མདུན་ངོས།
About Us
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
No Result
ཆ་ཚང་གཟིགས།

རྒྱལ་གཅེས་པ་ཞིག་འདས་གྲོངས།

བོད་ཀྱི་དུས་བབ།
༢༠༡༡/༠༨/༡༣
Share on FacebookShare on TwitterShare on EmailShare on Whatsapp

རྒྱལ་གཅེས་དཔའ་བོ་འཕྲིན་ལས་ལགས་ལ་རྒྱ་གཞུང་གིས་ཉེས་རྡུང་དྲག་པོ་བཏང་སྟེ་གཅོང་ནད་ཆགས་རྗེས། ཟླ་འདིའི་ཚེས་ ༡༠ ཉིན་རང་ཁྱིམ་ནས་འདས་གྲོངས་སུ་ཕྱིན་ཡོད་འདུག  

ཟླ་འདིའི་ཕྱི་ཚེས་ ༡༠ ཉིན་ཁམས་དཀར་མཛེས་བེ་རི་གསེར་ཁ་གྲོང་ནས་ཡིན་པའི་རྒྱལ་གཅེས་དཔའ་བོ་འཕྲིན་ལས་ལགས་རང་ཁྱིམ་དུ་ནད་གཅོང་འོག་འདས་གྲོངས་སུ་ཕྱིན་ཡོད་པ་དང་། ཁོང་ནི་ཕྱི་ལོ་ ༢༠༠༩ ཟླ་ ༤ ནང་ཁམས་དཀར་མཛེས་ཁུལ་ཞི་རྒོལ་ནང་ཞུགས་ཏེ་རྒྱ་གཞུང་གིས་འཛིན་བཟུང་བྱས་ཡོད་ཅིང་། འདས་པའི་ཟླ་ངོ་ ༧ རིང་ཉེས་རྡུང་མནར་གཅོད་དྲག་པོ་བཏང་སྟེ་རིག་འཚོ་མི་ཟིན་པའི་ནད་གཅོང་གི་གནས་བབ་ཐོག་ཀློད་གྲོལ་བཏང་ཡོད་འདུག

རྗེས་སུ་ནང་མིས་སྨན་ཁང་དུ་ཁྲིད་དེ་བརྟག་དཔྱད་བྱས་སྐབས། ཉེས་རྡུང་དྲག་པོ་བཏང་བའི་རྐྱེན་གྱིས་ཀླད་པར་སྐྱོན་བྱུང་ཡོད་པ་ཤེས་རྟོགས་བྱུང་ཡོད་ཀྱང་། ནང་མིའི་ཆ་རྐྱེན་ཧ་ཅང་སྐྱོ་བའི་གནས་སྟངས་འོག་སྨན་ཁང་ཆེ་སར་ཁྲིད་དེ་སྨན་བཅོས་ཀྱི་མཐུན་རྐྱེན་མེད་སྟབས། ཁོང་ཕྱིར་རང་ཁྱིམ་དུ་ཁྲིད་དེ་སྨན་བཅོས་ལྟ་རྟོག་གནང་ཡོད་ཀྱང་། དྲག་སྐྱེད་མ་བྱུང་བར་ལོ་གཅིག་ལྷག་རིང་ནད་མནར་གྱི་མཐའ་མར་འདས་གྲངས་སུ་སོང་ཡོད་འདུག

དྷ་སར་གནས་སྡོད་འཇིགས་མེད་ལགས་ཀྱིས་འདི་གར་གནས་ཚུལ་མཁོ་སྤྲོད་གནང་བ་ལྟར་ན། རྒྱལ་གཅེས་དཔའ་བོ་འཕྲིན་ལས་ལགས་གྲོངས་རྗེས་སྐུ་ཕུང་བྱ་གཏོར་བྱས་ཡོད་པ་དང་། སྐབས་དེར་ཁོང་གི་ཀླད་པར་ན་ཚ་བཟོས་ཡོད་པ་ཙམ་གཅིག་པུ་མ་ཡིན་པར། རྒྱ་གཞུང་གིས་ཉེས་རྡུང་དྲག་པོ་བཏང་པའི་རྐྱེན་གྱིས་ཁོང་གི་རུས་པའི་ལྷུ་ཚིགས་རྣམས་ཀྱང་ནག་པོར་གྱུར་ཡོད་ཚུལ་བརྗོད་བྱུང་།

ཕ་བློ་བུ་དང་མ་རིན་ཆེན་སྒྲོལ་མ་གཉིས་ཀྱི་བུ་རུ་སྐྱེས་པའི་རྒྱལ་གཅེས་དཔའ་བོ་འཕྲིན་ལས་ལགས་ནི་ད་ལྟ་རང་ལོ་ ༢༥ ཡིན་པ་དང་། ཁོང་གི་ཁྱིམ་དུ་ཕ་མ་གཉིས་དང་། ཆུང་མ། གཞན་སྤུན་མཆེད་ཆུང་བ་གཉིས་བཅས་ཡོད་འདུག

གསར་འགོད་པ། ཚེ་རིང་རྒྱལ།

མཆན། 2

  1. སྦྲང་ཆར། says:
    ལོ་ 12 སྔོན།

    རྒྱལ་གཅེས་དཔའ་བོ་འཕྲིན་ལས་ལགས་ཀྱི་ནང་མི་ཡོངས་གདུང་སེམས་མཉམ་སྐྱེད་བྱེད་བཞིན་ཡོད་ལགས།

    Reply
  2. སྦྲང་ཆར། says:
    ལོ་ 12 སྔོན།

    ༀ་མ་ཎི་པདྨེ་ཧཱུཾ།། རྒྱལ་གཅེས་དཔའ་བོ་ཚེ་ལས་འདས་པ་འཕྲིན་ལས་ད་ལྟ་སྲིད་པ་བར་དོ་གང་ན་གནས་ཡོད་འཁྲུལ་སྣང་འཇིག་སྲག་ལས་གྲོལ་ཏེ་དལ་བརྒྱད་འབྱོར་བཅུ་ཚངས་ནས་རྒྱལ་བའི་བསྟན་པ་རིན་པོ་ཆེའི་སྒོར་ཞུགས་ཐར་བ་དང་ཐམས་ཅད་མཁྱེན་པའི་གོ་འཕང་ཐོབ་པར་སྨོན་ༀ་མ་ཎི་པདྨེ་ཧཱུཾ།། ༀ་མ་ཎི་པདྨེ་ཧཱུཾ།། ༀ་མ་ཎི་པདྨེ་ཧཱུཾ།། ང་ཚོའི་སྤྱི་ཚོགས་འདི་གང་ཡིན་མི་ཤེས་མོད། གསལ་བསྒྲགས་འདི་གྲངས་225གློག་འདུ་ལ་མཆན་བུ་གཅིག་ཀྱང་མེད་པ་འདི་ཚོ་དངོས་གནས་ཡིད་སྐྱོ་དགོས་པ་ཞིག་མ་རེད་དམ།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist