མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

བོད་པའི་སྤྱི་འཐུས་ཚོ་ནགས་ནང་ལ་ཤོར་བའི་སྟག་འདྲ་བོ་ཡིན།

བོད་ཀྱི་དུས་བབ།
༢༠༡༣/༠༥/༠༤
Share on FacebookShare on TwitterShare on EmailShare on Whatsapp

ཉེ་ཆར་བོད་ཀྱི་སྲིད་བྱུས་ཉམས་ཞིབ་ཁང་གི་གོ་སྒྲིག་འོག གངས་སྐྱིད་སྤྱི་ཐབ་ཚོགས་ཁང་དུ་༼རྒྱ་དམར་གྱི་མི་སྤྱོད་ལས་འདས་པའི་གདུག་རྩུབ་སྲིད་བྱུས་ལག་བསྟར་གྱིས་སྲེག་བཞིན་པའི་བོད་ནང་གི་ཛ་དྲག་གནས་སྟངས༽ཞེས་པའི་བརྗོད་གཞིའི་ཐོག་བོད་མཁས་པའི་བགྲོ་གླེང་ཞིག་ཚོགས་པ་དང་བསྟུན་ཏེ། རྩོམ་པ་པོ་སྤྱི་ཟུར་ཧོར་གཙང་འཇིགས་མེད་ལགས་སུ་བཅར་འདྲི་ཞུས་ཡོད།

དྲི་བ། བོད་མིའི་རང་ལུས་མེར་བསྲེགས་ཐོག་དགོངས་ཚུལ་གང་འདྲ་ཡོད་དམ།  

ལན། བོད་མིའི་རང་ལུས་མེར་བསྲེགས་ཐོག་ང་ལ་བཤད་རྒྱུ་མང་པོ་ཞིག་རག་མ་སོང་། རྩོམ་ཡིག་འབྲི་མཁན་རེ་ཟུང་གིས་ལུང་པ་གཞན་དག་ནང་གི་རང་ལུས་མེར་བསྲེགས་དང་འབྲེལ་བའི་གནས་ཚུལ་དྲང་ཡོང་སྟེ་རྒྱུ་མཚན་བཤད་རྒྱུ་མང་པོ་འདུག ངས་དེ་དག་ང་ཚོ་དང་ཐད་ཀར་འབྲེལ་བ་ཡོད་པ་ཞིག་ལ་མཐོང་གི་མེད། དེ་དོན་དག་གཅིག་རེད། གཉིས་པ། རྒྱ་རིགས་རྩོམ་པ་པོ་ཝང་ལི་ཞོན་གྱི་རྩོམ་ཡིག་ཅིག་ཏུ། བོད་མིའི་རང་ལུས་མེར་བསྲེགས་སྐོར་ལ་དོན་ཚན་མང་པོ་དབྱེ་འདུག དོན་ཚན་གཅིག་གི་ནང་རང་ལུས་མེར་བསྲེགས་གནང་མཁན་སྐོར་ཞིག་གིས་དཔའ་སྤོབས་ངོམ་པ་རེད་ཟེར་བ་ལྟ་བུ་བཀོད་འདུག འདི་ལྟར་དཔྱད་བརྗོད་ཀྱི་རྣམ་པའི་ཐོག་ནས་མི་སྒེར་གྱི་བསམ་ཚུལ་ལྟར་དོན་ཚན་མང་པོ་དབྱེ་ན། རང་ལུས་མེར་བསྲེགས་ཀྱི་ནང་དོན་དེ་ཁ་འཐོར་འགྲོ་བ་དང་། དོན་དག་ཆུང་ཆུང་ཆགས་འགྲོ་བའི་ཉེན་ཁ་ཡོད་པ་རེད་དྲན་གྱི་འདུག

དྲི་བ། ད་རེབ་བགྲོ་གླེང་ཐོག་ཁྱེད་ཀྱིས་གཏམ་བཤད་ནང་དོན་གང་འདྲ་གྲ་སྒྲིག་གནང་ཡོད་དམ།  

ལན། ངས་ད་ཐེངས་ག་རེ་བཤད་ཡོད་ཟེར་ན། བོད་ནང་དང་བཙན་བྱོལ་སྤྱི་ཚོགས། དེ་བཞིན་བཙན་བྱོལ་གྱི་བརྒྱུད་ལམ་ཁག་འདི་གསུམ་གྱི་བར་ན་ཁ་མ་གསང་བ་དང་། ར་མ་འཕྲོད་པའི་དོན་དག་ཆེན་པོ་ཞིག་ལྷག་འདུག་ཅེས་བཤད་པ་ཡིན། འདིའི་ཐོག་སྔོན་མ་ནས་ང་ལ་བློ་འཚབ་ཆེན་པོ་ཡོང་གི་འདུག དེ་གང་ཡིན་ཟེར་ན། བོད་ནང་གི་མི་མང་ལ་མཚོན་ན། ང་ཚོ་ཚང་མས་མཁྱེན་གསལ་རེད། རང་དབང་དང་ཐོབ་ཐང་གི་རྔ་རྡུང་ནས་འགྲོ་རྒྱུའི་གོ་སྐབས་ཡོད་པ་མ་རེད། བརྙན་འཕྲིན་དང་རླུང་འཕྲིན་དག་ལས་ཕྲན་བུ་རེ་གོ་བཞིན་ཡོད་པ་མ་གཏོགས། གཞན་ཁོང་ཚོས་འཛམ་གླིང་གི་གནས་ཚུལ་ཤེས་པའི་ལམ་ཁ་ཡོད་པ་མ་རེད། གནས་སྟངས་དེའི་འོག་ནས་ ༢༠༠༨ ལོའི་ཞི་རྒོལ་ཆེན་མོའི་སྐབས་ནས་བཟུང་ཕྱི་ལོགས་ཀྱི་ཚོགས་པ་ཁག་ཅིག་དང་ལས་འགུལ་བ་ཁག་ཅིག་གིས། བོད་ནང་གི་རྒྱ་ཆེའི་མི་མང་གི་སེམས་ཤུགས་ཧང་སང་བ་རེད། བསྔགས་བརྗོད་ཡོད། སྙིང་སྟོབས་དང་ཆོད་སེམས་ལ་འགྱུར་བ་མེད། ང་ཚོ་ཁྱེད་ཅག་གི་རྒྱབ་ཏུ་ཡོང་གི་ཡོད། ཅེས་པ་འདི་ཡང་ཡང་བསྒྲགས་པ་རེད། ཡིན་ནའང་རང་དབང་ལུང་པ་ནས་ངོ་རྒོལ་སྐད་འབོད་དང་། མར་མེ་ཁྲོམ་སྐོར། ཉིན་ཁ་ཤས་རེར་ཟས་བཅད་ངོ་རྒོལ་ཙམ་རེ་བྱེད་པ་ལས། དོན་ངོ་མས་ཐོག་ནས་ང་ཚོ་མི་གཅིག་ཁོང་ཅག་གི་རྗེས་སུ་ཕྱིན་མྱོང་ཡོད་དམ། མ་འོངས་པར་འགྲོ་ཐུབ་མཁན་ཡོང་གི་རེད་དམ། འདི་དྲི་བ་ཆེན་པོ་ཞིག་རེད། ངས་ད་རེབ་འདི་ལ་བསམ་བློ་ཏན་ཏན་གཏོང་དགོས་ཀྱི་འདུག་ཟེར་ནས་བཤད་པ་ཡིན།

དྲི་བ། ཉིད་ཀྱིས་བོད་ནང་དང་བཙན་བྱོལ་སྤྱི་ཚོགས། བཙན་བྱོལ་གྱི་བརྒྱུད་ལམ་ཁག་འདི་གསུམ་གྱི་བར་ན་ཁ་མ་གསང་བའི་དོན་དག་ཅིག་འདུག་ཟེར་བ་དེ་གང་ལ་བཤད་ཀྱི་ཡོད་དམ།

ལན། བོད་ནང་གི་བོད་མི་ཚོས་ཕྱི་ལོགས་ཀྱི་བོད་མི་གཅིག་པུར་རེ་བ་ཆེན་པོ་ཞིག་རྒྱག་གི་མེད་པ་གསལ་བོ་རེད། ཡིན་ནའང་ཁོང་ཅག་གི་སེམས་སུ་ནུབ་ཕྱོགས་ཀྱི་སྟོབས་ཤུགས་ཆེན་པོ་ཞིག་དང་། དྲག་ཆས་ཀྱི་དཔུང་རོགས་ཆེན་པོ་ཞིག་དྲང་ནས་ཡོང་གི་རེད་སྙམ་པའི་རེ་བ་ཞིག་དང་ཡིད་ཆེས་ཤིག་ཏན་ཏན་ཡོད་པ་རེད། སྔོན་མ་རིག་གནས་གསར་བརྗེ་སྐབས་སུ་ང་སྐྱེས་སའི་ཧོར་གཙང་ལུང་པར་མཱེ་ཀོ་ཏང་ཟེར་བ་ཞིག་བཙུགས་ཡོད། སྐབས་དེར་ག་རེ་བཤད་ཡོད་པ་རེད་ཟེར་ན་རྩ་འཛུགས་འདི་ལ་ཨ་རིའི་དྲག་ཚོན་གྱི་རྒྱབ་རོགས་ཡོང་གི་ཡོད་པ་རེད་ཟེར་ནས་བཤད་པ་རེད། རྗེས་སུ་མི་རྒྱུ་དང་གོ་མཚོན་གང་གི་རོགས་རམ་ཡང་བྱུང་ཡོད་པ་མ་རེད། དེའི་དབང་གིས་ས་གནས་ཀྱི་མི་དཔའ་བོ་མང་པོ་སྲོག་ཐོག་ལ་བཏང་བ་རེད། སྔོན་མ་དེ་འདྲ་བྱུང་བ་རེད། མ་འོངས་པར་ཡང་དེ་དང་ཆ་འདྲ་བོ་ཆགས་མི་སྲིད་པ་མ་རེད་ཟེར་གྱི་ཡོད། དྲང་བདེན། འཚེ་བ་མེད་པ། ཡང་དག་པ་གསུམ་གཞི་ལ་བཞག་སྟེ་བཙན་བྱོལ་བོད་མིའི་བཅའ་ཁྲིམས་རིན་པོ་ཆེ་གཏན་འབེབས་གནང་པ་རེད། ང་ཚོའི་དངོས་ཡོད་གནས་སྟངས་ཁ་གསང་བོས་ཐོག་ནས་ལ་ཕར་རྒྱབ་ལ་གསལ་བཤད་བྱེད་དགོས་ཀྱི་འདུག ང་ཚོར་ནུས་པ་དང་སྟོབས་ཤུགས། རྒྱབ་རོགས་སོགས་ག་རེ་ཡོད་མེད་ཁ་གསལ་བོ་མ་བཟོས་པར། མག་མོག་རབ་རིབ་ཏུ་བཞག་སྟེ། བོད་ནང་གི་བོད་མི་ཚོས་མུ་མཐུད་མེར་བསྲེགས་ཉེན་མཆོངས་བྱེད་བསྡད་ན། ཆབ་སྲིད་ཀྱི་ཐོག་ནས་ངས་ཤེས་ཀྱི་མེད་མོད། དྲང་བདེན། འཚེ་བ་མེད་པ་ཡང་དག་པ་གཞི་ལ་བཞག་པའི་གཞུང་ཞིག་གི་ངོས་ནས་ཀུན་སྤྱོད་ཏག་ཏག་བསྡད་མི་འདུག ཡ་རབས་བཟང་སྤྱོད་ཀྱི་ཐོག་ནས་འགྲིག་གི་མི་འདུག་ཟེར་གྱི་ཡོད།

དྲི་བ། ང་ཚོས་ཁྱོད་རང་གིས་བཤད་པ་ལྟར་གསལ་བཤད་བྱས་པ་ཡིན་ན། བོད་ནང་གི་བོད་མི་ཚོ་སེམས་ཤུགས་ཆག་གི་མ་རེད་དམ། 

ལན། འདི་གནས་སྐབས་རིང་སེམས་ཤུགས་ཆག་དང་མི་ཆག་གི་གནད་དོན་ཞིག་མ་རེད། བོད་གཞིས་བྱེས་གཉིས་ཀྱི་ཕུགས་བསམ་མཛའ་འབྲེལ་དང་འཐབ་རྩོད་བརྟན་བརླིང་རྒྱུན་གནས་ལ་འབྲེལ་བ་ཡོད་པ་ཞིག་རེད། ང་ཚོར་གང་ཡོད་པ་དང་གང་མེད་པ་གཉིས་ཁ་གསང་དགོས། ང་ཚོ་བོད་ནང་ལ་སྐྱིད་སྡུག་མཉམ་མྱོང་བྱེད་དུ་འགྲོ་ཐུབ་ཀྱི་མེད་པ་དང་། བོད་བྱེས་པའི་རྒྱབ་ལོགས་ན་དམག་དང་མཚོན་ཆ། མི་དང་རྒྱུ་སོགས་ཀྱི་དཔུང་རོགས་སྟོབས་ཆེན་གང་ཡང་ཡོང་རྒྱུ་མེད་པ་གསལ་བོ་བཟོ་དགོས་པ་རེད། གཉིས་པ། ང་ཚོས་བྱེད་ཐུབ་པ་དེ་བོད་མི་རེ་འདས་གྲོངས་སུ་ཕྱིན་སྐབས། མར་མེ་ཁྲོམ་སྐོར་དང་མཆོད་འབུལ་སྨོན་ལམ། ཕྱི་རྒྱལ་ཁག་ཏུ་ཞུ་འབོད་སོགས་སྔོན་མ་ནས་བྱེད་ཀྱི་ཡོད་ལ་མ་འོངས་པར་ཡང་བྱེད་ངེས་ཡིན། དེ་ལས་ལྷག་པའི་ང་ཚོར་རེ་བ་དང་ཡིད་ཆེས་བྱེད་ས་མེད་པ་གསལ་བོ་བཟོ་དགོས། ཕྱི་ལོགས་རང་དབང་ལུང་པར་སྡོད་པའི་བོད་མི་ཚོས་གཞིས་པ་ཚོར་དྲང་མོ་མ་བྱས། གཞིས་པ་ཚོས་ཕྱི་སྡོད་བོད་མི་ཚོར་དྲང་མོ་མ་བྱས། ཕན་ཚུན་བར་གྱི་ཡིད་ཆེས་བརླག་པའི་ཉི་མ་ཞིག་འཆར་བ་ཡིན་ན། བོད་གཞིས་བྱེས་ལྷན་འཛོམས་ཟེར་བ་འདི་རིགས་རང་བཞིན་གྱིས་འགག་འགྲོ་བ་རེད།

དྲི་བ། བོད་ཕྱི་ནང་གི་རང་ལུས་མེར་བསྲེགས་ལས་འགུལ་འདིར་གྲུབ་འབྲས་འཐོན་མིན་ཐོག་གཟིགས་ཕྱོགས་གང་འདྲ་ཡོད་དམ།

ལན། རང་ལུས་མེར་བསྲེགས་ལ་གྲུབ་འབྲས་ཐོན་མིན་ཐོག་གླེང་སློང་མང་པོ་འགྲོ་བཞིན་འདུག ཡིན་ནའང་ཁ་ཤས་ཀྱིས་ཏུའུ་ནེ་ཤི་ཡ་ལྟ་བུའི་ལུང་པ་ཆུང་ཆུང་སྟོབས་ཤུགས་མེད་པ་དེ་འདྲ་དཔེ་མཚོན་ལ་དྲངས་ཏེ། བོད་མིའི་རང་ལུས་མེར་བསྲེགས་ལ་གྲུབ་འབྲས་མི་འདུག་ཟེར་མཁན་ཡོང་གི་འདུག དེ་དཔེ་མཚོན་ཡང་དག་ཅིག་མ་རེད། རྒྱ་ནག་གི་དམག་མིའི་གྲངས་འབོར་བོད་མི་ས་ཡ་དྲུག་གི་གྲངས་འབོར་ལས་ལྡབ་ཁ་ཤས་མང་བ་ཡོད། དེ་འདྲ་ཞིག་གི་འོག་ནས་མི་ཁ་ཤས་ཀྱིས་རང་ལུས་མེར་བསྲེགས་གནང་མ་ཐག་གྲུབ་འབྲས་དཀའ་ལས་ཁག་པོ་རེད། ཡིན་ནའང་ལྟོས་ས་ལྟོས་འཇོག་གིས་གྲུབ་འབྲས་ཆེན་པོ་ཐོན་ཡོད། རྒྱ་གཞུང་གིས་ད་བར་མེར་བསྲེགས་ཐད་སྐྱག་རྫུན་ག་ཚོད་བཤད་དགོས་ཐུག་སོང་། སྐད་ཆ་བཤད་སྟངས་ལ་འགྱུར་བ་ག་ཚོད་གཏོང་དགོས་བྱུང་ཡོད། དབུས་ཆེས་མཐོའི་མི་དམངས་ཁྲིམས་ཁང་ནས་ས་གནས་གྲོང་གསེབ་ཀྱི་དགེ་རྒན་དང་སྨན་པ་ཚུན་གྱིས་རང་ལུས་མེར་བསྲེགས་ཐོག་དོ་དམ་དང་ལས་ཀ་བྱེད་དགོས་བྱུང་བ་དེ་གྲུབ་འབྲས་ཆེན་པོ་ཞིག་ལ་ངོས་འཛིན་བྱེད་ཀྱིན་ཡོད། 

དྲི་བ། དེང་སྐབས་བཙན་བྱོལ་སྤྱི་ཚོགས་ནང་བོད་རང་བཙན་ཤོད་མཁན་ཇེ་མང་དུ་འགྲོ་བཞིན་པའི་ཐོག་གཟིགས་ཚུལ་གང་འདྲ་ཡོད། 

ལན། ང་ཚོ་ཐོག་མ་སྐྱབས་བཅོལ་དུ་སླེབས་པ་ནས་བཟུང་དམངས་གཙོའི་ལམ་དུ་འགྲོ་མགོ་ཚུགས་ཡོད་པ་རེད། འདས་པོའི་མི་ལོ་ལྔ་བཅུའི་རིང་དམངས་གཙོའི་འཕེལ་རིམ་ཚད་དགའ་རབ་ཅིག་ལ་བསླེབས་ཡོད། སོ་སོས་ག་རེ་བཤད་ན་རང་དབང་རེད། རང་བཙན་དང་ལམ་དབུ་མ་གང་ཡང་བཤད་ཆོག་གི་རེད། ཡིན་ནའང་གཙོ་ཆེ་ཤོས་དེ། ༧རྒྱལ་བ་རིན་པོ་ཆེ་འདི་བོད་མི་ས་ཡ་དྲུག་གི་སྟོབས་ཤུགས་ཆེན་པོ་ཞིག་རེད། ང་ཚོས་སྟོབས་ཤུགས་འདི་ལ་བརྟེན་ཏེ་སོ་སོའི་དཀའ་ངལ་སེལ་ཐུབ་པའི་ཕྱོགས་སུ་བསྐྱོད་ཐུབ་ཀྱི་མི་འདུག་སྙམ་པའི་བསམ་ཚུལ་དེ་སྔོན་མ་ནས་ཡོད། སྟོབས་ཤུགས་འདི་ཡོད་པའི་ཁ་ཐུག་ལ་ཡ་གས་ཡར་བཤད། མ་གས་མར་བཤད་དེ་སོང་བ་ཡིན་ན། ཉི་མ་ཞིག་ལ་སྟོང་ལྷང་ལྷང་ཆགས་དུས་གསབ་ཐབས་མེད་པའི་བློ་འགྱོད་ཆེན་པོ་ཞིག་ཆགས་མི་ཡོང་ངམ་སྙམ་པའི་སེམས་འཚབ་ཅིག་རྟག་པར་འཁོར་གྱི་འདུག ངའི་དྲན་ཚུལ་འདི་གཅིག་བྱས་ན་ཆབ་སྲིད་མ་ཤེས་པའི་ལྐུག་རྟགས་ཡིན་སྲིད་པ་རེད།

དྲི་བ། སྤྱི་འཐུས་གྲོས་ཚོཊ་ནང་མི་ཁ་ཤས་ཀྱིས་རང་བཙན་བཤད་སྐབས། དབུ་མའི་ལམ་གཏན་འབེབས་སྐབས་ཀྱི་སྤྱི་མོས་གྲོས་ཆོད་དང་། བཙན་བྱོལ་བོད་མིའི་བཅའ་སྒྲིག་སོཊ་ལ་འགལ་མིན་གྱི་གླེང་ཕྱོཊ་ཡོང་གི་ཡོད་པའི་ཐད་ངོས་འཛིན་གང་འདྲ་ཡོད་དམ།

ལན། ཁྲིམས་སྒྲིག་དང་འགལ་ཡོད་མེད་ངས་བཤད་ཤེས་ཀྱི་མེད། ང་ཚོ་བོད་པའི་སྤྱི་འཐུས་ཚོ་ཤིང་ནགས་གསེང་ལ་ཤོར་བའི་སྟག་དང་འདྲ་བོ་ཡོད། ཁོ་ལ་འོས་ཤོག་ཐོབ་ཚར་བའི་ཉི་མ་དེ་ནས་བཟུང་སྐེ་ཡི་ལྕགས་ཐག་བཀྲོལ་ནས་ཤིང་ནགས་གསེང་ལ་ཤོར་བ་དང་གཅིག་པ་རེད། ཁོ་ལ་སྐྲག་ས་འཇིགས་ས་དང་། བརྩི་དགོས་ས་གཅིག་ཀྱང་མེད་པ་ལྟ་བུ་ཆགས་ཡོད། དེ་འདྲའི་མི་ཞིག་ལ་ང་ཚོར་བྱེད་ཐབས་གང་ཡང་ཡོད་པ་མ་རེད། མང་ཚོགས་ནང་གྲོས་ཚོགས་འཐུས་མིས་བཤད་སྤྱོད་འགྲིག་གི་མེད་པའི་ལྟ་སྟངས་ཡོད་ན། ཨང་དང་པོ་འོས་ཤོག་ལྡུག་མཁན་མི་མང་གིས་དགོངས་པ་བཞེས་དགོས་པ་ཆགས་ཡོད།  

དྲི་བ། མང་ཚོགས་ནང་དབུ་མའི་ལམ་ལ་གྲུབ་འབྲས་མེད་པའི་དགོངས་ཚུལ་ཤུགས་ཆེ་རུ་འགྲོ་བཞིན་ཡོད་པའི་ཐོག་ཁྱེད་རང་ལ་དགོངས་ཚུལ་གང་འདྲ་ཡོད་དམ། 

ལན། ཁྱེད་རང་གསར་འགོད་པ་ཞིག་ཡིན་དུས་ཚིག་བེད་སྤྱོད་གཏོང་ཕྱོགས་ལ་གཟབ་དགོས་པ་རེད། མི་མང་ནང་བསམ་ཚུལ་ཤུགས་ཆེན་པོ་ཡོང་གི་འདུག་ཟེར་བ་དེར་ངོས་ལེན་མེད། བསམ་ཚུལ་ཡོད་མཁན་ཁ་ཤས་ཏན་ཏན་ཡོད་པ་རེད། ཡིན་ནའང་བོད་པའི་སྤྱི་ཚོགས་ཆེ་ཆུང་ལ་མ་ལྟོས་པར་བསམ་ཚུལ་སྣ་ཚོགས་ཡོང་སྲིད་པ་རེད། དབུ་མའི་ལམ་གྱི་གྲུབ་འབྲས་བཤད་དགོས་ན་དུས་ཚོད་ཐུང་ཐུང་ནང་རྫོགས་པ་ཞིག་མ་རེད། རྡོག་རྡོག་བཤད་ན། དེང་སྐབས་བོད་ཕྱི་ནང་གཉིས་སུ་སྒུལ་ཤུགས་དང་གཡོ་འཁྱོམ་ཆེན་པོ་ཡོང་གི་ཡོད་པ་དེ་དབུ་མའི་ལམ་ལ་བརྟེན་ཏེ་བྱུང་བ་རེད།

༧གོང་ས་མཆོག་གིས་འཛིན་སྐྱོང་དང་ཆབ་སྲིད་ཀྱི་སྐུ་དབང་ཡོངས་རྫོགས་མི་མང་གིས་བདམས་པའི་མགོ་འཁྲིད་ཚོར་ཕུལ་ཚར་བ་རེད། ད་ལྟའི་སྲིད་སྐྱོང་སྔོན་མ་བཀའ་ཁྲིའི་འོས་གཞིར་ལངས་སྐབས། ངས་ལམ་དབུ་མར་ལུས་ངག་ཡིད་གསུམ་གྱིས་ཡིད་ཆེས་བྱེད་ཀྱི་ཡོད། མ་འོངས་པར་མུ་མཐུད་ནས་སྲིད་བྱུས་འདི་རྒྱུན་འཁྱོང་བྱེད་རྒྱུ་ཡིན་ཞེས་ཁས་ལེན་གནང་བ་རེད་མ་གཏོགས། ༧གོང་ས་མཆོག་གིས་སྲིད་བྱུས་འདི་ངེས་པར་དུ་མུ་མཐུད་དགོས་གསུངས་ཡོད་པ་མ་རེད། གལ་སྲིད་དབུ་མའི་ལམ་ལ་གྲུབ་འབྲས་མེད་པ་ཞིག་ལ་མཐོང་གི་ཡོད་ན། གཞུང་གི་མགོ་ཁྲིད་མི་མང་གིས་འདེམས་ཀྱིན་ཡོད་ལ། སོ་སོའི་ངོ་ཚབ་སྤྱི་འཐུས་ཀྱང་མི་མང་གིས་འདེམས་ཀྱིན་ཡོད་སྟབས། བརྒྱུད་ལམ་འདི་གཉིས་བརྒྱུད་དེ་ཁྲིམས་དང་སྒྲིག་གཞི་ལ་འགྱུར་བ་བཏང་སྟེ། ལམ་ཁ་ཡང་དག་པ་དེར་བསྐྱོད་ན་མ་འགྲིག་པ་ཡོད་པ་མ་རེད།

དྲི་བ། བཀའ་ཤག་སྐབས་བཅུ་བཞི་བའི་ཕྱག་ལས་མགོ་འཛུགས་གནང་སྟེ་ལོ་གཅིག་ལྷག་ཕྱིན་ཚར་བ་རེད། དུས་ཡུན་འདིའི་རིང་ཕྱག་ལས་གནང་སྟངས་དང་སྲིད་བྱུས་འཛིན་ཕྱོགས་ཐོག་དགོངས་ཚུལ་གང་འདྲ་ཡོད་དམ།

ལན། འདིའི་སྐོར་ངས་ཤེས་ཀྱི་མེད། གཞི་རྩའི་ང་ད་ལྟ་སྡོད་ས་ངྷ་རམ་ས་ལ་མ་རེད། ཡིན་ནའང་སོ་སོས་སྔོན་མ་ནས་བཀའ་ཤག་སྐབས་བཅུ་བཞི་བས་འདི་དང་དེ་གནང་དགོས་པ་རེད་བསམ་བསམ་ཁ་ཤས་ཡོད། ད་ལྟའི་སྲིད་སྐྱོང་སྔོན་མ་བཀའ་ཁྲིའི་འོས་མིར་བཞེངས་སྐབས། མི་མང་ལ་དོན་དག་མང་པོ་ཞིག་ཁས་ལེན་བྱས་པའི་ཁྲོད་ནས་གཙོ་བོ་ཞིག་གསར་གཏོད་དང་རང་ཁ་རང་གསོ། ཆིག་སྒྲིལ་གསུམ་རེད། དེ་མི་མང་གིས་ཀྱང་བློ་ལ་འབབ་པོ་བྱུང་སྟེ་ཁོ་ལ་རྒྱབ་སྐྱོར་ཐོབ་པ་རེད། ད་བར་གསར་གཏོད་ག་རེ་བྱས་ཡོད་མེད་གོ་ཐོས་མ་བྱུང་། གལ་སྲིད་བྱས་མེད་ན་ངེས་པར་དུ་བྱེད་དགོས་པ་རེད། དེ་བཞིན་རང་ཁ་རང་གསོ་དང་ཆིག་བསྒྲིལ་ལ་མཚོན་ནའང་གཅིག་པ་རེད། དེ་བས་གལ་ཆེ་ཤོས་ཤིག བོད་ནང་རིགས་གཅིག་རྐང་འཛིན་འབུམ་གཅིག་དང་། སྐྱབས་བཅོལ་ནང་ཁྲི་ལྔ་སྐྱེད་སྲིང་བྱེད་རྒྱུ་ཡིན་ཟེར་ནས་ཁས་ལེན་གནང་ཡོད་པ་རེད། ད་ལྟ་ལོ་གཉིས་མ་ཟིན་ཙམ་ཞིག་འགྲོ་ཚར་རེད། མ་མཐར་ཡང་ཁས་ལན་དེ་དག་གི་མཐའ་འབྲས་སྟོན་ཐུབ་མེད་ཀྱང་མགོ་འཛུགས་ཀྱི་ལམ་བུ་གསལ་གསལ་ཐང་ཐང་ཞིག་སྟོན་རྒྱུ་དགོས་པ་རེད།

དྲི་བ། བཀའ་ཤག་སྐབས་བཅུ་བཞི་བས་ཕྱི་རྒྱལ་ཁག་ཏུ་བོད་དོན་ཞུ་གཏུག་སྐོར་སྐྱོད་དང་། རྒྱ་གར་མི་མང་ནང་བོད་དོན་དྲིལ་བསྒྲགས་ཤུགས་ཆེན་པོ་གནང་གི་ཡོད་པའི་ཐོག་དགོངས་ཚུལ་གང་འདྲ་ཡོད།

ལན། ངས་མཐོང་སྟངས་བྱས་ན། བཀའ་བློན་རྣམ་པ་དང་བོད་མིའི་སྒྲིག་འཛུགས་ཀྱི་གནད་ཡོད་དེ་ཚོ་༧གོང་ས་མཆོག་གང་ལ་ཕེབས་ན། དེའི་རྗེས་སུ་འབྲང་སྟེ་རྒྱུག་བསྡད་པའི་བཟོ་འདྲ་ཞིག་མཐོང་སོང་། ངའི་ངོ་ཤེས་གྲོགས་པོ་ཚོར་ཡང་ལྟ་ཚུལ་དེ་འདྲ་འདུག དེ་ཡག་པོ་ཞིག་ལ་ཁྱོན་ནས་མཐོང་མ་སོང་། ༧གོང་ས་མཆོག་གིས་ཆབ་སྲིད་དང་འཛིན་སྐྱོང་གི་འགན་དབང་ཆ་ཚང་རྩིས་སྤྲད་ཚར་བ་རེད། ཆབ་སྲིད་ཀྱི་ལས་ཀ་བྱེད་མཁན་དེ་ཚོས་༧གོང་ས་མཆོག་དང་སྟབས་བསྟུན་བྱས་ཏེ་ལས་ཀ་བྱས་བསྡད་པ་ཡིན་ན། རྒྱལ་སྤྱིའི་ཐོག་ནས་ལྟ་སྣང་མཐོང་སྣང་ཡག་པོ་ཡོང་གི་མ་རེད། དེ་དོན་དག་གཅིག་རེད།

གཉིས་པ། ཕྱི་རྒྱལ་ཁག་ཏུ་ཕྱིན་ཏེ་གྲུབ་འབྲས་གང་འདྲ་ཐོན་ཡོད་མེད་དེ། བཀའ་ཤག་སྐབས་སྔོན་མ་ཚོ་ཡང་ཕྱི་ལོགས་སུ་མང་པོ་ཕེབས་ཚར་བ་རེད། མཉམ་འབྲེལ་རྒྱལ་ཚོགས་དང་ཨ་རིའི་ཁང་པ་དཀར་པོའི་ནང་ཐེངས་མང་ཕྱིན་ཡོད། རྒྱལ་ཁབ་ཁག་གི་གྲོས་ཚོགས་གོང་འོག་ལ་ཐུག་འཕྲད་མང་པོ་བྱས་པ་རེད། ཡིན་ནའང་དེང་གི་གོ་ལ་གཅིག་གྱུར་གྱི་དཔལ་འབྱོར་འགྲོ་སྟངས་འདིའི་ཐོག་ནས་རྒྱལ་ཁབ་སྟོབས་ཆེན་གང་འདྲ་ཡིན་རུང་སོ་སོའི་རྒྱལ་ཁབ་ཀྱི་མངོན་འདོད་དབྱིན་སྐད་ནང་(National Interest)འདི་ལས་ལྷག་གི་འགན་ཞིག་མཉམ་འཁྱེར་བྱེད་ཐུབ་ཀྱི་མེད་སྟབས། བོད་དོན་ཐོག་ལའང་དེ་ལས་ལྷག་གི་རོགས་རམ་དང་རྒྱབ་སྐྱོར་ཡོང་གི་རེད་བསམ་པའི་ཡིད་ཆེས་བྱེད་ཐུབ་ཀྱི་མི་འདུག

གསར་འགོད་པ། དོན་འགྲུབ་བཀྲ་ཤིས།

འབྲེལ་ཡོད་གསར་འགྱུར།

Meditation: Reflections of His Holiness the Dalai Lama, featuring Amjad Ali Khan, Amaan Ali Bangash, Ayaan Ali Bangash, and Kabir Sehgal, has earned a Grammy nomination for Best Audio Book, Narration & Storytelling Recording
༧གོང་ས་མཆོག གསུང་འཕྲིན།

༸གོང་ས་མཆོག་ལ་གྷི་རེ་མི་ཡི་གཟེངས་རྟགས་ཐོབ།

ཆུ་ཚོད་ ༢༡ སྔོན་ལ།
Mobile App

བཙན་བྱོལ་བོད་མིའི་སྲིད་སྤྱི་གཉིས་ཀྱི་སྔོན་འགྲོའི་འོས་བླུག་བཞིན་པ།

༢༠༢༦/༠༢/༠༡
Mobile App

བོད་ནི་གནའ་སྔ་མོ་ནས་རྒྱ་ནག་གི་ཆ་ཤིས་མིན་ཞེས་པའི་དཔེ་དེབ་ཅིག་དབུ་འབྱེད་བྱས་འདུག

༢༠༢༦/༠༡/༣༠
གསར་འགྱུར།

འབའ་ཁྲི་བློ་བཟང་ལུང་རིགས་ལགས་འཛིན་བཟུང་བྱས་འདུག

༢༠༢༦/༠༡/༣༠
གནས་མཆོག་རྡོ་རྗེ་གདན་དུ་ཡོད་པའི་ཞེ་ཆེན་དགོན་དུ་ནང་པའི་གསར་གཏོད་ཀྱི་ཚོགས་ཆེན་ཐེངས་དང་པོ་འཚོག་བཞིན་པ། ༢༠༢༥།༡།༢༩ དུས་བབ་གསར་ཁང་གིས་པར་སྒྲིག་སྦྱོར་བྱས།
Mobile App

ནང་པའི་གསར་གཏོད་ཀྱི་ཚོགས་ཆེན་ཐེངས་དང་པོ་འཚོག་བཞིན་འདུག 

༢༠༢༦/༠༡/༢༩
British Prime Minister Keir Starmer with Chinese President Xi Jinping. Image source - X/@EuroPostAgency
གསར་འགྱུར།

བོད་ནང་གི་བཅའ་སྡོད་སློབ་གྲྭའི་ལམ་ལུགས་མཚམས་འཇོག་དགོས་པའི་འབོད་སྐུལ་ཞུ་ཡིག་ཕུལ།

༢༠༢༦/༠༡/༢༨

མཆན། 2

  1. ཤག་སྒང་པ། says:
    ལོ་ 13 སྔོན།

    བཀའ་མོལ་འཐད་པོ་གསུངས་འདུག

    དབུ་མ་པ་ཞིག་ཀྱང་ཡིན་ངེས་འདུག

    དཔྱད་ཞིབ་དང་འགན་འཁུར་གྱི་གཏམ་འགའ་རེའང་མཇལ་སོང་ལ།

    དོགས་བསུའི་རྨོངས་འཆལ་ཡང་རེ་འགའ་འདུག་སྙམ།

    Reply
  2. སྦྲ་ནག says:
    ལོ་ 13 སྔོན།

    ཧོར་འཇིགས་ལགས་ཀྱིས་དངོས་ཡོད་ཀྱི་སྤྱི་ཚོགས་ཀྱི་གནས་བབ་ལ་གཞིགས་པའི་བཀའ་ལན་ཡག་པོ་གནང་འདུག འོན་ཀྱང་དེང་སང་སྤྱི་ཚོགས་སུ་འདི་འདྲའི་གཏམ་འགྲོ་རྒྱུ་ཁག་པོ་འདུག

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese