མདུན་ངོས།
About Us
  • English
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

ཟས་བཅད་ངོ་རྒོལ་གྱི་ཉིན་ ༢༧ པ།

བོད་ཀྱི་དུས་བབ།
༢༠༡༢/༠༣/༡༩
Share on FacebookShare on TwitterShare on EmailShare on Whatsapp

ཨ་རིའི་ནེའུ་ཡོག་རྒྱལ་ཚོགས་མདུན་ཐང་དུ་ཟས་བཅད་ངོ་རྒོལ་གནང་སྟེ་ཉིན་ཉེར་བདུན་ཕྱིན་ཡོད་ཀྱང་། ད་བར་རྒྱལ་ཚོགས་ཀྱིས་ཁ་གསལ་བརྡ་ལན་གང་ཡང་སྤྲད་མི་འདུག

ཟླ་སྔོན་མའི་ཕྱི་ཚེས་ ༢༢ ཉིན་ནས་ཨ་རིའི་ནེའུ་ཡོག་མཉམ་འབྲེལ་རྒྱལ་ཚོགས་ལས་ཁུངས་ཀྱི་མདུན་ཐང་དུ། བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་སྣེ་ཁྲིད་འོག བླ་མ་ཤིང་བཟའ་རིན་པོ་ཆེ་མཆོག་དང་། སྐུ་ཞབས་ཡེ་ཤེས་བསྟན་འཛིན་ལགས། རྡོ་རྗེ་རྒྱལ་པོ་བཅས་གྱིས་དུས་ཡུན་ངེས་མེད་ཀྱི་ཟས་བཅད་ངོ་རྒོལ་གནང་བཞིན་པ་ལྟར། ཟླ་འདིའི་ཕྱི་ཚེས་ ༡༩ ཉིན་བར་ཟས་བཅད་ངོ་རྒོལ་གནང་སྟེ་ཉིན་ ༢༧ འགྲོ་བཞིན་ཡོད་འདུག

དེ་རིང་ཕྱི་ཚེས་ ༡༩ ཉིན་གསར་འགོད་པས་ཁ་པར་བརྒྱུུད་གཞོན་ནུའི་ཚོགས་གཙོ་ཚེ་དབང་རིག་འཛིན་ལགས་སུ། ཟས་བཅད་ངོ་རྒོལ་གནང་མཁན་ཚོའི་གཟུགས་པོའི་གནས་སྟངས་སྐོར་བཀའ་འདྲི་ཞུས་པ་ལྟར་ན། ད་ཆར་བླ་མ་ཤིང་བཟའ་རིན་པོ་ཆེ་མཆོག་གི་གཟུགས་པོ་སྤྱི་རྒྱ་ ༡༣ མར་ཆགས་ཡོད་པ་དང་། ཡེ་ཤེས་བསྟན་འཛིན་ལགས་སྤྱི་རྒྱ་ ༡༢ མར་ཆགས་འདུག་ལ། རྡོ་རྗེ་རྒྱལ་པོ་ལགས་སྤྱི་རྒྱ་ ༡༠ མར་ཆགས་ཡོད་འདུག ད་ལྟ་ཁོང་རྣམ་པའི་གཟུགས་པོའི་གནས་སྟངས་ཉིན་རེ་བཞིན་ཇེ་ཞན་དུ་འགྲོ་བཞིན་ཡོད་པ་དང་། ཉིན་འགའི་གོང་ནས་ཡར་ལངས་ཏེ་འགྲོ་ཐུབ་ཀྱི་མེད་པ་དང་། དབུགས་བསཊ་པ་དང་མགོ་ཡུ་འཁོར་བ། མིད་པ་འགག་སྟེ་སྐད་ཆ་བཤད་མ་ཐུབ་པའི་གནས་སྟངས་འོག་ལྷུང་ཡོད་འདུག

ཉེ་ལམ་ནས་རྡོ་རྗེ་རྒྱལ་པོ་ལགས་ཀྱི་གཟུགས་པོ་ཇེ་ཞན་དུ་སོང་སྟེ། གྲོད་ཁོག་ནང་ན་ཟུག་ཆེན་པོ་རྒྱག་མགོ་བཙུགས་ཏེ་དཀའ་ངལ་མི་ཉུང་བ་ཞིག་འཕྲད་བཞིན་ཡོད་འདུག་ལ། གནས་སྟངས་དེའི་ཐོག་ས་གནས་སྨན་པས་ཁོང་ལ་ལས་འགུལ་མཚམས་འཇོག་དགོས་པའི་འབོད་སྐུལ་རིམ་པར་ཞུས་འདུག་ཀྱང་། རྡོ་རྗེ་རྒྱལ་པོ་ལགས་ཀྱིས་ཁོང་ལས་འགུལ་ནང་མཉམ་ཞུགས་བྱེད་དོན་སྨན་བཅོས་ཀྱི་ཆེད་མིན་པར། རྒྱལ་ཚོགས་ཀྱིས་བརྡ་ལན་མ་འབྱོར་བར་ཟས་བཅད་ལས་འགུལ་དེ་མཚམས་འཇོག་གནང་རྒྱུ་མིན་ལུགས་བརྗོད་འདུག

གསར་འགོད་པས་ཚོགས་གཙོ་ཚེ་དབང་རིག་འཛིན་ལགས་སུ་ད་སྔ་མཉམ་འབྲེལ་རྒྱལ་ཚོགས་ཀྱི་འབྲེལ་ཡོད་ཚན་པའི་ངོས་ནས་བརྡ་ལན་འབྱོར་ཡོད་མེད་སྐོར་དྲིས་སྐབས། “ ད་བར་མཉམ་འབྲེལ་རྒྱལ་ཚོགས་ཀྱི་ངོས་ནས་ཐེངས་གསུམ་བརྡ་ལན་སྤྲད་ཡོད་པ་རེད། ང་ཚོས་དེ་དག་བཟང་སྤྱོད་ཀྱི་རྣམ་འགྱུར་ཞིག་ལ་ངོས་འཛིན་བྱེད་ཀྱི་ཡོད། ཡིན་ནའང་། ཟས་བཅད་ངོ་རྒོལ་བའི་དགོས་འདུན་བཏོན་ཚན་ལྔ་བཏོན་ཡོད་པ་དེར་ཁ་གསལ་གྱི་བརྡ་ལན་ཞིག་འབྱོར་ཡོད་པ་མ་རེད། ཟས་བཅད་ངོ་རྒོལ་བ་ཚོའི་གཟུགས་པོའི་གནས་སྟངས་ཉིན་རེ་བཞིན་ཛ་དྲག་ཏུ་འགྱུར་བཞིན་ཡོད་ནའང་། རྒྱལ་ཚོགས་ཀྱི་བརྡ་ལན་གསལ་པོ་ཞིག་མ་འབྱོར་བར་ལས་འགུལ་གྱི་ཆོད་སེམས་འགྱུར་བ་གང་ཡང་མི་འདུག་ ” ཅེས་བརྗོད་སོང་།

མཐའ་མར་ཁོང་ལ་ཐེངས་འདིའི་ཟས་བཅད་ལས་འགུལ་འདི་ལ་བརྒྱུད་ལམ་ཁག་གིས་དོ་སྣང་ཅི་ཙམ་ཡོང་གི་ཡོད་མེད་དྲིས་པར།  “ ཕྱི་ཚེས་ ༡༤ ཉིན་རྒྱལ་ཚོགས་སྤྱི་ཁྱབ་དྲུང་ཆེ་མཆོག་གི་མགྲིན་ཚབ་པ་མཱར་ཊིན་ནེ་སིར་ཀི (Martin Nesirky) མཆོག་གིས། གསར་འགོད་ལྷན་ཚོགས་ཤིག་གི་སྟེང་ནེའུ་ཡོག་རྒྱལ་ཚོགས་ལས་ཁུངས་མདུན་དུ་ཟས་བཅད་ངོ་རྒོལ་གནང་བཞིན་པའི་བོད་མི་གསུམ་གྱི་གཟུགས་པོའི་གནས་སྟངས་ལ་སེམས་འཚབ་ཡོད་སྐོར་དང་། ཕྱི་ཚེས་ ༡༢ ཉིན་སྤྱི་ཁྱབ་དྲུང་ཆེ་གཞོན་པ་སྐུ་ཞབས་ཨེ་ཝན་སེ་མོ་མོ་ཝེ་ཆི་ (Ivan Simon vic) མཆོག་གིས་ཟས་བཅད་ངོ་རྒོལ་བ་གསུམ་ལ་ཐུགས་གསོའི་འཚམས་འདྲི་གནང་ཡོད་པ་དང་། བོད་ཀྱི་གཞོན་ནུ་ཚོགས་པའི་སྐུ་ཚབ་དང་ཐུག་འཕྲད་བྱས་ཡོད་པ། བོད་ནང་གི་གནས་སྟངས་ཐོག་རྒྱ་ནག་གཞུང་ཚབ་ལ་ཐུག་འཕྲད་བྱས་ཡོད་སྐོར་གསུངས་བ་དེས། བྷེ་བྷེ་སི་དང་ཨེ་པཱེ་སོགས་གསར་འགྱུར་བརྒྱུད་ལམ་ཁག་ཏུའང་སྔར་ལས་དོ་སྣང་བྱེད་མཁན་མང་པོ་བྱུང་སོང་།  ” ཞེས་བརྗོད་བྱུང་།

གསར་འགོད་པ། དཔལ་ལྡན།

འབྲེལ་ཡོད་གསར་འགྱུར།

(File image) Sikyong Penpa Tsering and Representative Thinlay Chukki with Hon. Michael Brand, Member of the German Parliament and Parliamentary State Secretary to the German Government.
Mobile App

རྒྱ་ནག་གི་མི་རིགས་མཐུན་སྒྲིལ་ཡར་ཐོན་སྐུལ་འདེད་ཀྱི་ཁྲིམས་ཟེར་བར་ངོ་རྒོལ་བསྒྲགས་གཏམ་སྤེལ། 

ཆུ་ཚོད་ ༩ སྔོན་ལ།
China Steps Up Road Works In Arunachal Area It Controls Since 1959. Photo: Satellite Image 2026 Vantor
Mobile App

རྒྱ་ནག་གཞུང་གིས་བོད་ཧིན་མཐའ་མཚམས་སུ་གཞུང་ལམ་གསར་རྒྱག་བྱས་འདུག 

ཆུ་ཚོད་ ༡༡ སྔོན་ལ།
ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་མི་རིགས་མཐུན་སྒྲིལ་ཡར་ཐོན་སྐུལ་སྤེལ་གྱི་བཅའ་ཁྲིམས་ལག་བསྟར་བྱས་པར་ངོ་རྒོལ། ༢༠༢༦།༧།༡ པར་བོད་ཀྱི་དུས་བབ་གསར་ཁང་གིས་བསྒྲིགས།
Mobile App

གཞུང་ཁོངས་མིན་པའི་ཚོགས་སྡེ་ཁག་གིས་མི་རིགས་མཐུན་སྒྲིལ་ཡར་ཐོན་ཟེར་བའི་ཁྲིམས་ལག་བསྟར་བྱས་པར་ངོ་རྒོལ་ལས་འགུལ་སྤེལ།

༢༠༢༦/༠༧/༠༡
སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག ༢༠༢༦།༧།༡ དབུས་བོད་མིའི་སྒྲིག་འཛུགས་ཀྱི་པར།
Mobile App

རྒྱལ་ཚོགས་ཀྱིས་རྒྱ་ནག་གི་ཁྲིམས་འཆར་གསར་པར་ཞིབ་དཔྱོད་དགོས་པའི་ནན་སྐུལ།

༢༠༢༦/༠༧/༠༡
Mobile App

མིང་ཚིག་གི་གཡོ་ཁྲམ་འོག་གི་མི་རིགས་རྩ་མེད་ཀྱི་ལྐོག་གཡོ།

༢༠༢༦/༠༦/༣༠
Chinese businessman Guo Wengui, or Miles Guo, in 2018Photo Getty
Mobile App

ཀོ་ཝན་ཀོའུ་ལ་མི་ལོ་སུམ་ཅུ་ཡི་བཙོན་འཇུག་ཁྲིམས་ཐག་བཅད།

༢༠༢༦/༠༦/༣༠

མཆན། 11

  1. སྐར་མདའ། says:
    ལོ་ 14 སྔོན།

    རྒྱ་ནག་གི་མཉམ་འབྲེལ་རྒྱལ་ཚོགས་དང་། རྒྱ་དགའ་སྦན་ཁི་མོན་བཅས་ལ་ཚ་ཚ་འུར་འུར་གྱི་སུན་སྣང་ཞིག་མཚམས་མེད་དུ་བཟོ་དགོས་པ་ཞིག་རེད། བཀའ་ཁྲི་ཁ་བདེ་དེས་ཀྱང་སྤམ་བཤད་བྱེད་བཞིན་སྙན་ཞུ་གཅིག་གཉིས་རེ་བསྐུར་ནས་འདུག་རྒྱུའི་དུས་ཚོད་ཙམ་གཏན་ནས་མ་རེད། རྒྱལ་ཚོགས་ཀྱིས་གཙོས་པའི་ཚོགས་སྡེ་ཁག་ལ་གདོང་དང་གདོང་གཏུག་གིས་བོད་ཀྱི་ཛ་དྲག་གི་གནས་ཚུལ་དེ་ཚོ་ཡང་ནས་ཡང་དུ་ཞུ་སྐུལ་ནན་པོ་བྱ་དགོས་པར་མཐོང་།

    Reply
  2. གནས་ཚང་། says:
    ལོ་ 14 སྔོན།

    ཤིང་བཟའ་རིན་པོ་ཆེ་ལགས་སེ་ར་དགོན་པའི་ཚོགས་ཆེན་ཁྲི་བ་ཡིན་སྐད། དེའི་ཁར་རྗེ་ཙོང་ཁ་བ་ཆེན་མོའི་ཡུམ་གྱི་ཡང་སྲིད་རེད། ཨ་མདོའི་ནང་གི་བླ་མ་ཆེ་ཤོས་གྲས་ཀྱི་གཅིག་རེད། སྐུ་སྲོག་ལ་ཉེན་ཁ་བྱུང་ཚེ་ཉུང་མཐར་མཚོ་སྔོན་ནང་ཟང་ཟིང་ཞིག་ཆགས་སྲིད་པས། དེའི་མཇུག་འབྲས་རྒྱལ་ཚོགས་ཀྱིས་འགན་འཁུར་ཐུབ་མིན་འདྲི་རན་འདུག སྐད་འདི་གཞོན་ནུའི་ཚོགས་གཙོར་བཤད་རོགས།

    Reply
  3. ཀརྨ་རྡོ་རྗེ། says:
    ལོ་ 14 སྔོན།

    རྒྱ་གཞུང་གིས་དགག་ཕྱོགས་ཀྱིས་བོད་མིའི་སྲོག་བཅད། བོད་པས་སྒྲུབ་ཕྱོགས་ནས་བོད་མི་འཆི་རུ་བཅུག་ན་ནོར་བ་མ་རེད་པེ། གཞོན་ལྷན་ཚོ།

    Reply
  4. འབྲུག་དཀར ། says:
    ལོ་ 14 སྔོན།

    རྒྱལ་ཚོགས་ཀྱིས་འདི་ལྟར་སྒུག་བསྡད་ན་ཁོང་ཚོའི་སྲོག་ལ་ཉེན་ཁ་འབྱུང་ངེས། ནམ་ཞིག་སྲོག་དང་བྲལ་ཚེ་བོད་ས་ཡོངས་རྫོགས་ཚ་ཚ་འུར་འུར་ཞིག་ཆགས་ངེས་ཡིན་ལ་དེ་དུས་རྒྱལ་ཚོགས་ར་བ་འདི་ང་ཚོ་ལ་དགོས་དོན་མེད། དྲང་བདེན་གྱི་མེ་འོད་ཀྱིས་གནམ་ས་གཡོས་ཀྱང་ཐུགས་ཁུར་དང་རྒྱབ་སྐྱོར་ཅི་ཡང་མེད་པའི་ཅེ་སྤྱང་གི་ཁྱུ་ཚོགས་ཤིག་གིས་ཅི་བྱེད། ང་ཚོ་ལ་ཡོད་པ་ནི་དྲང་བདེན་ཡིན་ཀྱང་། ཁོང་ཚོ་དགོས་བ་ནི་དེ་དག་མ་རེད།

    Reply
  5. གཟུར་གནས། says:
    ལོ་ 14 སྔོན།

    ཁོང་རྣམ་པ་གསུམ་གྱིས་མི་མང་རང་གི་རྣམ་པའི་ཐོག་ནས་དགོས་འདུན་དོན་ཚན་དེ་དག་བཏོན་ཡོད་ན། དེ་ལ་ད་གཟོད་རྒྱལ་ཚོགས་ཀྱིས་ཏན་ཏན་ལན་ཞིག་གནང་གི་རེད། ཡིན་ནའང་། གཞོན་ལྷན་གྱིས་གོ་སྒྲིག་གནང་སྟབས། རྒྱལ་སྤྱི་ཕར་ཞོག་ཨ་རིའི་གཞུང་ཡིན་ནའང་། དེ་ལ་ཆབ་སྲིད་ཀྱི་རོགས་པ་གནང་ཐུབ་ཀི་མ་རེད། པེད་ཤག་ཅུང་ཙམ་སྤྲོད་སྲིད་པ་རེད། ཆབ་སྲིད་ཟེར་བ་འདི་ཨུ་ཚུགས་རང་རྒྱག་རྒྱུ་ཡོད་པ་མ་རེད་ཅེས་སྲིད་འཛིན་བྷུའུ་ཤིས་སྔོན་མ་གསུངས་མྱོང་འདུག
    གཉིས་ནས། ཁ་སང་ལོ་སར་སྐབས་དབུ་མའི་ལམ་གྱི་ལས་འགུལ་རྒྱལ་ཚོགས་ཀྱིས་དེ་མ་ཐག་ལས་ཁུངས་སུ་གདན་འདྲེན་ཞུས། འབྱོར་ཐམ་བཀོད། རྗེས་སུ་ཁོང་ཚོའི་རེ་འདུན་ལ་ལན་ཡང་གནང་འདུག་ཅེས་ཐོས་སོང་། དེ་བས་ད་ཐེངས་རྒྱལ་ཚོགས་བཏང་སྙོམས་སུ་བཞུགས་རྒྱུ་འདི་ཟས་བཅད་ངོ་རྒོལ་གྱིས་མ་ཕན་པ་མ་རེད། དོན་ཚན་རྣམས་ལ་ལན་རྒྱག་སྟབས་མ་བདེ་བས་མ་རེད། ཡིན་རྒྱུ་གཅིག་ནི་རྒྱལ་སྤྱིའི་ཆབ་སྲིད་ཀྱི་འཕེལ་རིམ་ཁྲོད་དུ་བོད་རང་བཙན་ལ་རྦད་དེ་རྒྱབ་སྐྱོར་མེད་པ་དང་ཁོར་ཡུག་གང་ཡང་མེད་པ་བཟོ་རྒྱུ་ནི་རྒྱ་ནག་གི་ངོ་སྲུང་ཆེ་ཤོས་ཆགས་ཀྱི་ཡོད་སྟབས། རྒྱལ་ཚོགས་ཀྱིས་འདི་ལྟར་དུས་ཚོད་ཕུད་རྒྱག་བྱེད་ཀྱི་རེད།

    Reply
  6. ཤིང་ལོ། says:
    ལོ་ 14 སྔོན།

    རང་སྲོག་ལུས་ལ་མི་འཐོག་ལ་རྒྱར་འཐོག།
    སེམས་པ་ཟས་ལ་མི་འཐོག་བོད་ལ་འཐོག།
    རེ་བ་མིང་ལ་མི་འཐོག་དོན་ལ་འཐོག།
    ཆོད་སེམས་གཏམ་ལ་མི་འཐོག་ལ་སྙིང་ལ་འཐོག།

    Reply
  7. བློ་བཟང་ཕུན་ཚོགས། says:
    ལོ་ 14 སྔོན།

    རྒྱལ་གཅེས་དཔའ་བོ་གསུམ་ལ་སྙིང་དབུས་ནས་གུས་འདུད་ཞུ། ཁྱེད་རྣམས་ཀྱི་འདས་སིམ་པའི་རླབས་ཆེན་གྱི་བྱ་བ་ལ་ནམ་ཡང་དྲན་བཞིན་ཡོད་ལ། ཁྱེད་རྣམས་ཀྱི་དགོས་འདུན་མྱུར་དུ་འགྲུབ་པའི་སྨོན་འདུན་ཞུ་བཞིན་ཡོད། ཡིན་ན་ཡང་ཁྱེད་རྣམས་ཀྱི་དགོས་འདུན་མྱུར་ཏུ་འགྲུབ་པའི་རེ་བ་རྟ་རྔ་བཞིན་ཧ་ཅང་ཕྲ། རྒྱུ་མཚན་ནི་རྒྱལ་ཚོགས་ཀྱི་སྒོ་འགྲམ་ན་གནས་ལུགས་དང་རྒྱུ་མཚན་ནི་ཧ་ཅང་ནུས་མེད་ཅིག་རེད།

    Reply
  8. རང་རྟོན། says:
    ལོ་ 14 སྔོན།

    དོན་ངོ་མའི་རྒྱལ་ཚོགས་ནི་དཔལ་འབྱོར་གྱི་རྒྱུག་ཁྱི་ཞིག་ལས་མ་འདས་པས་འུ་ཚང་ལྟ་བུ་མིག་ན་ཡོད་ནི་མ་རེད།

    Reply
  9. སྐར་ཁྲི་བཙན། says:
    ལོ་ 14 སྔོན།

    རྒྱལ་གཅེས་དཔའ་བོ་གསུམ་པོར་སྙིང་ཐག་པས་ནས་ཐུགས་རྗེ་ཆེ་ཞུ་བཞིན་ཡོད་ལ། ཁྱེད་རྣམ་པའི་མ་འོངས་པའི་རླབས་ཆེན་བྱ་བཞག་གི་ཆེད་དུ་སྐབའ་འདིའི་ལས་འགུལ་མཚམས་འཇོག་བྱ་བའི་རེ་བ་དང་འབོད་སྐུལ་གྲངས་མེད་ཞུ་བཞིན་ཡོད།

    Reply
  10. འཇིགས་མེད says:
    ལོ་ 14 སྔོན།

    དཔའ་བོ་གསུམ་གྱི་རྒྱབ་ཀྱི་བོད་ཀྱི་རྒྱལ་དར་དེ་
    རླུང་རྟའི་དར་ཆོག་གི་རྒྱབ་ནས་མཐོང་གི་མི་འདུག་
    རྒྱལ་དར་དེ་མདུན་དུ་མཐོང་བ་བྱས་ན་ཡག་པོ་འདུག་
    རྒྱལ་དར་རྒྱབ་ལ་སྤས་དགོས་མ་རེད་ལགས་
    གཞོན་ནུ་ཚོགས་གཙོ་དང་ཚོགས་མི་ཚོ

    Reply
  11. གླག་སྨྱོན། says:
    ལོ་ 14 སྔོན།

    དོན་ངོ་མ་ཁོ་ཚོས་དགོས་འདུན་སྟོན་པ་ནང་བཞིག་བརྡ་ལན་ཞིག་སྤྲོད་སྲིད་དམ། གལ་ཏེ་མ་སྤྲད་ན་ཁོ་ཚོ་འཆི་འཇུག་རྒྱུ་རེད་དམ། ང་འདའི་ཕྱོགས་སུ་བློ་འཚབ་ཧ་ཅང་ཆེ་གི

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese