མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

མེ་ལྕེ་འོག་གི་བོད།

བོད་ཀྱི་དུས་བབ།
༢༠༡༢/༠༢/༠༤
Share on FacebookShare on TwitterShare on EmailShare on Whatsapp

བདེ་འཚོ།

རྒྱ་ནག་གཞུང་གིས་བོད་ས་ཡོངས་རྫོགས་བཙན་བཟུང་བྱས་ནས་ད་བར་མི་ལོ་ང་གཉིས་ལྷག་འགྲོ་བཞིན་ཡོད། ལོ་ངོ་འདི་འདྲའི་མང་པོ་ཞིག་གི་རིང་རྒྱ་གཞུང་གིས་མངོན་ལྐོག་གཉིས་ལས་བྱེད་ཐབས་སྣ་ཚོགས་བཀོད་དེ། བོད་མི་རིགས་འདི་རྩ་བརླག་གཏོང་བར་འབད་འབུངས་ཅི་ཙམ་བྱས་ཡོད་པ་ཚང་མས་ཤེས་གསལ་ལྟར་རེད། དཔེར་ན། ༡༩༥༨ ལོའི་མུ་གེ་ཆེན་པོ་དང༌། ལོ་བཅུའི་རིག་གནས་གསར་བརྗེ་སོགས་ཀྱིས་མཚོན་པའི་ནོར་འཁྲུལ་གཡོན་ལྷུང་ཅན་གྱི་བྱེད་ཐབས་རབ་དང་རིམ་པ་མང་པོ་ཞིག་བོད་ཁམས་ཡོངས་སུ་ལག་བསྟར་བྱེད་མྱོང་བ་མ་ཟད། དེང་གི་དུས་སུ་ཡང་ནུབ་བརྒྱུད་གསར་སྤེལ་ཟེར་བའི་ཁ་གཡང་ཞིག་ཁྱེར་ནས་དོན་དངོས་སུ་བོད་མིའི་ཐུན་མོང་གི་རང་སྐྱ་ཐུབ་པའི་འཚོ་སྡོད་ཀྱི་ཁོར་ཡུག་དང༌། རིག་གཞུང༌།  ཆིག་སྒྲིལ་ནུས་པ་སོགས་ལ་བསམ་གཟས་ནས་གཏོར་བཤིག་དང་འགལ་རྐྱེན་མང་དུ་བཟོ་བཞིན་ཡོད། ཡིན་ནའང་མིག་སྔའི་བོད་ནང་གི་ཛ་དྲག་གནས་སྟངས་ལ་གཞིགས་ནས་བཤད་ན་བོད་ཀྱི་མི་རབས་གསར་བའི་མི་རིགས་འདུ་ཤེས་དང༌། འཐབ་རྩོད་ཀྱི་སྙིང་སྟོབས། ཆིག་སྒྲིལ་གྱི་སྒུལ་ཤུགས་བཅས་ནི་སུས་ཀྱང་བློ་ངོར་མི་ཤོང་ཞིང་སྤྱི་སེམས་དང་སྤོབས་པ་ཚད་བརྒལ་གྱི་མཐོ་སར་བསླེབས་ཡོད།

 

རྒྱུ་མཚན་གཅིག་དགུ་ལྔ་བརྒྱད་ལོའི་ཟིང་འཁྲུག་ཆེན་མོའི་རྗེས་སུ་བསྟུད་མར་བྱུང་བཞིན་པའི་ཞི་རྒོལ་དག་ལ་ཕྱིར་བལྟས་ཙམ་བྱས་པ་ཡིན་ན། ཞི་རྒོལ་གྱི་རྣམ་པ་ལས་གཅིག་ལས་གཅིག་ངར་གྱི་ཕྱོགས་སུ་བསྐྱོད་ཀྱིན་པས་ཤེས་ཐུབ་ལ། ༢༠༠༨ ལོར་བོད་ཁམས་ཡོངས་ནས་བྱུང་བའི་གཟི་བརྗིད་ལྡན་པའི་ཞི་བའི་འོས་ལངས་དེས་དགྱ་གཞུང་ལ་ཆོལ་གསུམ་བོད་མི་དག་གིས་འགྱུར་བ་མེད་པའི་རིགས་ཞེན་གྱི་འདུ་ཤེས་ལས་མི་རིགས་ཀྱི་ངོ་བོ་སྲུབ་སྐྱོབས་བྱེད་པའི་སྙིང་སྟོབས་མངོན་གསལ་དོད་པོའི་ལམ་ནས་གསར་བོར་བསྟོན་སོང་བ་རེད། ལྷག་པར་ཉེ་བའི་ཆེར་བྱུང་དང་འབྱུང་བཞིན་པའི་མདོ་སྨད་རྔ་པ་དང་ཁམས་ཕྱོགས་སོགས་ནས་རང་ལུས་མེར་སྲེག་གཏོང་བཞིན་པའི་ཛ་དྲག་ཞི་བའི་འོས་ལངས་འདིས་བོད་མི་དག་གིས་ཇི་ལྟར་རང་ཉིད་ལ་བརྩི་སྲུང་བྱེད་པའི་བླ་མེད་སྙིང་སྟོབས་གསར་པ་འཛམ་གླིང་ཡོངས་ཀྱི་མི་མང་ལ་གསལ་སྟོན་བྱས་པ་མ་ཟད།  བོད་མི་རིགས་ཀྱི་འཐབ་རྩོད་ཡུན་གནས་དང་རྒྱུན་མཐུད་ཀྱི་ཕྱོགས་ལ་ནུས་པ་བླ་ལྷག་ཏུ་ཐོན་བཞིན་ཡོད།

 

འདི་ལྟར་ཁོང་རྣམ་པས་བོད་མི་རིགས་ཀྱི་ཉག་ཕྲ་བའི་ད་ལྟའི་ཆབ་སྲིད་ཀྱི་ལོ་རྒྱུས་ལ་གཟིམ་པ་མེད་པའི་འོད་ཀྱི་ལམ་བུ་ཞིག་བཏོད་ཡོད། འདི་ལས་ང་ཚོར་ཅི་ཞིག་བསྟན་བྱུང་ངམ་ཟེར་ན། དེང་གི་རྒྱ་གཞུང་གི་འདྲ་མཉམ་མ་ཡིན་པའི་གཉའ་གནོན་གྱི་དབང་འོག་ནས་རང་གི་མངོན་འདོད་ཆེད་རྩ་ཆེ་བའི་ཚེ་སྲོག་ཕངས་མེད་དུ་གཏོང་བའི་འཐབ་རྩོད་གསར་བ་ཞིག་མགོ་བརྩམས་པ་རེད། དེ་བཞིན་དུ་ཡ་ང་བའི་དམར་གསོད་བཙོན་འཇུག་དང་མུན་ནག་གི་གཅར་རྡུང་ཚད་ལས་བརྒལ་བ་བྱེད་མྱོང་ཡོད་ལ། རྒྱུ་དངོས་ཀྱི་བསླུ་བྲིད་དང་མི་སེར་སྤེལ་བའི་བྱེད་ཐབས་འདྲ་མིན་དང་གཡོ་ཇུས་བརྒྱ་སྟོང་གིས་སྒྲིབ་བཞིན་ཡོད་པའི་བོད་མི་དག་གིས་རང་ཉིད་ཀྱི་ཁེ་དབང་དང་རིན་ཐང་ངོས་ཟིན་པའི་རྟགས་མཚན་གསར་པ་རེད་ལ། རང་ཉིད་རང་གིས་སྐྱོབ་པའི་སྤོབས་པ་དང༌། ཁྲེལ་མེད་ལུགས་མེད་ཀྱི་རྒྱ་གཞུང་གི་སྲིད་བྱུས་ལ་མགོ་བོ་སྒུར་མ་འདོད་པའི་མདུན་མཆོངས་རེད། འདི་ལས་ང་ཚོས་ཅི་ཞིག་ཤེས་ཐུབ་བམ། བོད་མི་རིགས་ནི་དུས་དབང་གི་བཙན་གནོན་དང་རྒྱུ་དངོས་ཀྱི་བསླུ་བྲིད་གང་གིས་ཀྱང་མི་ཁུགས་པར་རང་གི་ཐུན་མོང་མི་རིགས་ཀྱི་ངོ་བོ་དང༌། རིག་གཞུང༌། རྒྱལ་ཁབ་སླར་གསོ་སོགས་བརྩོན་ལེན་བྱེད་འདོད་ཀྱི་གོམ་པ་མུ་མཐུད་སྤོ་བཞིན་པ་མཚོན་ཐུབ། དཔེ་མཚོན། མི་ཞིག་གིས་སྤྱི་དོན་ཆེད་ལུས་སྲོག་སྦྱིན་པར་གཏོང་ཕོད་པའི་ཚད་ཐིག་འདིར་སླེབས་ཚེ། དེ་ནི་ཁོའི་མངོན་འདོད་ལྟར་བྱེད་པ་ལས་ཐབས་ལམ་གང་གིས་ཀྱང་སྔོན་འགོག་དང་ཚོད་འཛིན་བྱས་པ་ནི་ནོར་འཁྲུལ་ཁོ་ན་ལས་མ་འདས།

 

ལྷག་པར་རང་ལུས་མེ་ལ་སྒྲོན་པའི་ཞི་རྒོལ་གྱི་རྣམ་པ་གཅིག་རྗེས་གཉིས་མཐུད་དུ་འབྱུང་བཞིན་པ་འདི། ཕྱོགས་གཅིག་ནས་བཤད་ན་བོད་ཁུལ་ལ་ལག་བསྟར་བྱས་པའི་རྒྱ་གཞུང་གི་སྲིད་བྱུས་དེ་ནོར་འཁྲུལ་ཅན་དུ་ཁ་ཕྱོགས་ཏེ་བོད་ཀྱི་གཏེར་ཁ་སྣ་ཚོགས་གང་བྱུང་སྔོག་འདོན་བྱས་པ་དང༌། བོད་ཀྱི་སྐད་ཡིག་གི་བེད་སྤྱོད་ནུས་པ་ཆུང་དུ་བཏང་བ། མི་རིགས་རང་སྐྱོང་གི་སྲིད་བྱུས་དངོས་སུ་ལག་བསྟར་མ་བྱས་པ། མི་མང་གི་རྩྭ་སའི་བདག་དབང་བཙན་གྱིས་འཕྲོགས་ཏེ་བོད་མིའི་རང་སྐྱ་ཐུབ་པའི་འཚོ་བའི་ཁ་ཕྱོགས་ནུས་མེད་གཞན་བརྟེན་ཅན་དུ་བསྒྱུར་བ་སོགས་ལས་བྱུང་བ་ཞིག་རེད་ལ། གཉིས་ནས་ལོ་ང་གཉིས་རིང་ལ་༧གོང་ས་སྐྱབས་མགོན་རིན་པོ་ཆེ་མཆོག་ཆོལ་གསུམ་ལྷ་སྡེ་ཡོངས་དང་ཁ་བྲལ་དུ་བཏང་བའི་ཉེས་དམིགས་ལས་བྱུང་བའི་དྲན་གདུང་དང་མངོན་འདོད་ངོ་མ་ཡིན་པ་བོད་ས་ཡོངས་ནས་བསྒྲགས་བཞིན་པའི་ཞི་རྒོལ་གྱི་འབོད་ཚིག་དག་ལ་གཞིགས་ན་གསལ་བོར་རྟོགས་ཐུབ།  གསུམ་ནས་རྒྱ་གཞུང་གི་མི་རབས་བཞིའི་ཆབ་སྲིད་ཀྱི་ཁ་གཡང་ཁོ་ནས་ཉི་མ་འཁྱོལ་ཐབས་བྱས་ཏེ་དོན་ངོ་མར་བོད་ཐོག་དམག་ཤུགས་ཀྱི་བཙན་གནོན་ལ་བརྟེན་ནས་དབང་བསྒྱུར་བྱས་པའི་སྲིད་བྱུས་ནག་པོ་དེས་མཐའ་འཁྱོངས་བཞིན་མེད་པ་གསལ་བོར་བསྟན་ཡོད།

 

རྒྱུ་མཚན་དེའི་དབང་གིས་རང་ལུས་མེ་ལ་སྒྲོན་མཁན་དཔའ་རྒོད་དག་གིས་འཛམ་གླིང་མི་མང་ལ་བོད་མི་ཚོས་སེམས་ཀྱི་སྡུག་བསྔལ་དང་ངོ་གདོང་ངོ་མ་དེ་གསལ་སྟོན་བྱས་སོང་བ་རེད་ལ། རྒྱ་གཞུང་ལ་དེ་ལས་ལྷག་པའི་ཁ་སྐྱེངས་དང་ངོ་ཚ། ཡང་ན་བློ་འཚབ་སོགས་ཤུགས་ཆེན་བཟོ་བཞིན་ཡོད་པས། ཁོང་རྣམ་པར་མི་རིགས་ཤིག་གི་དཔའ་བོའི་ལོ་རྒྱུས་གསར་བ་དང་ཡང་ན་རླབས་ཆེ་བའི་མི་རབས་གསར་བའི་ལས་འགུལ་གྱི་དབུ་ཁྲིད་དུ་བཀུར་ནས་བསྟོད་པར་འོས་པ་ལས། ད་ལྟ་ང་ཚོའི་ཕྱི་ནང་གཉིས་ཀའི་སྤྱི་ཚོགས་ཁྲོད་འགན་ཁུར་མེད་པའི་སྐད་ཆ་རེ་ཟུང་སྟེ། རང་སྲོག་རང་གིས་བཅད་པ་དང་ཡང་ན་ཚེ་སྲོག་ཞིག་ཚར་བའི་ཕངས་སེམས་སྐྱེས་པ་སོགས་ནི་ཞིབ་ཏུ་བསམ་ན་ཁྱབ་རྒྱ་ཆུང་བའི་བསམ་བློ་གཏོང་ཕྱོགས་ཤིག་ལས་མ་འདས། རྒྱུ་མཚན་རང་ཉིད་ཀྱི་ཚེ་སྲོག་ལ་གཅེས་འཛིན་བྱེད་འོས་པའི་གནས་ལུགས་དེ་ཙམ་པོར་ང་ཚོ་ལས་ཁོང་ཚོས་ཕུགས་རྒྱང་རིང་བོའི་བསམ་བློ་བཏང་ཡོད་ལ། འདི་ལྟར་བྱེད་པ་ནི་ཁོང་རྣམ་པའི་མཐར་ཐུག་གི་ཐག་གཅོད་ཀྱང་ཡིན་ངེས། འདི་ལྟར་ཁོང་ཚོའི་རང་ཉིད་ཀྱི་རྩ་ཆེ་ཚེ་སྲོག་ལས་གངས་ཅན་པའི་སྤྱི་དོན་གཙོ་བོར་འདེམས་ཟིན་པའི་ལངས་ཕྱོགས་ནི་ཇི་འདྲའི་རླབས་ཆེ་ཞིང་ལོ་རྒྱུས་ཀྱི་རིན་ཐང་ལྡན་པའི་འདམ་ཀ་ཞིག་རེད་ཨང༌།

 

དེ་ལ་ཇི་སྲིད་བར་དུ་བོད་མི་རིགས་ཀྱིས་སྙིང་གི་དཀྱིལ་དང་གློ་བའི་གསེང་ནས་གོང་བཀུར་བླ་ལྷག་གིས་བྱེད་ཀྱིན་ཡོད་ལ། རྒྱལ་གཅེས་དཔའ་རྒོད་རྣམ་པའི་དཔའ་ངར་གྱི་སྙིང་སྟོབས། འཐབ་རྩོད་ཀྱི་ལམ་ཁ་སོགས་ལ་ཕྱི་ནང་བོད་མི་ཡོངས་ནས་རྗེས་སུ་ཡི་རངས་དང་གདུང་སེམས་མཉམ་སྐྱེད་ཀྱི་ལམ་ནས་ཕན་ཚུན་ལ་བརྒྱུད་སྒྲོག་དང་སྐྱིད་སྡུག་ཉམས་མྱོང་བྱེད་བཞིན་པ་ནི་དོན་ལ་བབས་པའི་ལས་དོན་རླབས་ཆེན་ཞིག་རེད། རྒྱུ་མཚན་ཁོང་རྣམ་པས་རང་ལུས་མེར་བསྲེགས་དོན་ནི་བོད་མིའི་སྤྱི་དོན་འཐབ་རྩོད་ལ་ངར་ཤུགས་སློང་བའི་ཆེད་རེད་ལ། བོད་མི་རིགས་ཟེར་བ་འདི་ད་དུང་ས་སྒང་ཟླུམ་པོ་འདིའི་སྟེང་དུ་ཡུན་གནས་འཚོ་ཐུབ་པའི་མ་འོངས་པའི་ཕུགས་འདུན་གྱི་ཆེད་དུ་རེད། འདི་ལྟར་བསམས་ཚེ། དཔའ་རྒོད་འདི་དག་གིས་བློས་གཏོང་རྟུལ་ཕོད་ནི་སུས་ཀྱང་བློ་ངོར་ཤོང་དཀའ་བའི་སྐྱེས་པ་རླབས་ཆེ་ཞིང་ཤི་བ་གཟི་བརྗིད་ཆེ་བའི་ལོ་རྒྱུས་རིན་ཐང་གི་མཐོ་སར་བསྙེགས་ཡོད་པས་ང་ཚོས་མི་རབས་ནས་མི་རབས་བར་དུ་ལོ་རྒྱུས་གསོན་པོ་འདི་ལ་རྗེས་དྲན་དང་གོང་བཀུར་ཞུ་འོས། སྙིང་སྟོབས་འདི་ལས་རྒྱ་ནག་དམར་པོའི་གཞུང་ལ་ཅི་བྱེད་གང་བྱེད་དཀའ་བའི་དཀའ་ངལ་འཕར་མ་རེ་སྤྲོེད་ཀྱིན་འདུག་ལ། ཕྱི་ནང་བོད་མི་ཡོངས་ཀྱི་སེམས་ཁོང་ལ་ཇི་སྲིད་བར་དུ་བརྗེད་པར་མི་ནུས་པའི་ཁྲག་གི་རྨ་ཁ་རེ་གསར་དུ་བཏོད་ཀྱིན་ཡོད། ད་དུང་རྒྱལ་སྤྱིའི་མི་མང་ལ་ཚེ་སྲོག་གི་བདེན་པ་འཚོལ་བའི་བླ་མེད་ཀྱི་ལམ་ཁ་ཞིག་སྟོན་གྱིན་ཡོད་པ་མ་ཟད། དུས་ངན་དབང་གིས་སིལ་བར་འཐོར་བའི་བོད་ཆེན་པོར་སླར་ཡང་གཅིག་གྱུར་གྱི་ཁ་ཕྱོགས་ལ་བསྐྱོད་པར་ཡར་སྐུལ་ནུས་པ་བླ་ལྷག་གིས་ཐོན་བཞིན་ཡོད།

 

གཞན་ད་དུང་གཏོང་ཕོད་འདི་ལས་བོད་ཀྱི་མ་འོངས་པའི་མི་རབས་གསར་བ་དག་ལ་རང་གི་ཕ་མེས་བསྐྱར་དྲན་བྱེད་པའི་དཔའ་བོའི་ལོ་རྒྱུས་ཀྱང་གསར་དུ་འབྲི་བཞིན་ཡོད།མདོར་ན་ལོ་ངོ་ང་གཉིས་རིང་ལ་རྒྱའི་དབང་འོག་ནས་ཐབས་སྲིད་འུ་ཐུག་གིས་འཚོ་བའི་མི་རིགས་ཤིག་གིས་ཇི་ལྟར་རང་གི་རྒྱལ་ཁབ་སླར་གསོ་དང་ཁེ་དབང་བརྩོན་ལེན་བྱེད་པའི་འཐབ་རྩོད་གསར་བ་དངོས་སུ་འགོ་བརྩམས་སོང་བ་མ་ཟད། ལག་ལེན་དངོས་ཀྱི་སྟེང་ནས་དབང་བསྒྱུར་ལ་ཁ་གཏད་གཅོག་པའི་ལམ་ཁ་གསར་དུ་རྙེད་སོང་བ་རེད། མཐའ་དོན་དེ་རིང་གི་མེ་ལྕེ་འོག་གི་བོད་མི་དག་གིས་དཔའ་ངར་ཆེན་པོས་རང་གི་ལུས་སྲོག་བློས་བཏང་ནས་རྒྱལ་ཁབ་སླར་གསོ་བྱེད་པའི་དཀའ་ཚེགས་ཀྱི་ཟིན་ཐོ་དངོས་སུ་འབྲི་བཞིན་པ་འདིས་ཕྱི་ནང་བོད་མི་ཡོངས་ལ་རྒྱལ་ཞེན་གྱི་ངར་ཤུགས་དང་སྐྱིད་སྡུག་མཉམ་མྱོང་གི་བསླབ་བྱ།  དྲག་གནོན་དང་དམར་གསོད་ལ་མགོ་མི་སྒུར་བ་བཅས་ཕྱོགས་གང་ཐད་ནས་ནུས་པ་གསར་དུ་ཐོན་བཞིན་གདའ་འོ།

འབྲེལ་ཡོད་གསར་འགྱུར།

དབུས་འོས་བསྡུ་ལས་ཁང་གི་གསར་འགོད་གསལ་བསྒྲགས་ཀྱི་པར། ༢༠༢༦།༠༡།༢༨
Mobile App

བལ་ཡུལ་མཆོད་འཇོར་ས་གནས་ལ་དངོས་གཞིའི་འོས་བསྡུ་ཐེངས་གཅིག་ཕྱིར་འཐེན་གནང་།

སྐར་མ ༤༠ སྔོན་ལ།
ཞྭ་མོ་ནག་པོའི་གོམ་བགྲོད་ལས་འགུལ་བ་། བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་པར།
Mobile App

ཞྭ་མོ་ནག་པོའི་གོམ་བགྲོད་ལས་འགུལ་ལྡི་ལི་ནས་མཇུག་བསྡུས།

༢༠༢༦/༠༤/༢༤
མཆོག་སྤྲུལ་རྡོ་རྗེ་བརྟན་མཆོག བོད་ཀྱི་དུས་བབ་གསར་ཁང་གི་པར། འབྲེལ་ཡོད་ཀྱིས་མཁོ་སྤྲོད་གནང་།
Mobile App

རྒྱལ་སྤྱིའི་ཉེས་ཡངས་ཚོགས་པས་མཆོག་སྤྲུལ་རྡོ་རྗེ་བརྟན་མཆོག་གི་གནས་བབ་ཁ་གསལ་བཟོ་དགོས་པའི་རེ་སྐུལ་གནང་།

༢༠༢༦/༠༤/༢༤
ཨ་རིའི་ཕྱི་སྲིད་ལྷན་ཁང་གི་དྲུང་ཆེ་གཞོན་པ་སཱ་མིར་པུལ་ཀཱ་པུར་ལགས་དང་བལ་ཡུལ་གྱི་ཕྱི་སྲིད་བློན་ཆེན་ཤི་ཤིར་ཀ་ནལ་གཉིས་ཐུག་འཕྲད་གནང་། ༢༠༢༦།༤།༢༢
Mobile App

ཨ་རིའི་ཕྱི་སྲིད་དྲུང་ཆེས་བལ་ཡུལ་གྱི་སྐྱབས་བཅོལ་བོད་མིའི་ཡིག་ཆའི་དཀའ་ངལ་སེལ་དགོས་པའི་འབོད་སྐུལ་གནང་།

༢༠༢༦/༠༤/༢༣
Tenzin Choegyal’s “Snow Flower” wins 2026 Queensland Music Award for Best World Music
Mobile App

ཁ་བའི་མེ་ཏོག་ཅེས་པའི་ཆེད་སྒྲིག་ལ་འཛམ་གླིང་རོལ་དབྱངས་ཆེད་སྒྲིག་ལེགས་ཤོས་ཀྱི་བྱ་དགའ་ཐོབ།

༢༠༢༦/༠༤/༢༣
Taiwan President-elect Lai Ching-te, of Democratic Progressive Party’s (DPP), holds a press conference, following the victory in the presidential elections, in Taipei, on January 13, 2024. | Photo Credit: Reuters
Mobile App

རྒྱ་གཞུང་གིས་ཐའེ་ཝན་སྲིད་འཛིན་གྱི་ཕྱི་རྒྱལ་ཕྱོགས་སྐྱོད་བཀག་འགོག་བྱས།

༢༠༢༦/༠༤/༢༣

མཆན། 6

  1. ཁྲོ་ཕྲུག། says:
    ལོ་ 14 སྔོན།

    བཀུར་འོས་རྩོམ་པ་པོ་ལགས། འདི་འདྲ་བའི་རྩོམ་ཡིག་གང་མང་ཡོད་པ་ཞུ།

    Reply
  2. ཆུ་ཐིགས་སྔོན་མོ། says:
    ལོ་ 14 སྔོན།

    བཤད་པ་ཞིག་མི་འདུག་་་་་་འདི་འདྲའི་རྩོམ་ཡིག་གང་མང་ཞིག་སྤེལ་ཐུབ་ན་ཡག་པོ་འདུག་་་་ཐུགས་རྗེ་ཆེ་་་རྗེས་སུ་ཡི་རང་ཡོད་་་་
    མེ་ལྕེའི་འོག་གི་བོད་་་་ཅེས་པ་ལྟར་འབྲེལ་སྒྲ་ཞིག་ཡོད་ན་དེ་ལས་ཀྱང་་་

    Reply
  3. ཆབ་བྲག་ལྷ་མོ་སྐྱབས། says:
    ལོ་ 14 སྔོན།

    རྩོམ་ཡིག་ཡག་པོ་འདི་རིགས་མང་ཙམ་བྱུང་ན་མང་པོ་ཞིག་ལ་ཕན་ཐོགས་ཀྱིན་ཡོད་པ་གསལ་བོ་རེད། དགའ་བསུ་ཞུ།

    Reply
  4. རྨེ་བ་འཇམ་དཔལ་ནོར་བུ། says:
    ལོ་ 14 སྔོན།

    ཨ་མ་བདེ་འཚོ་ཚང་གིས་རྩོམ་ཡིག་རིན་ཐང་ཅན་ཞིག་བྲིས་ཡོད་ཀི ཐུགས་རྗེ་ཆེ། བཀླགས་ནས་བུད་སོང་ང་།

    Reply
  5. ཤར་མདའ། says:
    ལོ་ 14 སྔོན།

    དྲག་གནོན་གྱི་འོག་ནས་བྱུང་བའི་སྤུན་ཟླ་འདི་ཚོས་ནི་བོད་མི་རིགས་ཀྱི་བདེན་དོན་དང་ཆོས་རིག་གཞུང་གི་ཆེད་ཡིན་པ་བརྗོད་མེད་རེད།   རང་གི་ལུས་སྲོག་བློས་བཏང་ནས་མི་རིགས་ཤིག་གི་བདེ་སྡུག་གི་ཆེད་དུ་འདི་ལྟར་རླབས་ཆེན་གྱི་བྱ་བ་ཞིག་སྒྲུབ་བཞིན་ཡོད་པ་འུ་ཚོས་མཐོང་བཞིན་འདི་ལྟར་འདུག་བཟོད་མ་པ་ཞིག་རེད།  འོན་ཀྱང་ཐབས་ལམ་གང་ཡང་མི་འདུག་དེ་རྒྱལ་སྤྱིའི་གསར་ལམ་ཁག་ཏུ་གང་ནུས་ཀྱི་བསྒྲགས་ཀྱི་རང་ཉིད་ཀྱི་དུས་རྟག་ཏུ་བོད་མི་རིགས་ལ་བཅང་བའི་བརྩི་བ་དང་ཡིད་ཆས་མ་བླག་པ་བྱས་ནས་སྐད་དང་ཡི་གེ་བདག་པོ་རྒྱབ་ནས་བུ་ཕྲུག་སོགས་ལ་བོད་མི་རིགས་ཟེར་པ་འདི་འདྲ་ཞིག་ཡིན་པ་དང་བོད་ཀྱི་གནས་སྟངས་སོགས་ངོ་སྤྲོད་གནང་དགོས་པ་གལ་ཆེན་མ་ཡིན་ནམ།  རྩོམ་ཡིག་ཡག་པོ་བྲིས་འདུག་ཐུགས་རྗེ་ཆེ།

    Reply
  6. གནམ་ལྕགས། says:
    ལོ་ 14 སྔོན།

    དྲག་པོའི་མེ་ཡིས་ཟ་བཞིན་པའི་བོད་མི་རིགས་འདི། ཉིས་སྟོང་བརྒྱད་ནས་ཡང་བསྐྱར་ས་སྒང་འདི་རུ་གསོན་པོར་གནས་ཐུབ་པའི་ཡིད་ཆེས་ཤིག་ང་ལ་སླེབས་བྱུང་། བཙན་པོའི་གཉའ་གནོན་ལ་རྒོལ་བའི་དཔའ་བོའི་དཔུང་ཁག་ཅིག་འདི་ལྟར་གཅིག་རྗེས་གཉིས་མཐུད་ཀྱིས་འབྱུང་བ་ནི། བོད་མི་རིགས་ནི་འཛམ་གླིང་སྟེང་གི་ཆེས་སྙིང་ལྡན་པའི་མི་རིགས་ཤིག་ཡིན་པ་གསལ་བཤད་གནང་གི་ཡོད།

    འོ། ཞར་བྱུང་དུ་མཛངས་མ་བདེ་འཚོ་ལགས་ཀྱིས་བྲིས་པའི་རྩོམ་ཡིག་འདི་ཀུན་ནས་བསྔགས་པར་འོས། ཡིན་ནའང་མེ་ལྕེ་ལ་འབྲེལ་སྒྲ་ཞིག་བཞག་ནས་ལྕེའི་ཞེས་རྟེན་དང་བརྟེན་པའི་འབྲེལ་བ་བྱ་དགོས་པར་སྙམ།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese