མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

སུད་སིའི་གྲོས་ཚོགས་ནང་ཆིབས་བསྒྱུར།

བོད་ཀྱི་དུས་བབ།
༢༠༡༣/༠༤/༡༧
Share on FacebookShare on TwitterShare on EmailShare on Whatsapp

ཁ་སང་ཕྱི་ཚེས་ ༡༦ ཉིན་སུད་སི་རྒྱལ་ཡོངས་གྲོས་ཚོགས་ཀྱི་ཚོགས་གཙོ་ལྕམ་མཱ་ཡ་གྷི་ར་ཧྥི་མཆོག་གིས་གདན་ཞུ་ལྟར། ༧གོང་ས་མཆོག་སུད་སི་གྲོས་ཚོགས་ནང་ཆིབས་བསྒྱུར་བསྐྱངས་ཏེ་གསུང་བཤད་གནང་ཡོད།  

ཉེ་བའི་ཟླ་ཤས་གོང་ནས་༧གོང་ས་མཆོག་སུད་སིར་ཆིབས་བསྒྱུར་བསྐྱང་རྒྱུ་གཏན་ཁེལ་བྱུང་མ་ཐག སུད་སི་བོད་དོན་རྒྱབ་སྐྱོར་ཚོགས་པའི་འཐུས་མི་དང་། སུད་བོད་མཐུན་གྲོགས་ཚོགས་པ་སོགས་ཀྱིས་༧གོང་ས་མཆོག་སུད་སི་གཞུང་གི་གནད་ཡོད་མི་སྣར་མཇལ་འཕྲད་ཞུ་ཐུབ་ཐོག་འབད་བརྩོན་གནང་ཡོད་པ་དང་། དེའི་རྗེས་སུད་སི་རྒྱལ་ཡོངས་གྲོས་ཚོགས་ཀྱི་ཚོགས་གཙོ་ལྕམ་མཱ་ཡ་གྷི་ར་ཧྥི་(Maya Graf)མཆོག་གིས་༧གོང་ས་མཆོག་གྲོས་ཚོགས་ནང་གདན་ཞུ་གནང་རྒྱུ་ཡིན་པའི་གསལ་བསྒྲགས་བསྐྱངས་པ་ལྟར། ཕྱི་ཚེས་ ༡༦ ཉིན་གྱི་ཉིན་གུང་ཆུ་ཚོད་ ༡ ཐོག་གྲོས་ཚོགས་འཐུས་མི་རྣམས་ཀྱི་ཕེབས་བསུའི་ཁྲོད་༧གོང་ས་མཆོག་སུད་སི་རྒྱལ་ས་སྦརན་ནང་བརྟེན་གཞི་བྱས་པའི་(Bundeshaus)ཞེས་པའི་གྲོས་ཚོགས་ར་བའི་ནང་ཆིབས་བསྒྱུར་བསྐྱངས་ཏེ། གྲོས་ཚོགས་ཀྱི་གསར་འགོད་ཚོགས་ཁང་ནང་གྲོས་ཚོགས་འཐུས་མི་ཚོ་དང་བོད་དོན་ཐད་དྲི་བ་དྲིས་ལན་བཅས་གནང་ཡོད་འདུག

དེ་རིང་སུད་སི་གྲོས་ཚོགས་ཀྱི་ཚོགས་གཙོ་ལྕམ་མཱ་ཡ་གྷི་ར་ཧྥི་མཆོག་གིས་གསུངས་དོན། “༧གོང་ཏཱ་ལའི་བླ་མ་མཆོག་གྲོས་ཚོགས་ནང་གདན་ཞུ་གནང་ཐུབ་པ་ང་ཚོ་གྲོས་ཚོགས་ཀྱི་གཟི་བརྗིད་ཡིན་པ་དང་། ༧གོང་ས་མཆོག་སུད་སི་རྒྱལ་ཡོངས་གྲོས་ཚོགས་ནང་གདན་འདྲེན་ཞུས་པ་གསལ་བསྒྲགས་བྱས་རྗེས། ཕྱོགས་མཐའ་ཁག་གིས་མི་མང་དང་གནད་ཡོད་མི་སྣ་གང་མང་ཞིག་གིས་དགའ་བསུའི་འཚམས་འཕྲིན་མང་པོ་འབྱོར་བྱུང་ལ། དམིགས་བསལ་དེ་རིང་འདིར་༧གོང་ས་མཆོག་གདན་འདྲེན་ཞུ་སྐབས་ཕྱི་ལོགས་ལ་བོད་རིགས་སུད་སི་མི་མང་ཧ་ཅང་ཕོན་ཆེན་པོས་དགའ་ཚོར་ཆེན་པོས་ཕེབས་བསུ་ཞུ་བཞིན་པ་མཐོང་ན། དེ་བས་དགའ་སྤོབས་སྐྱེས་སོང” ། ཅེས་དང་། “ བོད་ནང་གི་གནས་སྟངས་ཛ་དྲག་པོ་ཡིན་པ་དང་། དམིགས་བསལ་ཆོས་དང་རིག་གཞུང་རྡོག་རོལ་གྱི་ཉེན་ཚབ་ཆེན་པོར་འཕྲད་ཀྱིན་པའི་དུས་སྐབས་འདིར། བོད་ནང་གི་བོད་པ་ཚོས་རེ་བ་ཡོད་ཚད་༧གོང་ས་མཆོག་དང་ཕྱི་ལོགས་སུ་ཡོད་པའི་བོད་པ་རྣམས་ལ་བརྒྱབ་ཡོད་པ་ང་ཚོས་ཤེས་ཀྱི་ཡོད” ཅེས་བོད་ཀྱི་གནས་བབ་ཛ་དྲག་ཏུ་འགྲོ་བཞིན་པའི་སྐབས་འདིར་བོད་པ་རྣམས་ལ་གདུང་སེམས་མཉམ་སྐྱེད་ཡོད་ཅེས་སོགས་གསུངས་འདུག

ཐེངས་འདི་ནི་༧གོང་ས་མཆོག་སུད་སིའི་གྲོས་ཚོགས་ནང་གཞུང་འབྲེལ་ཐོག་གདན་འདྲེན་ཞུས་པ་ཐེངས་དང་པོ་ཡིན་པ་དང་། སུད་སིའི་བོད་རིགས་  ༥༠༠ ལྷག་དང་བོད་དོན་རྒྱབ་སྐྱོར་བ་དང་ཕྱི་རྒྱལ་མི་རིགས་མང་པོ་གྲོས་ཚོགས་ཀྱི་མདུན་ཐང་དུ་འཛོམས་ཏེ། ༧གོང་ས་མཆོག་གྲོས་ཚོགས་ར་བར་ཕེབས་པར་དགའ་བསུ་དང་། ལྷག་དོན་མི་མང་གིས་དགའ་ཚོར་ཆེན་པོ་༧གོང་ས་མཆོག་སྐུ་ཚེ་བརྟན་པར་ཤོག ཅེས་དགའ་ཚོར་གྱི་སྐད་འབོད་ཤུགས་ཆེན་གནང་ཡོད་འདུག  

ལྕམ་མཱ་ཡ་གྷི་ར་ཧྥི་མཆོག་ནི་ནམ་རྒྱུན་བོད་དོན་ཐད་ཐུགས་སྣང་གནང་མཁན་ཞིག་ཡིན་ལ། གྲོས་ཚོགས་ཀྱི་ཚོགས་གཙོ་མ་ཆགས་པའི་གོང་། ཕྱི་ལོ་ ༢༠༡༡ ལོའི་ཟླ་ ༡༡ ནང་སྲིད་སྐྱོང་བློ་བཟང་སེང་གེ་མཆོག་དང་མཇལ་འཕྲད་གནང་སྟེ་བོད་དོན་ཐོག་གླེང་སློང་གནང་ཡོད།

འབྲེལ་ཡོད་གསར་འགྱུར།

Protesters wave pre-1979 Islamic Revolution flags of Iran during a demonstration against the Iranian regime's crackdown on protests, in central Paris, on January 4, 2026. (Photo by Blanca CRUZ / AFP)
Mobile App

ཨི་རན་ནང་སྲིད་འགྱུར་འབྱུང་ཉེན་འདུག

ཆུ་ཚོད་ ༡༢ སྔོན་ལ།
The routes come from Indrunag, Gallu Devi, and Chamba over the Indrahar Pass
Mobile App

ཊི་རོན་ཌི་རི་སྒང་དུ་འགྲོ་བར་དམིགས་བསལ་ཆོག་མཆན་ཞུ་དགོས་ཀྱི་འདུག

ཆུ་ཚོད་ ༡༣ སྔོན་ལ།
གསར་འགྱུར།

རྒྱ་ནག་གིས་བོད་ནང་གཞུང་ལམ་འཛུགས་སྐྲུན་གྱིས་བོད་ཀྱི་རང་བྱུང་ཐོན་ཁུངས་སྔོག་འདྲེན་བྱེད་པར་དམིགས་ཡོད།

ཆུ་ཚོད་ ༡༤ སྔོན་ལ།
གསར་འགྱུར།

ཇོ་ནང་སྨོན་ལམ་ཆེན་མོ་སྐབས་བཅུ་དགུ་པ་འཚོག་གིན་འདུག

༢༠༢༦/༠༡/༠༦
From left to right: US President Donald Trump, Venezuela’s President Nicolas Maduro and Chinese President Xi Jinping. Graphic by Adekunle Owolabi
Mobile App

ཨ་རིས་ཝི་ནེ་རྫོ་ལར་དྲག་རྒོལ་བྱེད་དོན་ནི་སྣུམ་གྱི་ཐོན་ཁུངས་ཆེད་རེད་ཟེར།

༢༠༢༦/༠༡/༠༥
ཕྱི་ལོ་ ༢༠༢༥ ཟླ་ ༩ ཚེས་ ༡༤ ཉིན་ནས་བཟུང་དགེ་འདུན་པ་བློ་བཟང་ཚེ་རིང་ལགས་དང་དགེ་འདུན་པ་བློ་བཟང་དར་རྒྱས་ལགས་རྣམ་གཉིས་ཀྱིས་ནང་པའི་གནས་ཆེན་བརྒྱད་ལ་རྐྱང་ཕྱག་འཚལ་ནས་སྐོར་བཞིན་པ། པར་དོ་བདག་ནས་འདི་གར་མཁོ་སྤྲོད་གནང་།
Mobile App

དགེ་འདུན་པ་གཉིས་ཀྱིས་ནང་པའི་གནས་ཆེན་བརྒྱད་ལ་རྐྱང་ཕྱག་འཚལ་ནས་ཕེབས་ཀྱི་འདུག

༢༠༢༦/༠༡/༠༥

མཆན། 2

  1. དྲང་བདེན་གྱི་སློང་མོ་བ། says:
    ལོ་ 13 སྔོན།

    ལྕམ་མཱ་ཡ་གྷི་ར་ཧྥི་མཆོག་བཀའ་དྲིན་ཆེ། དེ་བཞིན་དཔལྡན་སྲིད་སྐྱོང་མཆོག་ནས་སྐབས་དང་དུས་འཇུས་ནས་ལྕམ་མཱ་ཡ་གྷི་ར་ཧྥི་མཆོག་དང་འབྲེལ་བ་གནང་ཐུབ་པ་དེ་དགའ་བསུ་ཡོད།

    Reply
  2. ཤག་སྒང་པ། says:
    ལོ་ 13 སྔོན།

    བཀྲ་ཤིས་སོ།།

    སུད་གཞུང་ལ་བཀའ་དྲིན་ཆེ་འོ།།

    ད་དུང་འཛམ་གླིང་མཐའ་ཁུག་ན་ལུས་པའི་མི་རིགས་ཚོས་ཀྱང་། ༧གོང་ས་མཆོག་གི་གསེར་ཞལ་མ་མཇལ་ཞིང་། བྱམས་བརྩེའི་མཉེན་གཤིན་གྱི་ཐུགས་དགོངས་མ་གཏོགས་པ་རྣམས་ཀྱིས་གང་མྱུར་གཏོགས་ནས་བོད་ཀྱི་འཚེ་མེད་རང་དབང་བདེ་སྐྱིད་ཀྱི་དུས་སྐབས་བཟང་པོ་ཛ་དྲག་ཏུ་འཆར་པར་སྨོན་ནོ།།

    གཞིས་ལུས་དཔའ་བོ་དཔའ་མོ་རྣམས་རྒྱལ་འགྱུར་ཅིག

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese