མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

ཀྲང་ཁུན་ཧྲིན་ལ་ཞིབ་བཤེར།

བོད་ཀྱི་དུས་བབ།
༢༠༡༥/༠༡/༠༣
Share on FacebookShare on TwitterShare on EmailShare on Whatsapp

ལཱ་ཌེན་ཨ་རིའི་ནང་༧གོང་ས་མཆོག་ལ་ངོ་རྒོལ་དང་བོད་དོན་ལ་འཁྱོག་བརྗོད་བྱེད་མཁན་རྒྱ་ནག་ཕྱི་འབྲེལ་ལྷན་ཁང་གི་འགན་འཛིན་ལས་རོགས་ཀྲང་ཁུན་ཧྲིན་ལ་ཞིབ་བཤེར་བྱེད་བཞིན་ཡོད་འདུག

དེ་རིང་རྒྱ་ནག་ཕྱི་འབྲེལ་ལྷན་ཁང་གི་མགྲིན་ཚབ་པས་གསར་ལམ་དུ་བརྗོད་པ་ལྟར་ན། རྒྱ་ནག་ཕྱི་འབྲེལ་ལྷན་ཁང་གི་འགན་འཛིན་ལས་རོགས་ཀྲང་ཁུན་ཧྲིན་རྒྱལ་ཁབ་ཀྱི་ཁྲིམས་དང་འགལ་བའི་དོགས་གཞིའི་འོག ལས་གནས་ནས་ཕྱིར་འབུད་བཏང་སྟེ་ཞིབ་བཤེར་བྱེད་བཞིན་ཡོད་ལུགས་བརྗོད་འདུག་ཀྱང་། ཁོ་བོས་ཁྲིམས་འགལ་ནག་ཉེས་ག་རེ་བྱས་ཡོད་མེད་གསལ་བོ་བརྗོད་མེད་པ་རེད།

ཀྲང་ཁུན་ཧྲིན་ནི་རྒྱ་ནག་ཧྲན་ཞི་ཞིང་ཆེན་ནས་ཡིན་པས། ཉེ་སྔོན་ཁྲིམས་བཤེར་བྱེད་མགོ་བརྩམས་པའི་རྒྱ་ནག་དབུས་འཐབ་ཕྱོགས་གཅིག་གྱུར་ཁང་གི་འགན་འཛིན་ལིན་ཅི་ཧྭ་ཡི་ཉེས་དོན་དང་འབྲེལ་བ་ཡོད་པའི་ཚོད་དཔག་བྱེད་ཀྱི་ཡོད་པ་དང་། རྒྱ་ནག་ཕྱི་འབྲེལ་ལྷན་ཁང་གི་ལས་བྱེད་ཅིག་གིས་ཟླ་ཕྱེད་ཙམ་གྱི་གོང་ནས་བཟུང་སྒྲིག་ཁྲིམས་ཞིབ་བཤེར་ཁང་གིས་ཀྲང་ཁུན་ཧྲིན་ལ་ཞིབ་བཤེར་བྱེད་མགོ་བརྩམས་ཡོད་སྐོར་བརྗོད་འདུག

ཀྲང་ཁུན་ཧྲིན་གྱིས་ལོ་ངོ་ ༢༩ རིང་རྒྱ་ནག་ཕྱི་འབྲེལ་ལྷན་ཁང་ནང་ལས་ཀ་བྱས་ཡོད་པ་དང་། ལོ་མང་རིང་ཨ་རིར་ཡོད་པའི་རྒྱ་ནག་གཞུང་ཚབ་ཁང་གི་དྲུང་ཆེ་དང་ངེས་སྟོན་པའི་ལས་ཀ་གཉེར་ཏེ། རྒྱ་ནག་གི་སྲིད་འཛིན་ཅང་ཙེ་མེན་དང་སྲིད་བློན་ཟུར་པ་ཀྲུའུ་རོང་ཅི། ཨ་རིའི་སྲིད་འཛིན་ཟུར་པ་ཁི་ལིན་ཏོན་སོགས་ཨ་རྒྱ་བར་གྱི་མགོ་ཁྲིད་མང་པོ་མཇལ་མོལ་བྱེད་པར་འབྲེལ་མཐུད་ཀྱི་ལས་ཀ་བྱས་ཡོད་པ་དང་། ཕྱི་ལོ་ ༢༠༠༣ ལོར་ཁོ་བོ་རྒྱ་ནག་ཕྱི་འབྲེལ་ལས་སྒྲུབ་ཁང་གི་ངེས་སྟོན་པ་དང་ ༢༠༠༧ ལོར་ཕྱི་འབྲེལ་ལྷན་ཁང་མགྲོན་གཉེར་སྡེ་ཚན་གྱི་འགན་འཛིན་སོགས་ལས་འགན་འཁུར་ཡོད་པ་དང་། ཕྱི་ལོ་ ༢༠༡༡ ལོར་ལས་གནས་འཕར་ཏེ་ཕྱི་འབྲེལ་ལྷན་ཁང་གི་འགན་འཛིན་ལས་རོགས་སུ་བསྐོ་བཞག་བྱས་ཏེ། ལྷོ་ཨ་མེ་རི་ཁ་ཁུལ་གྱི་ཕྱི་འབྲེལ་ལས་ཀའི་གཙོ་འགན་འཁུར་ནས་གྲུབ་འབྲས་གཟེངས་སུ་ཐོན་ཡོད་པ་མ་ཟད། རྒྱ་ནག་ཕྱི་འབྲེལ་ལྷན་ཁང་གི་འགན་འཛིན་ལས་རོགས་བཞི་ཡི་ནང་ནས་ཨང་དང་པོར་རྩི་བ་ཞིག་ཡིན་འདུག

འདས་ལོའི་ཕྱི་ཟླ་ ༥ པའི་ནང་འདི་གའི་གསར་འགོད་པས་བོད་མིའི་སྒྲིག་འཛུགས་ཀྱི་ལྷོ་ཨ་མེ་རི་ཁའི་འབྲེལ་མཐུད་པ་ཚེ་དབང་ཕུན་ཚོགས་ལགས་སུ། ལཱ་ཌེན་ཨ་མེ་རི་ཁའི་རྒྱ་ནག་གཞུང་ཚབ་པ་དང་རྒྱ་རིགས་ཚོས་བོད་དོན་ཐོག་ལྟ་སྟངས་ག་འདྲ་ཡོད་མེད་བཅར་འདྲི་ཞུ་སྐབས་ཁོང་གིས། ས་གནས་རྒྱ་རིགས་དེ་ཚོས་ནམ་རྒྱུན་༧གོང་ས་མཆོག་ཡུལ་དེའི་ནང་གདན་ཞུ་དང་མཇལ་འཕྲད་བྱས་ན་འགྲིག་གི་མ་རེད་ཟེར་བ་དང་། མཐོ་རིམ་སློབ་གྲྭ་ཁག་ནས་༧གོང་ས་མཆོག་གདན་འདྲེན་ཞུ་སྐབས་གནོན་ཤུགས་སྤྲོད་ཀྱི་ཡོད་པ་རེད། ལྷག་པར་དུ་བར་སྐབས་ནས་ལཱ་ཌེན་ཨ་རིའི་ནང་རྒྱ་གཞུང་གིས་གཞུང་འབྲེལ་ལྟ་སྐོར་ཚོགས་པ་ཆེད་གཏོང་གིས། ང་ཚོར་འབྲེལ་བ་ཡོད་པའི་མཐོ་རིམ་སློབ་གྲྭ་ཚང་མའི་ནང་སྐོར་སྐྱོད་དང་གཏམ་བཤད་བྱེད་ཀྱི་ཡོད་སྟབས། ཆབ་སྲིད་ཀྱི་ཐོག་ནས་ལཱ་ཌེན་ཨ་རིའི་རྒྱལ་ཁབ་ཁག་གི་ནང་མངོན་གསལ་དོད་པོས་བོད་དོན་ལ་རྒྱབ་སྐྱོར་བྱེད་མཁན་ཇེ་ཉུང་དུ་འགྲོ་བཞིན་ཡོད་སྐོར་བརྗོད་བྱུང་།

གསར་འགོད་པ། པདྨ་མཚོ།

འབྲེལ་ཡོད་གསར་འགྱུར།

༸གོང་ས་མཆོག་བཞུགས་སྒར་རྒྱལ་བའི་ཕོ་བྲང་དུ་ཞབས་སོར་བདེ་བར་འཁོད་སོང་།
༸གོང་ས་མཆོག གསར་འགྱུར།

༸གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་བཞུགས་སྒར་རྒྱལ་བའི་ཕོ་བྲང་དུ་ཞབས་སོར་བདེ་བར་འཁོད་སོང་།

ཆུ་ཚོད་ ༢ སྔོན་ལ།
Mobile App

ངས་སྲས་མོ་ཁོང་ལ་འོས་འཕེན་དགོས་དོན།

ཆུ་ཚོད་ ༢ སྔོན་ལ།
བོད་དོན་ལས་འགུལ་བ་འཇམ་དབྱངས་བསྟན་འཛིན་ལགས་དང་སྦིར་ས་གནས་གཞོན་ནུའི་ཚོགས་གཙོ་བློ་གྲོས་དཔལ་ལྡན་ལགས་རྣམ་གཉིས་ཀྱིས་བོད་དོན་སྦག་སྦག་སྐོར་སྐྱོད་ཀྱི་ལས་འགུལ་སྤེལ་བཞིན་པ། འབྲེལ་ཡོད་ཀྱིས་པར་མཁོ་སྤྲོད་བྱས།
Mobile App

ཉིན་གྲངས་ ༩༠ ཡི་བོད་དོན་སྦག་སྦག་སྐོར་སྐྱོད་མོན་གྷོ་གཞིས་ཆགས་སུ་འབྱོར།

ཆུ་ཚོད་ ༢༠ སྔོན་ལ།
ཨེ་སི་ཊོ་ནི་ཡའི་གྲོས་ཚོགས་འཐུས་མིས་བོད་ནང་གི་བྱིས་པར་སྲུང་སྐྱོབ་དགོས་པའི་བསྒྲགས་གཏམ་གཏན་འབེབ་གནང་། ༢༠༢༦།༢།༡༡ དྲ་བརྙན་གྱི་པར་བཤུས།
Mobile App

ཨེ་སི་ཊོ་ནི་ཡའི་གྲོས་ཚོགས་ནང་བོད་ཀྱི་བྱིས་པ་སྲུང་སྐྱོབ་ཀྱི་བསྒྲགས་གཏམ་ཞིག་གཏན་འབེབ་གནང་།

ཆུ་ཚོད་ ༢༡ སྔོན་ལ།
༧གོང་ས་མཆོག གསུང་འཕྲིན།

༧གོང་ས་མཆོག་ནས་ཞི་བདེའི་གོམ་བགྲོད་ཀྱིས་བསམ་ཤེས་དང་བྱམས་བརྩེ་བཅས་ཀྱི་ས་བོན་འདེབས་པར་རོགས་རམ་བྱས་ཡོད་པའི་ཐུགས་སྨོན་མཛད་འདུག

ཆུ་ཚོད་ ༢༢ སྔོན་ལ།
བོད་ཀྱི་ཁོར་ཡུག་སྲུང་སྐྱོབ་པ་ཨ་ཉག་སེང་སྒྲ་ལགས། འདི་གར་མཁོ་སྤྲོད་གནང་བའི་པར།
Mobile App

ཨ་ཉག་སེང་སྒྲའི་མིག་དང་མཁལ་མ་ནད་པ་ཆགས་འདུག 

༢༠༢༦/༠༢/༡༢

མཆན། 2

  1. ཇོ་རུ་ཚེ་རིང་། says:
    ལོ་ 11 སྔོན།

    ཀྲང་ཁུན་ཧྲིན་ནི་དེ་སྔའི་རྒྱ་ནག་ཕྱི་འབྲེལ་སྡེ་ཁག་གི་མགོ་ཚོ་ལིས་ཀྲོ་ཞིན་གྱིས་དྲུང་ཡིག་ལག་རོགས་ཡོད་ན་མེད་ན་དེ་རེད། ལིས་ཀྲོ་ཞིན་ནི་ཅཱང་ཙེ་མིན་གྱིས་ཐད་ཀར་བསྐོ་འཐེན་གྱིས། ཧུའུ་ཅིན་ཐའོ་ལ་ཕྱི་འབྲེལ་ལས་དོན་ཐད་ནས་ལྟ་རྟོགས་བཀག་སྡོམ་བྱེད་སྤྱད་ཀྱི་ལག་ཆ་ངར་བ་ཞིག་ཆགས་ཡོད་པ་རེད། རྗེས་སུ་རྒྱ་ནག་མི་དམངས་འཐུས་མི་ཚོགས་ཆེན་ཕྱི་འབྲེལ་ལས་དོན་ལྷན་ཚོགས་ཟེར་བ་དེའི་འགན་འཛིན་དང་། རྒྱ་ནག་མི་དམངས་འཐུས་མི་ཚོགས་ཆེན་གྱི་མགྲིན་ཚབ་པར་བཞག་ཡོད་པ་རེད། ལིས་ཀྲོ་ཞིན་གྱིས་༧གོང་ས་མཆོག་དང་བོད་དོན་སྐོར་ལ་ཁ་རྡུང་སྙོན་འཛུགས་སྣ་ཚོགས་བཏང་ཡོད་པ་རེད། གང་ལྟར། ཞིས་ཅིན་ཕིན་གྱི་དབང་ཤུགས་འཐབ་རྩོད་ཀྱི་ཁྱབ་ཁོངས་ཅཱང་ཙེ་མཱིན་ལ་ཐག་ཇེ་ཉེ་རེད།

    Reply
  2. མི་རྒོད། says:
    ལོ་ 11 སྔོན།

    ད་འདི་ནང་གཟིགས་དང་བོད་པ་ཚོ།།།

    ཆབ་སྲིད་ཀྱི་ཐོག་ནས་ལཱ་ཌེན་ཨ་རིའི་རྒྱལ་ཁབ་ཁག་གི་ནང་མངོན་གསལ་དོད་པོས་བོད་དོན་ལ་རྒྱབ་སྐྱོར་བྱེད་མཁན་ཇེ་ཉུང་དུ་འགྲོ་བཞིན་ཡོད་སྐོར་བརྗོད་བྱུང་།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese