ཁང་གནང་དགོས་པའི་སྐོར་ཞིག་ཞུས་འདུག ཕྱི་རྒྱལ་ཁག་ཏུ་ཕྱིན་ཚར་བ་ཚོའི་ས་ཁང་ཁོང་ཚོར་ཐོབ་ཐབས་ཤིག་གནང་རོགས་ཟེར་གྱི་འདུག དེ་ཁག་པོ་རེད། ས་ཆ་དང་ཁང་པའི་སྐོར་ལ་སྔོན་མ་ནས་སྒྲིག་གཞི་གཏན་འབེབས་ཡོད་པ་རེད། སྒྲིག་གཞི་གཞིར་བཟུང་འགྲོ་དགོས་པ་རེད། བོད་ནས་གསར་དུ་ཕེབས་མཁན་ཚོ་ལ། ས་ཞིང་དང་ཁང་པ་གཉིས་ཕུད་པའི་བདེ་སྡུག་གང་ཞིག་ཡོད་ཀྱང་། ང་ཚོས་སེལ་ཐབས་བྱ་དགོས་པ་ང་ཚོའི་ལས་འགན་རེད། ཁོ་ཚོ་མི་ཁོངས་སུ་འཇུག་དགོས་པའི་རྒྱུ་མཚན་གང་ཡིན་ཟེར་ན། ཉམ་ཐག་ཞིབ་འཇུག་ཚོགས་ཆུང་ལ་མི་ཁོངས་ཞིག་དགོས་པ་རེད། མི་ཁོངས་མེད་ན་ཉམ་ཐག་ནང་འཇུག་ཐུབ་ཀྱི་ཡོད་པ་མ་རེད། ཁོང་ཚོས་ས་ཞིང་དང་ཁང་པའི་སྐོར་བཤད་ཡོད་པ་དེ་རིགས་བོད་གཞུང་དང་འབྲེལ་བ་ཞུས་ཏེ། ཐབས་ལམ་བཙལ་དགོས་པ་རེད་མ་གཏོགས་ང་ཚོར་དབང་ཚད་ཡོད་པ་མ་རེད། ཅེས་གསལ་བཤད་གནང་སོང་།

 

བོད་གཞུང་དམངས་རྒྱལ་ཡོངས་ཚོགས་ཆེན་སྟེང་སྙན་ཞུ་དེ་དང་འབྲེལ་ཏེ་གྲོས་ཆོད་ཅིག་བཞག་ཡོད་པའི་ནང་། “གཞིས་ཆགས་སྲ་བརྟན་ཆེད་གཞིས་ཆགས་ནང་གནས་སྡོད་བྱེད་མཁན་མི་འབོར་དགོས་པ་དང་། ཁ་ཐོར་དུ་གནས་སྡོད་བྱེད་བཞིན་པའི་ཁ་ཐོར་མི་མང་གི་དཀའ་ངལ་སེལ་རྒྱུ་སོགས་ལ་དམིགས་ཏེ། རྒྱ་བལ་འབྲུག་གསུམ་ནང་ལོ་མང་ཁ་ཐོར་དུ་གནས་སྡོད་བྱེད་བཞིན་པའི་བོད་མི་དང་། རྒྱ་བལ་འབྲུག་གསུམ་གྱི་ས་གནས་གང་སར་གནས་པའི་གསར་འབྱོར་བ་སོགས་ཁ་ཐོར་ཡོངས་ལ་བཀའ་ཤག་དང་། སྤྱི་འཐུས་ལྷན་ཚོགས་སོགས་འབྲེལ་ཡོད་ལས་ཁུངས་ནས་སྡོད་ཁང་བསྐྲུན་ཐབས་སོགས་ཀྱི་དགོངས་བཞེས་དང་། མཛད་ཕྱོགས་གནང་སྐྱབས་ཡོང་རྒྱུར་འབྲེལ་ཡོད་ལ་འབོད་སྐུལ་ཞུ་རྒྱུ” ཞེས་སྤྱི་མོས་བྱུང་འདུག

 

ཉེ་ཆར་གསར་འགོད་པ་བོད་མི་མང་སྤྱི་འཐུས་ཚོགས་གཙོ་མཆོག་གི་དྲུང་དུ་བཅར་ཏེ། གྲོས་དོན་དེའི་ཐད་བཀའ་སྤྱི་གཉིས་ནས་མཇུག་སྐྱོང་གང་འདྲ་གནང་གི་ཡོད་མེད་སྐོར་བཀའ་འདྲི་ཞུས་སྐབས་ཁོང་གིས། རྒྱལ་ཡོངས་ཚོགས་སྐབས་ང་ཚོར་སྙན་ཞུ་དེ་སྤྲད་སོང་། ཚོགས་ཆེན་ཐོག་གཞིས་ཆགས་སྲ་བརྟན་དང་འབྲེལ་བའི་ཚོགས་ཆུང་ཁག་གཉིས་ཡོད་སྟབས། དེ་གཉིས་ལ་སྙན་ཞུ་དེའི་ངོ་བཤུས་རེ་ཕུལ་དེ། སྤྱི་ཡོངས་ཀྱི་གཞིས་ཆགས་སྲ་བརྟན་གྱི་དོན་ཚན་ ༢༨ པའི་ནང་བཀོད་ཡོད་པའི་ནང་དོན་དེ་ཆགས་ཡོད། དེའི་ཐོག་ལ་བོད་ནས་གསར་དུ་འབྱོར་བ་ཚོ་ལ། གཞིས་ཆགས་ནང་ཁང་སྟོང་དང་། ས་ཞིང་འདེབས་ལས་བྱེད་མཁན་མེད་པ་དེ་དག་བསྡུ་རུབ་ཀྱིས་བགོ་བཤའ་བརྒྱབ་སྟེ། ཁོང་ཚོའི་སྡོད་གནས་དང་འཚོ་བ་བསྐྱལ་བར་འགྲོ་སྟངས་བཟོ་ཐུབ་མིན་སྐོར་ཞིག་བཀོད་ཡོད། ཉེ་ཆར་སྤྱི་འཐུས་ལྷན་ཚོགས་ཀྱི་གྲོས་ཚོགས་ཚོགས་དུས་བཅུ་བའི་ཐོག གཞུང་དམངས་ཚོགས་ཆེན་དང་འབྲེལ་བའི་གྲོས་མཆོད་བཞག་པ་ཁག སྤྱི་འཐུས་རྒྱུན་ལས་ཀྱིས་དབྱེ་བསྲེས་བྱས་ཏེ་བཀའ་ཤག་གིས་བྱ་དགོས་པ་གང་དང་། སྤྱི་འཐུས་ཀྱི་བྱ་དགོས་པ་གང་སོགས་ཁ་ཁ་བཟོས་ཏེ་བཀའ་ཤག་ལ་ཕུལ་ཡོད། ཅེས་དང་།

ཁོང་གིས་མུ་མཐུད་དུ། སྤྱིར་བཏང་ལས་དོན་དེ་འཛིན་སྐྱོང་གིས་བསྒྲུབ་དགོས་པ་ཞིག་རེད། རྒྱལ་ཡོངས་ཚོགས་ཆེན་གྱི་བསམ་ཚུལ་ཕྱོགས་བསྡོམས་ཀྱི་དོན་ཚན་ཁག་གི་ཐོག ད་སྔ་སྤྱི་འཐུས་རྒྱུན་ལས་ནང་གོ་བསྡུར་བྱ་རྒྱུ་བྱུང་མ་སོང་། མི་འགྱངས་པར་སྔོན་རྩིས་བསྐྱར་བཅོས་ཀྱི་ལས་དོན་ཞིག་ཡོད་པ་རེད། དེ་དུས་ཏན་ཏན་གོ་བསྡུར་ཡོང་གི་རེད། གནད་དོན་འདིའི་ཐོག་སྤྱི་འཐུས་རྒྱུན་ལས་ལ་བསམ་ཚུལ་ག་རེ་ཡོད་པ་དང་། དེའི་རྗེས་བཀའ་ཤག་ལ་དགོངས་ཚུལ་གང་ཡོད་པའང་གསལ་བོ་ཤེས་ཡོང་གི་རེད། སྤྱིར་སྙན་ཞུ་འབུལ་མཁན་མང་པོ་འདུག་ལ། དཀའ་ངལ་ཡོད་པའང་དངོས་ཡོད་རེད། འདིའི་སྐོར་སྔོན་མ་བཀའ་ཤག་གིས་སྤྱི་འཐུས་ནང་གསལ་བཤད་ཀྱང་གནང་བ་རེད།

ས་ཁང་སྒྲིག་གཞིའི་ནང་ཁྱིམ་ཚང་གཅིག་ཏུ་མི་གཅིག་ལས་ལྷག་མེད་ཀྱང་། ས་ཁང་མུ་མཐུད་ཉར་ཆོག་གི་རེད། དེ་དག་ལ་ཞིབ་འཇུག་མཐིལ་ཕྱིན་པ་ཞིག་བྱས་ཏེ། ཐབས་ལམ་འཚོལ་དགོས་པ་རེད་མ་གཏོགས་སེམས་ཚོར་ཙམ་གྱི་རྗེས་སུ་བརྒྱུགས་ཏེ། འདི་འདྲ་ཞིག་དགོས་ཀྱི་འདུག་ཟེར་ན་ཏག་ཏག་བསྡད་ཡོད་པ་མ་རེད། ད་སྔ་གནད་དོན་འདིའི་ཐོག་ལ་ང་ཚོགས་གཙོ་སྒེར་གྱི་ངོས་ནས་བསམ་ཚུལ་བཤད་ན་འགྲིག་གི་མ་རེད། རྒྱུན་ལས་ནང་གོ་བསྡུར་བྱ་དགོས་པ་རེད། ཅེས་གསུངས་སོང་།

ཡང་ཁོང་ལ་སྙན་ཞུའི་ནང་གཞིས་ཆགས་ནང་གི་ས་ཁང་གི་བདག་དབང་སྐོར་བཤད་ཡོད་པའི་ཐད་ལ། ཞིབ་ཚགས་ཤེས་ཀྱི་མེད་མོད། སྤྱི་ཡོངས་ནས་བཤད་ན། ནང་མི་ཆ་ཚང་ཕྱི་རྒྱལ་དུ་ཕྱིན་ཏེ་ཁང་པ་སྟོང་བར་ལུས་ཡོད་པ་དེ་འདྲ་དཀོན་པོ་ཡིན་རྒྱུ་རེད། ཅེས་དང་།

གཞིས་ཆགས་ཀྱི་མི་ཁོངས་སུ་ཚུད་མིན་ཐད་ལ་ཁོང་གིས། དངོས་གནས་བྱས་ན་བོད་པ་ཞིག་ཡིན་པའི་ཆ་ནས་གཞིས་མིའི་ཁུངས་སུ་ཚུད་དགོས་པ་རེད་ལ། ཐོབ་ཐང་ཆ་ཚང་རག་དགོས་པ་རེད། སྔོན་མ་ཞིག་ལ་ཟམ་གདོང་རིན་པོ་ཆེ་མཆོག་གིས་གྲོས་ཚོགས་ནང་གསལ་བཤད་གནང་སྐབས། ས་གནས་གཅིག་ནས་གཞན་ཞིག་ལ་མག་པར་འགྲོ་མཁན་ཞིག་ལ་མཚོན་ན། ཁོ་རང་ཡོང་ཁོངས་ཀྱི་ས་ཁང་ཆ་ཚང་བློས་བཏང་ཟིན་སྟབས། མག་པར་འགྲོ་ཡུལ་དེའི་གཞིས་ཁོངས་སུ་ཚུད་དགོས་པ་རེད། དེ་ལ་སོ་སོ་ཡོང་ཁོངས་ནས་དཔུང་ཡིག་ཅིག་དགོས་པ་རེད། འོན་ཀྱང་། བོད་ནས་གསར་དུ་ཕེབས་མཁན་ཞིག་ལ་མཚོན་ན། ས་ཁུལ་གཞན་གྱི་ཐོབ་ཐང་ཐོག་མ་ནས་མེད་སྟབས། སྣེ་ལེན་ཁང་དང་ངྷ་ས་གཞིས་མགོ་གང་རུང་ཞིག་གི་དཔུང་ཡིག་ཡོད་ན་འགྲིག་གི་ཡོད་པ་རེད་ཟེར་ནས་གསལ་བཤད་གནང་སོང་། དེར་བརྟེན། ས་ཁུལ་གཞན་གྱི་ཐོབ་ཐང་ཡོད་ན་འདྲ་ལ། གང་ཡང་མེད་པའི་དང་ཟུར་དེ་འདྲ་ཡིན་ནའང་འདྲ། བོད་ནས་གསར་དུ་ཕེབས་མཁན་སུ་ཞིག་ཡིན་ན་ཡང་། གཞིས་ཆགས་ཐོབ་ཁོངས་ཡོད་མཁན་ཞིག་དང་གཉེན་སྒྲིག་བྱས་པ་ཡིན་ན། གཞིས་ཆགས་དེའི་མི་ཁོངས་ཆགས་འགྲོ་བཞིན་ཡོད། ས་གནས་ཤིག་གི་མི་ཁོངས་ཆགས་མིན་དེ་འོས་བསྡུའི་སྒྲིག་གཞིའི་ནང་གསལ་བོར་ཡོད། ས་གནས་གཅིག་ཏུ་བསླེབས་ཏེ་ལོ་ ༥ ཕྱིན་པ་ཡིན་ན། ས་གནས་དེ་ཀའི་མི་ཁོངས་ཆགས་ཀྱི་ཡོད་ཅེས་གསལ་ཡོད། དེ་གཞིར་བཟུང་ས་གནས་འབྲེལ་ཡོད་ཚོས་ངོས་འཛིན་བྱ་དགོས་པ་རེད། ཅེས་གསུངས་སོང་།

གསར་འགོད་པ། དོན་འགྲུབ་བཀྲ་ཤིས།

འབྲེལ་ཡོད་གསར་འགྱུར།

Advertisement for App

༸གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་དགུང་གྲངས་ ༩༠ ལ་ཕེབས་པའི་སྐུའི་འཁྲུངས་སྐར་ལ་འཚམས་འདྲི་ཞུ།

ཆུ་ཚོད་ ༩ སྔོན་ལ།
Photo Credit: The European Parliament
༸གོང་ས་མཆོག གསར་འགྱུར།

རྒྱ་ནག་གཞུང་གིས་སྐུའི་ཡང་སྲིད་ལ་ཐེ་ཇུས་བྱེད་མཚམས་འཇོག་དགོས་པའི་སྐུལ་མ་བྱས།  

ཆུ་ཚོད་ ༡༠ སྔོན་ལ།
བོད་མིའི་སྒྲིག་འཛུགས་ཀྱིས་གཞིས་བྱེས་བོད་མི་ཡོངས་ཀྱི་ཚབ་ཞུས་ཏེ་༧གོང་ས་མཆོག་ལ་བརྟན་བཞུགས་བསྟར་འབུལ་ཞུས། དགའ་ལྡན་ཕོ་བྲང་གི་སྐུ་པར། ༢༠༢༥།༠༧།༠༥
༸གོང་ས་མཆོག གསར་འགྱུར།

བོད་མིའི་སྒྲིག་འཛུགས་ཀྱིས་གཞིས་བྱེས་བོད་མི་ཡོངས་ཀྱི་ཚབ་ཞུས་ཏེ་༧གོང་ས་མཆོག་ལ་བརྟན་བཞུགས་བསྟར་འབུལ་ཞུས།

ཆུ་ཚོད་ ༡༡ སྔོན་ལ།
The BBC visited the Kirti monastery in Aba as the Dalai Lama turned 90
Mobile App

༧སྐུའི་གོ་སྟོན་དང་འབྲེལ་བོད་ནང་དུ་དམ་དྲག་ཤུགས་ཆེན་བྱེད་བཞིན་འདུག

༢༠༢༥/༠༧/༠༤
རྒྱ་གཞུང་གིས་རེབ་གོང་གི་དྲུག་པའི་ཀླུ་རོལ་གྱི་དུས་ཆེན་བཀག་འགོག་བྱས་འདུག ལྷ་སྲས་བསོད་ནམས་ཀྱི་པར། ༢༠༢༥།༧།༤
Mobile App

རྒྱ་གཞུང་གིས་རེབ་གོང་གི་དྲུག་པའི་ཀླུ་རོལ་གྱི་དུས་ཆེན་བཀག་འགོག་བྱས་འདུག

༢༠༢༥/༠༧/༠༤
༧གོང་ས་མཆོག་ལ་ཆོས་ཚོགས་ཐེངས་བཅོ་ལྔ་བའི་ཐོག་སྤྱི་མོས་གཏན་འབེབས་བྱུང་བའི་གྲོས་ཆོད་ཁག་སྙན་སེང་ཞུས། དགའ་ལྡན་ཕོ་བྲང་གི་སྐུ་པར། ༢༠༢༥།༧།༤
༸གོང་ས་མཆོག གསར་འགྱུར།

༧གོང་ས་མཆོག་ལ་ཆོས་ཚོགས་ཐེངས་བཅོ་ལྔ་བའི་ཐོག་སྤྱི་མོས་གཏན་འབེབས་བྱུང་བའི་གྲོས་ཆོད་ཁག་སྙན་སེང་ཞུས།

༢༠༢༥/༠༧/༠༤

མཆན། 12

  1. ཨ་རོགས says:
    ལོ་ 15 སྔོན།

    འོ་འདི་འདྲའི་རིགས་ལ་ཚང་མས་དོ་སྣང་བྱེད་རྒྱུ་གལ་ཆེན་རེད་འདུག གང་ཡིན་ཞེ་ན་ང་ཚོ་ཚང་མ་བཙན་བྱོལ་བ་ཡིན་པ་གཅིག་པ་དང་ལས་འགན་དང་ཐོབ་ཐང་དེ་ཡང་གཅིག་པ་ཡིན་དགོས་སྙམ།

    Reply
  2. ཨ་མཆོད་འཇམ་དཔལ་ཚུལ་ཁྲིམས། says:
    ལོ་ 15 སྔོན།

    རྒྱབ་སྐྱོར་ཡོད།

    Reply
  3. ཁྲ་གླག་སྤྱང་གསུམ། says:
    ལོ་ 15 སྔོན།

    བཙན་བྱོལ་གཞུང་གི་ངོས་ནས་གསར་འབྱོར་རྣམས་ལ་ལྟ་སྐྱོང་གནང་གི་ཡོད་ཀྱང་ད་དུང་ལྡང་གིན་མེད། དེ་དངོས་ཡོད་རེད། སྤྱིར་བཏང་གི་རྒྱལ་སྤྱིའི་སྐྱབས་བཅོལ་བའི་ཐོབ་ཐང་ཁག་ཀྱང་དོ་བདག་ལ་ཡག་པོ་ཞིག་ཐོབ་ཀྱི་མི་འདུག རྒྱལ་སྤྱིའི་ནང་སྐྱབས་བཅོལ་བ་མི་རེ་ལ་ཉིན་རེར་མ་མཐར་འཚོ་དོད་འདི་ཙམ་དགོས་པ་རེད་ཟེར་བའི་གཏན་འབེབས་ཀྱང་ཡོད་པ་རེད།

    Reply
  4. བཙན་བྱོལ་བ་ says:
    ལོ་ 15 སྔོན།

    རྩོམ་མཆན་འདེབས་སྐབས་འདས་མ་འོངས་ད་ལྟ་གསུམ་ཀ་ལ་བསམ་མནོ་གཏོང་ནས་མཆན་འདེབས་ན་ལེགས་སྙམ་ མ་གཏོགས་བོད་མི་རིགས་དབར་ལ་དཀྲུགས་ཤིང་ཐེབས་ཉེན་ཡོད་
    རེད་ཡ་དཀྲུགས་ཤིང་རྒྱག་མཁན་རིགས་རྣམས་ཕྱིར་ལ་ཕྱིན་ཀྱང་བཙན་བྱོལ་དུ་སྡོད་མཁན་ནང་དུ་མི་མཐུན་པ་དང་ཡིད་མི་ཆེས་པའི་གནས་སུ་ལྷུང་ན་ཡག་པོ་མེད་སྙམ་ སྤྱིར་བཏང་ས་ཁུལ་གང་དུ་བསྡད་ཀྱང་དཀའ་ངལ་ཤིག་མེད་པ་ཁྱོན་ནས་མེད་ ད་ལྟའི་དཀའ་ངལ་འདི་ནི་གསར་འབྱོར་བ་འགས་བཙན་བྱོལ་བའི་ཁྲོད་དུ་གནས་སྐབས་ཀྱི་དཀའ་ངལ་ཤིག་ཡིན་ ཡང་ཕྱོགས་གཞན་ཞིག་ནས་གཞིས་ཆགས་ནས་འཚར་ལོངས་བྱུང་མཁན་རྣམས་གསར་འབྱོར་བ་གྲངས་མང་ཀྱི་ཁྲོད་དུ་གནས་སྐབས་མཐོང་ཆུང་དང་ཁྱད་གསོད་ ཕན་མེད་གནོད་མེད་ཟེར་བ་དང་ མི་རིགས་ལ་ལར་ཞེན་མེད་པ་ཟེར་བ་དང་ གྲོད་ཁོག་བཙོང་དུ་སླེབས་པ་རེད་ཟེར་བ་སོགས་ཀྱི་ཚིག་ངན་སྨྲས་པ་སོགས་ཀྱིས་གཞིས་ཆགས་ཀྱི་སེམས་ཁོངས་སུ་ན་ཟུག་ཇི་ཙམ་སློང་གིན་ཡོད་མེད་འདི་ཕྱོགས་གཞན་གྱི་སེམས་ནང་ནམ་ཡང་འཁོར་མྱོང་མེད་ གང་ཡིན་ཟེར་ན་ཚོར་བ་དེ་ལྟ་བུ་ཚགས་པར་དང་མི་ཚོགས་ཁྲོད་དུ་སློང་མྱོང་མེད་

    Reply
  5. ནེ་ཤོད་གྲུ་ཁ། says:
    ལོ་ 15 སྔོན།

    འདི་ནི་སྦེལ་ཀོབ་གཞིས་ཆགས་གཅིག་བུ་མ་ཡིན་པ་དུས་རྒྱུན་དཀའ་ངལ་འདི་མྱོང་དང་མྱོང་མུས་ཡིན་པའི་བོད་ནས་གསར་དུ་ཕེབས་མཁན་རྣམ་པར་དངོས་གནས་ཐུགས་ཁག་མེད། ས་ཆ་དང་ཁང་པའི་བདག་དབང་སོགས་ཀྱི་སྐོར་སྔར་ནས་སྒྲིག་གཞི་གཏན་འབེབས་བྱས་ཟིན་ཡོད་ཀྱང་གོང་གི་དཀའ་ངལ་དེ་རིགས་མི་མཐུད་དུ་ཡོང་བཞིན་ཡོད་པས་འབྲེལ་ཡོད་ཚོགས་སྡེ་ཁག་ནས་ཞིབ་འཇུག་ཚད་ཐུབ་ཞིག་བྱེད་དགོས་པ་ནི་གནད་དུ་ཆེའོ།།

    Reply
  6. དུར་ཁྲོད། says:
    ལོ་ 15 སྔོན།

    རེ་བའི་མིག་ཟུང་བཙན་བྱོལ་ལ་བཅོས་ཀྱང་། ཉམས་ཐག་མི་ལ་རེ་བ་མེད་ནས་སྐད་ངན་ཤོར་སོང་། བཙན་བྱོལ་ལགས་ཁ་མིག་ཆེ་རུ་ཕྱེས་ནས་ཀུན་ལ་ལྟས་ན་གཞན་གྱིས་གོ་ཡང་ངོ་ཚ་མེད་མོད། འདི་ན་གསལ་འབྱོར་བ་ཞིག་གིས་རེ་བ་ཡིན། སློབ་མཐར་ཕྱིན་ཀྱང་ཕྱིར་རང་ཡུལ་ཏུ་འགྲོ་ས་མེད་ནོ་བཙན་བྱོལ་བའི་ལོས་ཤེས་།

    Reply
  7. བྲག་འགོ་དཀོན་མཆོག་དར་རྒྱས། says:
    ལོ་ 15 སྔོན།

    ན་ནིངས་ཤིག་ནས་འདིར་ཕྱོགས་སུ་གསར་འབྱོར་བའི་མྱོང་བཞིན་པ་
    མང་པོ་གོ་ཐོས་སུ་གྱུར་འདུག བོད་མི་ཁ་ཤས་ནམ་རྒྱུན་ནང་ཁུལ་ལ་
    ཚོར་བ་རྣོ་རྣོ་བྱེད་མཁན་དང་ཀླད་མཁྲེགས་པོ་རིགས་མང་ཞིང་།
    ལྷག་པར་དུ་བཙན་བྱོལ་གཞིས་ཆགས་ཚོས་གསར་འབྱོར་ཟེར་དུས་
    ཁོང་ཚོ་རྒྱང་ཕུད་རྒྱག་མཁན་ཡིན་འདོག་འདོག་གིས།
    ཀླད་མེད་གླེན་པ་སོགས་ཀྱི་མིང་ལྷག་འབོད་ཅིང་ཁྱད་བསོད་ཀྱང་བྱས་མྱོང་།
    གཞིས་གྲོང་ཁག་གི་ནང་གསར་འབྱོར་བཞག་ན་ང་ཚོའི་ས་ཞིང་དང་ཁང་ས་
    འཕྲོག་འགྲོ་ཡི་འདུག་ཟེར་མཁན་བྱུང་ཡོད་ཚོད་རེད།
    དེ་དག་ལ་གཞུང་འཛིན་ལས་སྣེ་བའི་ཞིབ་འཇུག་བསྟག་དཔྱད་ནན་མོ་རེ་གནང་རྒྱུ་ཧ་ཅང་གལ་ཆེན་པོ་ཡིན།
    ང་ཚོ་སྐྱིད་སྡུག་གཅིག་པ་རེད་ལ། རིགས་རྒྱུད་གཅིག་པ་ཡིན་པ་ངོ་ཤེས་དགོས་ཤིང་། དེའི་འདུ་ཤེས་དར་སྤེལ་གཏོང་དགོས་པའི་སྟོང་ཆ་མང་དྲག་ནས། ད་ཆ་བཙན་བྱོལ་བ་རྣམས་རང་རང་སོ་སོ་གུ་དོགས་ངང་བསྡོད་མཁན་ལོ་རེ་ལ་
    ཅེ་མང་ཅེ་མང་དུ་འགྲོ་བཞིན་ཡོད།

    Reply
  8. མགར་ནེ་ཙོ། says:
    ལོ་ 15 སྔོན།

    སྤྱིར་གསར་རྙིང་བཙན་བྱོལ་གྱི་ཐོབ་ཐང་འདི་དངོས་གནས་བཤད་ན་གླེང་ཕྱོགས་གསར་བ་
    ཞིག་མ་ཡིན་མོད། ཆེས་ཐོག་མའི་ཞུ་གཏུགས་ལྟ་ཆགས་འདུག དངོས་ཡོད་གནས་གནས་ཚུལ་གྱིས་བཤད་ན། གསར་དུ་འབྱོར་བ་ཚོར་ས་དང་ཞིང་གི་བདག་དབང་ཡོད་དགོས་ཟེར་ན་ཅུང་ཙམ་ཚད་ལས་བརྒལ་ཡོད་ན་ཐང་མོད། བཙན་བྱོལ་བའི་གཞུང་གཅིག་གི་མི་ཡིན་པའི་ཆ་ནས་སྐྱིད་སྡུག་འདྲ་མཉམ་ཡིན་ན་ག་འདྲ་ཡག་པོ་མི་འདུག འདི་ནི་གསར་འབྱོར་རྙིང་འབྱོར་བར་གྱི་རྩོད་པ་ཞིག་མིན་ལ་༸གོང་ས་མཆོག་དབུ་བཞུགས་པའི་གཞུང་ལ་ཁ་བཏང་བ་བདེན་པར་མ་གྲུབ་ཀྱང། ས་གནས་སོ་སོའི་རྒྱུན་ལས་འགོ་འཛིན་ཚོས་གནས་ཚུལ་འདི་ཤེས་བཞིན་དུ་ད་བར་དུ་གླེང་སློང་ཙམ་ཡང་བྱས་མེད་པས། རྒྱུ་མཚན་འདིའི་རིགས་ལ་བརྟེན་ནས་ད་སྐབས་ང་ཚོས་འོས་འདེམས་ཀྱི་སྐབས་འདིར་ཡང་། ང་ཚོས་བསམ་བློ་ཞིབ་ཏུ་བཏང་སྟེ་ཕྱོགས་ཞེན་ཅན་དང་ཁེ་དབང་རྩོད་པའི་མི་ཞིག་ལས་
    ལྷག་བསམ་ཅན་གྱི་བློ་ལྡན་ཞིག་འདེམས་ན་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་

    Reply
  9. འོད་ཡུག་པའི་འཁྱམས་པོ། says:
    ལོ་ 15 སྔོན།

    སྙན་ཞུ་འབུལ་ལམ་ཞུས་པ་གནད་དུ་འཁེལ་སོང་ཀྱང་སྙན་ཞུའི་རིན་ཐང་དོར་ཟིན་ཡོད་གཞུང་དང་འབྲེལ་ཡོད་ཀྱིས་བདག་པོ་མ་རྒྱབ་རྒྱུ་ཐག་ཆོད་པ་རེད། དེ་ཡང་བདག་པོ་རྒྱབ་མ་རྒྱབ་ཟེར་བ་ནི་གཙོ་བོ་སྙན་ཞུའི་ནང་དོན་ལ་གཞིགས་པའི་འོས་མི་འོས་རྣམས་ལག་ལྟར་བྱེད་རྒྱུ་མ་རེད་ཟེར་བ་ཡིན།

    Reply
  10. རྒྱ་སེ་དཀར་པོ says:
    ལོ་ 15 སྔོན།

    དཀའ་ངལ་ཡོད་མཁན་གྱི་མིང་གཞུང་ནང་།་་་་་་་་་་་་་་་་་་དེང་དུས་ཀྱི་ཤེས་ཡོན་ཅན་གང་ཙམ་ཡོད་ཚད་འདུག་པས་ང་ཚོ་ནམ་དགའ་འོས།་་་་་་་་་་་་་་་་འོན་ཀྱང་སྙན་ཞུ་བོད་གཞུང་ལ་ཕུལ་བ་ཡིན་པ་ལས་རྒྱ་ག་གཞུང་ལ་ཕུལ་ཡག་མིན་པས་མིང་གཞུང་ནང་དབྱིང་ཇི་ཡི་གེ་བེད་སྤྱོད་གཏང་བ་སོགས་ནི་མ་གུས་པའི་རྣམ་པ་མཐོང་།་་་་་་་་་་་་་་་་བསམ་དོན་མ་འགྲུབ་ན་དགོངས་པ་མ་འཚོམས་ལོོ་་་་་་་་་་་་་་་་་་་་་་་་་་་་་་་་་་།་་་་་་་་་་རེ་བར་ཁྱོད་ཚོ་རྣམ་པར་རྒྱལ་བར་ཤོགས།།།།།།།།།།།།།།།།།།།།།།།།།།།།།།།།།།།།།།།།།།།།།།།

    Reply
  11. དྲང་བདེན་གི་གཏམ་ says:
    ལོ་ 15 སྔོན།

    ད་ནི་གསར་འབྱོར་དང་གཞིས་ཆགས་དབར་གྱི་རྙོགས་དྲ་དེ་ལངས་ཡོངས་གི་འདུག། བཙན་འབྱོར་གཞུང་གི་དབུ་ཁྲིད་མཚོ་་་་་་་་ད་ཡིན་ན་་་་གནད་དོན་དེར་གཟབ་གཟབ་གནང། དེ་མིན་ན་བཙན་བྱོལ་བོད་པ་དང་བོད་ནང་གི་བོད་པ་རྣམས་ཤ་ཁག་ཁག་དང་གྲི་སོ་སོ་ཆགས་ཉེན་ཡོད་རེ་དདདདདདདདད

    Reply
  12. ཁ་བ་ནག་པོ། says:
    ལོ་ 15 སྔོན།

    མི་ལོ་ལྔ་བཅུའི་རྗེས་སུ་གཞི་ནས་གཉིད་ལས་སད་པ་འདྲ་ཞིག་བྱེད་བཞིན་འདུག་ཀྱང་། གསར་འབྱོར་ལ་གཞིས་ཆགས་ཀྱི་ཐོབ་ཐང་སྟེར་རྒྱུ་ཟེར་ན་གཞིས་ཆགས་པ་མང་པོ་ཞིག་དྲན་པ་འཐོར་ནས་འཆི་གི་རེད། འདིའི་སྐོར་ནས་བཀའ་ཁྲིའི་འོས་མི་བློ་བཟང་སེང་གེས་ཅི་ཞིག་བརྗོད་འདུག བསྟན་འཛིན་རྣམ་རྒྱལ་གྱིས་ག་རེ་བརྗོད་འདུག རྒྱ་རི་སྒྲོལ་མས་ཀྱང་ག་རེ་བརྗོད་འདུག་ཞིབ་འཇུག་ཅིག་གནང་རོགས།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese