མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

འཐབ་རྩོད་སྟོབས་ཤུཊ་ཆིག་སྒྲིལ་ཡོང་ཐབས།

བོད་ཀྱི་དུས་བབ།
༢༠༡༣/༠༥/༢༠
Share on FacebookShare on TwitterShare on EmailShare on Whatsapp

གཟའ་སྤེན་པའི་ཉིན་སུད་སིར་བོད་དོན་འཐབ་རྩོད་ཀྱི་སྟོབས་ཤུགས་གཅིག་སྒྲིལ་ཡོང་ཐབས་དང་འབྲེལ་བའི་སྐོར་ལ་བགྲོ་གླེང་ཞིག་གནང་ཡོད་འདུག

གནས་ཚུལ་བཏང་འབྱོར་བྱུང་བ་ལྟར་ན། ཟླ་འདིའི་ཕྱི་ཚེས་ ༡༨ ཉིན་གྱི་ཆུ་ཚོད་ ༡།༣༠ ནས་༥།༣༠ པའི་བར། སུད་སིའི་བོད་ཀྱི་མི་རབས་གསར་བའི་མཐུན་ཚོགས་ཀྱི་གོ་སྒྲིག་འོག སུད་སི་ཛུ་རིག་ཏུ་ཡུ་རོབ་སྐུ་ཚབ་སྐལ་བཟང་རྒྱལ་མཚན་དང་། སུད་སི་རི་ཀོན་བོད་ཡིག་སློབ་གྲྭའི་དགེ་རྒན་ཟམ་མདོ་བྱམས་པ་ལགས། གཞན་སུད་སིའི་ནང་ཡོད་པའི་ཆོལ་ཀ་གསུམ་གྱི་ཚོགས་གཙོ་དང་སྐུ་ཚབ། ཡུ་རོབ་གཞོན་ནུའུ་མཐུན་ཚོགས། སུད་སི་བོད་ཀྱི་བུད་མེད་ཚོགས་པའི་སྐུ་ཚབ། བོད་ཀྱི་མི་རབས་གསར་བའི་མཐུན་ཚོགས་ཀྱི་ཚོགས་གཙོ་བཅས་ནས། བོད་དོན་འཐབ་རྩོད་ཀྱི་སྟོབས་ཤུགས་གཅིག་སྒྲིལ་ཡོང་ཐབས་དང་འབྲེལ་བའི་བརྗོད་ཐོག་བགྲོ་གླེང་ཞིག་གནང་ཡོད་འདུག

ཐེངས་འདིའི་བགྲོ་གླེང་དེ་བོད་ཀྱི་མི་རབས་གསར་བའི་མཐུན་ཚོགས་ཀྱི་ལས་འཆར་ལྟར། ལོ་རེར་སུད་སི་དང་རྒྱ་གར་ནང་བཅས་སུ་བགྲོ་གླེང་ཐེངས་རེ་གོ་སྒྲིག་ཞུ་བཞིན་ཡོད་པ་ལྟར། སུད་སིའི་ནང་གཞུང་འབྲེལ་དང་གཞུང་འབྲེལ་མིན་པའི་ཚོགས་སྡེ་ཁག་གི་མཛད་གཙོ་རྣམས་སྡིངས་ཆ་གཅིག་ཏུ་ལྷན་འཛོམས་ཀྱིས། བོད་པའི་འཐབ་རྩོད་ཁ་ཕྱོགས་དང་ལས་འགུལ་སྤེལ་ཕྱོགས། ཆོལ་གསུམ་རྡོག་རྩ་གཅིག་སྒྲིལ་ཡོང་ཐབས་བཅས་ཀྱི་ཐོག་བགྲོ་གླེང་གནང་རྗེས་མི་མང་དང་དྲི་བ་དྲིས་ལན་དང་། བསམ་ཚུལ་བརྗེ་རེས་བཅས་གནང་ཡོད་འདུག གཞན། བགྲོ་གླེང་ཐོག་དམིགས་བསལ་སྐུ་མགྲོན་ཏུ་ཨ་རིར་གནས་བཞུགས་དང་བོད་དོན་ཆེད་ཡུ་རོབ་རྒྱལ་ཁབ་ཁག་ནང་ལྕགས་རྟ་སྐོར་སྐྱོད་གནང་མཁན་རིན་པོ་ལགས་མཉམ་ཞུགས་གནང་སྟེ། ཁོང་གི་ལས་འགུལ་སྤེལ་དགོས་པའི་རྒྱུ་མཚན་དང་། མི་མང་གིས་བོད་དོན་ལ་འགན་ཁྱེར་ཕྱོགས་བཅས་ཀྱི་ཐོག་གཏམ་བཤད་གནང་ཡོད་འདུག

བོད་ཀྱི་མི་རབས་གསར་བའི་མཐུན་ཚོགས་ཀྱི་དྲུང་ཡིག་ཕུན་ཚོགས་ལགས་ཀྱིས་བགྲོ་གླེང་ངོ་སྤྲོད་དང་འབྲེལ། བོད་པའི་ད་ལྟའི་སྤྱི་ཆོགས་གནས་བབ་དང་། ལྷག་དོན་བཙན་བྱོལ་ནང་གི་བོད་མི་ཚོ་ཆབ་སྲིད་ཀྱི་གོ་རྟོགས་ཧ་ཅང་སྐྱོ་བ་དང་། ཆབ་སྲིད་ལ་དོ་སྣང་མེད་པའི་གནས་སྟངས་འོག་༧གོང་ས་མཆོག་གཙོས་པའི་གཞུང་གི་མཛད་གཙོ་རྣམ་པ་དང་། གཞུང་འབྲེལ་མིན་པའི་ཚོགས་སྡེ་ཁག་གི་དབུ་ཁྲིད། ལྷག་དོན་མཁས་དབང་ཁག་གིས་ཆབ་སྲིད་དཔྱད་ཞིབ་ལ་ངོས་འཛིན་གནང་མ་ཐུབ་པའི་དབང་གིས། བོད་ཀྱི་སྤྱི་ཚོགས་འདི་ཉིད་དཀའ་རྙོག་ནང་ནས་མུ་མཐུད་སྡོད་དགོས་བྱུང་བ་དང་། འདི་ལྟའི་བགྲོ་གླེང་དང་བསམ་ཞིབ། གྲོས་བསྡུར་བཅས་བརྒྱུད་ནས་མི་མང་གི་ཤེས་ཡོན་སྤྱི་དང་། ཁྱད་པར་ཆབ་སྲིད་ཐད་གོ་རྟོགས་སྤེལ་རྒྱུ་གལ་ཆེན་དུ་མཐོང་གི་ཡོད་སྐོར་སོགས་བརྗོད་འདུག 

བགྲོ་གླེང་མཇུག་དུ་བོད་ཀྱི་མི་རབས་གསར་བའི་མཐུན་ཚོགས་ཀྱི་ཚོགས་གཞོན་མཁར་འཕགས་ལགས་ཀྱིས། བོད་ཀྱི་མི་རབས་གསར་བའི་མཐུན་ཚོགས་ངོ་སྤྲོད་དང་སྦྲགས། གསལ་བོར་བཤད་དགོས་པ་ཞིག་ནི། ང་ཚོས་གཞུང་གི་ལངས་ཕྱོགས་ལ་རྒྱབ་སྐྱོར་གཙང་མ་བྱེད་རྒྱུ་ཡིན་ཞེས་བརྗོད་སྐབས། མི་རེ་ཟུང་ཞིག་གིས་ང་ཚོའི་ཚོགས་པ་འདི་ནི་རང་བཙན་རྩོད་མཁན་རྣམས་ལ་ཁ་གཏད་གཅོག་ཆེད་རེད་ཟེར་གྱི་ཡོད་པ་ནི་དོན་དངོས་དང་མི་མཐུན་ཞིང་། ལྷག་དོན་ང་ཚོའི་ཚོགས་པ་འདིས་མི་རབས་རྒན་གཞོན་བར་དཀྲུག་ཤིང་རྒྱག་གི་འདུག་པའི་བསམ་ཚུལ་ཤོད་མཁན་ཡོད་པ་བཅས་ནི་ཆེད་དུ་ཚོགས་པར་མིང་ཆལ་བཟོ་ཐབས་བྱེད་ཀྱི་ཡོད་པ། ང་ཚོས་དམིགས་ཡུལ་དོན་ཚན་དགུ་ལ་ཤར་སྐྱོད་གནང་དགོས་དོན་ནི་མི་རབས་རྒན་པ་ཚོས་མི་ཚེ་ཧྲིལ་བོར་དཀའ་ལས་བརྒྱབ་ཚར་བ་རྣམས་ཀྱི་བཀའ་དྲིན་དྲན་པའི་སྒོ་ནས། མི་རབས་གསར་བ་རྣམས་ཀྱིས་བོད་དོན་ཐད་འགན་ལེན་གནང་དགོས་པའི་རྒྱུ་མཚན་ལ་བརྟེན་ནས། བོད་ཀྱི་མི་རབས་གསར་བའི་མཐུན་ཚོགས་ཞེས་སུ་མིང་འདོག་བྱས་ཡོད་པ་དང་། གཞན་ང་ཚོའི་ལས་འགུལ་གང་ཞིག་ཡིན་ན་བསམ་ཤེས་དང་གུ་ཡངས། གུས་བརྩི་བཅས་ཀྱི་ཐོག་ནས་འགྲོ་བཞིན་ཡོད་སྐོར་སོགས་བརྗོད་ཡོད་འདུག 

འབྲེལ་ཡོད་གསར་འགྱུར།

Mobile App

དེབ་ཀྱི་ཚོང་བྲིན་ལས་བརྗོད་བྱའི་ནང་དོན་ལ་བལྟ་རྒྱུ་གནད་འགག་ཆེན་པོ་རེད།

༢༠༢༦/༠༤/༠༣
Mobile App

ཨིན་བོད་འབྲེལ་ལམ་དང་སར་སྦེ་སིལ་སྒུལཌ་ཞེས་པའི་དུས་ཐུང་འགྲེམས་སྟོན་དབུ་འབྱེད་གནང་།

༢༠༢༦/༠༤/༠༣
A large crowd walks in a market area outside Dadar station in Mumbai, India, Friday, March 17, 2023. [AP Photo/Rajanish Kakade]
Mobile App

རྒྱ་གར་གྱིས་མི་འབོར་གྲངས་བཤེར་བྱེད་མགོ་བཙུགས། 

༢༠༢༦/༠༤/༠༢
NASA's Artemis II mission to fly by the moon, comprising of the Space Launch System (SLS) rocket with the Orion crew capsule, lifts off from the Kennedy Space Center in Cape Canaveral, Florida, U.S., April 1, 2026. REUTERS/Joe Skipper Purchase Licensing Rights
Mobile App

ཨ་རིས་ཟླ་བའི་སྟེང་མཁའ་འགྲུལ་བ་བཞི་བཏང་།

༢༠༢༦/༠༤/༠༢
Mobile App

རྒྱ་གར་ནང་རྒྱ་ནག་གི་ཉེན་སྲུང་བརྙན་མིག་བཀག་སྡོམ་བྱས་འདུག

༢༠༢༦/༠༤/༠༡
Tibettimes Photo 2025/9/16
Mobile App

དགེ་འདུན་པ་དར་རྒྱས་ལགས་སུ་ལོ་ངོ་བདུན་གྱི་བཙོན་འཇུག་ཁྲིམས་ཐག་བཅད།

༢༠༢༦/༠༤/༠༡

མཆན། 3

  1. བཟོད་པ་རྒྱ་མཚོ། says:
    ལོ་ 13 སྔོན།

    བོད་ཀྱི་མི་རབས་གསར་པའི་མཐུན་ཚོགས་ཀྱིས་ལས་འགུལ་དོན་ཕན་ལྡན་པ་མང་པོ་ཞིག་སྤེལ་གྱི་ཡོད་པ་ལས་རྒྱ་ནག་གཞུང་གི་རྒྱུག་ཁྱུ་དེ་དག་ཐེར་འདོན་གནང་བ་ལས་དོན་རླབས་ཆེན་རེད། གནས་ཚུལ་དེ་སུད་སི་ཙམ་མ་རེད། ཨོ་སི་ཊོ་ལེ་ཡའི་ནང་དུ་ཡང་བྱུང་ཡོད་པ་རེད། བྱེད་གཏེ་འདི་དག་བོད་ཀྱི་མི་རབས་གསར་པའི་མཐུན་ཚོགས་ཙམ་མ་ཡིན་པར། བོད་ཀྱི་གཞོན་ནུ་ཚོགས་པ་དང་བུད་མེད་ཚོགས་པ། བོད་རང་དབང་སློབ་ཕྲུག་ཚོགས་པ། དེ་བཞིན་རྒྱལ་སྤྱིའི་བོད་དོན་རྒྱབ་སྐྱོར་ཚོགས་པ་སོགས་མཉམ་རུབ་ཐོག་རྩ་མེད་གཏོང་དགོས་པ་རེད། གལ་སྲིད་ཁྱུ་ངན་བཞིན་བྱ་རྒྱུད་སྤྱོད་རྒྱུ་མང་ན་ས་གནས་ཁྲིམས་ཁང་གི་ལག་ཏུ་འཇོག་དགོས་པ་རེད།

    Reply
  2. བསྟན་འཛིན་བཀྲ་ཤིས། says:
    ལོ་ 13 སྔོན།

    བོད་ཀྱི་མི་རབས་གསར་པའི་མཐུན་ཚོགས་ཀྱི་གཟི་བརྗིད་ཆེ་ཤོས་ཀྱི་ལས་དོན་དེ་འདི་ཡིན། ཚང་མས་འདི་ལ་གཟིགས་རོགས། http://www.khabdha.org/?p=42523

    Reply
  3. མཆོག་སྒྲུབ། says:
    ལོ་ 13 སྔོན།

    བོད་ཀྱི་མི་རབས་གསར་པའི་ཐུན་ཚོགས་ཟེར་བ་འདི་ལ་བསྔགས་བརྗོད་བླ་མེད་ཡོད། ཁྱེད་ཅག་གི་ལས་དོན་བྱེད་པྱོགས་དང་ཆབ་སྲིད་ལྟ་བའི་བཞེངས་ཕྱོགས་བཅས་ལ་མོས་མཐུན་བརྒྱ་ཆའི་བརྒྱ་ཐམས་པ་ཡོད། ལས་དོན་གསར་པ་གང་ཞིག་དབུ་བརྙས་སྐབས་དེ་ལ་ཕྲག་དོག་དང་བར་ཆད་གཏོང་མཁན་མང་པོ་ཡོད་ཡོད་པ་རེད། དཀའ་ངལ་ལ་གདོང་ལེན་བྱེད་དགོས་རེད།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese